Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་གླེང་བ།

Posted on 2012-02-21 By ཁ་བརྡ་ 8 Comments on བོད་ཀྱི་སྐད་ཡིག་གླེང་བ།


དེ་རིང་རྒྱལ་སྤྱིའི་སྐད་ཡིག་ཉིན་མོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་གོ་སྒྲིག་འོག་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཉམས་ཞིབ་པ་དང་རྩོམ་པ་པོ། རྩོམ་སྒྲིག་པ་བཅས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་ལ་བགྲོ་གླེང་གནང་སྟེ་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་བྱས་སོང་། ཐེངས་འདིའི་བགྲོ་གླེང་གི་ཐོག་མར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་དར་གྱིས་རྒྱལ་སྤྱིའི་སྐད་ཡིག་གི་གནས་སྟངས་དང་འབྲེལ་ཚོགས་པས་ངོས་ནས་ལོ་ལྟར་ཉིན་མོ་འདིར་བོད་རིགས་མཁས་པ་དང་ཉམས་ཞིབ་པ། རྩོམ་པ་པོ་སོགས་གདན་ཞུས་ཀྱིས་བོད་ཀྱི་སྐད་ཡིག་སྐོར་ལ་བགྲོ་གླེང་དང་། ཟ་ཁང་དང་ཚོང་ཁང་སོགས་ཀྱི་སྒོ་བྱང་གི་ཡིག་ནོར་ཐེར་འདོན་བྱེད་པ་བཅས་ཀྱི་བྱ་འགུལ་འདྲ་མིན་གྱིས་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་བྱེད་ཀྱིན་སྐོར་དང་། ད་དུང་ང་ཚོ་ཚང་མས་ཕྱོགས་འདི་དག་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

དེ་ནས་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་དང་རང་དབང་རྩོམ་པ་པོ་དང་དགེ་རྒན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར། རྩོམ་པ་པོ་གཡང་ཁོ་རྒྱལ་བཅས་ཀྱིས་ད་ལྟའི་བོད་སྐད་ཡིག་གི་དཀའ་ངལ་ཆེ་ཤོས་ཡིག་ནོར་དང་ཁ་སྐད་སྐོར་དང་། བོད་ཆོིལ་ཁ་གསུམ་གྱི་ཡུལ་སྐད་ཕན་ཚུན་གོ་ཐབས་བྱ་སྟངས་དང་ཆེད་ལས་ཡིག་བསྒྱུར་སྡེ་ཚན་བཙུགས་ཏེ་བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ཆེ་རུ་གཏོང་དགོས་པ། རྒྱལ་སྤྱིའི་སྟེང་སྐད་ཡིག་ངོས་འཛིན་གནང་ཕྱོགས། བཙན་བྱོལ་དུ་སློབ་གྲྭ་ཁག་གི་ནང་དང་མི་སྒེར་བཅས་ཀྱིས་སྐད་ཡིག་ལ་བཅངས་པའི་འདུ་ཤེས་ཞན་པ་བཅས་ཀྱི་སྐོར་ལ་རིམ་པས་སྐར་མ་ལྔ་རེའི་རིང་གཏམ་བཤད་གནང་པ་དང་། དེའི་རྗེས་རང་དབང་རྩོམ་པ་པོ་ཁག་ཅིག་དང་ཤེས་བྱ་དུས་དེབ་དང་བོད་ཀྱི་བང་ཆེན་ཚགས་ཤོག སྤྱི་ཚོགས་མེ་ལོང་ཚགས་ཤོག་བཅས་ཀྱི་རྩོམ་སྒྲིག་འཐུས་ཚབ་མི་སྣས་རང་རང་གི་ལངས་ཕྱོགས་དང་དཀའ་ངལ་བཅས་ཀྱི་སྐོར་ནས་གཏམ་བཤད་བྱས།
མཇུག་ཏུ་ཚོགས་ཞུགས་པ་ཡོངས་ལ་དྲི་བ་འདོན་པ་དང་བསམ་ཚུལ་འདོན་པའི་གོ་སྐབས་ཕུལ་སོང་ལ། ཐེངས་འདིའི་བགྲོ་གླེང་ཐོག་རྡ་ས་ཁུལ་གྱི་དགེ་རྒན་དང་། ལས་བྱེད་པ། གསར་འགོད་པ། རྩོམ་པ་པོ། གྲྭ་བ། མང་ཚོགས་ཁྱོན་བསྡོམས་མི་༥༠ཙམ་འཛུལ་ཞུགས་བྱས་འདུག།

གསར་འགྱུར།

Post navigation

Previous Post: བཙན་བྱོལ་གྱི་ཤེས་ཡོན་སྐོར་ལ། གཞོན་སྐྱེས་ཚོའི་བགྲོ་གླེང་གལ་ཆེན་ཞིག
Next Post: གསར་བརྗེ་འདི་བོད་ཀྱི་སྐད་ཡིག་བརྒྱུད་ནས་གྲགས་པར་འགྱུར།

Comments (8) on “བོད་ཀྱི་སྐད་ཡིག་གླེང་བ།”

  1. རྡ་སའི་གླུ་བ་ says:
    2012-02-22 at 12:06 am

    སྐད་ཡིག་བདག་པོ་རྒྱག་མི་ཤེས་མཁན་དང་སྐད་ཡིག་བདག་པོ་རྒྱག་ཤེས་མཁན་གྱི་རིགས་མི་འདྲ་བ་གཉིས་ལྷན་འཛོམས་ཀྱི་ཐོག་ནས་སྐད་ཡིག་གླེང་ནོ་བཟང་གི་ར། ཕྱོགས་གཞན་པ་ཞིག་ནས་བལྟས་ན་དེ་ནི་དགོས་ངེས་ཅན་ཞིག་ཡིན་རྒྱུ་རེད། དྲང་པོ་བཤད་ན་གནད་དོན་འདི་ནི་ཁ་ནས་གླེང་བ་ཁོ་ན་མ་བྱས་པར་ཇི་ལྟར་ལག་ལེན་དུ་འབེབས་ཐུབ་མིན་དང་ཇི་ལྟར་འབེབས་མིན་སོགས་ཅིས་ཀྱང་རྟོགས་དགོས་པ་ཞིག་རེད། ད་ལན་གདན་ཞུས་ཀྱི་སྐུ་མགྲོན་ནི་དངོས་གནས་བོད་སྐད་ཡིག་དང་འབྲེལ་བ་ཡོད་མཁན་ཞེ་གཅིག་རེད། རྒན་རྡོར་དབང་དང་རྒན་སྤྲེལ་ནག རྒན་བསྟན་དར་གསུམ་ནི་དངོས་གནས་ཁ་དང་ལག་ལེན་གཉིས་ཀྱི་དབར་ན་མཚུངས་འབྲེལ་གྱི་གསེར་ལམ་དོ་དམ་ཡོད་མཁན་ཏག་ཏག་རེད། ཁོང་ཚོས་གསུང་པ་དེ་ལག་ལེན་གྱི་མྱོང་གྲུབ་ཡིན་པར་ཡིད་ཆེས་བྱས་ན་འོས་འཚམ་ཞིག་ཡིན་ངེས་སོ།།

  2. འཛུམ་ཤོར། says:
    2012-02-22 at 12:50 am

    ལས་འགུལ་འདི་རླབས་ཆེ་བ་ཞིག་རེད། མུ་མཐུད་རྒྱུན་སྐྱོང་དང་དར་སྤེལ། སྲ་བརྟན་གཏོང་ཕྱོགས་ལ་འབད་དགོས།ང་རང་བོད་ཕྲུག་ཅིག་གི་ངོས་ནས་ག་དུས་ཡིན་ཡང་རྒྱབ་སྐྱོར་ཡོད།

  3. སྟག་སྨྱོན། says:
    2012-02-22 at 2:24 am

    ཁ་སྐད་སྤྱོད་མི་ཆོག་མདོག་མདོག་དང་ཁ་སྐད་ཐོག་རྩོམ་ཡིག་འབྲི་གི་འདུག་ཟེར་ནས་སྡུག་སྐད་འདོན་དེའི་བསམ་ཚུལ་ལ་མོས་མཐུན་མེད། ཆོལ་ཁ་གསུམ་ན་ཡུལ་སྐད་བྱེ་བྲག་པའི་ཐོག་ཡོད་པའི་ཁ་སྐད་ཀྱི་ཚིག་ཚང་མ་དོར་བ་ཡིན་ན། བོད་པའི་མིང་ཚིག་ཁྲི་མང་པོ་མེད་པ་བཟོ་དགོས་ཐུག་གི་རེད། དེ་འདྲ་བྱས་ན་བོད་སྐད་ལ་གྱོང་གུད་ལས་མེད། དེ་ལས་ཆོལ་ཁ་གསུམ་གྱིས་ཕུན་ཚུན་གྱི་སྐད་ཡིག་རྒྱུས་ལོན་བྱས་ནས། ཡུལ་ལུང་བྱེ་བྲག་པའི་ཁ་སྐད་ཚང་མ་སྤྱི་སྐད་ཀྱི་ཁོངས་སུ་ཟླ་བསྒྲིལ་བཏང་ན་སྐད་ཡིག་རང་བཞིན་གྱིས་ཕྱུག་རུ་འགྲོ་གི་རེད། ཡང་སྙིང་ཡུལ་སྐད་ཚང་མ་སྤྱི་སྐད་དུ་བསྐྱུར་དགོས་ཀྱི་འདུག དེ་ནི་ཟླ་ཤས་ཀྱི་ལས་ཙམ་ལས་དཀའ་ལས་ཁག་པོ་གང་ཡང་མ་རེད། སྐད་ཡིག་གསར་བ་ཞིག་སྦྱང་དགོས་པའི་དཀའ་ངལ་དེ་འདྲ་མ་རེད།
    དམིགས་བསལ་ཁམས་སྐད་དང་ཨ་མདོ་སྐད་ལ་རང་བྱུང་གི་ཉམས་དང་སེམས་ཀྱི་ཚོར་བ་སྟོན་པའི་ནུས་པ་ཆེན་ལྡན་འདུག མདོ་སྟོད་སྨད་ཀྱི་མི་ཚོའི་སྐད་ཆ་ག་རེ་བཤད་ཀི་ཡོད་པ་དང་གདོང་གི་ཉམས་འགྱུར་གཉིས་ཆ་མཚུངས་པོ་འདུག དབུས་གཙང་གི་སྐད་ལ་ངས་ཁྱེད་ལ་དུག་སྤྲོད་ཡོད་ལབ་ཀྱི་ཡོད་པའི་དབང་དུ་བཏང་ཡང་། ཉམས་འགྱུར་གྱི་ཐོག་ནས་ཁྱེད་ལ་བུ་རམ་སྤྲོད་ཀྱི་ཟེར་གྱི་ཡོད་པ་འདྲ་བོ་ཡོད། བྱས་ཙང་དབུས་གཙང་ཁུལ་དུ་སྐད་ཆ་བཤད་སྟངས་ཀྱི་ཉམས་འགྱུར་ཤི་ཚར་བ་རེད། སྐད་ཆ་ཙམ་མ་གཏོགས་སྐད་ཆ་བཤད་སྟངས་ཀྱི་ཉམས་འགྱུར་ཡོད་པ་མ་རེད། ན་ག་སངས་རྒྱས་ཀྱི་བསམ་ཚུལ་ལ་མོས་གུས་བྱུང་སོང་། ཁ་ཕྱོགས་འགྲིག་བྱ་དྲན་སོང་།
    ད་ལྟ་མཁས་ཚུལ་འཛིན་ཁུལ་ཁ་ཤས་ཀྱིས་ཡིག་སྐད་ཡིག་ཟེར་ནས་ངོམ་ངོམ་བཞིན་པ་དེ་ཡང་། ཐོག་མ་ཡུལ་སྐད་ཀྱི་ཐོག་ནས་བྱུང་ལས། ཐུ་མི་སམ་བྷོ་ཊས་ཡིག་སྐད་ཟེར་བ་འབོག་རས་གང་ཁྱེར་ནས་ཡོང་སྟེ་བོད་ཀྱི་རྩ་ཐང་གི་ཐུག་ཏུ་བླུགས་བཞག་པ་དེ་འདྲ་ཡིན་རྒྱུ་མི་རེད། དེའི་ཕྱིར་ཁ་སྐད་ནི་ཡིག་སྐད་སྐྱེད་བྱེད་ཀྱི་མ་ཡུམ་ཡིན་པས་བརྩི་འཇོག་གནང་དགོས། ཁ་སྐད་ཚང་མ་དོར་དགོས་འདུག་བརྗོད་མཁན་ཚོ་སྐད་ཡིག་འཕེལ་རིམ་ལ་མ་ཤེས་པའི་སྐྱོན་རེད། མཁས་འདི་འདྲ་སྐད་ཡིག་ཡར་རྒྱུས་གཏོང་ཕྱོགས་ཀྱི་ཐོག་བགྲོ་གླེང་གི་ཆ་རྐྱེན་དང་ཐོབ་ཐང་ཡོད་པ་མ་རེད།

  4. སྟག་སྨྱོན། says:
    2012-02-22 at 2:50 am

    ལྷག་པར་ཁ་སྐད་ནི་ཕྲུ་གུ་ཆུང་ཆུང་ཚོར་བོད་ཀྱི་སྐད་ཡིག་སློབ་རྒྱུར་མེད་ཐབས་མེད་པའི་རིམ་པ་ཞིག་རེད། ཕྲུ་གུ་ཚོར་བཀའ་བསྟན་གྱི་མིང་ཚིག་ཡིག་སྐད་ཡིན་མདོག་གིས་བསླབ་པ་ཡིན་ན། ཕྲུ་གུ་ཚོར་སྐད་ཡིག་རྒྱུན་འཛིན་སེམས་ཤུགས་ཉམས་བྱེད་ཀྱི་རྐྱེན་ངན་ཆགས་ཀི་རེད།

    ཚན་རིག་མིང་ཚིག་རྣམས་བཙན་གྱིས་བོད་སྐད་ནང་གློ་བུར་དུ་བླུགས་ཐབས་ཡོད་པ་མ་རེད། བོད་པ་ཚོ་ཚན་རིག་གི་ཤེས་བྱར་འདྲེས་གོམས་ཆེ་རུ་སོང་བ་དང་ཚན་རིག་གི་མིང་ཚིག་རང་བཞིན་གྱིས་ཕེབས་ཡོང་གི་རེད། དཔེར་ན་དྲོད་སླེབས་པ་དང་ཁུ་ཡུག་རང་བཞིན་གྱིས་གྲགས་ཡོང་བ་དང་གཅིག་པ་རེད། ཚན་རིག་ཤེས་ན་ཚན་རིག་གི་མིང་ཚིག་བཟོ་རྒྱརུ་དཀའ་ངལ་འཕྲད་ཀི་མ་རེད། བོད་པ་ཚན་རིག་མི་ཤེས་མཁན་ཚོས་ཚན་རིག་གི་མིང་ཚིག་ཚད་ལྡན་ག་འདྲ་བྱས་ནས་བཟོ་ཤེས་ཀི་རེད་དམ། ཚན་རིག་གི་མིང་ཚིག་ཚན་རིག་པ་ཞིག་གིས་བཟོ་དགོས་པ་རེད། དེའི་ཕྱིར་བོད་པ་ཚང་ལ་ཚན་རིག་མང་པོ་སྐྱེད་སྲིང་བྱེད་ཐབས་ཐོག་བསམ་བློ་འཁོར་དགོས་པ་ལས། བོད་ལ་ཚན་རིག་པ་མང་པོ་མེད་བཞིན་དུ་ཚན་རིག་གི་མིང་ཚིག་ཕྱུག་པོ་ཆགས་རྒྱུར་དཀའ་ལས་བརྒྱག་བཞིན་དཔེ་གད་མོ་ཤོར་ཡ་རེད། མོ་བཤམ་ལ་ཅི་ཙམ་བགྲོད་ཅིང་བུ་འཁྲུངས་ཀི་མ་རེད་དོ།

  5. བོད་ཡིག་སྐྱབས། says:
    2012-02-22 at 3:35 am

    བགྲོ་གླེང་གི་གནད་ཚིག་དག་ཅི་ཡིན་ནམ།
    དེང་སང་དྲ་བ་རྒྱུགས་ཆེ་བ་དང་མཉམ་དུ་ཡིག་ནོར་ཡང་རྒྱུགས་ཆེ་བ་འདི་ང་རང་ཚོའི་ངོས་ནས་ཇི་ལྟར་གཙང་སེལ་དང་འགོག་སྲུང་བྱེད་ཐབས་ལ་མནོ་བསམ་བཞེས་རོགས།
    ༡༽དྲ་བདག་གིས་དྲ་ཐོག་གི་ཡིག་ནོར་ལ་འགན་ཁུར་ལེན་ཐུབ་བམ།
    ༢༽ནོར་བཅོས་ཚོགས་ཆུང་ཞིག་འཛུགས་ཐུབ་བམ།

  6. ཁབ། says:
    2012-02-22 at 3:58 am

    ཡིག་ནོར་ཐེར་འདོན་བྱེད་མཁན་མང་པོ་ཞིག་གི་མགོ་བོར་དབྱུག་པ་གཞུས་སྟབས།
    དེང་སང་གྲགས་འགུལ་མེད་པར་ལྷག་འདུག
    དངོས་གནས་བྱས་ན་ཁོང་ཚོས་ཞར་དང་ཞོར་དུ་ཡིག་ནོར་ཐེར་འདོན་གྱི་འགན་མང་པོ་ཁུར་སོང་།
    དཔེར་ན། བསྟན་འཛིན་ཚེ་དཔག་ཟེར་བ་དང་ བསེ་རུ། ཨ་རིག་འགྱུར་མེད། ཨ་རིག་དགེ་མཐོང་ཟེར་བ་འདི་ཚོ་རེད། ཡིན་ནའང་། ཁོང་ཚོས་ཀྱང་ཞར་ཞོར་དུ་ནོར་བ་བྲིས་ཡོང་གི་ཡོད།
    དེ་ཡང་ལྟོས་ས་ལྟོས་འཇོག་ནས་བཤད་ན་ཉུང་ཉུང་རེད།

    དེའི་རྗེས་ལ་སྐད་ཡིག་ཚགས་པར་རེད། ད་ལྟ་ཚགས་པར་དེས་གང་ནུས་ཅི་ནུས་ཐོག་འབད་འབུངས་བྱེད་ཀྱིན་འདུག དེ་ལ་རྗེས་སུ་ཡི་རང་ཞུ།

    ཡིག་ནོར་ལ་གཟབ་དགོས་ལ། ཁ་སྐད་ལ་དགོས་དང་མི་དགོས་པའི་སྐད་ཆ་མེད།
    ཡིན་ནའང་དགོས་དབང་བསྟུན་གྱིས་ཡིག་ཐོག་ཏུ་འབྲི་དགོས་ས་དང་མི་དགོས་སའི་སྐབས་དབྱེ་དགོས་པ་རེད་སྙམ།།

  7. རིག་ཤེལ། says:
    2012-02-22 at 11:29 am

    སྟག་སྨྱོན་པ་དེའི་ངར་སྒྲ་ཡིད་ལ་འཐད།།
    ཝ་སྡར་མ་དགྱས་པ་ཟིལ་གྱིས་གནོན།།
    ཁ་སྐད་སྤྱི་སྐད་དུ་ཡོང་ཐབས་འདི།།
    ཆོས་ཉིད་ཀྱི་རིགས་པ་དང་ཤིན་ཏུ་མཐུན།།

  8. བཙན་བྱོལ་བ་ says:
    2012-02-22 at 11:51 am

    ཁ་བརྡ་ཚང་གིས་སྟག་སྨྱོན་གྱི་ཆོལ་ཁའི་ནང་འཁྲུགས་ཀྱི་མཆན་ལ་སྟངས་འཛིན་ལེགས་པོ་གནང་ནས་སྣོན་ཕྲི་བྱེད་དགོས་མིན་ཞིབ་འཇུག་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme