Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་རྒྱལ་ལོ།

Posted on 2010-10-222010-10-22 By ཁ་བརྡ་ 8 Comments on བོད་ཀྱི་སྐད་ཡིག་རྒྱལ་ལོ།

བསེརུ།

ང་རང་དུས་ཁོམ་ནམ་བྱུང་ལ་དྲ་ངོས་ངོས་སུ་མྱུལ་གྱི་ཡོད་པ་བཞིན། སྤྱི་ལོ་2010.10.19 ཉིན་རྒྱུན་གཏན་བཞིན་ངས་དྲ་ངོས་སུ་མྱུལ། གནས་དེ་ནས་ངའི་མིག་དབང་དུ་འཆར་བ་ནི།
“མི་རིགས་འདྲ་མཉམ། སྐད་རིགས་རང་དབང་། “ཞེས་པའི་འབོད་སྒྲ་གངས་ཅན་ས་ཡི་ཐིག་ལེ་མདོ་སྨད་རེབ་གོང་ནས་བསྒྲགས་པ་མངོན་བྱུང་། འདི་ལྟར་མི་རིགས་ཤིག་གི་ཚེ་སྲོག་དང་འབྲེལ་བའི་འབོད་སྒྲ་ཐོག་མ་ནི། གནས་ཚུལ་ཡོང་ཁུངས་ལྟར་ན། མདོ་སྨད་རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་། ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭ ཐུན་རིན་རྫོང་ཕྱི་ལུགས་གསོ་རིག་སློབ་གླིང་། རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་བཅས་ཀྱི་སློབ་གཉེར་བ་སྟོང་ཕྲག་མང་པོས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་སྐད་ཡིག་གི་བླ་སྲོག་སྐྱོབ་ཕྱིར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་བཞི་པའི་ནང་དུ། མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་ཅེས་འཁོད་ཡོད་པ་ལྟར། ཁྲིམས་མཐུན་དང་བདེན་དཔང་ཡོད་པའི་ཐོག་ནས་དྲང་བདེན་གྱི་བློ་མིག་ཐོགས་ཏེ། མི་རིགས་ཀྱི་འདུ་ཤེས་དང་ལྷད་མེད་པའི་ལྷག་བསམ་བཅངས་ནས་གནམ་ས་གཉིས་ཀྱི་བར་དུ་”མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།”ཞེས་པའི་འབོད་སྒྲ་དེ་བསྒྲགས་ཤིང་། འཛམ་གླིང་གི་མི་རིགས་སྤྱི་དང་། ཡང་སྒོས་ཡངས་པའི་རྒྱལ་ཁམས་སུ་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་སྙན་གྱི་བུ་ག་དང་། སྤྱན་གྱི་གཟིགས་ལམ་དུ་བཤམས། ཉིན་དེ་ནས་དེ་རིང་བར་རིམ་པར་ཆབ་ཆ་ཁུལ་དང་། ཁྲི་ཀ་རྫོང་། རྩི་གོར་ཐང་། མགོ་ལོག་ཁུལ། མཚོ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ་ཆེན་མོ་དང་། དགེ་འོས་སློབ་གྲྭ མི་རིགས་སློབ་འབྲིང་། ཁུལ་གསོ་རིག་སློབ་གྲྭ་སོགས་ཀྱི་སློབ་གཉེར་བ་ཁྱོན་བསྡོམས་ཁྲི་གཅིག་ལྷག་ཙམ་གྱིས་སློབ་མཚམས་བཞག་སྟེ། “མི་རིགས་འདྲ་མཉམ། སྐད་རིགས་རང་དབང་། “ཞེས་དང་། ” བོད་ཡིག་གི་བདག་དབང་ཕྱིར་སྤྲོད་རོགས། “ཞེས་པའི་འབོད་ཚིག་བསྒྲགས་ཏེ་ཉིན་གྲངས་གསུམ་འདས། ད་དུང་སང་ཉིན་ནས་གནངས་ཉིན། གཞེས་ཉིན་རིམ་པར་སློབ་གཉེར་བའི་འོས་ལངས་ཀྱི་རྒྱུན་དེ་རིམ་པར་ཤར་མདོ་སྨད་ནས་རིམ་པར་བོད་ས་ཁྱོན་ཡོངས་སུ་མཆེད་སྲིད།

འདས་པའི་ཉིན་དེ་དག་གི་རིང་བོད་མི་རིགས་རེ་བའི་མིག་འབྲས་འབུར་ས། གངས་ཅན་ཆགས་འཇིག་གི་གནས་ལས་སྐྱོབ་མཁན། བོད་ཀྱི་མ་འོངས་པའི་བདག་པོ་མི་རབས་གསར་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཚོས། རང་མི་རིགས་ཀྱི་བླ་སྲོག་སྐད་ཡིག་གི་དབུ་འཕང་དགུང་དུ་འདེགས་ཕྱིར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཞི་རྩར་བཟུང་སྟེ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ངང་སློབ་གཞི་ཁག་བོད་མི་རིགས་ཀྱི་སྐད་ཡིག་ཐོག་རྒྱུན་གནས་དགོས་པ་མ་ཟད། ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། སྲིད་གཞུང་གིས་ལས་ཁུངས་ཁག་དང་སྡེ་ཚན་ཁག ཚོགས་པ་ཁག་གི་ནང་དུ་ཚོགས་འདུ་འཚོགས་པ་དང་བགྲོ་གླེང་བྱེད་པ། ཡིག་ཆ་བཟོ་བ་སོགས་ཀྱང་བོད་མི་རང་ཉིད་ཀྱི་སྐད་ཡིག་ཐོག་བྱེད་དགོས་པ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་སྤྲད་པའི་ཐོབ་ཐང་ཞིག་ཡིན་སྟབས། འཇུ་སའི་ལུང་དང་། འཇོག་སའི་ཞབས་ཡོད་པའི་དཔེ་ལྟར། བདེན་པ་བདེན་སར་འཁྱོལ་བའི་ལས་འགུལ་འདི་ནི་དུས་དང་འཚམ་པའི་ལས་འགུལ་རླབས་ཆེན་ཞིག་ཏུ་ངེས། ལྷག་པར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་རང་སྐྱོང་བཅའ་ཁྲིམས་》ཀྱི་དོན་ཚན་བཅུ་པའི་ནང་དུ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་དག་གིས་རང་ས་གནས་ཀྱི་མི་རིགས་ཁག་ཚང་མར་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པ་དང་དར་རྒྱས་གཏོང་བའི་རང་དབང་ཡོད་པར་ཁག་ཐེག་བྱེད་དགོས་ཞེས་ཡོངས་ཁྱབ་ཏུ་བསྒྲགས་ཟིན་ཅིང་ཁྲིམས་ལུགས་ཀྱི་བདེ ན་དཔང་ཡོད་པ་མ་ཟད། བོད་མི་རིགས་ཀྱི་སྐད་ཡིག་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སོགས་རྒྱལ་ཁབ་ཀྱི་ཚོགས་ཆེན་གལ་ཆེན་གྱི་སྟེང་དུའང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་ཉིད་གྲོས་ཚོགས་སུ་སྤྱོད་པའི་སྐད་ཡིག་ཏུ་གཏན་ལ་ཕབ་ཡ ོད་པ་དང་། ཉིན་རེའི་འཚོ་བ་དང་། ཐོན་སྐྱེད་ངལ་རྩོལ། འཕྲིན་གཏོང་འབྲེལ་གཏུག སྤྱི་ཚོགས་ཐོག་འགྲོ་འོང་བྱེད་པ་ལ་སོགས་པའི་སྐབས་སུའང་མི་རིགས་རང་གི་སྐད་ཡིག་སྤྱོད་པ་གཙིགས་སུ་འཛིན་པར་བཅའ་ཁྲིམས་སུ་གོ་བདེ་གསལ་ངང་བཀོད་ཡོད། དེ་ལྟར་དོན་དམ་དུ་ལག་ལེན་དུ་བསྟར་དུ་འཇུག་རྒྱུ་ནི་ད་ལྟའི་ལས་འགུལ་འདིའི་དམིགས་འབེན་དེ་ཡིན་ངེས།

ད་དུང་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱིས་ས་གནས་རང་གི་མི་རིགས་དེའི་སྐད་དང་ཡི་གེ་སྤྱད་ནས་ཡིག་ཆ་སོགས་དང་། སྒོ་བྱང་། ཚོང་རྟགས། མིང་བྱང་ཚུན་ནས་བོད་ཡིག་ཐོག་བཟོ་དགོས་ཞེས་གཏན་ལ་ཕབ་ཡོད་ཅིང་། ལྷག་པར་ད་ལྟའི་ཆར་གྲངས་ཉུང་མི་རིགས་ཀྱི་”སློབ་གྲྭ་རྣམས་ཀྱིས་མི་རིགས་གྲངས་ཉུང་གིས་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་བཀོལ་ནས་སློབ་ཚན་ཁྲིད་པའམ་ཡང་ན་སྐད་ཡིག་གཉིས་སྤྱད་ནས་སློབ་ཚན་ཁྲིད་བཞིན་ཡོད། མི་རིགས་གྲངས་ཉུང་གི་སློབ་མ་གཙོ་བོར་བྱས་ཏེ་བསྡུ་བའི་སློབ་གྲྭ་ཆ་རྐྱེན་ཡོད་པ་རྣམས་ཀྱིས་མི་རིགས་གྲངས་ཉུང་གི་ཡི་གེ་སྤྱད་ནས་སློབ་དེབ་བསྒྲིགས་པ་དང་། མི་རིགས་གྲངས་ཉུང་གི་སྐད་ཀྱི་སྟེང་ནས་སློབ་ཚན་ཁྲིད་བཞིན་ཡོད།”ཅེས་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་ཁྲིམས་གཞི་མང་པོ་ཞིག་གཏན་ལ་ཕབ་ཡོད་པ་ལྟར། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་ཁྲིམས་ལུགས་ཐོག་ནན་ཞིབ་དང་དཔྱད་བསྡུར་ཞིབ་ལྷུག་གནང་སྟེ། སྐབས་བབ་ཀྱི་རེ་འདོད་དང་། ཕུགས་ཀྱི་འདོད་འདུན། མི་རིགས་འདྲ་མཉམ་དང་། སྐད་རིགས་རང་དབང་འཐོབ་ཕྱིར་བརྟུན་པ་བསྐྱེད་དགོས་པར་མཐོང་།

ལྷག་པར་བཙན་བྱོལ་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གསར་ཤོག་དང་། རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ། མི་སྒེར་སོགས་སུ་འདྲ་ཞིག་ཡིན་རུང་། ད་ལྟའི་བོད་ནང་གི་བོད་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་འགུལ་དེ་བཞིན་ཆབ་སྲིད་ཀྱི་ལག་ཆར་མི་འགྱུར་བ་གནང་རྒྱུར་གཟབ་ནན་དང་། ཕྱི་ཕྱོགས་ནས་དྲིལ་བསྒྲགས་སོགས་བྱེད་སྐབས་ཀྱང་། བོད་ནང་གི་ཚེ་སྲོག་ཁྲི་མ་འབུམ་གྱི་རིན་ཐང་ལ་བསམ་ཤེས་དང་། བརྩི་མཐོང་། ཁོང་རྣམས་ཀྱི་ཁྲིམས་མཐུན་གྱི་ཞི་བའི་འོས་ལངས་དེ་བཞིན་དམིགས་དོན་བཞིན་ཚེ་སྲོག་དང་། མནར་གཅོད། གཅར་རྡུང་། བཙོན་འཇུག བཀག་སྐྱིལ། ཚ་འདྲི་སོགས་ཀྱི་དཀའ་སྡུག་གི་ཉེན་ཁའི་གཡང་དུ་མི་ཤོར་བ་ཞིག་ཅི་ནས་ཀྱང་གནང་གལ་ཆེ་བ་མ་ཟད། འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་བཞེས་དང་། མི་ངན་ཀླད་མེད་ཅོལ་ཆུང་འགས་གནད་དོན་འདི་དང་འབྲེལ་བའི་ཐོག་ནས་རང་གཞན་གཉིས་ཕུང་བཟོ་ཉེན་ཡང་ཆེ་བས་དེ་དོན་ཡིད་འཇགས་གནང་རོགས། བོད་རྒྱལ་ལོ། བོད་ཀྱི་སྐད་ཡིག་རྒྱལ་ལོ། གཞིས་བཞུགས་སློབ་མ་ཚོ་རྒྱལ་ལོ། །

རྩོམ་རིག

Post navigation

Previous Post: ཀྱེ་མ། སྐད་དང་ཡི་གེ
Next Post: དགེ་རྒན་ཚོས་བོད་ཀྱི་སྐད་ཡིག་གི་གནད་དོན་ཐད་རྒྱ་ནག་གཞུང་ལ་སྙན་ཞུ་བརྒྱབ་འདུག

Comments (8) on “བོད་ཀྱི་སྐད་ཡིག་རྒྱལ་ལོ།”

  1. དམུ་ཐག་དཀར་པོ། says:
    2010-10-22 at 2:37 pm

    བསེ་རུ་ལགས།
    དོན་དག་མང་པོ་ཞིག་གོ་བསྡུར་བྱས་ཏེ་བཤད་འདུག
    ཞ་ཡུ་འདི་ཚོའི་ནང་་ཁྲག་གི་འཁོར་ལོ་མ་བསྐོར་ན་ཡག་པོ་རེད།
    རྒྱ་མི་ཟེར་དུས་རྒྱ་མི་རེད།
    གནམ་རྒན་མ་མཁྱེན།
    དངོས་གནས་སྐྲག་གི་འདུག

  2. གཅན་བཟོད་རྒྱམ། says:
    2010-10-23 at 12:15 am

    ད་མཚོ་སྔོན་གྱི་ཡོད་ཏན་ཚོ་འགུལ་བྱུང་།
    རྩོམ་པ་པོ་ཚོ་འགུལ་བྱུང་།
    མེ་ཏོག་ལྟ་བུའི་སློབ་མ་ཚོའི་རྒྱབ་ཏུ་འགུལ་བྱུང་།
    སེམས་འགུལ་བྱུང་།
    ཁ་འགུལ་བྱུང་།
    སྨྱུ་གུ་ཡང་འགུལ་བྱུང་།
    རྒྱུན་མཚན་ལྡན་པའི་སྙན་ཞུ་ཕུལ་སོང་།
    གནས་ལུགས་ཡོད་པའི་རྩོམ་ཡིག་བྲིས་བྱུང་།
    མི་སེམས་འགུལ་བའི་སྐད་ཆ་བཤད་བྱུང་།
    འདི་ལྟར། བོད་སྐད་ལ་འཇིག་རྒྱུ་མེད།
    བོད་ཡིག་ལ་ཉམས་པ་མེད།
    བོད་ཡིག་ནི་བོད་མིའི་ཚེ་སྲོག་ཡིན་ཟེར།
    བོད་ས་སྟོད་སྨད་ར་གསུམ་ནས་འདི་ལྟར་འགུལ་བྱུང་།
    འདི་ལྟར་གྲགས་བྱུང་།
    འདི་ལྟར་བྲིས་བྱུང་།
    མི་རིགས་འདྲ་མཉམ་དགོས།
    སྐད་རིགས་རང་དབང་དགོས་ཟེར།
    འདི་ལྟར་བོས་བྱུང་།
    འདི་ལྟར་བསྒྲགས་བྱུང་།
    སྟོད་ཉི་མ་ལྷ་ས་ནས་སྨད་རྒྱ་ནག་པེ་ཅིན་བར་དུ་འགུལ་བྱུང་།
    གྲགས་བྱུང་།
    བཤད་བྱུང་།
    བློ་ཡུལ་ལས་འགོང་བའི་བོད་མིའི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་འགུལ་བྱུང་།
    འདི་ལྟར་འགུལ་བའི་མཐའ་མར།
    བོད་རིགས་མི་དམངས་ལ་རང་དབང་ཐོབ་པར་ཤོག
    བོད་མིའི་སྐད་ཡིག་ལ་རང་དབང་ལྡན་པར་ཤོག
    བོད་ཡུལ་ཁྱོན་ཡོངས་ལ་རང་དབང་གི་བདེ་སྐྱིད་ཐོབ་པར་ཤོག

  3. བསེ་རུ། says:
    2010-10-23 at 1:11 am

    སློབ་ཕྲུག་འགུལ་སོང་།
    ད་དུང་རིམ་པར་ཡོད་ཚད་འགུལ་གྱི་རེད།
    ཞིང་པ་འགུལ་གྱི་རེད།
    འབྲོག་པ་འགུལ་གྱི་རེད།
    གྲྭ་པ་འགུལ་གྱི་རེད།
    བཙུན་མ་འགུལ་གྱི་རེད།
    ལས་བྱེད་པ་འགུལ་གྱི་རེད།
    ཡོད་ཚད་འགུལ་གྱི་རེད།
    དེ་ནས་གཞི་ནས་འགུལ་བའི་མཐར། ཐོབ་འདོད་པ་དེ་འཐོབ་སྲིད་དམ།
    དྲི་རྟགས་ཆེན་པོ་དེ་ནམ་ཡང་ངའི་སེམས་ཁོངས་སུ་ལྷུང་གི་འདུག

  4. གཅན་བཟོད་རྒྱམ། says:
    2010-10-23 at 1:23 am

    འུ་གཉིས་ཀྱི་བསམ་ཚུལ་ལ་ཧེ་བག་ཅུང་ཙམ་འདུག་པར་སྙམ།
    ངའི་དེ་ནི་མངོན་སུམ་དང་རེ་སྨོན་ཙམ་རེད།
    ཁྱོད་ཀྱི་དེ་ནི་དམིགས་ཡུལ་ཞིག་གམ་སྐུལ་མ་ཞིག་མ་རེད་དམ། འདི་ཡང་བསམ་ཚུལ་ཞིག་རེད།

  5. དམུ་ཐག་དཀར་པོ། says:
    2010-10-23 at 2:00 am

    རེད་ཡ་སྤུན་ཟླ་ཚོ། བྲག་སྲིན་ཨ་མའི་བརྩེ་དུང་ཞིམ། བོད་སྐད་གཙང་མའི་སྙིང་གཏམ་གླེང་སྟེ། རྒྱ་ཁྲིམས་བཙན་པོའི་མེ་ལྕེ་ལས་ལངས་བྱུང།
    གཉའ་ཁྲི་བཙན་པོའི་དམུ་ཐག་རིང། མི་རིགས་ཤིག་གི་ཚེ་སྲོག་བསྐྲུན་ཏེ། མདའ་གྲི་རྣོན་པོའི་སོ་ཁ་ནས་ལངས་བྱུང།
    མི་རྗེ་སྒམ་པོའི་མཚན་སྙན་གྲགས། མི་རབས་ཤིག་གི་ལས་འགན་ཁུར་ཏེ། དམར་ནག་ཁྲག་གི་མཚོ་མོ་ནས་ལངས་བྱུང།
    གཙང་མ་དར་བའི་ཆག་འཇིག་མང། མི་རིགས་ཤིག་གི་ལོ་རྒྱུས་གླེང་སྟེ། འཇིགས་རུང་གཤིན་རྗེའི་མཚོན་ཁ་ནས་ལངས་བྱུང།
    བྲག་སྲིན་ཨ་མའི་བུ་རྒོད་ཚོ། བར་ཆད་མེད་པར་ཤོག

  6. བསེ་རུ། says:
    2010-10-23 at 2:14 am

    ང་ཚོས་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་ལ་སློབ་སྦྱོང་བྱས་ཏེ། འདྲ་མཉམ་གྱི་ཐོབ་ཐང་རྩོད་དགོས་པ་རེད། དེ་ནི་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ཐོབ་ཐང་རེད། སུས་ཀྱང་དེར་ལོག་འགྲེལ་བྱེད་མི་ཐུབ།།

  7. བསེ་རུ། says:
    2010-10-24 at 1:38 pm

    དྲ་ཐོག་ཏུ་རྟག་ཏུ་ཕེབས་བཞིན་པའི་དྲ་གྲོགས་ཚོར་ཞུ་རྒྱུར།

    ཁྱེད་རྣམས་ལ་དུས་ཁོམ་ཡོད་ཚེ། ད་ལྟའི་བོད་ནང་གི་སློབ་མའི་འོས་ལངས་དང་འབྲེལ་བའི་གསར་འགྱུར་དང་། དཔྱད་གཏམ། བརྙན་ཕབ། བོད་ཕྱི་ནང་གི་གནད་དོན་མང་པོ་ཞིག་ཕྱོགས་བསྒྲིགས་ཀྱིས་དབྱེ་ཞིབ་ནན་ཏན་ཞིག་གནང་རོགས་ཞུ་རྒྱུ་དང་། ལྷག་པར་ཁོང་རྣམས་ཀྱི་ལས་འགུལ་གྱི་དམིགས་ཡུལ་ཁག་བདེ་བླག་ཏུ་འགྲུབ་རྒྱུར་ཆར་པ་ཆུ་གྲོགས་སུ་འགྲོ་བ་ཞིག་གནང་རོགས། ད་དུང་གཟབ་དགོས་པ་ཞིག་ལ་བོད་ནང་གི་སློབ་མའི་ལས་འགུལ་ལ་གཅིག་ཕན་གཅིག་གྲོགས་སུ་འགྱུར་བའི་གཏམ་གླེང་གནང་དགོས་པ་ལས། འདི་ཕྱོགས་ནས་གདུང་སེམས་མཉམ་བསྐྱེད་ཡིན་ཟེར་ལས་འགུལ་འདྲ་མིན་སྤེལ་ཚེ། ཕན་གནོད་ཅི་འགྱུར་ཡང་མི་ཤེས་པས་དེའི་ཐོག་ཐུགས་གཟབ་གནང་རོགས།།

  8. བསེ་རུ། says:
    2010-10-27 at 9:45 am

    སྐད་ཆ་ལྡོག་ཕྱོགས་ནས་བཤད་ན། ང་ཚོས་ཁྲིམས་མཐུན་ངང་སྐད་ཡིག་གི་སྐོར་བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡ་གིའི་སྲིད་འཛིན་ལ་སོགས་པ་གནད་ཡོད་མི་སྣ་ཚོས་སྣང་མེད་དུ་བཏང་སྟེ། ང་ཚོའི་སློབ་མ་ཁྲི་ཚོ་བརྒལ་བའི་དྲང་བདེན་གྱི་འབོད་སྒྲ་དེ་དག་རྒྱ་མཚོ་རྡོ་གཡུག་གི་དཔེ་དང་། ཞུ་མཁན་ཆུང་དྲགས་ཉན་མཁན་ཆེ་དྲགས་པའི་དཀའ་ངལ་གྱི་དབང་དུ་སོང་སྟེ། ནུས་པ་ཆུ་ཐིགས་ཙམ་ཡང་མ་ཐོན་ན་ང་ཚོས་ད་གཟོད་ཅི་ཞིག་བྱེད་དགོས་སམ།
    ཐབས་ལམ་ཅི་ཞིག་འཚོལ་དགོས་སམ། ཕྱོགས་དང་མུ་གང་ཞིག་ནས་ཡང་བསྐྱར་ང་ཚོའི་ཚེ་སྲོག་དང་འབྲེལ་བའི་སྐད་ཡིག་ཅེས་པ་དེ་གླེང་དགོས་སམ། ངའི་བསམ་པའི་འཆར་སྒོར་ད་དུང་དྲི་རྟགས་མང་པོ་ཞིག་གིས་འཚང་ཁ་རྒྱག་གིན་འདུག ཁྱེད་རྣམས་ཀྱི་ཐུགས་ལའང་དེ་དང་དེ་འདྲའི་དྲི་རྟགས་མང་པོ་ཞིག་གི་འཚང་ཁ་རྒྱག་གིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།
    དངོས་གནས་ཅི་ཞིག་བྱེད་དགོས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme