གཞུང་པ་ཚེ་དབང་བསོད་ནམས།
ད་ལྟའི་ང་ཚོ་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་དེ་དག་འདས་པའི་མི་ལོ་དྲུག་ཅུ་རེ་ལྔའི་རིང་ང་ཚོའི་འཛམ་གླིང་མི་མང་གི་མིག་མདུན་དུ་ངོམས་ངོམས་འཕྱར་འཕྱར་བྱས་ནས་རྒྱལ་སྤྱིའི་སྟེང་བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་ཀྱིས་བདག་པོ་བོད་མི་ཡིན། ༧ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཟེར་བའི་ཐ་སྙད་འོག་ནས་གོ་སྐབས་ནམ་ཐོབ་དང་དུས་ཚོད་ནམ་རག་ལ་ལག་ཏུ་བོད་ཀྱི་རྒྱལ་དར་དང་། ཁ་ལྕེ་ལ་བོད་ཀྱི་རྒྱལ་གླུ་སྦྱར་ནས་མི་ལོ་དྲུག་ཅུ་རེ་ལྔ་ཁུངས་འཁྱོལ་བ་ནས་ད་ཆ་ང་ཚོའི་རྒྱལ་དར་དང་རྒྱལ་གླུའི་མ་འགྲིག་པ་བཟོ་བཅོས་དགོས་པའི་གནད་འགག་ག་པར་ཐུག་ཡོད་ཁྱབ་ཆེ་བའི་རྒྱ་ཆེ་མི་མང་ལ་བཀའ་སྤྱི་གཉིས་ནས་གསལ་བཤད་ཕེབས་དགོས་པ་དང་། མི་ལོ་དྲུག་ཅུ་རེ་ལྔའི་རིང་ང་ཚོའི་གཉེན་ལ་ངོམས་རྒྱུ་དང་དགྲ་ལ་འཕྱར་རྒྱུའི་རྒྱལ་དར་དང་རྒྱལ་གླུའི་འགྲིག་མེད་ན་ད་ལྟ་བར་ང་ཚོའི་རྒྱལ་དར་དང་རྒྱལ་གླུའི་འོག་ཏུ་བོད་དོན་བདེན་མཐའ་སེལ་ཐབས་ལ་སྤྱི་སྒེར་ཚང་མས་ལས་འགུལ་སྤེལ་བ་དེ་ཚོ་ཚང་མ་ནོར་བ་ལ་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ། རྒྱལ་དར་དང་རྒྱལ་གླུ། ཤོག་དངུལ་དང་དངུལ་ཊམ། ཐེལ་རྩེ། ལམ་ཡིག་སོགས་ནི་བོད་རྒྱལ་ཁབ་རང་བཙན་ཡིན་པའི་ཁུངས་སྐྱེལ་ལམ་སྒྲུབ་བྱེད་ངོ་མ་དེ་ཚོ་ཡིན་པ་ནས་དེ་ཚོ་ལ་གང་བྱུང་མང་བྱུང་བཟོ་བཅོས་དང་ཡར་བཅུག་མར་འཐེན་སོགས་ནམ་ཡང་བྱེད་མི་ཉན་པ་ནི་འདས་པའི་ལོ་རྒྱུས་ནག་པོ་ཆགས་སྲིད་པ་དང། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་གསལ་བ་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱིས་ལས་འགན་དེ་ཁྲིམས་བཟོ་རྒྱུ་ཡིན་པ་འདི་ལྟར། ༼ དོན་ཚན་སོ་དྲུག་པ། ཁྲིམས་བཟོའིདབང་ཆ། ཁྲིམས་ལུགས་བཟོ་འགོད་དང་། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས། ༽ ཅེས་གསལ་བ་ནས་སྤྱི་འཐུས་ཀྱིས་ལས་འགན་དེ་ཁྲིམས་བཟོ་མཁན་ལས་རྒྱལ་དར་དང་། རྒྱལ་གླུ་བཟོ་མཁན་ཡིན་པ་བཅའ་ཁྲིམས་དོན་ཚན་གང་གི་ནང་གསལ་ཡོད་མི་མང་ལ་གསལ་སྟོན་དགོས་པ་ནི་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་ལ་ང་ཚོའི་འགན་འཁུར་དགོས་པ་མ་རེད་དམ། ལར་ནས་ད་ཡོད་ང་ཚོའི་རྒྱལ་དར་དང་། རྒྱལ་གླུ་ལ་བཟོ་བཅོས་དགོས་ཀྱི་ཡོད་ན། བཅའ་ཁྲིམས་དོན་ཚན་ང་དྲུག་འོག་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་བོད་ཀྱི་ཡུལ་མིའི་བསམ་ཚུལ་བསྡུས་ནས་མི་མང་གིས་བསམ་ཚུལ་གཞི་ལ་བཞག་ནས་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་བཞག་ནས་མཁས་པའི་ཚོགས་ཆུང་ཟུར་དུ་བཙུགས་ནས་འགན་བཀུར་དགོས་པ་ལས་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་བཞག་ནས་ཚོགས་ཆུང་གི་མི་འགྲོའི་ནང་སྤྱི་འཐུས་བཞག་རྒྱུ་དེ་བཟང་སྤྱོད་དང་། ཁྲིམས་མཐུན། ལྷག་བསམ་གྱིས་འགན་འཁུར་ཞིག་ཡིན་པ་དུས་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ལ་སྤྱི་འཐུས་དང་བཀའ་ཤག་གིས་རྒྱལ་དར་དང་། རྒྱལ་གླུ་བཟོ་རྒྱུ་དེ་ཁྲིམས་ལུགས་གང་གིས་འོག་ཏུ་འགན་འཁུར་བ་ཡིན་དེ་ཡང་གསལ་པོ་ཤེས་མ་སོང་།
སྤྱི་ལྷན་ནས་དགོས་པའི་ཁྲིམས་མི་བཟོ་པར་མི་དགོས་པ་ཞིག་བཟོ་ནས་ཅི་བྱེད་ལས་མེད་རང་རེད།
བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་གསར་བཟོའི་ཆེད་བཀའ་སྤྱི་གཉིས་ལས་སྒྲུབ་པའི་ཚོགས་ཆུང་བཙུགས་པའི་སྐོར་ལ་དཔྱད་པའི་གཏམ། ཅེས་པའི་སྐོར་ལ་གཞུང་པ་ལགས་ནས་དགོངས་ཚུལ་ཡག་པོ་གནང་འདུག ཕལ་ཆེ་བར་མོས་མཐུན་ཞུ་ཡི་ཡོད། རྒྱལ་གླུ་དང་རྒྱལ་དར་གཉིས་ཀྱི་ལོ་རབས་ལོ་རྒྱུས་ཤེས་ཀྱི་མེད་ཀྱང་བོད་མི་ང་ཚོས་དམའ་མཐར་ཡང་མི་ལོ་ ༧༠ མིན་ཙམ་རིང་མཁོ་གནད་གང་དུའང་ད་ལྟའི་རྒྱལ་དར་དང་རྒྱལ་གླུ་གཉིས་བེད་སྤྱད་ནས་ཡངས་པའི་འཛམ་གླིང་ནས་ངོས་འཛིན་འཕེལ་ཐབས་ཤིག་བཟོ་ཐུབ་ཡོད་པ་མ་ཚད་རྒྱ་དམར་པོའི་ཀྱང་གནད་ཤེས་ཀྱིས་དེ་དག་མེད་ན་ཅི་མ་རུང་བསམ་པའི་རེ་སྤྱོད་ཞུ་ཡུལ་ཞིག་ཡིན་མོད།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་དར་ཚད་དེ་གྲུ་གཞི་ནར་མོའི་ཡིན་ཀྱང་ཚད་དང་མ་མཐུན་པའི་རྒྱལ་དར་ཅན་རྒྱལ་ཁབ་གསུམ་ཙམ་ཡོད་འདུག་པའི་མཉམ་ཆེར་མི་འདྲ་བ་ཞིག་ནི་བལ་པོའི་དར་ཆ་དེ་ཡིན་འདུག གྲུ་བཞིའང་འཐུས་བཞིན་འདུག ཆེ་ཆུང་དེ་དར་ཤིང་དང་འཛུག་དུས་སམ་དགོས་ཆེད་ལ་རག་ལས་ཀྱང་ཨིན་ཇི་ ༣ དང་ ༥ ཨིན་ཇི་ ༤ དང་ ༦ གཉིས་སྤྱི་ཡོངས་བེད་སྤྱད་བཞིན་ན་རང་རེའི་རྒྱལ་དར་དེ་ཆེར་མ་མཐུན་པའམ་མི་འདྲ་བ་ནི་མེད་པའི་ཅིག་འགྱུར། རྒྱལ་གླུའི་གཏོང་ཡུན་དེ་སྐར་མག་ ༦༠ ནས་ སྐར་ཆག་ ༩༠ ལས་མི་མང་པ་ཅིག་དགོས་སྲོལ་ཡང་སྐར་ཚད་ནང་མེད་མཁན་ཡང་མི་ཉུང་ཙམ་ཡོད་ཤས། ཡིན་ཀྱང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཞིན་སྐར་ཆག་ ༡༨༠ ཙམ་ཡིན་ཚད་འདུག དེར་སོང་དུས་ཚོད་ཆ་ནས་མི་ཉུང་ཙམ་ཞིག་ཉུང་དུ་གཏོང་དགོས་གནད་ཀྱང་། རྒྱལ་གླུ་ནམ་གཏོང་ལ་དེར་ལྟར་ཚད་ཞུ་དགོས་གནད་མིན་འདུག རྒྱལ་སྤྱིའི་སྡིངས་ཆ་དང་དེ་མིན་རང་རེའི་རྒྱལ་གླུ་འབུལ་ཡུལ་དུ་རྒྱལ་ཁབ་གཞན་གྱི་སྲིད་འཛིན་ནམ་སྲིད་བློན་ལྟར་མཚུངས་གོ་གནས་ཀྱི་མི་སྣ་ཕེབས་སྐབས་ཙམ་ལས་དེ་མིན་སྔར་རྒྱུན་ལྟར་འཐུས་ངེས་བསམ། དེར་སོང་རང་རེའི་རྒྱལ་གླུའི་གཏོང་ལམ་དང་སྒྲ་གདངས་སུ་བསྒྱུར་བཅོས་ཕྲན་བུས་ཀྱི་ལེགས་ཕྱོགས་ཤིག་ཞུ་ཐུབ་ན་སྐྱོན་ཅི་ཆེ་བསམས་ལགས།།
ད་ཡོད་རྒྱལ་དར་དང་རྒྱལ་གླུར་སྒྱུར་བཅོས་དགོས་གནད་ཀྱི་བསམ་ཚུལ་ཡོད་མཁན་ཡོད། དཔེ་ན་རྒྱལ་དར་སེང་གེ་ཚབ་ལ་གཡག་དགོས་གནད། རྒྱལ་གླུའི་ནང་རྒྱལ་ཁབ་ཀྱི་ཡུལ་ལྗོངས་བཀོད་པ་དགོས་གནད་སོགས་བསམ་ཚུལ་ཡོད། དེ་མི་སོ་སོའི་མོས་ཁམས་རེད། གངས་སེང་སྐོར་ཡང་བོད་ཀྱི་ལོ་རྒྱུས་ནང་གོ་རྒྱུ་མང་པོ་ཡོད་ལ་ཆོས་མཆོད་ཀྱི་རྒྱལ་གླུ་དེ་ཡང་བོད་མིའམ་ཡུལ་གྱི་བཅུད་ཀྱི་གཙོ་བོ་མིའི་བསམ་སྤྱོད་ཀྱི་ངང་ཚུལ་ལས་བརྒྱན་མེད་དམ་སྙམ་ལགས། རྒྱ་གར་རྒྱུ་གླུ་དེས་ཡུལ་གྱི་བཀོད་གནས་མང་ནའང་ཨ་རིའི་རྒྱལ་གླུས་རང་དབང་གུ་ཡུལ་མཉམ་དཔའ་ལྡན་པས་ཡིད་སེམས་བཅོལ་པའི་རྒྱལ་དར་སྐོར་ཡིད་ལྷང་ངེར་བཅོལ་འདུག་སྙམ་པས་ན་སྤྱི་མཚུངས་སམ་ཚད་ངེས་ཅན་ཞིག་ཕལ་ཆེར་མེད་གདའ། སྤྱི་མཚུངས་གཅིག་པོ་ནི་རྒྱལ་གླུ་དེ་དག་མི་མཁས་གྲགས་ཤིག་ནས་བརྩམས་གནང་ཡོད་འདུག་ལ་དར་ཆ་ཡང་དེ་ལྟར་མཚུངས་ངེས་ལས་གཞན་པ་ནི་ཨ་ཡོད་དེ་མེད་ངེས་སོ་བཅས་བསམ་ཚུལ་དུ།། །།