Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།

Posted on 2016-06-252016-06-25 By ཁ་བརྡ 15 Comments on བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།

རྩོམ་པ་པོ། མེ་ལྕེ། ༼གཅན་བཟོད་རྒྱམ་གྱིས་འོས་སྦྱོར་བྱས།༽
 

ང་ཚོས་རང་གི་ཕ་སྐད་བཤད། ང་ཚོས་རང་གི་ཀ་ཁ་འབྲི།

༡༽ དྲི་བ་འདི་ཀོ་སྤྱི་ལོ2013ལོའི་དགུན་ཁར་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་ལ་ཕེབས་ནས་དེ་གའི་དགེ་སློབ་སྐོར་ཞིག་ལ་བཏོན་པའི་དྲི་བ་ཞིག་རེད། དྲི་བ་འདི་ནི་ཚན་རིག་པས་སའི་གོ་ལའི་ཚེ་ཚད་ལོ་ངོ་ག་ཚོད་ཡིན་པ་ལྟ་བུ་དང་། ཆོས་ལུགས་པས་བསྟན་པའི་གནས་ཚད་ལོ་ངོ་ག་ཚོད་ཡིན་པ་ལྟ་བུའི་དྲི་བ་བརྗིད་པོ་དང་ཆེན་པོ་དང་རྫིག་པོ་དེ་འདྲ་མ་ཡིན་ནའང་། མི་རིགས་ཤིག་གི་ཆགས་འཇིག་དང་ལས་དབང་གི་ངོས་ནས་བཤད་ན། དྲི་བ་འདི་ཡང་སྤྱིར་བཏང་བའི་དྲི་བ་ཞིག་མ་རེད། རང་ག་བའི་དྲི་བ་ཞིག་མ་རེད།

unnamed-1ཁོང་གི་དྲི་བ་འདི་རྣ་བའི་བུ་གར་འཛུལ་བ་ནས་བཟུང་བདག་ནི་རང་དབང་མེད་པར་འདང་རྒྱག་ནང་ལ་ལྷུང་བ་དང་། ལན་རེར་ཤ་གསེང་རུས་གསེང་ནས་གྲང་འདར་རྒྱག་རྒྱུ་འོང་ལ། སྐབས་རེར་བྲང་ཁོང་སྙིང་ཁོང་ནས་ཙག་ཤད་རྒྱུག་པར་བྱེད་དོ། །
ཡང་ལན་རེར་རང་གིས་རང་ལ་ཚ་འདྲི་བཏང་བ་ཡིན་ལ། སྐབས་རེར་རང་དང་གཞན་ལ་ལེ་འདེད་བྱེད་པའོ། །“བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།” རང་རེའི་དཔྱོད་ཡངས་ཤེས་ལྡན་དག་གིས་དྲི་བ་འདི་ལ་བསམ་བློ་འཁོར་མྱོང་ཡོད་དམ། མི་སེར་དཀྱུས་མ་རྣམས་ཀྱིས་གནད་དོན་འདི་ལ་སེམས་ཁྲལ་བྱེད་མྱོང་ཡོད་དམ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་དྲི་བ་དེ་གའི་ཞོར་དུ་གཤམ་གྱི་ཆ་འཇོག་དག་ཀྱང་ངང་གིས་ཐོན་འོང་སྟེ། གལ་ཏེ་བོད་ཀྱི་སྐད་ཡིག་གིས་ཚེ་ལོ་ལྔ་བཅུ་མ་གཏོགས་མ་ཐུབ་པ་ཡིན་ན། གལ་ཏེ་དབྱངས་གསལ་སོ་བཞིས་ཚེ་ལོ་བརྒྱ་མ་གཏོགས་མ་ཐུབ་ཚེ། ཡང་གལ་ཏེ་མི་རབས་གཅིག་གི་གཞུག་ནས་བོད་ཀྱི་སྐད་ཡིག་གི་དབུགས་ཀྱི་རྒྱུ་བ་རྩད་ནས་འགགས་སོང་བ་ཡིན་ན། གལ་ཏེ་མི་ཐོག་གཉིས་ཀྱི་རྗེས་སུ་ཀ་ཁ་སུམ་ཅུའི་མཛེས་སྡུག་ཤུལ་མེད་རྗེས་མེད་དུ་གྱུར་སོང་ཚེ། … …ཆ་འཇོག་འདི་མུ་ནས་མུར་བྱེད་དཀའ་བར་གྱུར། དངོས་གནས་དེ་ལྟ་བུའི་སྐབས་ཤིག་ལ་སླེབ་རྒྱུ་ཡོད་ཚེ། བདག་ཅག་གིས་ནམ་ལངས་ན་ས་རུབ་ན། མི་རིགས་མི་རིགས་ཞེས་པ་དང་། རིག་གནས་རིག་གནས་ཞེས་པ་དང་། ཕ་ཁང་ཕ་གཞིས་ཞེས་པ་དེ་ལའང་སྙིང་པོ་ཅི་ཞིག་ཡོད་ཨང་།

 
༢༽ མི་རིགས་གང་ཞིག་ལ་མཚོན་ནའང་རང་གི་སྐད་དང་ཡི་གེ་ནི་སོ་སོའི་བླ་སྲོག་ཡིན་པ་གོར་མ་ཆག བླ་སྲོག་དེ་ལ་མི་རིགས་གང་དེས་ཁ་ཞེ་གཉིས་མེད་ཀྱིས་བདག་པོ་རྒྱག་དགོས་ལ་གཅེས་པའི་སྲོག་གིས་སྲུང་སྐྱོབ་ཀྱང་བྱེད་དགོས། སྤྱི་ལོ2010ལོའི་སྟོན་མཇུག་ལ་མདོ་སྨད་ཡུལ་དུ་རང་རེའི་ལོ་ཆུང་སློབ་མ་ཚོས་བོད་སྐད་ཡིག་གི་ཁེ་དབང་བརྩད་མྱོང་ཞིང་། བརྩད་པའི་འབྲས་བུར་དབྱངས་གསལ་སོ་བཞི་ཕྱིར་རང་ལག་ཏུ་འབྱོར་བས་མི་ཚད། གཞུང་གི་བཀའ་རྒྱ་དེ་ཡང་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག སྐབས་དེར་ཁོ་བོས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་དང་ཆེ་བརྗོད་ཡི་རང་གིས༼ང་ཡི་ཀ་ཁ་ང་ལ་སྤྲོད་རོགས་ཀྱེ༽༼(2010ལོའི་བོད༽ལོ་དེབ་ཏུ་འཁོད)ཞེས་པའི་རྩོམ་ཐུང་ཞིག་ཀྱང་བྲིས་མྱོང་ངོ་། །

མི་རིགས་ཤིག་གི་སྐད་དང་ཡི་གེ་གནས་ཤིང་འཇིག་པར་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀ་ཡོད་ཅིང་། ཕྱིའི་ཆ་ཡི་ཁེ་དབང་སོགས་རྩོད་ལེན་དང་ནང་གི་ཆ་ཡི་ཉམས་ལེན་སོགས་འབད་པ་བྱས་ན་སྐད་ཡིག་དེ་ཡུན་ནས་ཡུན་དུ་གནས་ཐུབ་པ་དང་། ཡང་ཕྱིའི་ཆ་ནས་ཁེ་དབང་སོགས་ཤོར་བ་དང་ནང་གི་ཆ་ནས་བཀོལ་སྤྱོད་སོགས་ཉམས་པ་ཡིན་ན་སྐད་ཡིག་དེ་ག་ལེ་ག་ལེར་འཇིག་གི་ཡོད་པ་རེད།ཡང་གཅིག་བཤད་ན། ང་རང་ཚོས་ཕྱིའི་ཁེ་དབང་དང་སྲིད་ཇུས་སོགས་རྩོད་ལེན་བྱེད་པའི་དུས་མཚུངས་སུ། ནང་གི་ཉམས་ལེན་དང་བཀོལ་སྤྱོད་སོགས་ལ་ཧུར་བརྩོན་གྱིས་འཇུག་རྒྱུ་དེའང་གལ་ཆེ་བ་ཞིག་ཡིན་པར་མཐོང་།དེས་ན་ནང་གི་ཉམས་ལེན་ཞེས་པ་དེ་གང་ཡིན་ཞེ་ན། དེ་ནི་རང་ཅག་གི་འགྲོ་འདུག་སྤྱོད་གསུམ་དང་བྱ་བྱེད་ལས་གསུམ་ཚང་མ་བོད་སྐད་དང་འབྲེལ། འཆད་རྩོད་རྩོམ་གསུམ་དང་སྒྱུར་ཀློག་འབྲི་གསུམ་ཚང་མ་བོད་ཡིག་གིས་བྱས་པ་སྟེ། མདོར་ན་ཅི་བྱས་ལས་ཀྱི་མགོ་མཇུག་བར་གསུམ་དང་ཕྱི་ནང་གསང་གསུམ་ཐམས་ཅད་ཀ་མད་སུམ་ཅུ་དང་དབྱངས་གསལ་སོ་བཞི་དང་ཁ་མ་འབྲལ་བ་བྱེད་དགོས་པ་དེའོ། །

 

༣༽ རང་རེའི་བོད་སྐད་ཡིག་ལ་སྔོན་མེད་ཀྱི་འཇིག་ཉེན་འདི་ལྟ་བུ་ཞིག་བྱུང་བའི་རྒྱུ་རྐྱེན་ག་རེ་ཡིན་ནམ།

དེ་ནི་ང་རང་ཚོས་མི་ལོ་མང་པོ་ཞིག་ལ་ཚོགས་ཐོག་གི་གཏམ་ནི་བོད་སྐད་ཀྱིས་མ་བཤད། གཞུང་ཡིག་ནི་བོད་ཡིག་གིས་མ་བྲིས། མིང་རྟགས་ནི་བོད་ཡིག་གིས་མ་བཀོད་པ་སོགས་ཀྱིས་ལན་པ་རེད།དེ་ནི་ང་རང་ཚོས་མི་ལོ་འདི་དག་གི་རིང་ལ་ཟ་ཁང་དང་ཚོང་ཁང་དུ་བོད་ཡིག་བཀོལ་བ་ཇེ་ཉུང་ནས་ཇེ་ཉུང་དང་། སྐད་འཕྲིན་དང་ཟིན་ཕྲན་སྒང་དུ་བོད་ཡིག་འབྲི་བ་ཇེ་ཉུང་ནས་ཇེ་ཉུང་། དངུལ་ཁང་དང་མགྲོན་ཁང་དུ་བོད་ཡིག་སྤྱོད་པ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་སོགས་ཀྱིས་ལན་པ་རེད། དེ་ནི་ང་རང་ཚོའི་རིག་གནས་ཀྱི་རྐང་འཛིན་པ་དག་གིས་ཁ་ཕྱི་འཁོར་གྱིས་གཞན་ཡིག་གཞན་སྐད་ལ་ཤུགས་བརྒྱབ་པ་དང་། བླ་སྤྲུལ་དང་མཁན་པོ་རྣམས་ཀྱིས་རང་གི་གདུལ་བྱའི་དོན་དུ་གཞན་སྐད་གཞན་མི་ལ་འཇུས་པ། གཞས་པ་གཞས་མ་སོགས“སྐར་ཆེན”རྣམས་ཀྱིས་རང་གི་ཁེ་གྲགས་ཀྱི་ཕྱིར་དུ་གཞན་སྐད་གཞན་ལུགས་ལ་འབད་པ་སོགས་ཀྱིས་ལན་པ་རེད།ད་ལྟ་མགོ་ནག་བོད་པ་ཚོ་ལ་ཚེ་ནོམ་ཉག་གཅིག་ཡོད་པ་ནི་སྐད་དང་ཡི་གེ་འདི་རེད། སྐད་དང་ཡི་གེ་འདི་ལ་བརྟེན་ནས་རང་གི་མི་རིགས་དར་དགོས་པ་ཡིན། རང་གི་རིག་གནས་འཕེལ་དགོས་པ་ཡིན། རང་གི་མགོ་བོ་དགྱེ་དགོས་པ་ཡིན། དེར་བརྟེན་བདག་ཅག་གིས་མི་རང་ཉིད་ནས་འགོ་རྩོམ་པའི་སྙིང་སྟོབས་ལྷུར་བླངས་ཏེ། ཉིན་རྒྱུན་འཚོ་བའི་ཁྲོད་ནས་ལུས་ལ་གྱོན་པ་དང་ཁ་ལ་ཟ་མ་འབྲལ་མེད་ཡིན་པ་དེ་བཞིན་དུ། ངག་ལའང་བོད་སྐད་བོད་ཡིག་ཆག་མེད་དུ་འཆད་ཅིང་འབྲི་དགོས་པ་ཡིན་ནོ། །དེ་ལ་སྐད་ཡིག་གི་བདེན་པའི་ཨུ་ཚུགས་ཞེས་ཀྱང་བྱའོ། །ང་ཚོས་རང་གི་ཕ་སྐད་བཤད། ང་ཚོས་རང་གི་ཀ་ཁ་འབྲི། དེ་རིང་གི་ཆེད་དུ། ཁ་སང་གི་ཆེད་དུ། ཡང་ན་སང་ཉིན་གྱི་ཆེད་དུ།

རྩོམ་རིག

Post navigation

Previous Post: ཚ་བོ།
Next Post: མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱི་མ་འདས་སྤྲུལ་སྐུ་ཁྲི་འདོན་མཛད་རྒྱུ་རེད།

Comments (15) on “བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།”

  1. ཀླུ་སྨྱོན། says:
    2016-06-25 at 11:48 am

    བོད་སྐད་ཆག་རོ་མ་ཞིག་མ་མ་གཏོགས་བོད་ཡིག་དེ་བོད་ཕྱི་ལོགས་ཀྱི་བོད་མི་སྟེ་རྒྱ་གར་དང་བལ་ཡུལ། ནུབ་ཕྱོགས་བཅས་སུ་སྐྱེས་པ་དང་རྒས་པ་ཚོའི་ལག་ནས་ཤོར་ཚར་འདུག ཡིན་ཡང་ད་དུང་ཤོར་མེད་མདོག་སྟོན་བཞིན་འདུག ང་ཡོད་ས་འདིར་བོད་རིགས་ཕན་ཚུན་ཡི་གེ་བསྐུར་ན་དབྱིན་ཡིག་ཤ་སྟག་འབྲི་གིན་འདུག བོད་ནང་དུ་མི་དམངས་ཀྱི་འབད་བརྩོན་དང་སྲིད་གཞུང་གི་སྲིད་ཇུས་མཉམ་སྦྲེལ་གྱིས་ད་བར་དུ་དགའ་རབ་ཅིག་ཡོད་པ་རེད། མ་འོངས་པ་བཤད་ཚོད་མི་ཐིགས།

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-06-25 at 12:07 pm

    བོད་སྐད་འགོར་གཞས།
    ttps://www.facebook.com/100004881542993/videos/224642041041846/

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-06-25 at 1:39 pm

    ངས་ལ་དྭགས་པ་གཞོན་པ་རྣམས་ལ་འཕྲིན་ཡིག་བོད་སྐད་དུ་འབྲི་ན། གཞོན་པ་དག་གིས་ཀློག་མི་ཤེས།

  4. ཀརྡོ་གཉེར་ཕྱག་པ་་ says:
    2016-06-25 at 2:10 pm

    ཀ་ཁ།
    https://www.facebook.com/668215056654662/videos/727511310725036/

  5. BONPO says:
    2016-06-25 at 6:11 pm

    ཨ་མདོ་བའི་གཞོན་སྐྱེས་ཚོས་ཨ་མདོའི་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །
    ཁམས་པའི་གཞོན་སྐྱེས་ཚོས་ཁམས་པའི་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །
    དབུས་གཙང་བའི་གཞོན་སྐྱེས་ཚོས་དབུས་གཙང་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །
    སྟོད་པའི་གཞོན་སྐྱེས་ཚོས་སྟོད་པའི་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །
    མོན་པའི་གཞོན་སྐྱེས་ཚོས་མོན་པའི་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །
    རྒྱལ་རོང་བའི་གཞོན་སྐྱེས་ཚོས་རྒྱལ་རོང་བའི་་ཡུལ་སྐད་ཀྱི་སྒྲ་གདངས་སྔར་རྒྱུན་གང་ཡོད་པ་དེ་གཙང་མ་ཞིག་མུ་མཐུད་ནས་རྒྱག་ཐུབ་ན་བོད་སྐད་དྭངས་མ་ཞིག་ད་གཟོད་བདག་པོ་བརྒྱབ་ཐུབ་པ་རེད། །

    གཞན་བརྗོད་དོན་སྙིང་པོ་གཞན་སྐད་ལ་ཁུངས་ཡང་དག་པར་བཏུགས་པའི་བཀའ་བསྟན་འགྱུར་གྱི་སྐད་ཟེར་བ་དེ་ཚོ་ནི་བོད་སྐད་དྭངས་གཙང་གི་ཁོངས་སུ་དུས་ནམ་ཡང་མི་འཚུད་དོ། ཅིའི་ཕྱིན་ན་བསྒྱུར་སྐད་ར་མ་ལུག་དང་དང་ལོག་སྐད་ལྡབ་བེ་ལྡིབ་བེ་ཡིན་པས་སོ། སོ་སོའི་དད་མོས་གཙོ་བོར་བཟུང་ནས་རྩ་ཆེན་པོ་ཡིན་མིན་གྱི་སྐད་ཆ་དེ་ཚོ་ནི་སྐད་ཆ་འབད་དེ་ཁག་ཁག་རེད། །
    དོན་དག་ཡང་སྙིང་སྔར་རྒྱུན་སྔར་སྲོལ་གྱི་བོད་ཀྱི་ཡུལ་ཕྱོགས་སོ་སོའི་ཡུལ་སྐད་དྭངས་གཙང་འཇིགས་ལ་ཉེ་བ་དེ་རྣམས། རང་དོན་རང་གཅེས་ཀྱིས་ཐུབ་ན་སྲུང་སྐྱོབས་དང་མ་ཐུབ་ནའང་རིན་ཐང་ཚད་མེད་པ་སྤྲོད་རོགས་གནོངས། །
    བཀའ་བསྟན་འགྱུར་གྱི་སྐད་ཟེར་བ་དེ་ཚོ་བོད་རང་གི་་ཡུལ་སྐད་ལ་ཚུར་སྐྱབས་བཅོལ་ནས་ད་བར་བསྡད་ཡོད་རེད་གཏོགས། བོད་རང་གི་ཡུལ་སྐད་ཕར་བཀའ་བསྟན་འགྱུར་གྱི་སྐད་ཟེར་བ་དེ་ལ་སྐྱབས་བཅོལ་ནས་བྱུང་བའི་་རིམ་པ་ཞིག་དུས་དེང་གི་བར་ཚེས་མ་མྱོང་། །

  6. ྸཨ་འབར་འཇིགས་དབང། says:
    2016-06-25 at 6:58 pm

    ༅༅། ངས་དྲི་བ་གཉིས་ཡོད། བོད་ཀྱི་ཡི་གེ་འདི་ ༢༠༡༦ བར་ལོ་ག་ཚོད་ཕྱིན་པ་ཡིན་ནམ།
    མ་འོངས་པར་ལོ་ངོ་ག་ཚོད་བསྡད་དམ། ཡང་ན་བོད་ཡིག་འདི་གཏན་ནས་ཡལ་འགྲོ་གི་ཨེ་ཡིན།
    དགའ་རེས་བཤད་ན། བོད་ཀྱི་སྐད་ཡིག་འདི་། སངས་རྒྱས་ཀྱི་བསྟན་པ་མ་འཇིག་བར་ངེས་པར་གནས་
    ཐུབ་ཀྱི་ཡོད་སྐོར་གསུངས་བྱུང་ཡང་ར་འཕྲོད་ཁུངས་གཏུགས་ས་ཞིག་ད་བར་རྙེད་མ་བྱུང།
    གོང་གསལ་དྲི་བར་་ལན་ཞིག་གནང་རོགས་གནང་ཞུ།

  7. BONPO says:
    2016-06-25 at 8:21 pm

    སྐར་ཁུང་རྩོམ་སྒྲིག་པ། | 07/05/2015 | ཞར་བཀོད་།
    (རྒྱལ་དབང་ལྔ་བ་དང་སླར་གཅིག་གྱུར་བྱས་པའི་ཁོང་གི་བོད།)
    མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བརྩམས།
    དོན་བཙན་གྱིས་བསྒྱུར།

    ཨ་མདོ། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ།

    སྤྱིར་ཨ་མདོ་ཅེས་པའི་མིང་འདི་ས་ཁྲ་དང་ཡིག་ཐོག་དུ་བཀོད་པའི་ཞིང་ཆེན་འདིའི་ཤར་དང་ལྷོའི་ཆ་ཁོ་ན་མ་ཡིན་པར་བོད་མི་བྱིངས་ཀྱིས་ཞིང་ཆེན་ཡོངས་ལ་གོ། བོད་སྐད་དུ་མཚོ་སྔོན་ཞེས་པའི་ས་ཁོངས་དེར་སོག་སྐད་དུ་ཁོ་ཁོ་ནོར་(Korkor Nor)་དང་རྒྱ་སྐད་ཆིན་ཧད་(青海)་ཞེས་འབོད་ཅིང་དེ་དག་གི་དོན་ནི་མཚོ་སྔོན་པོ་ཡིན་པས་མདོ་སྨད་ཡུལ་གྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད། ཨ་མདོའི་ཡུལ་ཕྱོགས་འདི་ལ་བོད་བཙན་པོའི་དུས་སྐབས་སུ་ཙོང་ཁ་ཞེས་གྲགས་ཤིང་དུས་རབས་བཅོ་ལྔའི་རྗེ་ཙོང་ཁ་པ་བར་མིང་འདི་རྒྱུན་འཇམས་ངང་གནས།

    ཨ་མདོ་སྟེ་བྱང་ཤར་གྱི་བོད་ནི་བོད་མི་ཚོས་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དུ་བགྲང་ལ་ཡུལ་དེའི་བྱང་ངོས་དེ་བྱང་མཐའི་ཚ་འདམ་དང་ཐུག་ཅིང་ཤར་ཁོག་ལུང་འདབས་ཀྱི་ཟུང་ཕན་དེ་རྒྱ་གྲོང་དེ་ལྷོ་ཤར་མཐའ་ཁུལ་གྱི་ཟི་ཁྲོན་ས་མཚམས་སུ་འབྲེལ། དེ་ཡང་ནུབ་ཀྱི་མགོ་ལོག་ཁུལ་ཁམས་ཏེ་བོད་ཤར་ཕྱོགས་ཀྱི་མདོ་སྟོད་དང་ས་འབྲེལ་ཡིན་ལ་ཤར་ངོས་སུ་རྒྱ་ནག་གི་ཀན་སུའུ་ཞིང་ཆེན་དང་ས་ཆུ་དབྱེ། བོད་དེ་རྒྱ་ནག་ལས་ཐ་དད་དུ་དབྱེ་མཁན་ནི་བོད་མཐོ་སྒང་གི་རང་བྱུང་ས་མཚམས་ཡིན་ལ་ས་བབས་དེ་རྒྱ་ནག་ནས་བོད་ཀྱི་ཕྱོགས་སུ་རིམ་གྱིས་འཕགས་དུས་བོད་ཀྱི་ས་གཤིས་དེ་གྱོང་ཞིང་བརླན་གཤེར་བྲལ།ཡུལ་སྐོར་བས་བར་མ་ཆད་པར་གོང་དུ་འཕགས་ཀྱིན་པ་དེ་མངོན་གསལ་ངང་རྟོགས་ཐུབ་ཞིང་ས་བབས་ཀྱི་ཁྱད་པར་འདི་དུས་རབས་བདུན་པའི་ནང་བོད་ཡུལ་བརྒྱུད་དེ་རྒྱ་གར་དུ་བསྐྱོད་པའི་རྒྱ་ནག་གི་གནས་མཇལ་བ་དང་ཡུལ་སྐོར་བ་ཀུན་གྱིས་སྣང་འཇོག་བྱས་ཡོད་ལ་འདི་ནི་ཤར་ཕྱོགས་ཀྱི་ལན་ཀྲུའུ་ནས་ཨ་མདོ་འམ་ཁྲུའུ་ཏུའུ་ནས་ལྷོ་ཤར་གྱི་ཤར་ཁོག་ཕྱོགས་སུ་སླེབས་ཀྱིན་ཡོད་མེད་དེ་ཡིན། བོད་མཐོ་སྒང་དུ་སླེབས་ལ་ཉེ་དུས་ཁྱོད་ཀྱི་མཐོང་ཡུལ་དུ་གྱུར་བའི་བོད་མིའི་རྟགས་མཚན་ནི་རི་བོའི་ཟོམ་དང་ཁང་པའི་མདུན་དུ་བསླངས་བའི་ལབ་རྩེ་དང་དར་ལྕོག་ཡིན། གནའ་བོའི་ཡོ་རོབ་ཀྱི་ཡུལ་སྐོར་བ་རྣམས་ཀྱིས་ནམ་ཞིག་ཁྱེད་ཉིད་ས་མཚམས་འདི་བརྒལ་ཚེ་བཟའ་བཏུང་དང་ཞག་འདུག་བྱེད་ས་རིན་མེད་ཡིན་པས་ཇ་ཁམ་གང་ཡིན་ཡང་རིན་མི་སློང་ཞེས་བཀོད་འདུག ཨ་མདོའི་བོད་མི་རྣམས་བོད་མི་གཞན་དང་ཐ་དད་དུ་འབྱེད་པའི་རིག་གཞུང་གི་ཆ་ནི་ས་བབས་ཀྱི་རྐྱེན་ལས་གཞན་ད་དུང་་་ཡུལ་སྐད་་་ཀྱང་ཡིན། དེ་ནི་བོད་སྐད་ཡིན་ཡང་དབུས་བོད་ཡུལ་ལས་མངོན་སུམ་གྱི་ཐ་དད་དང་་་གནའ་བོའི་བོད་སྐད་ཀྱི་གཞི་རྩའི་རྣམ་པ་དེ་རྒྱུན་འཛིན་བྱས་ཡོད་་་། ཨ་མདོའི་ནང་ཁུལ་དུའང་ནུབ་དང་བྱང་གི་འབྲོག་སྐད་དང་ཤར་ཁུལ་དང་ལྷོ་ཤར་ཕྱོགས་ཀྱི་རོང་སྐད་བཅས་མཆིས་ཀྱང་རྩ་བའི་ཆ་ནས་དེ་ཚང་མ་གཅིག་མཚུངས་རེད།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-06-25 at 9:47 pm

    ཛམ་གླིང་སྐྱེ་དགུ་ཡོངས་ཕན་ཚུན་གོ་བརྡ་སྤྲོད་པའི་སྐད་ཡིད་དེ་ཨིན་སྐད་དང་། ཨིན་ཡིག་ཡིན་པར་རྗེས་སུ་དཔགས། མི་རིགས་སོ་སོའི་སྐད་ལ་ཡོད་པའི་སྐད་གྲགས་ཅན་གྱི་བྲིས་དཔེ་དག་ཨིན་སྐད་དུ་སྒྱུར་བར་བྱེད། བོད་སྐད་ལ་ཡོད་པའི་དཔེ་ཆ་མང་པོ་དུས་ཐུང་ཞིག་གི་ནང་དུ་ཨིན་སྐད་བསྒྱུར། དེ་རྣམས་བོད་སྐད་ལ་ཡོད་པ་བཞིན་འབྱུང་དཀའ། བོད་ཀྱི་ཁ་སྐད་བརླག་སྟོར་ཕྱིན་ཀྱང་། དཔེ་ཆར་བོད་པའི་བོད་སྐད་དེ་ཉིད་ཁ་སྐད་ལས་ཡུན་རིང་བར་གནས་པ། ལེགས་སྦྱར་གྱི་སྐད་དང་འདྲ་བར་འགྱུར་རོ།

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-25 at 10:20 pm

    བོད་ཀྱི་སྐད་ཡིག་བསྐོལ་སྤྱོད་གནང་མཁན་གྱི་མི་རིགས་མ་རྫོགས་བར་བོད་ཀྱི་སྐད་ཡིག་གནས་ཐུབ་ལ་སངས་ཤ་ཀྱཱ་
    ཐུབ་པའི་བསྟན་པ་མ་ཇིག་བར་བོད་ཀྱི་སྐད་ཡིག་གནས་
    ཐུབ་ལ་འཇིག་རྟེན་འདི་མ་འཇིག་བར་འཛམ་གླིང་འདིའི་
    སྒང་དུ་ཆགས་པའི་མི་རིགས་ཡོངས་རྫོགས་ཀྱི་སྐད་ཡིག་
    ཁྱབ་ཆེ་ཆུང་མ་རྟོགས་གནས་ཐུབ་ལ་འཇིག་རྟེན་འདི་འཇིག་པའི་ཉིན་མོ་ནས་སྐད་ཡིག་ཕར་བཞག་འཇིག་རྟེན་འདིའི་ཕྱི་ནང་གི་གནོད་བཅུད་ཡོངས་རྫོགས་འཇིག་འགྲོ་བ་འདི་ལ་མི་རྟག་པ་
    ཟེར་བའི་འཇིག་པ་ལ་རྟེན་པ་དེ་ངོ་འཕྲོད་དགོས་།

  10. ཁྲི་རལ་པ་ཅན། says:
    2016-06-26 at 4:25 am

    རྩོམ་ཡིག་དེ་བཀོད་མཁན་ཁྱད་མཚར་རེད།ཁང་དཀར་གྱིས་ཅིག་བཤད་པའི་ཟོལ་འདྲ་བོ་འགོ་བརྗོད་ཏུ་འཁོད།ཡང་རྩོམ་གྱི་ནང་ཁོ་རང་བློ་ཕམ་པ་ཙམ་ལས་ཁང་དཀར་གྱིས་གང་བཤད་པ་གསལ་མི་འདུག།
    མ་གཞི་སྐད་ཡིག་ཆུང་ཁག་དང་མི་རིགས་ཉམ་ཞན་མང་པོ་འཇིག་འགྲོ་བ་ནི་ཆོས་ཉིད་རེད།འཛམ་གླིང་འདིར་སེམས་ཅན་ཉམ་ཆུང་རིགས་རང་བཞིན་གྱིས་སྟོབས་ལྡན་རིགས་ཀྱི་ཁ་ཟས་རེད།ད་དེ་ཚོར་སེམས་ཁྲལ་བྱས་ན་རང་གི་གྱོང་རེད།

  11. ཀརྡོ་གཉེར་ཕྱག་པ་་ says:
    2016-06-26 at 6:40 am

    ཇི་སྲིད་བོད་ཡུལ་གནས་པ་དང་། །
    དེ་ན་བོད་རིགས་གནས་པའི་ཡུན། །
    དེ་སྲིད་བོད་སྐད་གནས་པའི་ཕྱིར། །
    བདག་ཀྱང་བོད་རིགས་སྐྱེ་བར་ཤོག །

  12. ཆུ་ཐིགས་སྔོན་མོ says:
    2016-06-26 at 2:38 pm

    ངས་བལྟས་ན་སྲིད་སྐྱོང་གི་དུས་ཡུན་རྫོགས་དུས་བོད་ཡིག་གི་དུས་ཡུན་ཀྱང་རྫོགས་འགྲོ་གི་བསམ་ཡོད་

  13. ཏི་སི། says:
    2016-06-27 at 1:41 am

    བོན་པོ་ཚང་གསུངས་པ་ལེགས་བསུ་ཞུ།

  14. ཀརྡོ་གཉེར་ཕྱག་པ་་ says:
    2016-06-27 at 7:22 am

    ཀ་ཁའི་གཞས།
    https://www.facebook.com/bodpa.net/videos/1053296161382219/

  15. ཀརྡོ་གཉེར་ཕྱག་པ་་ says:
    2016-06-27 at 7:27 am

    བོད་ཡིག་སྦྱང་སའི་དྲ་རྒྱ།
    https://www.youtube.com/watch?v=54rkREcfxhI

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme