Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།

Posted on 2013-06-152013-06-15 By ཁ་བརྡ་ 21 Comments on བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།

རྡེའུ་འབུམ་རྩོམ་པ་པོ་བུད་མེད་རྩོམ་པ་པོ་ཀུན་བཟང་སྒྲོལ་མ། དབྱིན་དེབ།

དེ་རིང་ངས་འདི་ལྟར་གླེང་།
—-ཨ་རིག་དགེ་མཐོང་།

མགོ་ནག་བོད་ཀྱི་བུད་མེད་རྟོགས་སད་པ།།
ཀུན་བཟང་སྒྲོལ་མའི་ཁྲག་ཐིགས་རེ་རེ་ཡིས།།
གྲུབ་པའི་དཔེ་དེབ་རྡེའུ་འབུམ་དཀར་པོ་དེ།།
དབྱིན་ཡིག་སྟེང་ནས་དེ་རིང་དབུ་འབྱེད་གནང་།།

རྡེའུ་འབུམ་རྩོམ་མཁན་བདག་མོའི་སྐྱོ་གར་དེ།།
དེ་རིང་བདག་གིས་སྨྱུག་རྩེར་དྲངས་ཏེ་འབྲི།།
བསིལ་ལྡན་ས་ལའི་སྨན་ལྗོངས་ཡངས་པོ་ནས།།
བརྩེ་ཆེན་ཨ་མའི་དྲིན་ལས་ན་ཚོད་སྨིན།།

མོ་ལོ་བཅོ་ལྔའི་ལང་ཚོ་རྒྱས་དུས་སུ།།
སྡེ་བའི་ཞབས་རིམ་སྒྲུབ་པར་ཆས་པ་ནས།།
མཚན་གྱི་དུས་སུ་ཕྱིར་ལ་ཡོང་སྐབས་སུ།།
མུན་ནག་ནང་ནས་མྱི་ཞིག་ང་ལ་འཐམས།།

ལོ་ན་བཅོ་བརྒྱད་ལོན་པའི་གསར་བུ་དེས།།
རྒྱུན་དུ་ཁོ་མོར་དགའ་རབས་ཟེར་མྱོང་ཡོད།།
མི་དགོས་གནས་ལུགས་བརྒྱ་ཕྲག་བརྗོད་པ་དང་།།
ཁ་རོག་མ་གཏོགས་ཨ་མ་འབོད་ངེས་ལབ།།

དེས་ན་བདག་གིས་ཁྱེད་ཀྱི་རྐང་སྣུམ་དེ།།
དུམ་བར་གཤག་རྒྱུ་ཟེར་ནས་བཙན་གྱིས་འཐེན།།
ང་ཡིས་ངོ་ཚ་སྙམ་སྟེ་འདང་ཞིག་བརྒྱབས།།
དེ་ཡི་བར་ནས་བཙན་ཚུགས་སྣ་དགུ་བྱས།།

མི་འདོད་ཤུགས་ཀྱིས་རྒོལ་ལན་སློག་ན་ཡང་།།
སྐྱེས་པའི་སྟོབས་ལ་འགྲན་པར་ག་ལ་ནུས།།
དམར་ཧྲེང་ཁྱིམ་ལ་འཛུལ་བའི་སྤོབས་པ་མེད།།
ངུ་འབོད་ཞུ་བ་འཐེན་ཡང་ཇེ་སྡུག་རེད།།

ལྷིང་འཇགས་མཚན་གྱི་མི་མཐོང་སྒོ་འགྲམ་ནས།།
ཁོ་མོར་བཙན་གཡབ་བྱས་པས་ན་ཟུག་ལྕི།།
བརྩེ་ཆེན་ཕ་མར་དོན་དེ་བཤད་སྲོལ་མེད།།
ན་ཟླའི་ཚོགས་ཀྱིས་གོ་ན་ངོ་ཚ་ཉིད།།

རྐང་སྣམ་ཉོ་སྤྱད་མེད་པའི་དཀའ་ངལ་དང་།།
དམར་ཧྲེང་ཕ་མའི་སྡུན་ལ་འགྲོ་མ་ཕོད།།
ཁོ་རང་འདོད་པ་ཚིམས་ནས་ཕྱིར་ལ་ལོག །
ང་ནི་འདང་རྒྱག་མིག་ཆུའི་ཁྲོད་ནས་ལྷག །

ཉིན་དང་ལོ་ཟླ་མཐུད་ནས་གསང་བར་འབད།།
སེམས་ཀྱི་ནང་དུ་སྡུག་གི་རི་རབ་བརྩེགས།།
བཅུ་དྲུག་པདྨོའི་མེ་ཏོག་སད་ཀྱིས་བཅོམས།།
ལུས་སེམས་སྐྱིད་པའི་ཉི་མ་རི་ནས་རྒས།།

མི་འདོད་སྡུག་ལས་དེ་ཡིས་ངན་འབྲས་ལས།།
བྲང་གི་མྱོས་བུམ་ཏོག་ཙམ་འབུར་ནས་ཡོང་།།
ཟླ་མཚན་དུས་ལྟར་མ་བབས་བློ་མ་བདེ།།
བློ་སེམས་འདྲིས་པའི་གྲོགས་མོར་གྲོས་ཤིག་བྱས།།

མོ་ཡིས་ས་རྫ་བརྡུངས་ཏེ་ཕྱེ་མ་བཟོས།།
ཁང་བའི་དུ་དྲེག་ས་རྡུལ་ཆུ་དང་མཉམ།།
དཀྲུགས་ཏེ་འཐུང་ན་ཤིན་ཏུ་བཟང་རབ་ཟེར།།
ང་ཡིས་དེ་དག་མ་ལུས་ལག་ལེན་བསྟར།།

དེའི་རྗེས་གཅིན་པ་གཏོང་ཐེངས་རེ་རེ་ལ།།
བྱིས་པ་ཕྱི་ལ་ཡོང་མེད་ཅེར་ན་ཡང་།།
ཕན་འབྲས་མེད་པའི་གནས་ལུགས་མངོན་དུ་གྱུར།།
དེ་ཡི་རྐྱེན་གྱིས་ཁོ་མོ་མ་ཤི་བཟང་།།

དེ་ལྟར་སོང་བའི་ཉིན་འགའ་འདས་པ་ན།།
ཁོ་མོའི་དོན་རྐྱེན་ས་ཁྱབ་རྡོ་ཁྱབ་གྱུར།།
རང་ལ་བྱིས་པ་འཁོར་བ་གཞི་ནས་ཤེས།།
གཏམ་ངན་དེ་ནི་ཨ་མའི་རྣ་བར་ཐོན།།

ཨ་མས་བདེན་མིན་ནུ་མ་ལྟ་དགོས་ཟེར།།
བལྟས་ཀྱིན་བལྟས་ཀྱིན་ཨ་ཁ་ཚར་འདུག་ཅེས།།
ང་ལ་མ་གཅར་མིག་ཆུ་ཐ་ར་ར།།
ཁོ་མོའི་བརླ་སྟེང་ཐལ་ལྕག་ལན་གསུམ་གཞུས།།

ཨ་མ་ངེད་གཉིས་བློ་ཁ་མཐུན་བྱས་ནས།།
མ་ལོ་ན་ཚ་འདུག་ཅེས་རྫུན་བསྒྲིགས་ཏེ།།
ཨ་ཕ་སྒོར་མོ་སློང་བའི་ཐབས་ཤིག་བཙལ།།
སྐད་བསྒྱུར་ཅིག་དང་ལྷན་དུ་སྨན་ཁང་སོང་།།

དགུང་མོ་མང་ར་རྫོང་དུ་འབྱོར་བ་དང་།།
སྤུན་མཆེད་དགེ་རྒན་ནང་ནས་ཞག་འདུག་བྱས།།
ཁོ་མོས་ང་ལ་གཤེ་གཤེ་སྣ་ཚོགས་བཏངས།།
དགའ་རོགས་ཡོད་མེད་ཟེར་བར་མེད་ཅེས་ལབ།།

ཞོགས་ཀ་སྐྱ་རངས་དང་པོ་ཤར་བ་ན།།
སྨན་པས་ཅི་ཟེར་སྙམ་པས་སེམས་མ་བདེ།།
ཁོང་གིས་ང་ཡི་ཁོག་དང་མཚན་མ་ལ།།
བརྟགས་དཔྱད་བྱས་པས་བྱིས་པ་འཁོར་འདུག་ཟེར།།

ད་དུང་ཟླ་གསུམ་མ་གཏོགས་ཕྱིན་མི་འདུག །
ཟླ་ལྔ་མ་འགོར་ཐབས་ལམ་མེད་པར་གསུངས།།
འུ་ཐུག་ཐབས་ཟད་ངང་ནས་སྒོ་ལ་བུད།།
ཨ་མའི་ངོ་ཤེས་རྒྱ་མོར་གནས་ཚང་གཡར།།

དགུང་མོ་མོག་མོག་བཟོས་ཏེ་མགྲོན་བསུ་བྱས།།
མི་དགོས་ང་ཚོར་དོགས་པ་སྣ་ཚོགས་སྐྱེས།།
ར་ཤ་ལུག་ཤ་ཁྱི་ཤ་གང་ཡིན་སྙམ།།
ཅི་ཙམ་དཔྱད་ཀྱང་ཁྱོན་ནས་མ་རྟོགས་སོ།།

ཨ་ཕ་ཕུ་བོ་རང་སྡེ་མི་མང་གིས།།
དོན་འདི་རྟོགས་པར་བསམ་སྟེ་ཨ་མ་སྐྱོ།།
ཨ་ཕའི་དུས་རྒྱུན་གཤིས་ཀ་རྩུབ་མོ་དེས།།
ཨ་མའི་ཡ་ཆུང་ཁོག་པར་གཟེར་ཤེད་བརྒྱུགས།།

མི་ཁའི་བཤད་ཡམས་ཤིན་ཏུ་མྱུར་བས་ན།།
མི་འདོད་གཏམ་ངན་སྡེ་བ་ཡོངས་ལ་ཁྱབ།།
ཡུལ་ལྷ་འབོད་པའི་སྡེ་མི་ཁ་མང་དེས།།
ཁོ་མོར་བྱིས་པ་སྦྲུམ་པ་ཨ་ཕར་བཤད།།

ཨ་ཕ་དཀོན་བྷེ་ཟུང་གིས་ཁ་ཐུག་དེར།།
ནང་མིའི་མཚན་སྙན་བརྫད་སོང་ཟེར་ནས་བརྡུངས།།
དཀོན་བྷེས་སྐྲ་ནས་བཟུང་སྟེ་ས་ལ་གཡུགས།།
ང་ཡི་གྲོད་ཁོག་སྟེང་དུ་རྡོག་རྒྱག་གཞུས།།

གཅར་རྡུང་ཚད་མེད་བྱས་པའི་ངང་ཚུལ་དེ།།
ཨ་མས་མཐོང་སྟེ་བུ་མོ་མ་གསོད་ཟེར།།
ཨ་ཕ་ཁྲོས་པའི་ཨག་སྐད་རིང་བོ་དེ།།
གཡས་གཡོན་ཁྱིམ་མཚེས་གོ་སྟེ་བརྒྱུགས་ནས་ཐོན།།

ཁོ་ཚོའི་སྡུན་ནས་ཨ་ཕ་ངོ་ཚ་སྟེ།།
ཕར་རྒྱུགས་མིག་གི་མི་མཐོང་ས་ལ་སོང་།།
ང་ཡི་མི་ཚང་སྙན་གྲགས་བརླགས་སོང་ཟེར།།
ང་ཡང་སྟབས་དང་བསྟུན་ཏེ་ཕྱི་ལ་བྲོས།།

ཁྱིམ་མཚེས་སང་གིས་སྣེ་ལེན་ཡག་པོ་གནང་།།
ང་ཡི་གནས་སྟངས་ཚང་མ་དྲང་མོར་བཤད།།
ཁོ་མོ་ཕུ་བོ་ཉི་མའི་ནང་དུ་ཕྱིན།།
ང་ལ་མ་གཤེ་ཁོ་བོའི་སེམས་པ་སྐྱོ།།

ནང་ལ་མ་སོང་ཕུ་བོའི་རྩིབ་ནས་བསྡད།།
ཕུ་བོས་གཏན་དུ་ཁྱེད་རང་འདུག་ཆོག་ཟེར།།
དུས་རྒྱུན་ཉིན་རེ་ཨ་མ་ལྟ་རུ་ཡོང་།།
ཨ་ཕ་རེ་བ་ཞུས་ཏེ་ནང་ལ་ཁྲིད།།

རྗེས་སུ་མི་ཁ་བརྒྱུད་ནས་གོ་ཐོས་ལ།།
ནུ་མོ་ཨ་ཕས་གསོད་གྲབས་བྱས་རབས་ཟེར།།
དེ་འདྲ་མི་དགོས་བྱིས་པ་ངས་གཉོར་ཆོག །
ཅེས་པའི་ཕུ་བོའི་ལྷག་བསམ་ང་ཡིས་ཤེས།།

ཨ་མའི་རེ་བ་ཨ་ཕས་དང་ལེན་བྱས།།
གུས་མོ་རང་ཁྱིམ་དྲོན་མོར་འབྱོར་བས་དགའ།།
ཨ་ལོའི་ཞེ་སྡང་ཁྱོན་ནས་ཞུ་མ་ནུས།།
ཉིན་རེའི་སྡུག་གཏམ་ལྕི་མོ་རྫོགས་མཐའ་བྲལ།།

ཁོ་ཚོ་ཅི་ཁག་ང་ཡི་གནས་སྟངས་དེས།།
ནང་མིའི་མཚན་སྙན་བརླགས་པས་ངོ་ཚ་ཡོད།།
སྡེ་བས་འཕྱ་སྨོད་བྱས་པས་སྡུག་བསྔལ་ལྕི།།
ཅི་ཙམ་བསྡིགས་ཀྱང་ཁོ་མོ་མི་གནོད་དོ།།

བྱིས་པ་ང་ཡི་མངལ་ནས་བཏོན་རྒྱུའི་ཐད།།
ཕ་མ་གཉི་ག་བློ་མཐུན་བྱུང་ན་ཡང་།།
སྨན་པ་སྟོན་སྤྱད་སྒོར་མོ་དཀའ་བས་ན།།
བོད་རིགས་སྨན་པ་ཞིག་ལ་རེ་བ་བརྒྱབས།།

བོད་ཀྱི་སྨན་པས་བྱིས་པ་མངལ་ནང་ནས།།
ཕྱིར་ལ་དབྱུང་བར་འཐད་པ་མེད་ན་ཡང་།།
ཁ་ཐུག་མི་ཟེར་ཡོ་བྱད་མ་ཚང་ཞེས།།
ང་ཚོ་མགོ་བསྐོར་བཏང་བ་སུ་ཡིས་ཤེས།།

མཐའ་མ་ཨ་ཕ་ཤིན་ཏུ་འུ་ཐུག་སྟེ།།
གཞན་ལ་སྒོར་མོ་གཡར་ཏེ་རྒྱ་སྨན་ལ།།
སྟོན་པར་སོང་སྟེ་ང་ལ་བརྟགས་དཔྱད་འཐེན།།
ཁ་ཐུག་ཁབ་ཅིག་བརྒྱབས་ཏེ་མངགས་པས་སོ།།

ཕྱིའི་ཉིན་ཕྱི་དྲོའི་ཆུ་ཚོད་བཞི་བའི་སྟེང་།།
སླར་ཡང་སྨན་ཁང་ནང་དུ་བཅར་བ་ན།།
ང་ལ་ཁང་མིག་ཉལ་ཁྲི་ཁ་ཁར་སྤྲད།།
ཆུ་ཚོད་ལྔ་སྟེང་ཁོག་ལ་ཟུག་གཟེར་བརྒྱུགས། །

ནད་གཡོག་བུ་མོ་ང་ཡི་རྩིབ་ལ་ཐོན།།
ན་ཟུག་གཟིར་ནི་བསྲན་པར་དཀའ་ན་ཡང་།།
ཨམ་གཙིགས་བསྡམས་ཏེ་ཨུ་ཚུགས་བྱས་ཏེ་བསྲན།།
མཚན་གུང་ཞིག་ལ་བྱིས་པ་ཕྱིར་འདེད་བྱས།།

ནད་གཡོག་བདག་མོས་བུ་མོ་རེད་ཅེས་ཟེར།།
བྱིས་པའི་མགོ་ན་སྐྲ་ནི་སྐྱེས་པ་མཐོང་།།
ད་དུང་སྐྲ་ནི་ཁམ་ནག་ཡིན་པ་དེ།།
དུག་ཁབ་བརྒྱབས་པའི་ཡིན་པར་ང་ཡིས་སེམས། །

ང་ཡི་བུ་མོ་གཉིས་ཀ་སྐྱེས་དུས་སུ།།
སྔོན་གྱི་བྱིས་པ་འདས་པོའི་མགོ་སྐྲ་དྲན།།
གློག་བརྙན་ཅི་བཞིན་མངོན་སུམ་མིག་ལམ་འཆར།།
བྱིས་པ་དེ་ནི་བདག་གིས་གཉོར་མྱོང་མེད།།

རྡེའུ་འབུམ་བུ་མོའི་སྐྱོ་གར་རིང་མོ་ནས།།
ཚན་པ་གཅིག་གི་བརྗོད་བྱ་འདི་འདྲ་ཉིད།།
ད་དུང་དེ་ཡི་གཞུག་ན་དེས་ཀྱང་མང་།།
རེ་རེ་ཀློག་ན་རང་སེམས་ཚོར་བས་བཟི།།

སྔོན་བསགས་ལས་ཀྱིས་སྐྱིད་སྡུག་སྣ་ཚོགས་མྱོང་།།
མི་ཞུམ་སྙིང་སྟོབས་སྤོབས་པས་མདུན་དུ་བསྐྱོད།།
རང་གི་མི་ཚེའི་བྱུང་རིམ་དམར་རྗེན་མ།།
སྨྱུག་རྩེར་དྲངས་ཏེ་ཀློག་པོའི་སྤྱན་ལམ་བསྟར།།

ཁོ་མོའི་ལོ་ཟླའི་སྐྱོ་གར་སྐྱུར་མོ་དེ།།
བདག་གི་དངོས་སུ་མོ་ལས་ཐོས་སྐབས་སུ།།
ཡ་ཆུང་གློ་སྙིང་མཆིན་གསུམ་བསྲེག་ལ་ཁད།།
ཤ་འདར་རུས་གཟིར་ལྷན་དུ་ཤུམ་ཤུམ་ངུས།།

དེ་རིང་ཨ་རིར་གནས་སྡོད་བོད་ཀྱི་བུད་མེད་རྟོགས་སད་པ་ཀུན་བཟང་སྒྲོལ་མའི་དེབ་རྡེའུ་འབུམ་ཞེས་པ་དབུ་འབྱེད་བྱས་པའི་སྐོར་ངོ་དེབ་ལས་མཐོང་རྗེས་ཡི་གེར་གཏགས། རྒྱུ་མཚན་བོད་མི་མང་བོ་ཞིག་གིས་དེབ་དེའི་བརྗོད་བྱ་གང་ཡིན་ཤེས་འདོད་ཆེ་བ་མཐོང་བས་དེའི་ནང་གི་དོན་ཚན་གཅིག་བོད་བསྒྱུར་བྱས་ཡོད་པ་དེ་དང་། མོའི་ཁ་བརྡ་བྱས་པ་ཁག་ཅིག་ཁ་སྐད་ཀྱི་ལམ་ནས་ཁ་ཐུག་བྲིས་ཏེ་ཁ་སེམས་མཐུན་པའི་དྲ་གྲོགས་ཚོར་ལ་ངོ་སྤྲོད་ཙམ་བྱས་པའོ།།

སྙན་ངག

Post navigation

Previous Post: སེམས་ཀྱི་འཆར་སྣང་།༼སྙན་ངག་ཚན་པ་ལྔ༽
Next Post: ཞུ་བ་འཐེན་པས་ཕན་པ་མེད།

Comments (21) on “བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།”

  1. བཀྲ་ཤིས་ཆོས་སྒྲོན། says:
    2013-06-15 at 2:33 am

    ཀློག་གིན་ཀློག་གིན་ང་ནི་འཇིག་རྟེན་གཞན་ཞིག་ལ་ཐིམ་འགྲོ་གི་འདུག་ལ་
    ངོ་དེབ་སྟེང་གི་བོད་པའི་ཕོ་གསར་དེ་ཚོའི་ངོ་གདོང་ཡང་མཐོང་ཡོང་གི་འདུག
    ད་དུང་འཕྲིན་ཐུང་ནང་སྐུར་བའི་འཇིག་བསྐུལ་གྱི་ཚིག་རྫུབ་དེ་དག་ཀྱང་མིག་ལམ་ལ་ཤར་ཡོང་གིན་འདུག
    ངོ་དེབ་ནི་ངའི་བོད་ཡིག་སྦྱང་ས་ཞིག་ཏུ་རེ་ཡང་ཐ་མར་ངའི་སྐྱིད་སྣང་འཕྲོག་པའི་བཤན་པ་ཞིག་ཏུ་གྱུར།
    དེ་ནས་བཟུང་ངས་ངོ་དེབ་ཀྱི་འཕྲིན་ཐུང་སྒོ་བརྒྱབ་པ་ཡིན། སུ་ཞིག་གིས་ཡི་གེ་སླེབས་ན་ཡང་ཡིག་ལན་མི་གཏོང་བའི་མནའ་སྐྱེལ་དམ་བཅའ་བཞག་པ་ཡིན། ངའི་ངོ་དེབ་སྟེང་གི་དྲྭ་གྲོགས་བོད་པ་ཚོ་ནི་ང་རྒྱལ་དང་ཁེངས་རློམ། གཡོ་རྒྱུས་དང་ཧམ་སེམས། རང་མཐོང་དང་གཞན་སྨོད། རང་ལ་ཡིག་ནོར་མང་ན་ཡང་གཞན་ལ་འཕྱ་བར་དགའ་བ་སོགས་ཁྱད་ཆོས་མང་། མི་རིགས་གཞན་དག་ནི་དེ་ལས་ལྡོག་པ་ཡིན་དོན་ཅི་ཡིན་ནམ། ??????

  2. འཇམ་གཅེས says:
    2013-06-15 at 4:52 am

    དྲ་གྲོགས་བཀྲ་ཤིས་ཆོས་སྒྲོན་ལགས། ཁ་སོང་དགོངས་མོར་ང་རང་གཉིས་ངོ་དེབ་ནང་གླེང་མོལ་དུས་ཡིན་དེ་ཙམ་རིང་པོ་བྱས་པའི་རྒྱུད་རིམ་ནང་དུ་ཁྱེད་ཀྱིས་ང་ལ་དེ་འདྲ་གསུང་་མ་སོང་དེ་གང་ཡིན་ནམ་་་་དེ་རིང་་་གང་གསུང་གྱི་ཡོད་དམ་་་་་་་་་ཧི་ཧིཧ་ཧིཧ་་་་

  3. བན་དེ་བ། says:
    2013-06-15 at 5:04 am

    སྐྱེས་པ་དང་བུ་མེད་ཐོབ་ཐང་འདྲ་མཉམ་ཡིན་ཟེར་ནས་རྩོད་པ་རྒྱབ་པའི་དུས་ཡིན་པས། བུད་མེད་ཚོས་ཕར་བུ་ལ་བཙན་གཡེམ་བྱེད་དགོས་པ་རེད། མི་འདྲ་འདྲ་རེད། དེ་ལྟར་ཐུབ་ཀྱི་མེད་ན། ཕོ་མོ་འདྲ་མཉམ་ཅེས་པ་ཡོང་རྒྱུ་མེད་པ་རེད། སྔོན་མའི་ལས་ལ་སྐོས་ཚར་བ་མ་རེད་དམ། ཨ་ལགས་སྐུ་རྩེད་ཞུས་ཡིན་ད།

  4. རིག་རྡོ says:
    2013-06-15 at 5:31 am

    ཡང་ཨ་རིག་དགེ་མཐོང་གིས་བུད་མེད་ཞིག་ལ་ཁ་ཡག་བཤད་ནས་བསྡད་འདུག ཨ་དཀོན་མཆོག་མཁྱེན་དེ་འདྲ་ཞིག་ཡིན་ན་གྲྭ་ཆས་ཕུད་ཤོག ཁྱེད་ལ་ཨུ་ཚུགས་རྒྱག་མཁན་ཡོད་པ་མ་རེད།

  5. ཅོ་རི་ཉི་མ། says:
    2013-06-15 at 5:39 am

    བོད་ནང་དུ་གནས་ཚུལ་མ་རབས་འདི་འདྲ་ཡོད་རེད། མོ་དཔེར་མཚོན་ཙམ་རེད། འདི་དང་འདྲ་བའི་བུ་མོ་རྣམས་ཀྱི་ལས་དབང་ལ་བསམ་བློ་བཏང་དུས་མིག་མཐའ་མཆུ་མས་གློན་དགོས་པའི་བྱ་བ་ཞིག་ཅི་ལ་མིན། བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་འགུལ་ཁུར་དགོས་རེད་དྲན། ཤུགས་བརྒྱབ་རེད་འདོད། ངོ་ཚ་མེད་པའི་དུར་འགྲོ་བའི་བོད་པའི་སྐྱེས་པ་བཙན་དབང་གཏོང་མཁན་འདིའི་རིགས་རྩ་མེད་བཟོ་དགོས་པར་འདོད།

  6. ཨ་རིག་དགེ་མཐོང་། says:
    2013-06-15 at 5:49 am

    རྩོམ་སྒྲིག་པས་བདག་གི་རྩོམ་འདིར་བཞག་པར་བཀའ་དྲིན་ཆེ།

  7. ཅོ་རི་ཉི་མ། says:
    2013-06-15 at 5:52 am

    བོད་ནང་དུ་གནས་ཚུལ་མ་རབས་འདི་འདྲ་ཡོད་རེད། མོ་དཔེར་མཚོན་ཙམ་རེད། འདི་དང་འདྲ་བའི་བུ་མོ་རྣམས་ཀྱི་ལས་དབང་ལ་བསམ་བློ་བཏང་དུས་མིག་མཐའ་མཆུ་མས་གློན་དགོས་པའི་བྱ་བ་ཞིག་ཅི་ལ་མིན། བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་འགན་ཁུར་དགོས་རེད་དྲན། ཤུགས་བརྒྱབ་དགོས་རེད་འདོད། ངོ་ཚ་མེད་པའི་དུར་འགྲོ་འདྲ་བའི་བོད་པའི་སྐྱེས་པ་བཙན་དབང་གཏོང་མཁན་འདིའི་རིགས་ཀྱི་བྱ་སྤྱོད་རྩ་མེད་བཟོ་དགོས་པར་འདོད།་་་་ཅེས་བཅོས་པ་ཡིན།

  8. དགེ་འདུན་རྒྱ་མཚོ། says:
    2013-06-15 at 7:28 am

    ད་དྲག་སྤྱོད་པ་མང་དུ་འགྲོ་གི་འདུག་ད་

  9. ཨ་རིག་དགེ་མཐོང་། says:
    2013-06-15 at 9:08 am

    ཅོ་རི་ལགས། མ་མཇལ་ཡུན་རིང་འགོར་བས་ཁམས་འདྲི་ཞུ། གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་ཤེས་པ་བཟང་།

  10. ཅོ་རི་ཉི་མ། says:
    2013-06-15 at 9:16 am

    དགེ་མཐོང་ལགས། ཁམས་འདྲི་གནང་བར་དགའ་པོ་བྱུང་།
    བོད་བུད་མེད་ཀྱི་ལས་དབང་ལ་སེམས་ཁུར་ཆེན་པོ་ཡོད། མ་ཟད་བོད་པའི་བུད་མེད་ཀྱི་གནས་སྟངས་གང་མང་ཤེས་མཁན་ཞིག་ཀྱང་ཡིན། གཅིག་རེད། གཉིས་ནས་གྲྭ་ལོག་ང་འཛམ་གླིང་ཐོག་གི་དགའ་ཤོས་གཅིག་བོད་པའི་བུད་མེད་ཡིན། ངས་ངོས་ནས་བོད་ཀྱི་བུད་མེད་རྣམས་བོད་ཀྱི་ཡིད་བཞིན་ནོར་བུ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

  11. བསོད་ནམས། says:
    2013-06-15 at 9:27 am

    རེབ་ཐོག་མདའ་ནི་རེབ་གོང་ནས་ཡིན་པའི་ཨ་ལགས་ཟེར་བའི་རྩ་རྒན་དེ་རེད། ཁོས་བུ་མོ་ཞིག་རིག་མི་ཉན་ཡ། སྔོན་མ་གསོག་སྒར་ནས་གཏམ་རྒྱུད་མང་བོ་ཡོད་ཐལ།

  12. རྔ་རྒྱལ། says:
    2013-06-15 at 3:45 pm

    བུ་མེད་ཉམ་ཆུང་འདུག་སའི་གནས་མེད་རབ་བཤད་ད།
    ཁྱི་སྨྱོན་བཞིན་དུ་ཕོ་རྐྱང་འདོད་སེམས་འགོག་དཀའ་བའི།
    ཕོ་མོའི་འགྲོ་ལུགས་སྐད་ཆའི་སྔ་ཕྱི་ཡོད་སྲིད་པའི།
    འགྲིག་མཐུན་མ་བྱུང་ཕོ་མོའི་འབྲེལ་བ་ཡོང་མི་སྲིད།
    བཤད་མི་ཤིས་བའི་འཇིག་སྟེན་འཚོ་བའི་ཁྲོད་ན།
    སྐོམ་མ་མྱོང་བའི་ཆུ་འཐུང་མི་ཤིག་ལྷེབ་དེ།
    སྟོན་མི་དགོས་བའི་མཛེས་མའི་ཕྱི་ནང་རེ་མཐོང་ཚེ།
    འདུག་མི་ཤིས་བའི་ན་གཟུགས་གྲགས་པོ་རེ་ཡོང་གི།
    མདོ་བསྡོས་ནས་བཤད་ན་རྡ་ས་དང་ཨེམ་ཊེ་སློབ་ཆེན་སློབ་མའི་གཞོན་སྐྱེས་རིགས་གཅིག་གི་བུ་མེད་རྣམས་ཀྱི་གཟུགས་བཞི་རྣམས་ཕྱི་ལ་སྟོན་པ་མཐོང་ཚེ་སྐྱེས་པ་སོའི་བྱེད་འདོད་པའི་བྱ་བ་སྒྲུབ་སྲིད་པའི་ཡིད་གཟབ་གནང་རོགས་ཞུ།

  13. གནམ says:
    2013-06-15 at 7:20 pm

    ལས་ངན་མ་འདིའི་ཧ་རྒན་གི་ཚུགས་ཀ་ཞིག་མྱིག་ལམ་ལ་འཆར་ན་སྙིང་ན་འི། མོ་རང་ཨ་རིར་འབྱོར་བ་ལས་ཅན་རེད། ད་ནི་རང་དབང་རེད། དེབ་ཅིག་བྲིས་བ་ལག་རྗེས་རེད།

  14. ཨོ་རྒྱན་རིག་འཛིན། says:
    2013-06-15 at 7:27 pm

    རྩོམ་པ་པོ་མ་གཏོགས་བོད་ཡིག་ལ་འབྲི་སྲོལ་མི་འདུག་དེ་ནི་ཕོ་མོ་གང་ཡིན་ལ་གོ་བ་ཞིག་རེད། དེང་སང་ཡིག་འབྲུའི་གོ་དོན་མི་རྟོག་པར་རྩོམ་པ་མོ་ཟེར་ནས་འབྲི་ཡི་འདུག།
    པ་ལ་ན་རོ་ཡོད་མེད་ལས་གཞན་ཁྱད་པར་མེད་། པ་དེའི་མོ་ཡི་དབང་ཆ་འཕྲོག་འགྲོ་ཡི་ཡོད་ན་རྩོམ་མོ་ཟེར་ན་ཡག་ཤུས་རེད་འདུག་།

  15. རེབ་ཐོག་མདའ says:
    2013-06-15 at 10:30 pm

    བསོད་ནམས་འབོད་པའི་གྲོགས་པོ་ལགས། ཁྱོད་ཀྱི་ངའི་བྲིས་པའི་རྩོམ་གི་དགེ་སྐྱོན་ཅི་ཞིག་གླེང་ཡང་དགའ་བསུ་ཡོད། དེ་མ་གཏོགས་མི་གཞི་ལ་དམའ་འབབ་མ་བྱེད་རོགས། མི་སུ་ཡིན་ཡང་སྙན་ངག་ག་འདྲ་ཞིག་འབྲི་མི་འབྲི་དེ་རང་དབང་ཡིན་པས་ན། བློ་མི་འབབ་ན་ཁྱེད་ཀྱི་ཅིག་ཕྲིས་དང་ལྟ་ཆོག་གི་རེད། རྩ་རྒན་གླབ་སྟངས་ལ་བལྟས་ན།་སློབ་གྲྭ་ནང་དུ་ཡོད་དུས་ངའི་ཉིན་མ་དག་པར་བུ་མོ་ཚོ་བཙན་གཉབ་བྱེད་ཀྱི་ལེ་ཡོད་འདྲ། བུ་བུ་མོ་མི་དགའ་བ་དང་བུ་མོ་བུ་ལ་མི་དགའ་བ་ཤིག་འཇིག་རྟེན་འདིས་ནང་གང་ལ་བཙལ་ཀྱང་རྙེད་གི་མ་རེད་ལོ།་གལ་སྲིད་དགའ་བ་མེད་དུས་དེ་ལ་སྐྱོན་ཞིག་ཡོད་པས་རྟགས་རེད། ཞི་མོ་ཁ་ཤས་ལ་སྐད་ཆ་བཤད་པ་ཙམ་དང་དགའ་གི་གླབ་པ་ཙམ་ཀྱི་རྩ་རྒན་ཡིན་པས་ངེས་པ་ཡོད་པ་མ་རེད། ཁྱོད་ཀྱི་གླབ་སྟངས་ལ་ཉན་དུས་བུ་མོ་མང་པོ་འགྲོག་པའི་སྐྱེས་པ་དག་ནི་རྩ་རྒན་ཡིན་པ་འདྲ་ཞིག་བཤད་འདུག། དེ་ན་ལོ་རྒྱུས་ཁྲོད་གི་རྒྱལ་བོ་འབོད་པའི་སྐྱེས་བུ་དེ་དག་ལ་སྐྱེས་དམན་བརྒྱ་ལྷག་ཡོད་པས་ན་ཁོང་ཚོ་ཡང་རྩ་རྒན་ཡིན་སྲིད་དམ། སུ་ཞིག་གི་ཤེས། རྩ་རྒན་ཟེར་བའི་ཐ་སྙད་འདི་ངེད་གཉིས་ཀྱི་སུ་ཞིག་ལ་བཏག་ན་དགའ་བ་། མི་ལ་གཏམ་རྒྱུད་ཅུང་མེད་པ་ཅིག་གང་ན་ཡོད་དམ། དེར་བརྟེན་བདག་གི་མི་གཞི་ལ་དམའ་འབེབ་མི་བྱེད་རོགས་ཞུ། དངོས་གནས་བློ་ལ་མི་འགྲོ་ན་ང་རྡ་ས་བསྡད་བསྡད་ཡིན་ཁ་པར་རྒྱོབས་དང་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་ཆོག་གི་རེད།་༨༦༧༩༨༧༠༦༥༥

  16. དགེ་འདུན་རྒྱ་མཚོ། says:
    2013-06-15 at 10:31 pm

    ཨོ་རྒྱན་རིག་འཛིན་ལགས།
    འབྲི་ཡི་འདུག་ཟེར་བ་དང་
    འགྲོ་ཡི་ཡོད།
    ཡག་ཤུས་རེད་འདུག་་་ཟེར་ན་ག་རེ་རེད་དམ།

  17. རྔ་རྒྱལ། says:
    2013-06-16 at 5:30 am

    འགྲིམ་འགྲུལ་བཞིན་ཏུ་སྟངས་དུས་བུ་མེད་འགལ་རེ་ཡས།
    དམར་རྗེན་བཞིན་དུ་འཚོང་ལས་ཉལ་དེ་འཚོང་བ་བཙའ།
    གཞོན་ནས་དུས་སུ་འཚོང་བདག་མང་བའི་འཚོང་འགིམ་རོང་།
    མ་བུ་ལྷེབ་པའི་དུས་ཤིག་ཡོད་པ་དྲན་སོས་རོགས།
    བཙན་བྱོལ་མཛས་མའི་གཞོན་ཤ་སྟོན་དེ་ཕྱི་རི་ཐོན།
    རྒྱ་གར་ཡུལ་མའི་རྗེས་འདེད་གནང་དེ་བཙན་ཁྲིད་བྱས།
    བོད་པའི་བུ་མོའི་ཡུལ་གཟབ་བྱས་ནས་ཕེབ་ན་བཟང་།
    ཤོར་བའི་རྗེས་ལ་འགྱོད་པ་ལས་ཀྱང་གཞན་མ་ཆས།

  18. རོ་ལངས། says:
    2013-06-16 at 7:00 pm

    གནམ་ལགས།
    ཁྱོད་ནི་མི་དྲང་མོ་མདའ་འདྲ་བ་ཞིག་ཡིན་ནམ། བླུན་པོ་ལུག་འདྲ་བ་ཞིག་ཡིན། བུད་མེད་ཅིག་གིས་བཤད་པ་ཚང་མ་བདེན་པར་བཟུང་ནས་མི་ཆེན་ལ་ཚིག་དང་བྱ་ཆེན་ལ་རྡོ་ཟེར་བའི་དཔེ་བཞིན། ཀུན་བཟང་སྒྲོལ་མའི་ཕ་རྒན་ལ་སྡང་སེམས་སྐྱེས་ཏེ་ཉེས་པ་མ་བསགས་རོགས། མོའི་མི་གཞི་ལའང་བསམ་བློ་ཡག་པོ་ཞིག་གཏོང་རོགས། མོས་མི་རང་ལས་སྡེ་མི་དང་ཤ་ཉེ་མི་གཅིག་ཀྱང་ཡག་པོ་མེད་ཚུལ་དང་མོའི་དཀའ་ངལ་ལ་བསམ་ཤེས་བྱས་མེད་ཚུལ་བཤད་འདུག་ལ། རང་ཉིད་བྱམས་ཀྱིས་བསྐྱངས་པའི་ཕ་རྒན་ལའང་མང་པོ་ལབ་འདུག གལ་ཏེ་མོ་རང་ཚུལ་མཐུན་གྱི་བུ་མོ་ཡག་པོ་ཞིག་ཡིན་ན་མགོ་སྐྲ་སྐྱེས་ཤིང་མིའི་གཟུགས་གྲུབ་པའི་བྱིས་པ་དེ་བསམ་བཞིན་དུ་ཐབས་ལམ་སྣ་ཚོགས་སྤྱད་ནས་འཆི་ལམ་དུ་འདེབས་མི་སྲིད་ལ། མོ་རང་ཕ་མའི་གཅེས་སྐྱོང་འོག་འཚར་ལོངས་བྱུང་སྟེ་ད་ལྟ་ཨ་རི་ལ་གནས་བཅའ་དུས་ཕ་མའི་བཀའ་དྲིན་དང་བྱམས་སྐྱོང་ཡིད་ལ་མ་དྲན་པར་ཨ་ཕས་གཅར་རྡུང་བྱས་པའི་སྡང་སེམས་ཡིད་བཟུང་ཡོད་པ་འདི་ལ་ལྟོས་དང་མོའི་རང་གཤིས་གསལ་བོར་མངོན་འདུག

  19. རོ་ལངས། says:
    2013-06-16 at 7:03 pm

    མོས་མི་རང་ཟེར་བ་དེ་མོས་མོ་རང་ཞེས་བཅའ་རོགས།

  20. དཔལ་བཟང་་་ says:
    2013-06-18 at 12:37 pm

    ཨ་ཁ་ངོ་མ་ཤ་ཚ་་་་རང་ཉིད་ཀྱིས་་་༡༦་་ལང་ཚོའི་མེ་ཏོག་་་་ནག་ཁུང་དུ་གནས་པའི་དྲག་སྤྱོད་པ་ཞིག་གིས་ཅོམ་ན་ཁག་བརྩ་བ་ནས་མི་འདུག་ཡིན་ཡང་ད་ཚར་བ་རེད་་་་་བསླད་ཕྱིན་ད་ཡིན་་་༡༦་་ལང་ཚོའི་མེ་ཏོག་རྣམས་ཀྱིས་ཐུགས་གཟབས་གྱིས་་་་་་་་་་འདི་ནས་དཔེ་ལན་་་་་་་

  21. ཤར་པ་ says:
    2013-06-19 at 5:32 am

    བོད་ཀྱི་བོ་མོ་ལགས། མ་བཅོས་དྲང་པོར་བཤད་པའི་གཏམ་ལ་དགའ། ཁྱེད་ནི་དྲང་པོ་ལམ་ནས་ཡོངས་བའི་བུད་མེད་ཞིག་གོ། བོད་འདིར་བུད་མེད་ཀྱི་རེ་བ་དང་མཐོང་ཆེ་རུ་འགྲོ་ན་བཟང་གི། འདི་དང་འདི་འདྲ་བ་མང་པོ་ལོས་ཡོད། ཨམ་མདོ་དགེ་ཆོས་རིན་པོ་ཆེས་གསུངས་པར་ལྟར་འདོད་པ་སྤྱོད་རྗེས་རྐང་པ་གཉིས་ཤུགས་ཀྱིས་ལེན་མང་ས་ལ་གདབ་ན་སྐྱེས་སྒོ་ཆོད། ངས་དགའ་རོག་ལ་བདེ་དགའ་རོལ་བའི་རྗེས་རྐང་པ་ས་ལ་ཚར་ཉི་ཤུ་ནས་སུ་མ་བཅུའི་བར་ཤུགས་ཀྱིས་གདབ་པས་པུ་གུ་ནམ་ཡང་འཁོར་མ་སོང། བུ་མོ་ལགས་རང་གི་འདོད་པ་མེད་བཞིན་དུ་བཙན་དབང་གཏང་བ་ནི་ལོག་གཡེམ་དང་ཁྲམ་པ་རེད། ཁྱི་རྒན་ཁོ་ད་ལྟ་ཡོད་དམ། ཡོད་ན་ཁོས་གླེག་པ་དེ་དུམ་བུར་གཏུབ་ནས་ཁྱི་ལ་སྤྲད་ན་བཟང་གི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme