Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ལོ་རྒྱུས་ཀྱི་རྨ་ཁ་དང་རྒྱ་གཞུང་གིས་དགའ་སྟོན།

Posted on 2011-07-19 By དབང་ཕྱུག་ 4 Comments on བོད་ཀྱི་ལོ་རྒྱུས་ཀྱི་རྨ་ཁ་དང་རྒྱ་གཞུང་གིས་དགའ་སྟོན།

ཏྲེ་ཧོར་ཐུབ་བསྟན་ནས།
་གི་ཆུ་ཚོད་བཅུ་ཐོག་རྒྱ་གཞུང་གིས་སྨྱོན་ཧམ་ཆེན་པོས་བོད་ཀྱི་ཞིང་འབྲོག་ཁྲི་ཚོ་མང་པོར་ཞི་བའི་བཅིངས་བཀྲོལ་བཏང་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་འཁོར་བ་ཟེར་བའི་དུས་དྲན་མཛད་སྒོ་དེ་གྲོང་ཁྱེར་ལྷ་སའི་རྩེ་པོ་ཏ་ལའི་ཐང་ཆེན་དུ་ཟབ་རྒྱས་ངང་འཚོགས་ཡོད་པ་དང་མཛད་སྒོའི་ཐོག་དབུས་གཞུང་གི་སྐུ་ཚབ་ཞིའི་ཅིན་ཕིན་ཆེད་བཅར་ཀྱིས་འཚོགས་ཐོག་ཏུ་རྒྱུན་ལྡན་ལྟར་སྔར་གྱི་གུང་ཁྲན་གཞུང་གི་དོན་དངོས་ཀྱི་རང་བཞིན་ལས་ཡོལ་བའི་འཁྱོག་བཤད་ཀྱི་སྙན་ཚིག་དག་བསྐྱར་བཟློས་ཀྱིས་བདེ་འཇགས་དམག་མི་དང་སྐོར་སྲུང་མི་སྣས་དམ་དྲག་ཆེན་པོའི་འོག་མཇུག་བསྡུས་ཡོད་པ་དང་སྔར་ནས་གྲ་སྒྲིག་བྱས་ཟིན་པའི་མི་དག་ལས་སྤྱིར་བཏང་གི་བོད་མི་དཀྱུས་མ་དག་པོ་ཏ་ལའི་མདུན་ཐང་གི་ཐག་ཉེ་སར་ཡང་བཅར་བཅུག་མེད་པ་རེད།
འདས་པའི་མི་ལོ་དྲུག་ཅུའི་རིང་རྒྱ་ནག་དམར་པོས་གཞུང་གིས་བཙན་ཤེད་ཀྱི་བོད་ཀྱི་བདག་དབང་ཡོངས་སུ་འཕྲོག་ཏེ་ཆེས་གདུག་རྩུབ་ཆེ་བའི་ཆབ་སྲིད་ཀྱི་སྲིད་ཇུས་འདྲ་མིན་སྣ་དགུའི་འོད་བོད་ཀྱི་མི་རྒྱུ་གཉིས་ཀར་སྔར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གྱོང་གུན་ཧ་ཅང་ཚབས་ཆེན་དང་ལྷག་པར་དུ་འཛམ་གླིང་གི་གཅེས་ནོར་དུ་འབོད་པའི་ལོ་ངོ་སྟོང་ཕྲག་འགའི་རིང་གི་འོད་སྟོང་འབར་བའི་རིག་གཞུང་ཉམས་དམས་དང་། བོད་ཀྱི་སྐད་ཡིག་སྤྱོད་བཀོལ་མི་ཆོད་པའི་ཁོར་ཡུག་འོག་མི་རིགས་ཀྱི་ཁྱད་ཆོས་མཐའ་དག་ཡོངས་སུ་བཅོམ་ཏེ་བོད་ཅེས་པ་མིང་གི་ལྷག་མར་འགྱུར་རྒྱུའི་ལྟས་ཡོངས་སུ་འཆར་འགོད་ཟིན་པ་དང་། རྒྱ་ལུགས་རིག་གནས་དང་རྒྱ་ཡིག་རྒྱ་སྐད་ཀྱི་སློབ་གསོ་ཤུགས་ཆེན་པོས་ཁྱབ་སྤེལ་དང་རྒྱུད་སྐུལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སོགས་ཀྱི་མནོན་ཤུགས་འདྲ་མིན་གྱི་སུན་བཙེར་འོག་བོད་འདི་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་མེད་པའི་རྒྱ་ལུགས་ཅན་དུ་འགྱུར་རྒྱུའི་སྔ་ལྟས་ཡོངས་སུ་གོ་རིམ་ཡོད་པ་དང་འཆར་གཞི་ལྡན་པ་། ཆབ་སྲིད་ཀྱི་རང་བཞིན་ལྡན་པའིོ་སྲིད་ཇུས་གཏིང་ཟིན་པ་དང་ལག་ལེན་བསྟར་བཞིན་པ་རེད། དེ་ཙམ་མ་ཟད་ཆོས་ལུགས་དད་པ་རང་དབང་ལ་ཚད་འཛིན་དང་བཀག་བསྡོམས། གང་འདོད་ལྟར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་བཞིན་པ་སོགས་མདོར་ན་འདས་ཟིན་པའི་མི་ལོ་དྲུག་ཅུ་དེ། ཁོང་ཚོས་ཁྱབ་བསྒྲགས་བྱེད་པ་ལྟར་ཞིང་འབྲོག་ཁྲི་ཚོར་བརྒྱར་ཞི་བའི་བཅིངས་བཀྲོལ་ཐོབ་ཏེ་མཛེས་སྡུག་འོད་སྟོང་འབར་བའི་རང་ས་རང་བདག་དང་རང་ཁྱིམ་རང་སྲུང་གི་སྤྱི་ཚོགས་གསར་པའི་ཕྱོགས་སུ་གོམ་པ་སྤོས་པ་མི་ཡིན་པར། དེ་ལས་ལྡོག་ཏེ། བོད་ཀྱི་ཞིང་འབྲོག་མང་ཚོ་དང་སྐྱ་སེར་རྒན་གཞོན་ཁྲི་ཚོ་མང་པོའི་རང་དབང་གི་ཐོབ་ཐང་ཡོངས་སུ་ཤོར་ཏེ་ཆེས་མུན་ནག་དང་གདུག་རྩུབ་ཀྱི་ཕྱོགས་སུ་བསྐྱོད་པའི་ཆེས་མ་རུང་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་ཏུ་སླེབས་པའི་མི་ལོ་དྲུག་ཅུ་ཡིན་ཞིང་། ལོ་ངོ་ཁྲི་སྟོང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ཆེན་མོའི་ནང་གི་འོད་སྟོང་འབར་བའི་བོད་ཀྱི་ཆོས་ཆོས་རིག་ལ་གོད་ཆགས་ཚད་མེད་ཐེབས་པའི་མི་ལོ་དྲུག་ཅུ་ཡང་རེད། དེ་རིང་གི་དུས་འདིར་ཀླད་སྙིང་རུས་གསུམ་བོད་ལ་དུངས་ཤིང་ཁ་མིག་རྣ་གསུམ་གངས་ཅན་པར་ཕྱོགས་པའི་མི་བུ་མཐའ་དག་ནས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མྱ་ངན་དུས་དྲན་ཞིག་ཏུ་བརྩིས་ཏེ་གདུང་སེམས་བསྐྱེད་དགོས་པ་ལས་གུང་ཁྲན་གཞུང་གིས་དུས་དྲན་མཛད་སྒོ་འདིར་དུས་ནམ་ཡང་
དང་ལེན་དང་ཡི་རང་། ངོས་ལེན་བྱ་ཐབས་ག་ལ་ཡོད།

སྣ་ཚོགས།

Post navigation

Previous Post: ༄།། དུས་འཁོར་དབང་ཆེན་ལས་ཤམ་བྷ་ལའི་ཞིང་ཁམས་མཐོང་བ།
Next Post: མི་ཚེའི་དམིགས་ཚད་དང་སྤོབས་པ།

Comments (4) on “བོད་ཀྱི་ལོ་རྒྱུས་ཀྱི་རྨ་ཁ་དང་རྒྱ་གཞུང་གིས་དགའ་སྟོན།”

  1. བརྩོན་རྒྱམ། says:
    2011-07-20 at 1:50 am

    རྒྱ་གཞུང་གི་གཡོ་ཐབས་སྣ་ཚོགས་ཀྱི་བོད་མི་ཚོ་མགོ་སྐོར་གཏོང་གི་ཡོད་རུང་དོན་དམ་གང་ལ་ཐུགས་ན་ཡང་བོད་མི་རིགས་ཟེར་པ་འདི་ལོ་རྒྱུས་ལྡན་པ་ཞིག་ཡིན་པ་དང་རྒྱ་མི་རིགས་དང་ཐད་ཐད་ཡིན་པ་གསལ་བོ་ཤེས་ཀྱི་ཡོད་ན་ཡང་ད་ལྟ་གནས་སྟངས་གང་ལ་ལྟས་ཀྱང་གང་འདོད་ལྟར་བྱེད་མི་བཅུག་པ་གསལ་བོ་རེད།  འདས་པའི་ལོ་ངོ་དྲུག་ཅུའི་རིང་རྒྱ་ནག་དམར་གཞུང་གིས་ངག་གཡོ་དང་བཙན་གནོན་ངང་བོད་མི་ཚོ་གནས་ཡོད་པ་ལས་བདེ་སྐྱིད་ལྡན་པ་ཞིག་གི་ངང་གནས་ཐུབ་མེད་པ་འདས་པའི་ལོ་ངོ་འདི་དག་གི་རིང་བོད་མི་དང་ཤིས་འཇང་མི་རིགས་ད་དུང་དྲང་བདེན་ལ་དགའ་བའི་རྒྱ་མི་རིགས་སོགས་མང་པོ་ཞིག་གིས་རྒྱ་ནག་དམར་གཞུང་ལ་ངོ་རྒོར་ཐང་མང་བྱས་པ་འདི་བདེན་རྟགས་གསལ་བོ་ཞིག་ཡིན།   གང་ལྟར་རྒྱ་ནག་དམར་གཞུང་གི་ཐབས་ལམ་འདྲ་མིན་གྱི་བོད་མི་ཚོ་མགོ་སྐོར་གཏོང་ཐུབ་བྱས་ཀྱང་བོད་མི་ཚོས་ཆབ་སྲིད་ཀྱི་གཡོ་ཐབ་ཞིག་དང་མགོ་སྐོར་བྱེད་རྒྱུ་ཡོད་པ་ཤེས་གསལ་ཡིན་འོན་ཀྱང་གནས་སྐབས་རིང་འདི་འདྲ་མི་འཚོ་ཐབས་མེད་འདྲ་བོ་རེད།  ཡིན་ཡང་དོན་དམ་གང་ལ་རྟག་ཀྱང་རྒྱ་ནག་དམར་གཞུང་གིས་དྲང་བདེན་ཞིག་བྱེད་ཀྱི་མེད་པ་ཚང་མའི་ཤེས་གསལ་ལྟར་ཡིན།

  2. ནགས་ཤོད་སད་མི། says:
    2011-07-20 at 7:53 am

    ཁ་བྱང་འདིར། བོད་ཀྱི་ལོ་རྒྱུས་རྨ་ཁ་དང་རྒྱ་གཞུང་གི་དགའ་སྟོན། ཞེས་བཀོད་ན་དེ་ལས་ཀྱང་ཡག་
    ཆེ།

  3. གཅན་དཔལ་ལྡན། says:
    2011-07-20 at 9:01 am

    ཧྲེ་ཧོར་ཐུབ་བསྟན་ལགས། ཆེད་རྩོམ་ཡག་པོ་ཞིག་བྲིས་འདུག་ཀྱང་། ཁྱེད་ཀྱི་ཚིག་ལ་གཅོད་མཚམས་མེད་སྟབས། ང་ལྟ་བུའི་ཀློག་པ་པོ་ཚོར་དབུགས་ཀྱིས་མ་འདང་བའི་དཀའ་ངལ་འདུག གོ་ཐོས་སུ་ཁྱེད་ལ་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་རེད་ཟེར་གྱི་འདུག དེ་ཡིན་དུས། རྗེས་མ་དག་ཆའི་ཐད་ལའང་དོ་སྣང་མང་ཙམ་སྤྲད་རོགས། ཐུགས་རྗེ་ཆེ། ཡག་པོ་འདུག མུ་མདུན་ནས་ཡིན་ད།

  4. ཆོས་འགྲུབ། says:
    2011-07-20 at 2:01 pm

    གྲོགས་པོ་ཏྲེ་ཧོར་ཐུབ་བསྟན་ནས་ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད། ལར་ནས་འུ་ཚོ་བཙན་བྱོལ་བའི་མཐོ་དམན་འབྲིང་གསུམ་སུ་ཡིན་ཡང་། ད་ནས་ནང་གི་ཕོར་ཁ་དང་རྐུབ་སྟེགས་མཐོ་དམན་གཅིག་པུར་རྩོད་ནས་མི་འདུག་པར། ཕྱོགས་གང་ཐད་ནས་ཡིན་ཀྱང་ཚ་ཚ་འུར་འུར་གྱི་ལས་འགུལ་གནད་སྨིན་རེ་སྤེལ་རྒྱུ་གལ་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme