Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྒྱལ་རབས་ལོ་ཚིགས་ཅན་ལྟ་བདེར་བྱས་པ་ཞིག

Posted on 2013-03-122013-03-12 By ཁ་བརྡ་ 42 Comments on བོད་ཀྱི་རྒྱལ་རབས་ལོ་ཚིགས་ཅན་ལྟ་བདེར་བྱས་པ་ཞིག

(མཆན།  གཤམ་གསལ་གྱི་ལོ་ཚིགས་འདི་དག་ནི་བོད་ནང་གི་མཁས་པ་ཞིག་གི་གསུང་རྩོམ་ལས་བཏུས་ཏེ་བཀོད་པ་ཡིན།  ཁོང་གི་གསུང་རྩོམ་འདི་བཞིན་ད་ལྟ་དཔར་འདེབས་བྱས་མེད་པར་མངོན་པས་འདིར་རེ་ཞིག་ཁོང་གི་མཚན་ནས་སྨྲས་མེད་མོད། ལྟ་བདེའི་ཆེད་དུ་འདིར་ཟུར་ཙམ་ཞིག་དྲངས་པ་ཡིན།)

ཆོས་ལྡན་རྒྱལ་རབས་སྐབས།

629-841

 

རྒྱལ་པོའི་མཚན སྲིད་སྐྱོང་དུས
སྲོང་བཙན་སྒམ་པོ། 629-650
གུང་རི་གུང་བཙན། 634-638
མང་སྲོང་མང་བཙན 650-676
འབྲོ་བཟའ་ཁྲི་མ་ལོད། 676-691
འདུས་སྲོང་མང་རྗེ། 679-704
ཁྲི་ལྡེ་གཙུག་བརྟན།(མེས་ཨོག་ཚོམ) 705-755
ཁྲི་སྲོང་ལྡེའུ་བཙན། 755-780
མུ་ནེ་བཙན་པོ། 780-797
མུ་ཏིག་བཙན་པོ། 797-804
ཁྲི་ལྡེ་སྲོང་བཙན།མུ་རུག་བཙན་པོསད་ན་ལེགས་མཇིང་། 804-815
ཁྲི་གཙུག་ལྡེ་བཙན(ཁྲི་རལ་པ་ཅན) 815-836
འུ་དུམ་བཙན་པོ།(གླང་དར་མ) 836-841

 

 

 

 

 

 

 

 

ས་སྐྱ་པའི་དུས་རབས།

1265-1349

 

སྲིད་འཛིན་སོ་སོའི་མཚན།

སྲིད་སྐྱོང་དུས

འགྲོ་མགོན་ཆོས་འཕགས། 1265-1280
རིན་ཆེན་རྒྱལ་མཚན། 1267-1275
དྷ་རྨ་པཱ་ལ་རཀྵྀ་ཏ། 1280-1287
འཇམ་དབྱངས་རིན་ཆེན་རྒྱལ་མཚན། 1287-1305
བདག་ཉིད་ཆེན་པོ་བཟང་པོ་དཔལ། 1306-1324
མཁས་བཙུན་ནམ་མཁའ་ལེགས་པ། 1325-1343
འཇམ་དབྱངས་དོན་རྒྱལ། 1343-1344
བླ་མ་དམ་པ་བསོད་ནམས་རྒྱལ་མཚན། 1345-1354

 

 

 

ཕག་གྲུའི་དུས་རབས།

1349-1617

 

གོང་མའི་མཚན།

སྲིད་སྐྱོང་དུས

ཕག་གྲུ་བྱང་ཆུབ་རྒྱལ་མཚན། 1349-1365
གུ་ཤྲི་ཤཱཀྱ་རྒྱལ་མཚན། 1365-1373
སྤྱན་སྔ་གྲགས་པ་བྱང་ཆུབ། 1374-1381
གོང་མ་བསོད་ནམས་གྲགས་པ། 1382-1385
གྲགས་པ་རྒྱལ་མཚན། 1385-1432
གྲགས་པ་འབྱུང་གནས། 1432-1445
ཆེ་ས་སངས་རྒྱས་རྒྱ་མཚོ། 1445-1448
ཀུན་དགའ་ལེགས་པ། 1448-1481
སྤྱན་སྔ་ངག་གི་དབང་པོ། 1481-1490
རིན་སྤུངས་མཚོ་སྐྱེས་རྡོ་རྗེ། 1490-1499
ངག་དབང་བཀྲ་ཤིས་གྲགས་པ། 1499-1563
སྤྱན་སྔར་གྲགས་འབྱུང་བ། 1563-1572
ཞབས་དྲུང་ངག་དབང་གྲགས་པ། 1572-1617

 

གཙང་པ་རྒྱལ་པོའི་དུས་རབས།

1618-1642

རྒྱལ་པོའི་མཚན།

སྲིད་སྐྱོང་དུས།

ཞིང་ཤག་པ་ཚེ་བརྟན་རྡོ་རྗེ།
ཀརྨ་པ་བསྟན་སྲུང་དབང་པོཀུན་སྤངས་ལྷ་དབང་རྡོ་རྗེཀརྨ་བསྟན་སྲུང་དབང་པོ
ཀརྨ་ཕུན་ཚོགས་རྣམ་རྒྱལ། 1611-1620
ཀརྨ་བསྟན་སྐྱོང་དབང་པོ། 1620-1642

 

 

དགའ་ལྡན་ཕོ་བྲང་གི་དུས་རབས་སྤྱི་བཤད། 1642-1959

སྲིད་སྐྱོང་སོ་སོའི་མཚན

སྲིད་སྐྱོང་དུས

རྒྱལ་བ་བློ་བཟང་རྒྱ་མཚོ། 1642-1679
བསོད་ནམས་ཆོས་འཕེལ། 1642-1658
གྲོང་སྨད་པ་ཕྲིན་ལས་རྒྱ་མཚོ། 1660-1668
བློ་བཟང་མཐུ་སྟོབས། 1669-1674
བློ་བཟང་སྦྱིན་པ། 1675-1679
སྡེ་སྲིད་སངས་རྒྱས་རྒྱ་མཚོ། 1679-1703
ངག་དབང་རིན་ཆེན། 1703-1705
1705-1717
སྟག་རྩེ་ལྷ་རྒྱལ་རབ་བརྟན། 1717-1720
རྒྱལ་བ་སྐལ་བཟང་རྒྱ་མཚོ། 1720-1728
ཕོ་ལྷ་བསོད་ནམས་སྟོབས་རྒྱལ། 1728-1747
འགྱུར་མེད་རྣམ་རྒྱལ། 1747-1750
རྒྱལ་བ་སྐལ་བཟང་རྒྱ་མཚོ། 1750-1757
དེ་མོ་བདེ་ལེགས་རྒྱ་མཚོ། 1757-1777
ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས། 1777-1781
རྒྱལ་བ་འཇམ་དཔལ་རྒྱ་མཚོ། 1781-1804
རྟ་ཚག་བསྟན་པའི་མགོན་པོ། 1804-1811
དེ་མོ་ཐུབ་བསྟན་འཇིགས་མེན། 1811-1819
ཚེ་སྨོན་གླིང་འཇམ་དཔལ་ཚུལ་ཁྲིམས། 1819-1844
པཎ་ཆེན་བསྟན་པའི་ཉི་མ། 1844-1845
རྭ་སྒྲེང་ངག་དབང་ཡེ་ཤེས། 1845-1855
རྒྱལ་བ་མཁས་གྲུབ་རྒྱ་མཚོ། 1855
རྭ་སྒྲེང་ངག་དབང་ཡེ་ཤེས། 1855-1862
བཤད་སྒྲ་དབང་ཕྱུག་རྒྱལ་པོ། 1862-1864
སྡེ་དྲུག་མཁྱེན་རབ་དབང་ཕྱུག 1864-1872
རྒྱལ་བ་ཕྲིན་ལས་རྒྱ་མཚོ། 1873-1875
རྟ་ཚག་དཔལ་ལྡན་ཡེ་ཤེས། 1875-1886
དེ་མོ་འཕྲིན་ལས་རབ་རྒྱས། 1886-1895
རྒྱལ་བ་ཐུབ་བསྟན་རྒྱ་མཚོ། 1895-1904
ཁྲི་ཆེན་བློ་བཟང་རྒྱ་མཚོ། 1904-1909
ཚེ་གླིང་ངག་དབང་རྒྱལ་མཚན། 1910-1912
རྒྱལ་བ་ཐུབ་བསྟན་རྒྱ་མཚོ། 1912-1933

 

 

ལོ་རྒྱུས།

Post navigation

Previous Post: སྐབས་འདིའི་དཔྱད་བྱ་ཚད་གྲུབ་ཀྱི་ལེའུ་ལས་སྐྱེ་སྲིད་ཀྱི་སྐོར།
Next Post: གྲྭ་ཚེ་དཔག་ལགས་འཛིན་བཟུང་བྱས་འདུག

Comments (42) on “བོད་ཀྱི་རྒྱལ་རབས་ལོ་ཚིགས་ཅན་ལྟ་བདེར་བྱས་པ་ཞིག”

  1. དགའ་སྐྱིད་ says:
    2013-03-13 at 12:17 am

    ཉའ་ཁྲི་བཙན་པོ་ནས་ཆ་ཙང་ཡོད་ན་ལེགས།།

  2. tama says:
    2013-03-13 at 2:30 am

    ར་སྒྲེང་། སྟག་བྲག ཏཱ་ལའི་བླ་མ་སྐུ་འཕྲེང་14མཆོག་གི་བར་ལ་ལོ་13ཚང་མིན་འདུག

  3. སྤོབས་པ་མཐའ་ཡས། says:
    2013-03-13 at 5:02 am

    ལོ་ཚིགས་ཀྱི་ཨང་ཀི་རྣམས་ཕྱེད་བོད་ཀྱི་ཨང་ཀི་དང་ཕྱེད་ཡོངས་ཁྱབ་ཀྱི་ཨང་ཀི་འབྲི་དོན་གང་ཡིན་ནམ།

  4. བན་དེ་བ། says:
    2013-03-13 at 6:27 am

    བོད་འདི་སྲོང་བཙན་སྒམ་པོ་ནས་བྱུང་བ་ཡིན་པ་འདྲ། དེ་ཡི་ཡན་ཆད་ཀྱི་བོད་རྒྱལ་དང་བོད་མི་རྣམས་མི་ཡི་གྲལ་དུ་བཞག་མི་འདུག བོད་འདི་ལས་ངན་རེད། བོད་འདི་བསོར་བསད་རེད། རྒྱ་ཡི་ཆོ་འཕྲུལ་ཡིན་ས་རེད། ཨ་ཞང་མ་ཆགས་པའི་བར་དུ་ལོ་རྒྱུ་མི་འདུག

  5. མེ་ཏོག་དཀར་པོ says:
    2013-03-13 at 8:00 am

    སྲོང་བཙན་ཡན་ཆད་དང་། གཉའ་ཁྲི་མན་ཆད་ཀྱི་བོད་རྒྱལ་གྱི་མིང་མ་བྲིས་པ་དེ་འགྲིག་མིན་འདུག དེ་བར་གྱི་ལོ་ཚིགས་རགས་ཙམ་རྙེད་གི་རེད་པ། གཉའ་ཁྲི་ཡན་ལ་བོད་རྒྱལ་ཡོད་མ་རེད། དེ་ཡན་བོད་ནག་ཁུངས་རེད།

  6. བདེ་བ་ནས། says:
    2013-03-13 at 12:37 pm

    རྒྱ་མོའི་རྐུབ་ལ་རྒྱུགས་པའི་དུས་རབས་ནས་བཟུང་ཕྱི་མགོ་ནང་འདྲེན་བྱེད་མཁན་ཚོ་གཅིག་གཅིག་གཉིས་གཉིས་བྲིས་པ་ཡ་མཚན་ཆེ། འོན་ཀྱང་རྒྱལ་རབས་ཉི་ཤུ་ལྷག་གར་སོང་གར་གནས་མ་ཚོར་པ་ནི་རྒྱ་དཀར་ནག་གཉིས་གང་རུང་གི་སྨྱོ་ཆུ་བཏུང་མཁན་ཞིག་ཡིན་པ་ཐག་གིས་ཆོད་སོང་། ཐབས་སྐྱོ་བ་ལ་་་་་་་་་་་་་་་་་་་་་་་་་་་?

  7. མངའ་རིས་ཕྲིན་ལས། says:
    2013-03-13 at 1:27 pm

    གཉའ་ཁྲི་ནས་སྲོང་བཙན་བར་བོད་ཀྱི་རྒྱལ་པོ་རང་རེད། སྲོང་བཙན་ནས་རྒྱ་མོ་ཞིག་མནའ་མ་བསུས་པར་བརྟེན་བྱུས་རྦད་དེ་ནོར་བ་རེད་དུས་དེ་ནས་བཟུང་བོད་རྒྱ་ལ་བཙོང་རྒྱུ་མགོ་ཚུགས་པ་རེད། མཐའ་མ་འུ་དུམ་ནས་དགེ་སློང་ཞིག་གིས་བོད་རྒྱལ་རབས་མཇུག་བསྡུས་པ་རེད། དེས་ནི་བོད་འདི་ཉིད་སྲིད་ཐོག་ནས་ཆོས་ཀྱིས་སྐྱབས་ཡོད་དང་ཕུང་ཡོད་གསལ་པོ་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-03-13 at 2:17 pm

    བོན་ལས་བོད་དང་། གྲི་གུམ་གྱི་སྲས་བྱ་ཁྲིའམ་སྤུ་དེ་གོང་རྒྱལ་ལས་སྤུར་རྒྱལ་བོད་ཅེས་མིང་ཆགས། བློོན་པོ་ལོ་ངམ་གྱིས་རྒྱལ་པོ་གྲི་གུམ་བཙན་པོ་བཀྲོངས་པའི་ཚེ། སྲས་གསུམ། ཀོང་པོ། ཉང་པོ། སྤོ་བོ་གསུམ་དུ་བྲོས་ནས་ཡིབ་པ་ལས། ཕྱིས་སྲས་བྱ་ཁྲི་རྒྱལ་སར་བསྐོས་ནས།
    སྲས་ཐ་ཆུང་ཉ་ཁྲི། ཕྱིས་སོག་སྐད་དུ་བོར་ཏ་ཆེན་ནོ། ཞེས་པ་དེས། སྤོ་བོ་ནས་བཙུན་མོ་གྭ་མ་རལ་ཟེར་བ་བླངས་ནས་ཁྲིད་དེ་ཕྱོགས་སུ་འཁོར་བ་ལས་སོག་ཡུལ་དུ་བྱོན། པེ་གྭལ་ཆུ་འགྲམ་གྱི་རི་བོ་ཧན་གྭལ་ཏུན་ཞེས་པ་འབྱོར་ནས། རིགས་རུས་བོད་ནས་ཡིན་པ་ཐོས་ནས། རང་ཉིད་ལ་ཡང་དྲིས་པས་གསལ་བར་བཤད་པས། པེ་ཏ་ཞེས་པའི་མི་སྡེ་ཆུང་གྲས་ཞིག་གི་དཔོན་དུ་བཀུར།
    དེ་ལ་སྲས་པ་ཏི་ཧ་སན་དང་། ཕ་ཏུ་ཆ་གན་གཉིས་ཡོད་པའི་ཆུང་བའི་བུ་རྒྱུད་རབས་མང་པོ་སོངབའི་མཚམས་སུ། གྲགས་ཆེ་བ་ཏེ་མེ་ཅག་སྐབས་སུ་བོད་ཀྱི་མཁས་པ་མི་གསུམ་གྱིས་རྒྱལ་པོས་བླ་མཆོད་བྱས་ནས་རྒྱལ་སྲས་ཧོར་ཚ་མེར་གེན་གྱིས་དབང་ལུང་ཞུས་ནས་གྲུབ་པ་ཐོབ་པ། སློབ་དཔོན་པདྨའི་སྤྲུལ་པར་གྲགས།
    དེ་ནས་མི་རབས་མང་པོའི་རྗེས་ལ། ཡབ་ཨེ་སུ་ཁེ་དང་། ཡུམ་ཨེ་གུ་ལེན་གཉིས་ཀྱི་སྲས་སུ་ཆུང་མིང་ལ་ཐེ་མུ་ཅན་༼༡༡༦༢༽ལོར་འཁྲུངས་ནས་ཧོར་ཇིང་རྒྱལ་པོ་གྱུར་པ་འདིའོ། །འདི་ཡང་ལྕང་སྐཡ་རོལ་པའི་རྡོ་རྗེས། ཅིང་གྰེས་ཁྰན་ཡང་ཕྱག་རྡོར་གྱི་སྤྲུལ་པར་བཞེད་འདུག ཅིང་གྰེས་ཁྰན་ནི། གཉའ་ཁྲིའི་གདུང་བརྒྱུད་ཡིན་སྟངས་རོབ་ཙམ་མོ། །

  9. བན་དེ་བ། says:
    2013-03-13 at 2:28 pm

    ལྕང་སྐྱས་རྒྱ་དམག་རྒྱལ་མོའི་རོང་དུ་གདན་འདྲེན་ཞུས་ཏེ་རྒྱལ་རོང་བོན་པོ་རྣམས་ཀླ་ཀློ་མུ་སྟེགས་ཡིན་ཚུལ་དང་དེ་དག་ཚར་ཐག་གཅོད་དགོས་ལུགས་ཀྱིས་རྒྱ་དམག་གིས་རྒྱལ་རོང་རྒྱལ་པོ་གསོན་བསྲེག་བཏང་བ་དང་བོན་གྱི་ལྷ་ཁང་བཅུ་ཕྲག་མང་པོ་གཏོར་བཤིག་བསྒྱུར་བ་དང་བོད་རིགས་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་འོགས་ཡ་ང་བའི་བྱས་འབྲས་དེ་ཚོར་ལྟས་ན་ད་གང་བཤད་དགོས་རེད། ཨ་ཁ། ཐུའུ་ཀན་གྱིས་བྲིས་པའི་ལྕང་སྐྱའི་རྣམ་ཐར་ལས་གསལ་ལོ།

  10. མེ་ཏོག་དཀར་པོ says:
    2013-03-13 at 4:42 pm

    སྲོང་བཙན་ཡན་ལྷ་ཐོ་ཐོ་རི་ལས་གཞན་བོད་རྒ་ནག་འཐོམ་འཐོམ་དེ་འདྲ་རེད། མིང་བྲིས་རིན་མེད་སྟབས་བྲིས་མིན་འདུག་ཏག་ཏག་རེད། སྲོང་བཙན་གྱིས་ཁ་ལ་མ་ཉན་མཁན་འདི་ན་ཡོད་པའི་དྲ་འབུ་འདྲ་བའི་རྒྱལ་ཕྲན་དག་ལྕགས་ཚན་འཕྱར་ཏེ་ཁྲིམས་ལ་གནས་པ་བཟོས། དཔལ་དང་གཟི་བརྗིད་ཀྱིས་ཁྱིམ་མཚིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་པོའི་བུ་མོ་འཕྲོག་སྟེ་དོན་ལ་རྒྱལ་ཁབ་དེ་གཉིས་ཀྱང་དབང་དུ་བསྡུས།

    ཕ་སེངྒེ་དཀར་མོའི་བུ་ཁྱི་རྡ ལི་དར་མ་འུ་དུམ་སྤྱོད་པ་ངན་པས་བོད་རྒྱལ་དཀྲོངས་ནས་རྒྱལ་ཁའརི
    ས་འགལ་བའི་ནག་ཉེས་འཚབ་ཆེན་བསགས། འབངས་ནས་ཁྲལ་འུ་ལག་ཚད་མེད་བསྡུས་པས་འབངས་རྣམས་སྡུག་བསྔལ་ནང་ཚུད། རྒྱལ་གཅེས་པ་དཔལ་རྡོར་གྱིས་གཅེས་པའི་ལུས་སྲོག་རྒྱལ་ཁབ་ཀྱི་ཆེད་བཏང་ནས་དར་མའི་སྲོག་བཅད་དོ།།

  11. གཅན་ཡེ་རྒྱམ་ says:
    2013-03-13 at 4:53 pm

    འདི་ཡག་པོ་འདུག འདི་ལྷག་ཅིག རྒྱལ་རབས་སྐོར་ཞིབ་བསྡུར་ཡག་པོ་ཞིག་གནང་སྟེ་མི་མང་ཡོངས་ཀྱི་སེམས་ལ་ངེས་ཐུབ་པ་དང་ཡིད་ཆེས་བྱས་ཆོག་པའི་རྒྱལ་རབས་འདོར་བསྡུས་ཤིག་བཟོ་ཐུབ་ན་ཡག་པོ་འདུག དེ་ཡང་བོད་རིགས་ཡོང་ནས་སེམས་ལ་ངེས་པ་མ་ཟད་ཁ་ནས་བཤད་ཐུབ་པ་ཞིག་བཟོ་དགོས་འདུག དེང་དུས་ང་ཚོ་བོད་ཀྱི་ཆབ་སྲིད་པ་ཚོས་རྒྱལ་རབས་ཟེར་དུས་གཅིག་ཀྱང་མི་ཤེས་མཁན་མང་པོ་རེད། བོད་དོན་མི་ལ་གང་འདྲ་སེ་བཤད་ཀྱིན་ཡོད་དམ། གང་ལྟར་འདི་ལ་བསམ་གཞིགས་ཐེངས་གཅིག་གནང་རོགས་ཞུ་བ་ཡིན། ཁྱེད་རང་ཚོའི་ཐུགས་ལའང་འདི་འདྲ་ཞིག་ཡོད་མོད་སྙམ། །

  12. མེ་ཏོག་དཀར་པོ says:
    2013-03-13 at 5:00 pm

    ༼མཆན་ ༡༠ པ་བསྐྱར་བྲིས༽ སྲོང་བཙན་ཡན་ལྷ་ཐོ་ཐོ་རི་ལས་གཞན་བོད་རྒྱལ་ངག་ནག་འཐོམ་འཐོམ་དེ་འདྲ་རེད། མིང་བྲིས་རིན་མེད་སྟབས་བྲིས་མིན་འདུག་ཏག་ཏག་རེད།
    སྲོང་བཙན་ནི་མཛད་རྗེས་ཆེ་སྟེ། ཁ་ལ་མ་ཉན་མཁན་འདི་ན་ཡོད་པའི་དྲ་འབུ་འདྲ་བའི་རྒྱལ་ཕྲན་དག་ལྕགས་ཚན་འཕྱར་ཏེ་ཁྲིམས་ལ་གནས་པ་བཟོས། དཔལ་དང་གཟི་བརྗིད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་རྒྱལ་པོའི་བུ་མོ་འཕྲོག་སྟེ་དོན་ལ་རྒྱལ་ཁབ་དེ་གཉིས་ཀྱང་དབང་དུ་བསྡུས།

    ཕ་སེངྒེ་དཀར་མོའི་བུ་ཁྱི་རྡ་ལི་དར་མ་འུ་དུམ་སྤྱོད་པ་ངན་པས་བོད་རྒྱལ་དཀྲོངས་ནས་རྒྱལ་ཁྲིམས་ལས་འགལ་བའི་ནག་ཉེས་འཚབ་ཆེན་བསགས། ཁྲལ་འུ་ལག་ཚད་མེད་བསྡུས་པས་འབངས་རྣམས་སྡུག་བསྔལ་ནང་ཚུད་པས། ལྷག་བསམ་རྨ་མེད་པའི་རྒྱལ་གཅེས་པ་དཔལ་རྡོར་གྱིས་གཅེས་པའི་ལུས་སྲོག་རྒྱལ་ཁབ་ཀྱི་ཆེད་བཏང་ནས་དར་མའི་སྲོག་བཅད་དོ།།

  13. བན་དེ་བ། says:
    2013-03-13 at 5:17 pm

    སྤྲེལ་ཕྲུག་སྲིན་ཕྲུག་ཐན་ངན་འདི་རིགས་ས་གཙང་ལུང་གཙང་དུ་སླེབས་ནས་རྒྱ་དམར་པོ་ལས་ཀྱང་གདུག་འཚུབ་བྱས་ལུགས་འདི་དག་ཡིད་ལ་ངེས་པའི་ཐོག་རྐུབ་ལ་ཨུར་ཏི་ཚ་བོ་རྒྱབ་དགོས་ཡ་རེད།

  14. བན་དེ་བ། says:
    2013-03-13 at 5:19 pm

    དེ་ཡི་རིགས་མེ་ཏོག་སད་ཀྱིས་བཅོམས་པའམ་བྱ་སྒྲོ་མེ་ཡིས་བཅོམ་པ་བཞིན་དུ་རྡུལ་དུ་རློག

  15. དགའ་སྐྱིད་ says:
    2013-03-13 at 5:29 pm

    མེ་ཏོག་དཀར་ནས་ཡག་པོ་འབྲི་མི་འདུག། ལྷ་ལུང་དཔའ་རྡོ་རྗེ་ནས་རང་ཉིད་དགེ࿒སླ྄ོང་ཡིན་པ་བརྗེད་ནས། འཆར་གཞིི མེད་པའི་རྒྱལ་པོ་དར་མ་ཀོག་སྲེད་བཏང་རེད་དུས་དེར་ནས་ཆབ་སྲིད་བརླགས་རེད། དེར་བྱས་རྗེས་མ་རེད་བྱས་ཉེས་རེད། རྒྱ་ནག་གཞུང་ནས་བོད་ཀྱི་རྒྱལ་པོ་གླང་དར་རྗེས་བོད་དེར་རྒྱ་ནག་འོག་ཡིན་ལབ་ཡོད། རང་ལ་དུས་ཚོད་ཡོད་ན་རྒྱལ་རབས་སྦྱང་དགོས་འདུག།

  16. དགའ་སྐྱིད་ says:
    2013-03-13 at 5:50 pm

    མངའ་རིས་ཕྲིན་ནས་ནོར་བ་འབྲི་འདུག། སྲོང་བཙན་སྒམ་པོའི་རྒྱ་ནག་རྒྱལ་པོའི་སྲས་མོ་མནའ་མ་བསུས་སྔོན་ལ་བལ་ཡུལ་རྒྱལ་པོའི་སྲས་མོ་མནའ་མ་བསུས་ཡོད་འོ་ན་བལ་ཡུལ་ལ་དག་དགོས། སྐད་ཅ་འཆར་འཆོར་དེར་ཚོ་ཚང་མ་རྒྱ་ནག་ནས་སྔ་སར་ནས་ལབ་ཡོད་ཀྱང་ཁུང་ཁྱོལ་མེད་། སྲོང་ནས་སྒམ་པོ་ནས་ཟུང་བོད་རྒྱ་ལ་བཙོང་རྒྱུ་མགོ་ཚུགས་འབྲིས་འདུགའདིར་ལྡན་པ་རེད་པའི་དྲ་གྲོགས་ཚོ་གཟིགས་དང་།?????????????????ལན་དགོས་

  17. དགའ་སྐྱིད་ says:
    2013-03-13 at 6:04 pm

    བེད་བ་ནས་རྒྱལ་མོ་རྐུབ་ལ་རྒྱུགས་ནས་ཟུང་། ལབ་འདུག་བོད་རྒྱལ་སྲོང་ཙན་སྒམ་པོ་བཙོན་མོ࿒བཅུ་ཉིས་ཡོད་ ངོམ་ཚར་གྱི་རྒྱལ་སྲས་དེར་མོང་བཟའ་ཁྲི་ལྕམ་མ་རྟོགས་བཙུན࿒མོ་གཞན་ལ་སྲས་མེད་བོད་པ་ང་ཚོ་སྤོ་བ་སྐྱེས་ལོས་ཆོག།།།

  18. མེ་ཏོག་དཀར་པོ says:
    2013-03-13 at 10:33 pm

    བོད་ཀྱི་རྒྱལ་པོ་བསད་མཁན་དར་མ་འུ་དུམ་དེ་རྒྱལ་གཅེས་པས་བསད་པ་ནི་འོས་པོ་འདུག

  19. ངག་དབང་ says:
    2013-03-13 at 10:34 pm

    ཆོས་རྒྱལ་རྒྱ་མོའི་རྐུབ་ལ་རྒྱུག་པ་དེ་རྒྱ་མོ་ལ་དགའ་དྲག་པ་དང་བོད་ལ་བོ་མོ་ཟད་པ་དེ་འདྲ་མ་རེད་ ཇོ་བོ་ཡིད་བཞིན་ནོར་བུ་བོད་ལ་བཞུགས་པ་དེ་ཆོས་རྒྱལ་བཀའ་དྲིན་རེད། དེ་ཚོ་ཤེས་དགོས་རེད་ ཏོག་ཙམ་རྒྱལ་རབ་ཤེས་པ་དེས་བཀའ་དྲིན་ཅན་གྱི་རྒྱལ་པོ་ལ་ཁ་གཏོང་ཡག་ཡོད་མ་རེད། ལྷག་པར་ཆོས་རྒྱལ་དེ་ཚོའི་དབང་ཤུགས་དང་དཔའ་ངར ག་འདྲ་ཡོད་མེད་མཁས་དབང་དགེ་ཆོས རིན་པོ་ཆེའི་གསུངས་ལས་ཤེས་དགོས། འོད་ཀྱང་ང་ཚོ་ད་ལྟ་བོདལ་་སྡུགས་སྔལ་མྱོང་དགོས་པ་ནི་ལས་འབྲས་རྩེས་མེད་གཏང་མཁན་ཁྱོད་རང་འདྲ་པོས་ལས་འབྲས་ཁྱད་གསོད་བྱེད་པའི་རྐྱེན་གྱིས་བྱུང་བ་རེད ལས་འབྲས་མ་སྲུང་སྤྱི་དོན་རེས་སུ་བོར་གསུངས་པ་དེ་སྡིག་རྒན་ཁྱོད་རང་གི་ལུང་བསྟན་རེད་ཡ་ མངའ་རེས་ཕྲིན་ལས་ཁྱོད་བོད་པ་གཙང་མ་ཞིག་དང་བོད་ལ་དགའ་ཞེན་ཡོན་མཁན་ཞིག་ཡིན་ཨ་ཡིན་ནམ

  20. མེ་ཏོག་དཀར་པོ says:
    2013-03-13 at 10:43 pm

    ཁྲི་རལ་པ་དང་འུ་དུམ་གཉིས་ཀར་སྲས་ཡོད་པས་རྒྱལ་རྒྱུད་ཆད་པའི་ཉེས་པ་མ་བཀལ་ཅིག
    བན་དེ་ཟེར་བ་བོན་པོ་ཟེར་བར་མིང་བསྒྱུར་གནང་ན་ལེགས།
    དེ་མིན་ང་བན་དེ་བོན་པོའི་མིང་ནས་ཁ་བརྡར་འོང་གི་ཡིན་ད།

  21. མེ་ཏོག་དཀར་པོ says:
    2013-03-13 at 10:52 pm

    སྡད་ས་ལ་སྡོད་མ་ཤེས་ན་ཨུར་ཏི་ལོས་རྒྱབ། འདི་ནའང་ཨུར་ཏི་རྒྱབ་དགོས་ས་་དེ་འདྲ་འདུག་ཏ ཧཧཧཧཧཧ

  22. མེ་ཏོག་དཀར་པོ says:
    2013-03-13 at 10:57 pm

    ༡༩ ངག་དབང་གིས་མངའ་རིས་ཕྲིན་ལས་བོད་པ་གཙང་མ་ཞིག་དང་བོད་ལ་དགའ་མཁན་ཞིག་ཨ་ཡིན་ཟེར། ཇབ་ཆུང་གི་དྲ་བ་དེ་འདྲ་ང་ཚོའི་སྤྱི་ཚོགས་ནང་ཡང་ཡང་གོ་རྒྱུ་ཡོད།
    ཁོང་དང་བན་དེ་ཞེས་པ་འདི་དག་བོད་པ་ཡིན་མིན་ལ་ཐེ་ཚོམ་ཅི་ཡོད་བོད་པ་ཡིན་ཡིན་པ་དང་། བོད་པའི་ལར་ཞེན་ཅན་ཡིན་པ་ཁོང་ཚོའི་མཆན་བུ་དག་ལ་ལྟོས་དང་ཤེས་སོ།།
    བོད་པ་བོད་ལ་དགའ་མཁན་ཡིན་ན་བོད་པས་གང་བྱས་དགེ་བ་དང་། རྒྱ་མིས་གང་བྱས་སྡིག་པར་ལྟ་དགོས་ཨ་ཡོང་། རྒྱ་ཆེ་ས་ནས་བསམ་བློ་གཏོང་གྲོགས།

  23. མེ་ཏོག་དཀར་པོ says:
    2013-03-13 at 10:59 pm

    དྲ་བ་ཞེས་པ་དྲི་བ་ཞེས་པར་བཅོས།

  24. ངག་དབང་ says:
    2013-03-13 at 11:04 pm

    མངའ་རེས་བ་བསམ་མེད་ཞིག་རེད། ད་ལྟ་བོད་འདི་ཆིག་བསྒྲིལ་བྱེད་ནས་་སྡད་ཐོབ་པ་ཆོས་ཀྱི་བཀའ་དྲིན་རེད་ཡ་ ཁྱོད་རང་ཡང་མི་མ་ཡིན་པ་ཞིག་མི་ལ་ཆག་པ་དེ་བོད་ཀྱི་ཆོས་རྒྱལ་ཚོས་ནང་ཆོས་ཉར་བའི་དྲིན་ལས་རེད་ སྲིད་ལ་འར་ལང་དྲག་ན་ཁྱོད་འདྲ་པོའི་སྡིག་རྒན་ཀླད་མེད་ཞིག་འགྱུར་ངེས་སོ། གུས་པ་ TCVལ་སློབ་གྲ་འགྲོ་བའི་སྐབས་ནས་ད་ལྟ་བར་ཆོས་རྒྱལ་ཚོའི་་བཀའ་དྲིན་བརྗེད་མེད་ལ། མ་འོངས་པ་ལ་བརྗེད་མི་སྲིད་པ་རེད། ལྟས་ངན་ཁྱོད་ཀྱིས་ག་རེ་ལབ་གི་ཡོད། རྒྱ་བ་རེན་པོ་ཆེས་བོདཀྱི་་སྲིད་འཇུགས་སྡུད་པ་མ་ཡིན་པར། ་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཡང་དག་པའི་དམངས་གཙོའི་ལམ་ནས་བོད་ཀྱི་སྲིད་དོན་རྒྱལ་རབ་དེ་རིང་དུ་གཏང་བ་ལས་འཇུགས་ག་བ་སྡུད་འདུག། དགོངས་དག་ངས་ཚིག་ངན་ཤོར་སོང་བས་ ཡིན་ན་ཡང་ང་ཚོ་ཚང་མ་སྡོག་ཙ་ཆིག་བསྒྲིལ་རེད།

  25. འདྲེ་རྐང་ཐོ། says:
    2013-03-13 at 11:55 pm

    སྲིད་ཀྱི་ཉམས་མགོ་གླིང་དར་བསད་ནས་ཚུགས། །
    བོད་དབང་ཤོར་མགོ་རྒྱ་བཟའི་རྗེས་ནས་བྱུང་། །
    བན་ཆེན་འདས་ནས་རྒྱ་མགོ་ཇེ་མཐོར་སོང་། །
    དངོས་ཡོད་གནས་ཚུལ་གླེང་ན་འདི་འདྲ་རེད། །

  26. བན་དེ་བ། says:
    2013-03-14 at 1:35 am

    མེ་ཏོག་ལགས་སླེབས་ན་འགྲིག་་་་བན་དེ་ཞེས་པའི་གོ་དོན་ཚིག་མཛོད་དུ་གཟིགས་་་བན་དེ་ཞེས་པའི་སྒྲ་གང་ལ་འཇུག་མིན་མ་ཤེས་པར་ཕོངས།

  27. མེ་ཏོག་དཀར་པོ says:
    2013-03-14 at 3:47 am

    ❤❤❤ I’m really sorry

  28. ཀརྡོ་གཉེར་ཕྱག་པ་ says:
    2013-03-14 at 5:36 am

    ཅང་གྰེས་ཁྰན།
    ཅང་གྰེས་ཁྰན་གྱི་མི་བརྒྱུད་དེ། །
    བོར་ཏ་ཆེན་ནོ་ཉ་ཁྲི་སྟེ། །
    གྲི་གུམ་སྲས་གསུམ་ཐ་ཆུང་དང་། །
    གྲི་གུམ་གཉའ་ཁྲིའི་བརྒྱུད་པའོ། །

    ནང་ཆོས་དང་པོ།
    སོག་རྒྱལ་ཏེ་མེ་ཅག་གི་དུས། །
    བོད་མི་མཁས་པ་མི་གསུམ་གྱིས། །
    སོག་ཡུལ་ནང་ཆོས་སྤེལ་བ་དེ། །
    ནང་ཆོས་སྤེལ་ཐེངས་དང་པོའི་ཁུངས། །

  29. གཡུ་འབྲུག་དཀར་པོ། says:
    2013-03-14 at 7:42 am

    འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་ཟེར་བ་ལ་དོགས་པ་འདུག། བཀའ་ཐང་རྣམས་སུ་གུ་རུས་མ་འོངས་པར་རྒྱལ་པོ་གླང་དར་མ་ཟེར་བ་ཞིག་འབྱུང་རྒྱུ་དང་། དེ་དུས་ལྷ་ལུང་དཔལ་རྡོར་ཟེར་བ་ཞིག་གིས་བཀྲོངས་རྒྱུའི་སྐོར་བྱུང་ཡང་། ད་དུང་ལྷ་ལུང་དཔལ་རྡོར་དེ་ཉིད་གུ་རུའི་དངོས་སློབ་ཡིན་པ་དང་། དེ་ཡང་བཻ་རོ་ཙཱ་ན་སོགས་རྒྱ་གར་དུ་མ་བརྫངས་སྔོན་ནས་གུ་རུའི་དངོས་སློབ་ཀྱི་གྲལ་དུ་ཡོད་པ་སོགས་ལ་བལྟས་ན། འུ་དུམ་བཙན་པོའི་སྐབས་སུ་ལྷ་ལུང་དཔལ་རྡོར་དེ་ཉིད་ག་ཚོད་མིན་ན་ཡང་ལོ་བརྒྱད་ཅུ་དགུ་ཅུ་ཞིག་ལ་སླེབས་ས་རེད་བསམ་གྱི་འདུག། ཡང་ན་གུ་རུའི་དངོས་སློབ་ཀྱི་གྲལ་དུ་ཡོད་པའི་ལྷ་ལུང་དཔལ་རྡོར་དང་འུ་དུམ་བཀྲོངས་མཁན་གཉིས་ཐ་དད་ཡིན་ཟེར་དགོས་པ་འདྲ། གང་ལྟར་རྒྱལ་བརྒྱུད་ཆད་པའི་ནག་ཉེས་ལྷ་ལུང་དཔལ་རྡོར་ལ་འགེལ་འོས་ན་ཁྲི་རལ་པ་བཀྲོངས་མཁན་ལ་ཡང་མཚུངས་པར་འགེལ་འོས། གང་གི་ཕྱིར་ན་ཁྲི་རིལ་བཀྲོངས་པ་དེ་བོད་མི་མང་གི་ཆེད་དུ་ཡིན་མིན་ཇི་ལྟར་ཡང་། དེ་བཀྲོངས་པའི་རྗེས་སུ་བོད་མི་མང་གི་དཀྱིལ་ནས་འབངས་གྱེན་ལོག་གམ་དགྲ་ཤ་ལེན་མཁན་སོགས་མི་འབྱུང་བའི་ཐབས་ལམ་བཏོན་ཏེ་སྲུང་སྐྱོབ་སྲ་བརྟན་བཟོ་དགོས་པའི་འགན་འཁྲི་ཁྲི་རལ་བཀྲོངས་མཁན་རྣམས་ལ་འཁེལ་ཡོད་པ་གང་ཞིག་ལ། དཔལ་རྡོར་གྱིས་འུ་དུམ་བཀྲོངས་པ་དེ་ནི་སྲུང་སྐྱོབས་སྲ་བརྟན་བཟོ་མ་ཐུབ་པ་ལ་བརྟེན་ནས་བྱུང་བ་ཡིན་པས་སོ༎ ལྷ་ལུང་དཔལ་རྡོར་འདྲ་བའི་གྲྭ་རྐྱང་ཞིག་གིས་རྒྱལ་པོ་བཀྲོངས་ནུས་པ་སོམས་དང་། དེ་དུས་ཀྱི་བོད་ཀྱི་སྲུང་སྐྱོབས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོད་པ་དེ་ནས་གསལ་པོ་མཐོང་གི་འདུག། དཔལ་རྡོར་གྱིས་མ་བཀྲོངས་ན་ཡང་བོད་ཀྱི་རྒྱལ་ཁབ་ཆེན་པོ་དེ་ལྟ་བུ་དེ་རྒྱལ་པོ་འུ་དུམ་དང་ཁོང་གི་བློན་པོ་རྣམས་ཀྱིས་སྐྱོང་ནུས་པའི་སྤོབས་པ་ཞིག་ཡོད་ས་མ་རེད།

  30. གཡུ་འབྲུག་དཀར་པོ། says:
    2013-03-14 at 7:53 am

    གོང་དུ་ལོ་ཚིགས་ཕྱེད་བོད་ཡིག་དང་ཕྱེད་དབྱིན་ཡིག་གི་སྟེང་དུ་ཡོད་པ་དེས་ཁྲི་སྲོང་༧༥༥ ལ་འཁྲུངས་ཤིང་༧༨༠ ལ་སྲིད་སྐྱོང་གི་ཁྲི་ལ་ཕེབས་པ་རེད་ཟེར་བའི་དོན་སྟོན་གྱི་ཡོད་པ་འདྲ། དེ་ལྟར་ཡིན་པའི་ཁུངས་གང་དུ་ཡོད་གསུངས་ཐུབ་མཁན་ཡོད་དམ། པདྨ་བཀའ་ཐང་རྣམས་ཀྱི་དགོངས་པ་ལྟར་ན་ཁྲི་སྲོང་ཉིད་༧༧༨ ལ་འཁྲུངས་འདུག་ལ་དེ་ནས་དགུང་ལོ་༡༥ འི་ཐོག་སྲིད་སྐྱོང་གི་ཁྲི་ལ་ཕེབས་འདུག། དགུང་ལོ་༡༧ ལོན་དུས་དམ་ཆོས་སྤེལ་བའི་ཐུགས་བསམ་གནང་ནས་དགུང་ལོ་༢༠ ལ་པད་འབྱུང་གདན་དྲངས་ཤིང་བསམ་ཡས་ཀྱི་རྨང་བཏིང་འདུག། དེ་ནས་ལོ་ལྔ་ལ་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་གྲུབ་འདུག། རྒྱལ་པོ་དེ་དགུང་ལོ་༦༩ འི་ཐོག་གླང་ལོ་གླང་གི་ཟླ་བའི་ཚེས་༡ ལ་ལོ་གསར་གནང་དུས་རྟའི་ཐོག་ནས་ལྷུང་སྟེ་འདས་ཞེས་བཀའ་ཐང་ཀུན་གུང་མཐུན་པར་བྱུང་། ཁོང་ལ་བཙུན་མོ་ལྔ་ཡོད་པ་དང་སྲས་གསུམ་ཡོད་པ་དེ་ཡང་མུ་ནེ་བཙན་པོ། མུ་རུབ་བཙན་མོ། མུ་ཏིག་བཙན་པོ་གསུམ་ཡིན་པར་གསུངས། མུ་ཏིག་བཙན་པོ་ལ་ཡབ་ཀྱིས་གནང་བའི་མཚན་ནི་ཁྲི་ལྡེ་སྲོང་བཙན་དང་། རྒྱ་ནག་གིས་བཏགས་པ་སད་ན་ལེགས་མཇིང་པད་འབྱུང་གིས་གནང་བའི་མཚན་མུ་ཏིག་བཙན་པོ་ཡིན་ཞེས་བྱུང་ཡང་གོང་དུ་སད་ན་ལེགས་མཇིང་ངམ་མུ་རུབ་བཙན་པོ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་གསུངས་འདུག་པས་བདག་ནི་མགོ་བོ་རྨོངས་པར་གྱུར་ཏོ༎

  31. BONPO says:
    2013-03-14 at 8:24 am

    Tibet to build first genetic resource bank
    2013-03-14 08:33:00
    |
    From: Xinhua

    Southwest China’s Tibet Autonomous Region will start construction on its first genetic resource bank within the year, regional authorities said Wednesday.

    The bank will help Tibet protect its genetic resources and ensure sustainable conservation, according to the regional science and technology department.

    The bank will be used to preserve plant seeds, as well as DNA from animals and microorganisms.

    Tibet’s biodiversity is abundant, but its environment is relatively fragile, said Li Hui, a researcher from the Institute of Tibetan Plateau Research under the Chinese Academy of Sciences.

    The bank will help to ensure the continuation of some species for further study, as well as aid in breeding research for endangered species, Li said.

    Tibet is home to more than 9,600 plant species, including 855 species that are unique to Tibet. The region also has 800 species of wild vertebrates, 123 of which are under state-level protection.

    གནས་ཚུལ་འདི་ཚོ་གལ་ཆེན་པོ་རེད། ག་དུས་ཡིན་ནའང་རྒྱ་གར་ཆོས་ལུགས་མི་མགོ་སྐོར་བྱེད་རྐྱང་རྐྱང་བཤད་བསྡད་ན་འགྲིག་གི་མ་རེད་དོ། གནས་ཚུལ་འདིར་བོད་ཡུལ་རང་སའི་སྲོག་ཆགས་གལ་ཆེན་ཀྱི་གྲངས་ཚད་རོབ་ཙམ་བྲིས་འདུག་མོད།དངོས་གནས་ང་རང་ཚོ་བོད་པས་བརྟག་དཔྱད་ལེགས་པར་བྱས་ནས་འདི་ལས་ཀྱང་མང་བ་ཡོད་ངེས། །

  32. BONPO says:
    2013-03-14 at 8:37 am

    ཁྲི་སྲོང་ལྡེའུ་བཙན། ༧༥༥-780—–མི་ལོ་༢༥་མ་གཏོགས་འཛམ་གླིང་འདིར་འཚོ་ཐུབ་མི་འདུག་བ། ད་དུང་ཁོས་ཤེར་ཕྱིན་གྱི་འགྲེལ་བ་བྲིས་ཡོད་ཟེར། །

  33. མེ་ཏོག་དཀར་པོ says:
    2013-03-14 at 8:39 am

    གཡུ་འབྲུག་པས་སད་ན་ལེགས་མཇིང་རྒྱ་ཡིས་བཏགས་ཞེས་ཐག་ཆོད་པོས་བཤད་སོང་། ངས་རྒྱལ་རབས་ཤིག་ནང་། སྲས་ཆུང་ཤོས་འདི་དགུང་ན་ཕྲ་སྐབས་བློན་པོ་དག་གིས་འདི་བཙན་པོའི་ཁྲིར་འཁོད་ན་འོས་སམ་ཞེས་སད་པའི་ཕྱིར་རིན་པོ་ཆེའི་དབུ་རྒྱན་དག་བསྐོན་པ་ན། ན་ཕྲ་བས་དབུ་རྒྱན་མ་འཁྱོག་པར་ཡོ་ཙམ་བྱུང་ཀྱང་རྒྱལ་ཆས་དག་ཤིན་ཏུ་འབྱོར་བས། བློན་པོ་དག་གིས་ འདི་བདག་ཅག་གི་རྗེ་བོར་འོས་སོ་ཞེས་སད་ན་ལེགས་མཇིང་ཡོན་ཞེས་བཏགས་སོ་ཞེས་མཐོང་།

    Bonpo ལགས་རྒྱ་གར་ཆོས་ལུགས་ཀྱིས་མགོ་སྐོར་ནས་མ་འགྲིག་པར་དབྱིན་ཇིས་མགོ་སྐོར་གཏོང་དགོས་འདུག་གེ ད་བྱིས་པ་སྐྱག་ལང་ཤོར་ནས་ཨ་མའི་ནུ་མར་སོ་རྒྱབ་པ་ལྟ་བུ་ནང་ཆོས་ལ་སྦར་ཤ་སྡིར་མ་འོང་།

  34. མེ་ཏོག་དཀར་པོ says:
    2013-03-14 at 8:45 am

    ཤེར་ཕྱིན་གྱི་འགྲེལ་པ་བྲིས་པ་ལ་གཤིན་རབ་ལྟ་བུ་ལོ་ཁྲིའི་བར་འཛམ་གླིང་འདིར་འཚོ་དགོས་པའི་ཁྲིམས་ཤིག་ཡོད་དམ།

  35. བན་དེ་བ། says:
    2013-03-14 at 9:34 am

    བོན་པོ་ལགས་མེ་དཀར་ལས་སོགས་དྲ་འབུ་འདི་རིགས་ལ་ཡ་ལན་བྱེད་རྒྱུ་ཡོད་པ་མ་རེད་དྲ་འབུ་འབྲུག་ཕྲུག་འདི་རིགས་བོད་དང་བོན་པོར་ཤིན་ཏུ་ནས་སྡང་ཤིང་ནམ་ཞར་ཞར་ལ་ཁ་ནས་སྐྱག་དྲི་མ་གཏོགས་འཐུལ་རྒྱུ་མེད། ཐོས་ཆུང་འདི་རིགས་ནི་ཁྲོན་པའི་ནང་གི་སྦལ་བ་རེད།

  36. མེ་ཏོག་དཀར་པོ says:
    2013-03-14 at 9:52 am

    འདི་ནང་སྐྱག་དྲི་འཐུལ་རྩོམ་སུས་འགོ་བརྩམས་འདུག་གཟིགས་གྲོགས།
    ང་བོད་ལ་མི་སྡང་ཏེ་བོད་པ་ཡིན་པའི་ཕྱིར།
    བོན་པོ་ལའང་སྡང་དགོས་དོན་མེད། ཡིན་ནའང་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་ཁོ་དང་ཁོ་ཟེར་བ་དང་། ནང་བསྟན་རིན་པོ་ཆེར་ཁ་བརྡུང་བཏང་ན་ཡ་ང་བག་ཚ་མེད་པར་ངོ་རྒོལ་བྱ་རྒྱུ་ངེས་གཏན་ཡིན།

  37. གཡུ་འབྲུག་དཀར་པོ། says:
    2013-03-14 at 2:42 pm

    བོད་ལ་མི་དགའ་མཁན་དེ་འབྲུག་ཕྲུག་ཡིན་དང་བན་ཕྲུག་ཡིན་ཚང་མས་གསལ་པོ་ཤེས་ངེས་རེད། བོད་ཀྱི་རྒྱལ་པོ་ཟེར་དུས་ལྟས་ངན་སྣ་དགུར་ལྟ་མཁན་སུ་ཡིན་ཡང་འདིར་ཁ་བརྡའི་དྲྭ་བ་ཀློག་པོ་ཡོངས་ཀྱིས་མཁྱེན་གྱི་རེད། བན་དེ་ཁྱེད་རང་མཁས་མཁས་དང་གཞན་རྣམས་བླུན་བླུན་འདྲ་བའི་བསླབ་སྟོན་གནང་དགོས་མེད་དོ༎ ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས་གཅིག་ལ་བརྟེན་ནས་གཅིག་འབྱུང་གི་ཡོད། བོན་པོ་ཚོས་བན་ལ་ངན་སྨྲས་མ་བྱས་ན་བན་གྱིས་བོན་པོ་ལ་ངན་སྨྲས་བྱེད་དགོས་པ་ཡང་མེད། ཁྱི་མི་ཟུག་རྐུན་མས་ནག་འབུར། །ཝ་མི་རྒྱལ་ཀ་མེད་འདྲེ་ཡིས་འགྲམ་ལྕགས། །ཟེར་བའི་དཔེ་ཞིག་ཡོད་རེད་གོ༎

  38. BONPO says:
    2013-03-14 at 8:51 pm

    ལུང་རིགས་ཀྱི་དབང་ཕྱུག་བན་དེ་བ་ལགས་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་འདི་ནས་གུས་བརྩི་ཞུ། ནང་བསྟན་རིན་པོ་ཆེར་ཁ་བརྡུང་བཏང་ན་ཡ་ང་བག་ཚ་མེད་པར་ངོ་རྒོལ་བྱ་རྒྱུ་ངེས་གཏན་ཡིན་ན། སྤུལ་སྐུ་ཡིན་ན། བསྟན་བཤིགས་ཡིན་པའི་ཁྱབ། ལབ་མཁན་དེ་ཁྱེད་ཡིན་པས་ཁྱེད་རང་ཉིད་ཀྱིས་རང་ཉིད་ལ་ཡ་ང་བག་ཚ་མེད་པར་ངོ་རྒོལ་ལེགས་པར་བྱོས་ཤིག། །

  39. མེ་ཏོག་དཀར་པོ says:
    2013-03-14 at 10:30 pm

    འབྲུག་ཕྲུག་ངན་པས་རྒྱལ་ཁབ་འདུག།
    བོད་ཕྲུག་བཟང་བས་རྒྱལ་ཁབ་མེད།།
    བསམ་པ་བཟང་ངན་བྱེ་བྲག་ལས།།
    དགེ་སྡིག་གཟུགས་བརྙན་རྗེས་མི་འགྲོ།།

  40. གཡུ་འབྲུག་དཀར་པོ། says:
    2013-03-15 at 1:52 am

    མེ་དཀར་ལགས། ཁྱེད་ཀྱིས་གསུངས་པ་ལྟར་སད་ན་ལེགས་མཇིང་ནི་ནང་བློན་གྱིས་བཏགས་པ་རེད་འདུག། བཀའ་ཐང་ནས་བྱུང་འདིར་བཀོད་ཡོད། “སློབ་དཔོན་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ལ༔ མུ་ཏིག་བཙན་པོ་ལེགས་པའི་བློ་གྲོས་ཞེས༔ ཡབ་ཀྱིས་མཚན་གསོལ་ཁྲི་ལྡེ་སྲོང་བཙན་ཞེས༔ ནང་བློན་མཚན་གསོལ་འཇིང་ཡོན་བསད་ན་ལེགས༔ རྒྱ་ཡིས་མཚན་གསོལ་མུ་ཏིག་བཙན་པོ་ལགས༔ རྒྱལ་པོ་གཅིག་ལ་མཚན་བཞི་པ་རུ་གྲགས༔ དེ་ནས་རྒྱལ་སྲས་ཁྲི་ལྡེ་སྲོང་བཙན་གྱིས༔”
    བཀའ་ཐང་འདིར་མུ་རུབ་བཙན་པོ་དེ་ཡབ་རྒྱལ་པོ་ཁྲི་སྲོང་དང་གཅེན་མུ་ནེ་བཙན་པོ། ཡུམ་ཕོ་ཡོང་བཟའ་གསུམ་གཤེགས་པའི་མྱ་ངན་གྱིས་གྲོངས་པར་གསུངས་པ་ཡང་”མུ་རུམ་བཙན་པོས་མདོ་ཁམས་གནོན་དུ་ཐེགས༔ ཡབ་དང་གཅེན་གཉིས་ཆོས་ཀྱི་དབྱིངས་སུ་ཐིམ༔ ཁྲི་ལྡེ་སྲོང་བཙན་གཅུང་དང་བྲལ་བ་དང་༔ ཡུམ་གྱི་གཅེན་ལ་དུག་བཏང་བཀྲོངས་པ་ཡིས༔ མྱ་ངན་ཆེན་པོས་རྐྱེན་བྱས་སྐུ་ཁམས་སྙེལ༔ མདོ་ཁམས་ཀློང་ཐང་སྒྲོན་མར་དགོངས་པ་ཡལ༔” དེ་འདྲ་ཞིག་བྱུང་གི་འདུག།
    ཡང་པད་གླིང་གཏེར་ཆོས་ཀྱི་གྲལ་དུ་མཁན་པ་ལྗོངས་ཀྱི་གནས་ཡིག་ཟེར་བ་ཞིག་འདུག་པ་དེའི་ནང་དུ་མུ་རུབ་བཙན་པོ་ཞེས་པ་དེ་དམར་རྒྱན་མའི་བུ་རུ་བཤད་ཅིང་དེ་ཡང་དམར་རྒྱན་མས་ཁྱི་དང་ར་གཉིས་དང་སྦྱོར་བ་ལས་བྱུང་བས་ལུས་པོ་མིའི་ལུས་ལ་གདོང་པ་ཁྱི་དང་ཐོད་པ་ར་ཡི་ཐོད་པར་ཡོད་པས་མིང་ཡང་ཁྱི་ཁ་ར་ཐོད་ཅེས་ཐོགས་པ་དེ་དང་གཅིག་ཡིན་ཚུལ་གསུངས་འདུག། 
    གནས་ཡིག་དེ་དང་བསྟུན་ན་ཁྱི་ཁ་ར་ཐོད་དམ་མུ་རུབ་བཙན་པོ་དེ་ཉིད་ནི་རྒྱལ་པོ་ཁྲི་སྲོང་གིས་ལྷོ་མོན་དུ་ཡུལ་ཕུད་བཏང་བས་མཁན་པ་ལྗོངས་སུ་གཞི་ཆགས་ཤིང་རྒྱལ་པོ་ཁྲི་སྲོང་མ་འདས་སྔོན་ལ་བོད་དུ་ལན་ཐེངས་གཅིག་དམག་དྲངས་པའི་ལོ་རྒྱུས་འདུག་ཀྱང་གོང་དུ་དྲངས་པའི་བཀའ་ཐང་ནང་དུ་ནི་མུ་རུབ་བཙན་པོ་ཉིད་རྒྱལ་པོ་ཁྲི་སྲོང་གཤེགས་པའི་རྗེས་སུ་མདོ་ཁམས་གནོན་དུ་ཐེགས་པ་ལས་སྐུ་གཤེགས་པར་གསུངས་འདུག་པས་དེ་གཉིས་ཏག་ཏག་འགལ་བ་ཆགས་སོང་།

  41. མེ་ཏོག་དཀར་པོ says:
    2013-03-15 at 2:37 am

    སད་ན་ལེགས་མཇིང་ཡོན་ཟེར་དགོས། སད་ན་ལེགས་མཇིང་ཞེས་པས་མཚན་མི་ཚང་།

  42. ཁྱུང་གསས། says:
    2013-06-14 at 6:39 am

    དུས་རབས་ཀྱི་འཕོ་འགྱུར་དེ་རྩུབ་པས། རང་བཞིན་གྱིས་ཆོས་དང་རིག་གཞུང་ལ་ཉམས་རྒུད་ཚབ་ཆེན་བྱུང་པ་མ་ཟད། མི་རབས་ནས་མི་རབས་བར་ཆགས་སྡང་གི་བག་ཆགས་ད་བར་དུ་གནས་ཡོད་པའི་རྐྱེན་གྱིས་ང་དང་ངའི་ཕྱོགས་སུ་ཞེན་ནས་ལས་དེ་འདྲའི་དབང་དུ་ཤོར་སྡད་པའི་རང་རིགས་ཐབས་སྐྱོ་རྣམས་བསམ་གཞིགས་གནང་ན་ཡག་གི་མི་འགྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme