Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་འགྱུར་བ་བཏང་ན་ཆོག་གམ།

Posted on 2014-11-302014-11-30 By ཁ་བརྡ 89 Comments on བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་འགྱུར་བ་བཏང་ན་ཆོག་གམ།

ནམ་མཁའ།

unnamed-3དེ་རིང་འདིར་ཕྲན་གྱིས་སྔོན་མ་ནས་བསམ་གཞིགས་བྱས་མྱོང་ཡང་། བསམ་བློའི་བུ་ག་ནས་བརྡོལ་མ་ཐུབ་པར་ལུས་བའི་བོད་ཀྱི་རྒྱལ་དར་དང་རྒྱལ་གླུའི་སྐོར་ལ་བསམ་ཚུལ་ཕྲན་བུ་རེ་བཤད་ན་འདོད་སོང་། བསམ་ཚུལ་འདི་བཤད་པ་ལ་སྙིང་སྟོབས་ཞིག་དགོས་མོད། འོན་ཀྱང་སྙིང་སྟོབས་ལ་མི་ཁའི་སྒྱོགས་རྡོ་གཞུ་བར་འཛེམས་ཏེ། དེ་རིང་བར་དུ་བསམ་བློའི་ཁོངས་གསེང་དུ་སྦས་ཏེ་བཞག ཡིན་ཡང་དེ་རིང་འདིར་བླུན་པོའི་ཨུ་ཚུགས་ཀྱིས་སེམས་ཀྱི་རི་མོ་འདིར་བྲིས་པ་ལ་དྲ་གྲོགས་ཚོས་ཁ་རྡུང་སྒྱོགས་རྡོ་འདྲ་དག་ཕོངས།

 

དང་པོ། བོད་ཀྱི་རྒྱལ་དར་སྐོར་ལ་ཅུང་ཟད་དཔྱད་ཆོག་པར་ཞུ།

སྤྱིར་བོད་ཀྱི་རྒྱལ་དར་སེང་དར་ཅན་འདི་དུས་ནམ་ཞིག་ནས་འགོ་བཙུགས་ཏེ་དར་མིན་མི་ཤེས་མོད། འོན་ཀྱང་ང་ཚོའི་བོད་ཀྱི་རྒྱལ་དར་ཐོག་ཏུ་བཞག་པའི་གངས་སེང་དཀར་མོ་གཡུ་རལ་ཅན་དེ། དོན་དངོས་སུ་ཡོད་མེད་ཀྱི་རྩོད་གཞི་ཅན་ཞིག་དང་གླེང་གཞི་ཅན་ཞིག་ཏུ་གྱུར་ཡོད། དུས་རབས་ཉི་ཤུའི་སྐབས་ཀྱི་འགྲུལ་བཞུད་པ་མཁས་དབང་དགེ་ཆོས་མཆོག་གིས་ཀྱང་གངས་སེང་དཀར་མོ་གཡུ་རལ་ཅན་དེ་ཡོད་མེད་སྐོར་ལ་དོགས་སློང་བྱས་ཡོད།

གལ་སྲིད་གངས་སེང་དཀར་མོ་གཡུ་རལ་ཅན་དེ་ཡོད་པའི་དབང་དུ་བཏང་ཀྱང་། བོད་མི་རིགས་དང་བོད་རྒྱལ་ཁབ་རང་ལ་མཚོན་ནས་བཤད་ན། བོད་རྒྱལ་ཁབ་དང་མི་རིགས་མཚོན་ཐུབ་པའི་ཐུན་མོང་མ་ཡིན་པའི་རྟགས་ཞིག་མ་རེད་སྙམ།
དེ་ལས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་མཚོན་བྱེད་ནི་ང་ཚོའི་སྒོ་ཟོག་ཐུན་མོང་མ་ཡིན་པ་འབྲི་གཡག་གཉིས་ཡིན་ལ།བོད་ལུང་པ་མིག་གིས་མཐོང་མྱོང་མེད་མཁན་ཞིག་གིས་ཀྱང་། བོད་ལུང་པ་ལ་སེམས་ཅན་དུད་འགྲོ་གང་ཡོད་པ་རེད་ཅེས་དྲིས་ཚེ། ཐོག་མར་གཡག་ཡོད་པ་རེད་ཅེས་ལན་འདེབས་པ་ལས།གངས་སེང་དཀར་མོ་གཡུ་རལ་ཅན་དེ་ཡོད་པ་ཟེར་ནས་ལན་འདེབས་མཁན་མེད་པ་ཐག་གིས་བཅད་ནས་བཤད་ཐུབ།

ལྷག་པར་དུ་ཡང་བོད་རང་གི་མི་རིགས་ལ་བཀའ་དྲིན་ཆེ་ཤོས་དེ་ཡང་འབྲི་གཡག་ཡིན་ལ། ང་ཚོས་འབྲི་ཡི་འོ་མ་དང་མར་ཆུ་ར་སོགས་ཟས་ཀྱི་ལོངས་སྤྱོད་བྱེད་དགོས་པ་མ་ཟད། གཡག་ལ་གནས་སྤོར་སྐབས་སུ་ཡང་ཁལ་མ་སོགས་བཀལ་ནས་འགྲོ་དགོས་པ་མ་ཟད། གཡག་གི་ཤ་དང་པགས་པ་རྩིད་པ་སོགས་ལོངས་སུ་སྤྱོད་དེ་འཚོ་བ་རོལ་གྱི་ཡོད། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ། ང་ཚོའི་མི་རིགས་འདིའི་དུས་རྒྱུན་ཏུ་ལོངས་སྤྱོད་ཆེ་བ་དང་མཐོང་ཐུབ་པའི་འབྲི་གཡག་འདི་ཚོ་སྣང་མེད་དུ་བསྐྱུར་ཏེ། ང་ཚོས་མཐོང་དཀའ་བའི་གངས་སེང་དཀར་མོ་གཡུ་རལ་ཅན་གྱི་གཟུགས་བརྙན་དེ་རྒྱལ་ཁབ་དང་མི་རིགས་མཚོན་བྱེད་ཀྱི་དར་ཆའི་ཐོག་འགོད་པ་འདི་ནི། བོད་མི་རིགས་འདིས་ཡོད་ཚད་རྟོགས་བཏགས་ཀྱི་ཞིང་ཁམས་ཞིག་ན་འཁྱམས་ནས་ཡོད་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག

དེ་ལས་ཕྲན་གྱི་བསམ་ཚུལ་ལ། རྒྱལ་དར་དཀྱིལ་གྱི་ཉི་མ་དེའི་ཚབ་ལ་གངས་རི་གསུམ་བཞག་སྟེ། གངས་རི་དེ་གསུམ་གཡག་གཉིས་ཀྱིས་ཡར་བཏགས་ནས་ཡོད་པ་ཞིག་བྲིས་ན་ལེགས་སྙམ། མི་རིགས་མང་པོ་ཞིག་གིས་གཡག་གི་འདྲ་གཟུགས་དང་གཡག་གི་མིང་ཐོས་ན་བོད་མི་རིགས་དང་༼བོད༽ཟེར་བའི་མིང་འདི་ཡིད་ལ་འཆར་ཐུབ་པ་ཞིག་ཡིན། དེ་མིན་དེང་སང་མི་སུས་ཀྱང་ཀྱང་མཐོང་དཀའ་བའི་གངས་སེང་གཡུ་རལ་ཅན་དེའི་འདྲ་གཟུགས་དང་མིང་ཐོས་ན་བོད་མི་རིགས་དང་བོད་ལུང་པ་ཡིད་ལ་འཆར་ཐུབ་པ་ཞིག་མིན་ལ། གངས་སེང་དཀར་མོའི་གཡུ་རལ་ལྗང་ཁུའི་རི་མོ་འདི་མཐོང་ན་ཡིད་ཆེས་དང་གད་མོ་ཡང་ཤོར་མི་སྲིད་པ་ཞིག་མིན།

 

གཉིས་པ།བོད་ཀྱི་རྒྱལ་གླུ་སྐོར་ལ་བསམ་ཚུལ་ཕྲན་བུ་ཞིག་བཤད་འདོད་པ་ནི།

སྤྱིར་འཛམ་གླིང་གི་རྒྱལ་གླུ་ཚང་མ་གང་འདྲ་ཞིག་ཡིན་མིན་བཤད་དཀའ་ན་ཡང་། ང་རང་ཉིད་ཀྱི་བསམ་ཚུལ་ལྟར་ན།རྒྱལ་ཁབ་ཞིག་གི་རྒྱལ་གླུ་གདངས་སུ་གྱེར་བའི་ཚིག་དོན་གཉིས་ཀྱི་ཆ་ནས་མི་རིགས་དེའི་སེམས་སུ་སྙིང་སྟོབས་དང་དཔའ་ངར་རྒྱས་ཐུབ་པའི་ཚིག་གི་ནུས་པ་ལྡན་པ་ཞིག་ཡོད་ན་ལེགས་སྙམ། འོན་ཀྱང་བོད་ཀྱི་རྒྱལ་གླུ་འདིར་བཀོད་ཡོད་པའི་ཆ་ཚང་གིས་གཟིགས་རོགས།

 

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།
རྒྱལ་གླུ།[རྩོམ་སྒྲིག]

སྲིད་ཞིའི་ཕན་བདེའི་འདོད་རྒུ་འབྱུང་བའི་གཏེར།
ཐུབ་བསྟན་བསམ་འཕེལ་ནོར་བུའི་འོད་སྣང་འབར།
བསྟན་འགྲོའི་ནོར་འཛིན་རྒྱ་ཆེར་སྐྱོང་བའི་མགོན།
འཕྲིན་ལས་ཀྱི་རོལ་མཚོ་རྒྱས།
རྡོ་རྗེའི་ཁམས་སུ་བརྟན་པས་ཕྱོགས་ཀུན་བྱམས་བརྩེས་སྐྱོང་།
གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཕུན་ཚོགས་སྡེ་བཞིའི་མངའ་ཐང་རྒྱས།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་བདེ་སྐྱིད་རྫོགས་ལྡན་གསར་པས་ཁྱབ།
ཆོས་སྲིད་ཀྱི་དཔལ་ཡོན་དར།
ཐུབ་བསྟན་ཕྱོགས་བཅུར་རྒྱས་པས་འཛམ་གླིང་ཡངས་པའི་སྐྱེ་རྒུ་ཞི་བདེའི་དཔལ་ལ་སྦྱོར།
བོད་ལྗོངས་བསྟན་འགྲོའི་དགེ་མཚན་ཉི་འོད་ཀྱི།
བཀྲ་ཤིས་འོད་སྣང་འབུམ་དུ་འཕྲོ་བའི་གཟིས།
ནག་ཕྱོགས་མུན་པའི་གཡུ་ལས་རྒྱལ་གྱུར་ཅིག

བོད་ཀྱི་རྒྱལ་གླུ་འདི་སུས་བལྟས་ཀྱང་ཆབ་སྲིད་མི་ཤེས་པའི་ཆོས་ལུགས་པ་ཞིག་གིས་བྲིས་པ་ཤེས་ཐུབ། ཚིག་མགོ་མཐོང་མ་ཐག་བསྟན་པའི་བདག་པོ་སྟོན་པ་ལ་བསྟོད་པ་དང་། ཆོས་སྐྱོང་སྲུང་མ་ལ་འཕྲིན་སྐུལ་འདྲ་བ་ཞིག་ལས་མི་རིགས་དེར་སྙིང་སྟོབས་དང་དཔའ་ངར་རྒྱས་བྱེད་ཀྱི་ཚིག་གི་ནུས་པ་མི་ལྡན་པ་ཁྱེད་ཚོས་བལྟས་ཀྱང་ཤེས་ཐུབ་པ་མ་ཟད། སྔོན་མ་རྒྱལ་གླུ་གདངས་སུ་གྱེར་ཐེངས་རེ་ཡང་ཁྱེད་ཚོའི་ཡིད་ལ་འཆར་མྱོང་ཡོད་སྲིད། གོ་ཐོས་ལ་བོད་ཀྱི་རྒྱལ་གླུ་འདི་ཡོངས་འཛིན་ཁྲི་བྱང་གིས་བརྩམས་པ་རེད་ཟེར་བ་ཞིག་ཐོས། ཁྲི་བྱང་མཁས་པ་ཡིན་པ་བདེན་ན་ཡང་རྒྱལ་ཁབ་ཞིག་གི་རྒྱལ་གླུ་ལ་གང་འདྲ་དགོས་མིན་བསམ་གཞིགས་བྱས་མེད་པ་འདྲ།

གངས་རིའི་ལྗོངས་སུ་གངས་སེང་གཡུ་རལ་ཅན།།
མཐོང་བའི་སྐྱེ་བོ་ཟེར་སྒྲོས་རྗེས་འཇུག་ལས།།
གངས་ཅན་ལྗོངས་ལ་དྲིན་ཆེན་འབྲི་གཡག་འདི།།
གདོང་དམར་བོད་འདི་མཚོན་བྱེད་བྱས་ན་ལེགས།།

གང་ཞིག་དྲན་པའི་ཡིད་ཀྱི་རི་མོ་དག །
ཁོག་ཏུ་སྦས་ཀྱང་ཕྱི་རུ་ཐོན་པའི་བུར།།
དྲ་རྒྱའི་ཤོག་དཀར་སྟེང་གི་མཁས་དབང་ཚོས།།
དྲ་དུག་སྒྱོགས་ཆེན་འཕེན་ལ་རེ་བ་ཆེ།།

བགྲོ་གླེང་།

Post navigation

Previous Post: སྐད་ཡིག་དང་འབྲེལ་བའི་རྩོམ་ཡིག་གཉིས། གཉིས་པ།
Next Post: ཁྱི་ནག་ལ་ཕུལ་བ་ཐོལ་བྱུང་གི་བསྟོད་སྨོན་མེ་ཏོག་སྔོན་པོ།

Comments (89) on “བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་འགྱུར་བ་བཏང་ན་ཆོག་གམ།”

  1. སྤོབས་པ་མཐའ་ཡས། says:
    2014-11-30 at 2:34 pm

    རྩོམ་པ་པོ་ལགས། ཁྱེད་ཀྱིས་བོད་ཀྱི་རྒྱལ་གླུ་ཞིག་བརྩམས་ན་ག་འདྲ་ཞིག་རྩོམ་ས་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-11-30 at 3:21 pm

    བོད་ཀྱི་རྒྱལ་གླུ་གསར་པ་ཅིག ངས་དུས་བབ་དྲ་རྒྱར་བསྐུར་ནས་ཐོན་འདུག་ཀྱང་ད་ལྟ་ང་རང་ལ་ཡང་རྙེད་མ་བྱུང་།

  3. ཞོལ་གཡག་འབྲོང་རྒྱུད། says:
    2014-11-30 at 4:10 pm

    རྩོམ་པ་པོས་གསུངས་པ་དེ་དེ་བཞིན་ནོ། བོད་མི་རིགས་སྔར་ནས་ད་བར་འདི་རྟོགས་བཟོ་མཁས་ལ་དངོས་སུམ་གྱི་མ་དམིགས་པའི་རྟོགས་བཏགས་ཀྱི་ཞིང་ཁམས་མྱུལ་མཁན་ཞིག་ཡིན་པས་རྒྱལ་ཁབ་ཅིག་དང་མི་རིགས་ཞིག་གི་མཚོན་དོན་རྒྱལ་དར་དང་རྒྱལ་གླུ་ཡང་རྟོགས་བཏགས་ཀྱིས་རྒྱན་པས་གཞན་གྱིས་བཙན་འཛུལ་དང་བརྙས་བཅོས་ཅིས་མི་བྱེད།

  4. ཞོལ་གཡག་འབྲོང་རྒྱུད། says:
    2014-11-30 at 4:11 pm

    བོད་མི་རིགས་འདི་ཞེས་པར་བཅོས་རོགས།

  5. ཆོས་འཕེལ་དར་རྒྱས་ says:
    2014-11-30 at 4:16 pm

    ལམ་ཁ་ལ་འགྲོ་སྐབས་མགྱོག་པོར་ཀློག་ཙམ་བྱས། དུས་ཚོད་ཀྱི་དབང་གིས་སེམས་ལྷོད་ལ་ཕབ་ནས་འབྲི་ཁོམ་ཡང་མི་འདུག མཁྱེན་དགོས་བ་ཞིག་ལ་གཡག་དང་འབྲི་ནི་བོད་ས་གཅིག་པོ་མིན་པར་སོག་པོ། བར་སྐབས་སུ་ཤིན་ཅིང་དུ་འབོད་པའི་ཡི་གུར་བ། ཀིར་གྷེ་སི་ཐན། པ་ཀེ་སི་ཐན་སོགས་ཡོད་པས་བོད་གཅིག་བུར་མཚོན་བྱེད་ཨེ་ཡོང་མི་ཤེས།

  6. རྒོད་པོ། says:
    2014-11-30 at 5:28 pm

    འབྲི་གཡག་ལ་ཧ་ཅང་དགའ་པོ་ཡོད། འོན་ཀྱང་དར་ཆའི་སྒང་དུ་རན་པོ་རང་འེ་བསམ། གལ་ཏེ་འབྲི་གཡག་དར་ཆའི་སྒང་ལ་འཇོག་བསམ་ན་དེ་དང་མཉམ་དུ་སྦྲ་ནག་གཅིག་ཡོད་ན་བོད་མི་རིགས་ཀྱི་འཚོ་བ་དངོས་དེ་ཚོན་ཐུབ།

  7. རྒོད་པོ། says:
    2014-11-30 at 5:31 pm

    སྤྱིར་རྩོམས་པ་པོའི་བསམ་ཚུལ་དངོས་ཡོད་རེད། བོད་ཀྱི་རྒྱལ་གླུ་ལེན་དུས་སེམས་ལ་ངར་ཤུགས་ཅིག་སྤྲོད་ཐུབ་གྱི་མི་འདུག།

  8. བསྟན་འཛིན། says:
    2014-11-30 at 6:07 pm

    འབྲི་གཡག་ནི་བོད་པར་མངས་བའི་ཡུལ་ལུང་ཞིག་མེད། འབྲི་གཡག་ནི་བོད་ལ་ག་ཚོད་དགོས་དགོས་རེད། གངས་སེང་ཞེས་པའི་སྲོག་ཆག་དེ་ད་ལྟར་ཡོད་ཀྱང་ཆོག། མེད་ན་ཡང་ཆོག། དེ་འདྲ་བའི་སྲོག་ཆག་ཞིག་འཛམ་བུ་གླིང་འདིར་བྱུང་མྱོང་ཡོད་ན་དེ་བོད་ལ་མ་གཏོག་མེད་པ་ཁོ་ཐག་རེད། དེས་ན་འཛམ་གླིང་འདི་ན་ཤིན་ཏུ་ནས་དཀོན་པའི་སྲོག་ཆག་ཞིག་གངས་སེང་གི་ཕ་ས་ནི་བོད་གངས་ཅན་ལྗོངས་འདི་ཡིན་སོང་བ་རེད། མིའི་འཇིག་རྟེན་འདིར་ཆེས་དཀོན་པའི་དངོས་པོ་རིགས་ལ་རིན་མཐང་ཆེན་པོ་འཛིན་གྱི་ཡོད་པ་བཞིན་གངས་སེང་ནི་ཤིན་ཏུ་དཀོན་པས་འབྲི་གཡག་ལས་རིན་མཐང་ཆེ་བ་ཡིན་ནི་རེད། དེ་ཙམ་དུ་མ་ཟད། གངས་སེང་ནི་གངས་ལྗོངས་ཞེས་པའི་ཡུལ་ཁམས་དེ་དང་ཐད་ཀར་འབྲེལ་བ་ཡོད་པའི་དངོས་མིང་ཞིག་ཀྱང་རེད། རྒྱལ་རྟགས་དང་རྒྱལ་དར་སོགས་སུ་མཚོན་རྟགས་རིགས་ལ་རྒྱལ་ཁམས་དེར་དཀོན་པའི་རིགས་ལ་དམིགས་བསལ་འཛིན་གྱི་ཡོད་པར་དཔེར་ན། རྒྱ་གའི་རྒྱལ་རྟགས་འདམ་སེང་བཞིན་རེད། དེ་ལྟར་མིན་ན་རྒྱ་གར་གྱི་རྒྱལ་རྟགས་ནི་མཱ་ཧེ་འཇོག་ལས་འདམ་སེང་ལ་འོས་བབ་མེད།།

  9. རྒོད་པོ། says:
    2014-11-30 at 6:14 pm

    མྭ་ཧེ་ནི་རྒྱ་གར་གཅིག་པོ་མིན་པར་ཚ་བ་ལུང་པ་ཚང་མ་ལ་ཡོད་མོད།

  10. དོན་དགའ། says:
    2014-11-30 at 6:46 pm

    ངས་བསམ་ན་བོད་ཀྱི་འབྲོག་རྒན་ཞིག་གིས་གཡག་རྒན་ཞིག་ལ་གཞོན་ནས་རྩམ་སྒོང་ཞིག་ཟ་ཞོར་འབྲི་ཞིག་དེད་ནས་སྦྲ་ནག་ཕྱོགས་སུ་སྐྱོད་བཞིན་པ་ཞིག་བཟོས་ན་གང་འདྲ་འདུག

  11. གནམ says:
    2014-11-30 at 7:38 pm

    རྒྱལ་དར་དང་རྒྱལ་གླུ་ལ་སྐྱོན་གང་ཡང་མི་འདུག། རྟོག་བཟོ་ཡིན་ན་མིན་ན་ཡང་། སེང་གེ་ནི་སྐྱེ་འགྲོ་ཡོངས་ཀྱི་རྒྱལ་པོ་རེད། ང་ཚོའི་དེ་གངས་ན་ཡོད་པས་གངས་སེང་ལ་ཆགས་པ་རེད།
    བྱུང་ན་དམག་གླུ་ཞིག་དང་དམག་དར་ཞིག་གསར་གཏོད་བྱེད་ཐུབ་ན་དེ་གས་འགྲིག་པ་རེད། དེ་མིན་ཀླད་པ་མེད་ནི་འགས། བླུན་བཤད་བྱེད་ཀི་མ་འདུག།

    རྒྱལ་དར་གྱི་མཚོན་དོན་ནི་སྟོབས་དང་དེའི་དཔལ་ཡོན་མཚོན་པ་ཡིན་པ་ལས་གཞན་ལ་མེད་པ་ཞིག་གི་ཁ་ངོ་མཚོན་དོན་ནི་མིན། ཤེས་ཨེ་བྱུང་། ད་དུང་ཡང་མི་ཤེས་ན། རྒྱལ་ཟེར་བའི་ཡིག་འབྲི་འདི་རུམ་ནས་གཉིད་དུ་སོང་ན། རྨི་ལམ་དོན་རྩ་ཡོད་པ་ཞིག་རྨོས་སྲིད།

    ཁྲི་བྱང་ལ་མ་དགའ་མདོག་མདོག་བྱེད་བཞིན་ཡོད་པ་ཡིན་ན། དམིགས་ཡུལ་ཁ་ཁ་ཡིན་པས། སོ་སོས་གང་འདོད་དུ་ཤོད།

  12. རྟ་བདུན་དབང་བོ says:
    2014-11-30 at 7:48 pm

    ཁ་བརྡའི་སྟེང་དུ་གཞན་ལ་སྐྱོན་བརྗོད་ཅིག་མ་གཏོགས་ཕལ་ཆེར་མེད་ཅེས་བཤད་ཀྱང་ཆོག བོད་ཀྱི་དར་ཆའི་སྟེང་གི་སེང་གེ་དཀར་མོ་དེ་ནི་ད་ལྟ་གངས་སེང་ཞེས་ཡོད་ཀྱང་རུང་མེད་ཀྱང་རུང་གཟི་བརྗིད་ཅན་ཅིག་རེད། བོད་ཀྱི་རྒྱལ་གླུར་བཤད་རྒྱུ་གང་ཡང་མེད། འབྲི་གཡག་ནི་བོད་གཅིག་པུ་མ་ཡིན་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཡོད་པ་གསལ་པོ་རེད། ངས་བལྟས་ན་ཁ་བརྡའི་རྩོམ་པ་པོ་ཕལ་ཆེར་གྱིས་གཞན་ལ་སྐྱོན་བརྗོད་ཅིག་མ་གཏོགས་ལེགས་པའི་ཆ་ཞིག་ནམ་ཡང་ཡོད་པ་མ་རེད། དྲང་མོར་བཤད་ན་རང་ཉིད་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཀྱིན་ཡོད་མེད་ཐེ་ཚོམ་རེད། །

  13. BONPO says:
    2014-11-30 at 9:07 pm

    གནམ་ལགས།
    དེ་ནི་ཁྱེད་ཚང་གི་འཕགས་ཡུལ་ཚང་གིས་དཀོན་མཆོག་ལ་མཆོད་པ་འབུལ་སྟངས་རེད། ཁྱེད་རྣམ་པ་ཚང་མ་ཐུགས་ཅི་ལ་མི་དགྱེས།ལེགས་སོའིི་བྱ་བ་བརྗོད་ཅིག ཡིད་རངས་བར་མཛོད་ཅིག། བྱ་བ་ཅི་འདྲ་ཞིག་བྱས་པ་ཡིན་ན་ལས་རྣམ་པ་ཐམས་ཆད་བཀུར་ཞིག ། ངས་ནི་སྙིང་རྗེ་བསྐྱེད་རྒྱུ་དེ་རང་མ་གཏོགས་ཁྱེད་ཚང་གི་རང་ལུགས་ལ་ཅིའི་ཕྱིར་སྐྱོན་བརྗོད་པར་བྱེད། བློ་བདེ་བར་མཛོད་ཅིག །

  14. བདེན་པའི་ཕོ་ཉ་ says:
    2014-11-30 at 11:27 pm

    གངས་སེང་ཁྱེད་ཀྱི་མ་མཐོང་བར་མེད་པར་འཇོག་མི་རུང་ ཡང་ན་རྒྱལ་དར་ལ་བོད་པ་ཚང་གི་གཡག་ཤ་བཟའ་བ་ཞིག་བྲིས་ན་འགྲིག་གམ་ཧ་ཧ་ཧ་

  15. BONPO says:
    2014-11-30 at 11:29 pm

    བོད་ཀྱི་རྒྱལ་དར་གྱི་བྱུང་རིམ་དང་མཚོན་དོན་སྐོར་ལ་དྲི་བ་དྲི་ལན་ཞུས་པ་ཞིག་འདིར་འདུག བོད་ཀྱི་བོན་ལུགས་མཚོན་པར་བྱེད་པའི་མཐའ་ལྕགས་སྔོན་པོ་ཅན་གྱི་བོད་ཀྱི་རྒྱལ་དར་ཞིག་ཀྱང་བཟོ་རྒྱུའི་འཆར་གཞི་གཏིང་མྱོང་འདུག་གོ། །
    http://www.youtube.com/watch?v=XBwmH8rTt5Y&list=UUYg4JtszcCx83UTR-wObgFg

  16. ལུང་རྟོགས། says:
    2014-12-01 at 12:14 am

    བོད་ཀྱི་རྒྱལ་དར་ལ་མ་འགྲིག་པ་ཆེར་མ་མཐོང་། འོན་ཀྱང་རྒྱལ་གླུ་འདི་ནི་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པ་ཞིག་རེད། རྒྱུ་མཚན། གཅིག་ནས་རྒྱལ་གླུའི་ནང་དོན་གྱི་ཆ་ནས་བཤད་ན་དགའ་ལྡན་ཕོ་བྲང་སྲིད་དབང་ནས་དགོངས་པ་ཞུ་ཚར་བ་ཡིན་དུས། གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག ཅེས་པ་ལྟ་བུའི་ཚིག་འདི་ད་ལྟའི་ཆོལ་གསུམ་དབྱེར་མེད་དང་ཆོས་ལུགས་རིས་མེད་ཀྱི་བོད་དམངས་གཙོའི་གཞུང་འདི་དང་མི་འཚམ་པ་ཞིག་རེད། གཉིས་ནས་རྒྱལ་གླུ་རྩོམ་པ་པོ་ཁྲི་བྱང་རིན་པོ་ཆེ་ལ་མཚོན་ན་དོལ་རྒྱལ་སྟེན་གསོལ་ཤུགས་ཆེར་བྱེད་མཁན་ཞིག་ཡིན་པས་བོད་མི་སྤྱི་ཡོངས་ཀྱིས་དགའ་གུས་དང་དད་འདུན་ཡོད་པ་ཞིག་མ་ཡིན་པས། རྒྱལ་གླུའི་གཟི་བརྗིད་དང་མི་མང་གིས་རྒྱལ་གླུར་དགའ་ཞེན་སོགས་ཕྱོགས་མང་པོར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཀྱི་ཡོད། དེས་ན་བོད་མི་མང་ཙམ་མ་ཟད་འཛམ་གླིང་མི་མང་གིས་གུས་བཀུར་བླ་མེད་ཞུ་ཡུལ་དང་སྙན་གྲགས་ཧ་ཅང་ཆེ་བའི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་གླུ་ཞིག་གསར་རྩོམ་མཛད་ཐུབ་ན། བོད་པ་ཚང་གི་མ་འོང་ལོ་རྒྱུས་ཀྱི་ནང་ལ་གཟི་བརྗིད་དང་སྤོབས་པ་བྱེད་ཆོག་པ་ཞིག་དང་གཞན་ལ་ངོམ་ཆོག་པ་ཞིག་ཡོང་ངེས་རེད།

  17. ཨ་ར་དཀར་པོ says:
    2014-12-01 at 12:20 am

    རེད་ རྒྱལ་དར་སྟེང་གི་རྒྱ་ཁྱི་ཨབ་སོ་དེ་གཉིས་མེེད་ན་བཟང་། དེའི་ཚབ་ལ་གཡག་འབྲི་དགོས་དོན་ཡང་མི་འདུག རྒྱལ་དར་ནི་སུས་ཀྱང་ལས་སླ་མོར་འབྲི་ཐུབ་པ་དགོས་པ་གང་ཞིག་ལ་དམིགས་བསལ་་དོན་ཅན་ཞིག་ཡིན་དགོས་པར་འདོད། ཨབ་སོ་དང་འབྲི་གཡག་སོགས་སེམས་ཅན་དེ་དག་ལྷ་བཟོ་སོགས་རི་མོ་མཁན་ཞིག་གིས་མ་གཏོགས་ཡག་པོ་ཞིག་འཁྱོངས་དཀའ། ༢༠༠༨ ལོའི་ཞི་རྒོལ་སྐབས་ལག་བྲིས་བོད་དར་ཕལ་ཆེ་བའི་སྟེང་གངས་སེང་བྲིས་མེད་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད། ད་དུང་རྒྱལ་དར་སྟེང་གི་མཐའ་ལྕགས་སེར་པོ་དེས་དགེ་ལུགས་པའི་ཆོས་བརྒྱུད་མཚོན་པ་ཡིན་ཡང་ཕྱིས་སུ་སློབ་གྲ་ཁག་གི་སློབ་དེབ་སྟེང་བཀོད་པའི་རྒྱལ་གླུའི་འགྲེལ་བ་ན་ཁ་ཅུང་བསྒྱུར་ནས་ནང་པ་སངས་རྒྱས་པའི་ཆོས་མཚོན་གྱི་ཡོད་ཚུལ་བཤད་འདུག མདོར་ན་རྒྱལ་དར་སྟེང་གི་སེང་གེའམ་ཨབ་སོ་གཉིས་དང་དེ་དག་གི་ལག་ཏུ་བཟུང་བའི་ཅ་ལག་ཙར་ཙོར་དེ་ཚོ་མེད་ན་ལེགས།

  18. ཨ་ར་དཀར་པོ says:
    2014-12-01 at 12:24 am

    རྒྱལ་གླུའི་སྐོར་ལ་རྩོམ་པ་པོས་བཤད་པ་དེ་དེ་བཞིན་ནོ་

  19. ཅོག་མྱི། says:
    2014-12-01 at 12:26 am

    བོད་ཀྱི་རྒྱལ་གླུ།
    མདོ་དབུས་ཁམས་གསུམ་ས་ཡི་ཡང་རྩེ་ཡིན།
    གདོང་དམར་བོད་པ་གནས་འདིའི་བདག་པོ་སྟེ།
    མཛེས་པའི་གངས་ལྗོངས་སེམས་ཅན་སྨོན་པའི་ཞིང་།
    རྩྭ་བཟང་ཆུ་བཟང་མི་རྣམས་སེམས་པ་བཟང་།

    ཤར་ན་རྒྱ་ནག་སྤྱང་ཀིའི་འབོད་སྒྲ་བདོ།
    བྱང་གི་དོམ་སེར་མཆེ་གཙིགས་སྡེར་མོ་བགྲད།
    ལྷོ་ཡི་ཁྱུང་ཆེན་མཁའ་ནས་སྡང་ན་ཡང་།
    མི་ཚུགས་བོད་ཀྱི་དཔའ་རྟུལ་གེ་སེར་ཡིན།

    ས་ཡི་དཀྱིལ་འཁོར་བཙན་པོས་བདག་ཏུ་བཟུང་།
    འགྲོ་དྲུག་ཐར་ལམ་སྟོན་པའི་དེད་དཔོན་མཛད།
    ལུས་སེམས་རང་དབང་དཔལ་ལ་ལོངས་སུ་སྤྱད།
    ལྷ་རྣམས་ལས་ཀྱང་ཕུལ་བྱུང་གངས་ཅན་པ།

    རེ་ཞིག་ཉི་མའི་གཟི་བྱིན་སྤྲིན་གྱིས་སྒྲིབ།
    སྐབས་ཙམ་གཅེས་པའི་ཕ་ས་གཞན་ལ་ཤོར།
    རེ་ཆད་ཡིད་མུག་མ་གནང་སྤུན་ཟླ་ཚོ།
    བདེན་པ་ཉིད་ཀྱིས་ང་ཚོ་ངེས་པར་རྒྱལ།

  20. སྤོབས་པ་མཐའ་ཡས། says:
    2014-12-01 at 1:13 am

    བོད་ཀྱི་རྒྱལ་གླུ་གསར་པ་འདི་རེད།

    བོད་གངས་ཅན་པ་མདུན་དུ་བསྐྱོད།

    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།
    རང་བྱུང་གངས་རིའི་ར་བས་བསྐོར་བའི་ཞིང་།།
    རུ་བཞི་སྒང་དྲུག་འཛམ་གླིང་ས་ཡི་རྩེ།།
    རི་མཐོ་ས་གཙང་ཕ་ཁྱིམ་ང་ཚོར་དབང་།།

    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།
    རྟ་མཆོག་རྨིག་སྒྲས་མཐའ་བཞིའི་རྒྱལ་ཁམས་འདར།།
    འཛམ་གླིང་ས་ཡི་སུམ་གཉིས་མངའ་དབང་བསྒྱུར།།
    བཙན་པོའི་སྙིང་སྟོབས་ང་ཚོའི་ཁོངས་ན་བརྗིད།།

    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།
    རི་དང་ལུང་པ་རིན་ཆེན་གཏེར་གྱིས་གང་།།
    ཆུ་བོ་ཆེན་པོ་བརྒྱད་ཀྱིས་འཛམ་གླིང་གསོ།།
    གསེར་གྱི་ས་གཞི་ང་ཚོས་གདན་དུ་བཏིངས།།

    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།
    རང་དབང་རང་བཙན་གཙང་མའི་ལ་རྒྱ་དང་།།
    རང་ས་རང་གིས་སྲུང་བའི་སྤོབས་པ་ཡི།།
    ལོ་སྟོང་ལོན་པའི་ལོ་རྒྱུས་ང་ཚོར་ཡོད།།

    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།
    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།
    བོད་གངས་ཅན་པ་མདུན་ནས་མདུན་དུ་བསྐྱོད།།

  21. རྟ་བདུན་དབང་བོ says:
    2014-12-01 at 1:22 am

    རྒྱལ་ཁབ་མེད་པའི་རྒྱལ་གླུ་ཞིག་གིས་ཅི་ཞིག་བྱེད། དྲང་མོར་བཤད་ན་ང་ཚོས་ཀྲུང་གོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ནས་རང་སྐྱོང་ཞིག་རྩོད་ཀྱིན་ཡོད་པ་ཁྱོད་ཚོསབརྗེད་འདུག གལ་ཏེ་རྒྱལ་གླུ་གསར་བ་ཞིག་བརྩམ་ན་རྒྱ་དང་འབྲེལ་བ་ཞིག་རྩོམ་དགོས་རེད། དེ་མིན་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གསར་བ་ཞིག་བརྩམ་ན་ཨ་ཕོ་ཀྲུང་གོ་ཚང་གནམ་ལྡིང་ས་ལྡིང་ཞིག་ཅི་ཕྱིར་མི་བྱེད། །

  22. རིན་ཆེན says:
    2014-12-01 at 1:55 am

    འོ་འདིར་བསམ་ཚུལ་ལ་བགྲོ་གླེང་ཡག་པོ་རེ་བྱེད་ཀྱི་འདུག རྒྱལ་དར་ལ་ངེས་བར་དུ་སྲོག་ཆགས་ཞིག་གི་རི་མོ་འབྲི་དགོས་ན་གཡག་ཞིག་འབྲི་ན་འདོད།དེ་མིན་སྟབས་གང་བདེ་ཞིག་གངས་རི་གསུམ་དང་མཚོན་མདོག་མི་འདྲ་གསུམ་ཡོད་ན་ཆོག རྒྱལ་གླུ་འདི་བརྗེ་བོ་རྒྱབ་ན་ལེགས་པར་སྙམ།སེམས་སུ་ངར་ཤུགས་སློང་ཐུབ་པ་བརྩམས་ན་ཡག་པོ་རེད།དེ་མིན་་མཁས་བཤད་པ་ལྟར་ཆོས་སྐྱོང་ལ་འཕྲིན་སྐུལ་འདྲ་བ་ཞིགལས་རྒྱལ་གླུ་ཞིག་ཡིན་པའི་བཟོ་འདྲ་མི་འདུག་པ་བདེན་པ་རེད།

  23. རིན་ཆེན says:
    2014-12-01 at 1:56 am

    ནམ་མཁས་བཤད་པ་ལ་བཅོས་རོགས

  24. བདེན་པའི་ཕོ་ཉ་ says:
    2014-12-01 at 2:13 am

    རྟ་བདུན་དབང་པོས་བཤད་པ་བདེན་ང་འཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་ནང་གནས་པ་ཡིན་ན་རྒྱ་ནག་གིས་རྒྱལ་གླུ་བཏང་རྒྱུ་རེད་ད་ལྟ་རྒྱལ་ཁབ་མེད་པར་རྒྱལ་གླུ་ཡང་དགོས་པ་མེད་

  25. ཇུས་ཏོག says:
    2014-12-01 at 2:46 am

    ཧ་ཧ་་དྲ་འབུ་ཚོ་སྨྱོ་ལབ་མ་རྒྱག་རྒྱ་ནག་གི་རྩ་ཁྲིམས་འོག་བསྡད་ནས་་བོད་ཀྱི་
    རྒྱལ་དར་ཟེར་བ་་དང་རྒྱལ་གླུ་ཟེར་བ་་ཧ་ཧ་།བོད་ཀྱི་རྒྱལ་གླུ་་དང་རྒྱལ་དར་གྱི་
    མ་འགྲིག་ནས་བོད་ཤོར་བར་ངོས་འཛིན་གནང་མཁན་ཡོད་་ངིོ་ཡང་ཚ་།
    རང་གི་མ་ཤེས་པའི་ཤེས་བྱ་མང་པོ་ཡོད་རེད་།བོང་བུ་མ་གྲོད་པའི་ལམ་ཁ་མང་
    པོ་ཡོད་རེད་།རྒྱལ་དར་དང་རྒྱལ་གླུ་་དགོས་ན་བོད་ཀྱི་ས་ཆའི་བདག་དབང་
    བརྩོད་དང་།དྲ་འབུ་ཚོ་འཇོན་པོ་དང་རྒོད་པོ་ཡོད་ན་།ཧ་ཧ་ཧ་།
    ཆབ་སྲིད་མི་ཤེས་ཆབ་སྲིད་གླེང་།ཕྱོགས་མཚམས་མི་ཤེས་འགྲོ་འདོད་ལང་།

    མིག་གི་མ་མཐོང་མཐོང་བྱུང་ལབ་་།རྣ་བས་མ་འཐོས་གོ་བྱུང་ལབ་།
    རྐྱང་ཤ་འབྲོགས་རྗེས་ལ་བོང་བུ་འབྲོགས་།གལ་ཆེ་བའི་གཏམ་ལ་ནན་གཏན་
    ཟབ་།

  26. གསེར་ས་ལེ་སྦྲམ། says:
    2014-12-01 at 3:36 am

    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་རྒྱལ་གླུ་ལ་ཇུས་ཏོག་བྱེད་རྒྱུ་ལས་ཐོག་མར་རང་གིས་བོད་ཀྱི་སྐད་བརྡ་རིགས་པའི་འགྲོ་སྟངས་ལ་སྦྱང་བ་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེ་སྙམ། (གཡག་གི་ཤ་དང་པགས་པ)དུས་རྒྱུན་ང་ཚོས་གཡག་གི་ཀོ་བ་ཞེས་བེད་སྤྱོད་གཏོང་བཞིན་ཡོད། ཡང་། (གཡག་ལ་ཁལ་མ་སོགས་བཀལ་ནས་འགྲོ) བོད་ཀྱི་འབྲོག་པ་དག་གིས་ཁལ་མ་ལ་ཁལ་བཀལ་ནས་འགྲོ་བ་མང་དུ་མཐོང་རྒྱུ་འདུག་མོད། གཡག་ལ་ཁལ་མ་བཀལ་ནས་འགྲོ་བ་མཐོང་མ་མྱོང་ལགས།

  27. རྨུ་ཐག་གི་བུ་རྒྱུད། says:
    2014-12-01 at 5:32 am

    དར་ཆ་དང་རྒྱལ་གླུ་གཉིས་གསར་བཟོ་བྱེད་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད། དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་བསྡུས་པ་དང་ལྷན་དུ་རྒྱལ་གླུ་འདི་ཡང་མཇུག་བསྡུ་དགོས་པའི་བསམ་ཚུལ་སྤྱི་འཐུས་རེ་གཉིས་ཤིག་གིས་གྲོས་ཚོགས་སུ་ཕུལ་འདུག་ཀྱང་དེར་རྒྱབ་སྐྱོར་བྱེད་མཁན་བྱུང་མི་འདུག ལྷག་པར་དུ་ཡང་(གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག )ཚིག་འདིས་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་ངུ་དགོས་གནས་བབས་ཤིག་དང་ཁྲེལ་དགོས་པའི་བྱུང་རབས་ཤིག་བརྗོད་ཀྱིན་ཡོད་པས་དེ་བས་ཀྱང་འདོར་འོས་པར་སྙམ།

  28. ཇུས་ཏོག says:
    2014-12-01 at 7:15 am

    རྒྱལ་དར་རྒྱལ་གླུ་ཕར་བཞག་བོད་རྒྱལ་ཁབ་དོར་ཚར་བ་དྲ་འབུ་ཁྱེད་ཚོས་་མ་
    ཤེས་པ་རེད་དམ་་རྒྱ་མིའི་་རྩ་ཁྲིམ་ནང་མི་རིགས་་ཀྱི་རྒྱལ་གླུ་དང་མི་རིགས་ཀྱིས་
    རྒྱལ་དར་་ཟེར་བ་་དོན་ཚན་གང་གི་ནང་འདུག་གཅིག་བཤད་དང་ཁ་བདེ་པོ་མ་་བཤིད་བརྩ་སྑྡོད་དང་སུམ་རྔགས་སྙན་ངག་ལ་མགོ་འཁོར་ནས་བོད་ཤོར་བ་དེ་
    ཤེས་མི་འདུག་།འཛམ་གླིང་རྒྱུ་ཀར་གྱི་ནང་འགྲོ་དུས་ང་ཚོ་སུམ་རྟགས་དང་བརྡ་སྤྲོད་སྙན་ངག་་སོགས་ལ་ད་དུང་ཐོམ་་ནས་བསྡོད་།

  29. རིན་ཆེན says:
    2014-12-01 at 8:11 am

    xxxxདེ་ལས་དྲ་གྲོགས་གཞན་ཚོ་རིག་པ་རྣོ་བོ་རྐྱང་རེད།མི་འདི་ཡར་རྒྱས་འགྲོ་རྒྱུ་མེད། དངོས་གནས་ཁྱེད་ཀྱིས་གསུངས་པ་བཞིན་སྙིང་རྗེ་ཡི་ཡུལ་ཡིན། བོད་ཤོར་ཡོད་མེད་ལ་མ་ལྟོས་བར་རྒྱལ་གླུ་རྒྱལ་དར་བརྗེ་ན་འགྲིག་སྙམ།

  30. ཅོ་རི་ཉི་མ། says:
    2014-12-01 at 11:22 am

    ཡ་་་བསམ་ཚུལ་ཏོག་ཙམ་ཞུ་འདོད། བོད་ཀྱི་རྒྱལ་དར་འདི་ལ་འགྱུར་བ་གཏོང་དགོས་ཟེར་བར་འདོད་པ་མེད། རྒྱལ་དར་འདིས་བོད་གངས་ཅན་པའི་ཡུལ་ལུང་མཚོན། གངས་སེང་འདི་ཡང་རྟོག་བཟོས་ཡིན་པར་ངོས་ལེན་མེད། གངས་ལ་སེང་གེ་བྱུང་མེད་པའི་ཐག་གཅོད་བྱེད་མི་ཐུབ། གངས་ལ་བསྡད་མཁན་དོམ་དཀར་ཡོད་ལུགས་ལ་བལྟས་ན་གངས་ལ་བསྡད་མཁན་སེང་གེ་ཞིག་བྱུང་ཡོད་ན་དཀར་པོ་ཡིན་པ་ནི་གཅིག་མཚུངས་ཡིན་གྱི་རེད།

    སྔོན་མ་འཛམ་གླིང་ཐོག་ཏུ་ཡོད་པར་དེང་སང་རྩ་མེད་ཕྱིན་ཟིན་པའི་དུད་འགྲོའི་རིགས་མང་པོ་ཡོད་པ་ནི་ཚན་རིག་པ་ཚོས་ཀྱང་ཁས་ལེན། གངས་སེང་ཡང་སྔོན་མ་བྱུང་མྱོང་ཡོད་ཅིང་རྗེས་སུ་རིགས་རྒྱུད་རྩ་མེད་ཕྱིན་པའི་བགྲད་ནེའི་སོབ་ལྟ་བུ་ཞིག་ཡིན་གྱི་རེད་འདོད། ཁྱོད་ཚོས་གངས་སེང་བྱུང་མྱོང་མེད་པའི་རྒྱུ་མཚན་བཤད་ཐུབ་ཀྱི་ཡོད་དམ། གཅིག་རེད།

    གཉིས་པ། དེང་རབས་བདུན་པའི་ནང་དུ་བཟོས་པའི་ལྷ་སའི་ཇོ་ཁང་དང་ཕོ་བྲང་དམར་པོ་སོགས་ཀྱི་ནང་དུ་སེང་གེ་དཀར་པོ་གཡུ་ཡི་རལ་པ་ཅན་མང་པོ་བཟོས་འདུག བོད་ཀྱི་རྒྱལ་ཁབ་ཆེན་མོའི་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་གངས་སེང་རྩ་བ་ཆེན་པོ་བརྩིས་འདུག

    བོད་བཙན་པོའི་རྒྱལ་ཁབ་ཀྱི་དམག་དར་གྱི་ཐོག་ཏུ་སེང་གེ་དང་སྟག་སོགས་ཀྱི་རི་མོ་ཡོད། གངས་སེང་རྒྱལ་དར་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དངོས་པོ་རྩ་བ་ཆེན་པོ་ཞིག་ཡིན་པས་བསྒྱུར་བཅོས་བྱེད་ན་འོས་འཚམས་ཤིག་མིན།

    གསུམ་པ། འབྲི་གཡག་བོད་མི་ལ་ཕན་ཐོགས་ཆེ་བའི་རྒྱུ་མཚན་གྱིས་རྒྱལ་དར་གྱི་ཐོག་ཏུ་བཀོད་དགོས་གསུངས་པ་འདི་ཡང་གནས་ལུགས་དོན་ལྡན་ཞིག་ཅང་མིན། འཛམ་གླིང་ཤར་ནུབ་ཡོངས་ཀྱིས་རྒྱལ་ཁང་སོགས་ཀྱི་སྒོ་རྩ་ལ་རྡོ་ཡི་སེང་གེ་བཟོས་ནས་བཞག་འདུག དྲིན་ཆེ་བས་བཞག་དགོས་པ་ཡིན་ན་ཁྱི་བཞག་དགོས་ངེས་རེད། སེང་གེ་ལས་ཁྱི་དྲིན་ཆེ་བ་ཡོད། ཁྱོད་ཚོས་གངས་སེང་ལ་ཨ་སོབ་ཟེར་ནས་དམའ་འབོད་བྱས་པ་ནི་འོས་འཚམས་ཤིག་མ་རེད། དེ་འདྲ་ལབ་ན་བོད་རྒྱལ་ཁབ་ཀྱི་བསོད་ནམས་དབང་ཐང་ལ་གནོད་ཡོང་།

    བཞི་པ། རྒྱལ་གླུ་བསྒྱུར་བཅོས་གཏོང་དགོས། དགའ་ལྡན་ཕོ་བྲང་ལ་བསྟོད་གླུ་ལེན་པའི་དེང་རབས་རྫོགས་ཚར་བ་རེད། མ་འོངས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ངོ་བོ་དང་མཐུན་པའི་རྒྱལ་གླུ་ཞིག་དགོས་ངེས་རེད།

  31. ཅོ་རི་ཉི་མ། says:
    2014-12-01 at 11:36 am

    ཁྱོད་ཚོས་བསམ་ཚུལ་བྱས་ན་སྲོང་བཙན་སྒམ་པོ་སེང་གེ་མཐོང་མྱངས་མེད་པའི་མྱི་ཞིག་ཨེ་རེད། ཕོ་བྲང་དམར་པོ་དང་ཇོ་ཁང་སོགས་ཀྱི་ནང་དུ་སེང་གེ་དཀར་པོ་གཡུ་ཡི་རལ་པ་ཅན་དེ་དག་བཟོ་དུས་བོད་ཀྱི་རྒྱལ་བློན་ཚོས་ནང་དུ་སེང་གེ་མཐོང་མྱངས་བའི་མི་གཅིག་ཀྱང་མེད་པར་ཨེ་རེད། ཧཧཧ

    ཁྱོད་ཚོ་ལ་གངས་སེང་བྱུང་མྱངས་མེད་པའི་རྒྱུ་མཚན་ཡང་དག་ཞིག་བཤད་ཀྱི་མེད་ན་ཁ་བཙུམ་ནས་སྡོད་ན་མི་དགའ་འམ། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཡོད་ཚོད་ཐམས་ཅད་ལ་དགག་པ་རྒྱག་དགོས་པའི་རྒྱུ་མཚན་ཅང་ཨེ་ཡོད། རྩེ་ཕོ་བྲང་དང་ཇོ་ཁང་སོགས་ཀྱི་ནང་གི་སེང་གེ་དེ་དག་ཡང་གཡག་དང་བརྗེ་ཡི་ཡིན་ནམ། གཡག་རྩ་བ་ཆེ་མདོག་ཡོང་། རྒྱ་གར་བས་བ་གླང་མཆོད་པ་ལྟར་ཁྱོད་རང་ཚོས་གཡག་མཆོད།་་་ཧཧ

  32. ཨ་ར་དཀར་པོ says:
    2014-12-01 at 11:51 am

    གངས་སེང་ཟེར་བ་ཞིག་གར་ཡང་མེད་ཚུལ་དང་ལྷ་ཁང་སོགས་ཀྱི་སྒོ་འགྲམ་དང་ཟ་ཟུར་ལ་ཡོད་པའི་སྤུ་སིག་སིག་ཅན་དེ་རྒྱ་ཁྱི་ཨབ་བསོ་ཡིན་པར་བཤད་མཁན་དེ་མཁས་དབང་དགེ་ཆོས་རེད། དུས་རབས་བདུན་པ་ནས་བྱུང་ཡོད་པ་དེ་ཡང་རྒྱ་ནག་ནས་ལག་ཤེས་ཅན་མང་པོ་སྐད་བཏང་ནས་ར་མོ་ཆེ་གཙུག་ལག་ཁང་སོགས་བཞེངས་པ་རེད། དེ་དང་འབྲེལ་བ་ཡོད་རེད། མཆོད་རྟེན་དང་ལྷ་ཁང་སོགས་ཀྱི་འགྲམ་དུ་ཨབ་བསོ་དེ་འདྲ་བཟོ་བ་རྒྱ་ནག་གི་ལུགས་སྲོལ་ཞིག་ཀྱང་ཡིན་བཟོ་འདུག དེ་ཡིན་པ་རྒྱ་ནག་གི་དགོན་པ་སོགས་མཇལ་ན་ཤེས། དེ་མིན་གངས་སེང་འདི་འདྲ་བྱུང་མྱོང་པའི་ལོ་རྒྱུས་གང་ཡང་མེད་པས་སོ

  33. ཅོ་རི་ཉི་མ། says:
    2014-12-01 at 12:27 pm

    དགེ་ཆོས་ཀྱིས་གངས་སེང་མེད་པར་ཐག་བཅད་ནས་ག་པ་གསུངས་འདུག་གམ། གཅིག་སྟོན་རོགས་བྱོས་དང་། ཕོ་བྲང་དང་ལྷ་ཁང་མཆོད་ཁང་སོགས་ཀྱི་སྒོ་རྩ་ལ་སེང་གེ་བཟོས་པའི་ལུགས་སྲོལ་འདི་འཛམ་གླིང་ཡོངས་ལ་དར་ཡོད་པ་ལས་རྒྱ་ནག་གཅིག་པོའི་ཁྱད་ཆོས་ཤིག་ཅང་མ་རེད།

    ལྷག་པ་གངས་སེང་བོད་ཀྱི་ཐུན་མོང་མ་ཡིན་པའི་སེང་གེ་རེད། བོད་ཀྱི་རྒྱལ་བློན་ཚོ་སེང་གེ་མཐོང་མ་མྱོང་མཁན་དང་། ཕོ་བྲང་རྒྱག་མ་ཤེས་མཁན་ཞིག་ཅང་མ་རེད། རྒྱ་བལ་གཉིས་ཀྱི་ཁང་ལས་བྱེད་མཁན་འདྲ་ནི་གླས་ཡོད་ཀྱི་རེད། དེང་སང་ཡང་བོད་མི་ཚོས་ཁང་པ་རྒྱག་དུས་རྒྱ་མི་དེ་འདྲ་གླ་ཀྱི་རེད། མ་གཏོགས་ཆ་འགོད་བྱས་མཁན་བོད་མི་ཁོ་རང་ཚོས་བྱས་ཀྱི་རེད།

  34. ཞོལ་གཡག་འབྲོང་རྒྱུད། says:
    2014-12-01 at 3:53 pm

    གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་།།
    གེ་སར་རྒྱལ་པོ་རྒུད་དུ་མི་ཞུགས་མོད།།
    སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།།
    སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅི་མི་རུང་།། དགེ་ཆོས་མཁས་པས།

  35. ཞོལ་གཡག་འབྲོང་རྒྱུད། says:
    2014-12-01 at 3:58 pm

    གངས་ཀྱི་སེང་གེ་ཚད་མས་དམིགས་པ་དང་།།
    གེ་སར་རྒྱལ་པོ་རྒུད་དུ་ཞུགས་པ་སོགས།།
    དགེ་ཆོས་མཁས་པས་སྔོན་ནས་བཀགས་པ་དེར།།
    ཁྱོད་ཀྱིས་བརྟགས་དཔྱད་ཞིབ་མོར་བྱས་ལགས་སམ།།

  36. ཅོ་རི་ཉི་མ། says:
    2014-12-01 at 4:12 pm

    རེད་་་་་གངས་ཀྱི་སེང་གེ་གང་ནའང་མཐོང་གྱི་མི་འདུག་ཟེར་བ་རེད། མ་གཏོགས་གངས་ཀྱི་སེང་གེ་བྱུང་མྱངས་མི་འདུག་ཅེས་གསུངས་པ་མ་རེད། མི་སུ་ཡིན་ནའང་གངས་ཀྱི་སེང་གེ་མི་འདུག་ལབ་ཀྱི་རེད། འདུག་ལབ་ན་སྒོ་བཏགས་རེད་སེམས་ལ་དངོས་སུ་སྣང་བ་རེད་ལབ་ཀྱི་རེད།

    མི་ཞིག་གིས་བགྲད་ནེའི་སོབ་འདུག མཐོང་བྱུང་ལབ་ན་སྒོ་བཏགས་རེད་ཟེར་གྱི་རེད། བགྲད་ནེའི་སོབ་རྩ་མེད་ཕྱིན་ཟིན་པ་རེད། གངས་ཀྱི་སེང་གེ་མཐོང་ཡ་མེད་པ་རེད། དགེ་ཆོས་གསུངས་འདིས་གངས་སེང་བྱུང་མྱངས་མེད་པའི་ཁུངས་བསྐྱེལ་ཐུབ་ཐབས་མི་འདུག

  37. ཅོ་རི་ཉི་མ། says:
    2014-12-01 at 4:16 pm

    གངས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིས།
    གངས་སེང་གཡུ་རལ་ཅན་པོ་བཟོས་འདུག་པས།
    གངས་ཅན་བོད་ཀྱི་གངས་རི་དཀར་པོའི་ནང་།
    གངས་སེང་མ་བྱུང་ཟེར་བ་ཕོད་དམ་བུ།

  38. ཨ་ར་དཀར་པོ says:
    2014-12-01 at 8:40 pm

    གངས་སེང་ཡོད་མེད་དང་ཨབ་བསོ་ཡིན་མིན་དེ་ཚོ་བཞག་ཞོག ང་ཚོས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་རྒྱལ་དར་ལ་ལྟ། རྒྱལ་དར་སྟེང་སྲོག་ཆགས་ཀི་རི་མོ་འདི་འདྲ་བཀོད་པ་སུ་འདུག ར་ཤི་ཡའི་དར་ལ་ལྟ་ ཚོན་མདོག་གསུམ་གྱིས་གྲུབ་ཡོད། དེ་བཞིན་ཇར་མ་ནི་དང་ཧླ་རིན་སིའི་དར་ཡང་དེ་བཞིན་རེད། རྒྱ་གར་གྱི་དར་དེ་ལ་འཁོར་ལོ་ཞིག་ཡོད་པ་མ་གཏོགས་དེ་ཡང་ཚོན་མདོག་སྣ་གསུམ་གྱིས་གྲུབ་ཡོད། ཧ་ཅང་སྟབས་བདེ་བོ་རེད། ཨ་རིའི་དར་དེ་ལ་སྐར་མ་མང་པོ་ཞིག་དགོས་པ་མ་གཏོགས་དེ་ཡང་འབྲི་ན་ཧ་ཅང་སྟབས་བདེ་བོ་འདུག ད་ང་ཚོའི་རྒྱལ་དར་ལ་ལྟ གངས་སེང་དེ་ཚོ་ལྷ་རིས་པ་ཞིག་མིན་ན་ལས་སླ་བོར་འབྲི་མི་ཐུབ དར་ཆའི་སྟེང་སྲོག་ཆགས་ཅན་ང་ཚོ་བོད་དང་འབྲུག ཐེ་ལན་ནམ་གསལ་བོ་མི་དྲན་མོད་ཨེ་ཤ་ཡའི་རྒྱལ་ཁབ་རེ་ཟུང་ལས་མེད། རྒྱལ་ཁབ་ཀྱི་དར་ཆ་དེ་གྲ་རྒྱས་པོ་དང་རྫིག་པོ་བཟོ་ན་རྒྱལ་ཁབ་སུས་ཀྱང་བཟོ་མ་ཤེས་པ་དང་མ་ཐུབ་པ་ཡིན་མི་སྲིད། རྒྱལ་དར་ཟེར་བ་དེ་འདྲ་སྟངས་བདེ་རེ་བཟོས་པ་འདི་ལའང་ཏན་ཏན་རྒྱུ་མཚན་ཞིག་ཡོད་ངེས་རེད། ང་ཚོའི་དར་ཆའི་སྟེང་གི་སེང་གེ་དང་དེའི་ལག་གི་ཙ་རེ་ཙོར་རེ་དེ་ཚོ་མེད་ན་འབྲི་རྒྱུ་ཧ་ཅང་སྟབས་བདེ་རེད་ལ་མིག་ལ་མཛེས་པོ་ཞིག་ཀྱང་རེད།

  39. ལུང་རྟོགས། says:
    2014-12-01 at 11:48 pm

    མིག་ལ་མཛེས་དགོས་ན་བོད་ཀྱི་རྒྱལ་དར་ལས་མཛེས་པ་ཅིག་ཀྱང་མཐོང་མ་སོང་། ཨ་རིའི་སོགས་སྟོབས་ཆེན་རྒྱལ་ཁབ་ཚོས་དར་ཆ་མཛེས་པོ་མཐོང་བ་ནི་ཁོང་ཚོ་སྟོབས་ཆེ་སོང་བས་རྔ་མོང་མཐོ་ན་རིལ་མ་ཡང་མཐོ་དགོས་སྣང་གིས་རང་སེམས་འཁྲུལ་སོང་བ་རེད་མ་བཏོགས། དངོས་གནས་བྱས་ན་བོད་ཀྱི་རྒྱལ་དར་གྱི་མཛེས་སྡུག་གི་ཟུར་ཆ་ལ་ཡང་མི་སླེབས། གང་སེང་མཐོང་མྱོང་མཁན་མེད་པ་དེ་ཡང་བདེན་པ་མ་རེད། ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ནང་ལ་ལྟོས་དང་ཁོང་གིས་གང་སེང་མཐོང་མྱོང་བ་གསལ་པོ་བཀོད་འདུག

  40. བཙན་བྱོལ་བ་ says:
    2014-12-02 at 12:01 am

    ཅི་རི་ཉི་མས་རྟག་ཏུ་དམ་པ་དགེ་ཆོས་མཆོག་གིས་གསུངས་ཟེར་རྩ་ཆེན་པོ་བརྩི་འདུག་ཀྱང་། ད་ལྟ་དགེ་ཆོས་མཆོག་གིས། གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་རྒུད་དུ་མི་ཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅི་མི་རུང་། །ཞེས་གངས་སེང་དང་གླིང་གེ་སར་ཟེར་བ་ཚད་མས་མ་དམིགས་ཟེར་བ་མེད་པར་བཤད་པ་ལ་དྲང་དོན་དུ་འགྲེལ་དགོས་ཐུག་འདུག

  41. ཅོག་མྱི། says:
    2014-12-02 at 12:33 am

    རྒྱལ་གླུ་ཡིས་མི་རིགས་དེའི་མོས་འདུན་དང་ལྷག་བསམ་མཚོན་དགོས་པ་ཞིག་ཡིན་ཕྱིན་གངས་སེང་ཡོད་ཀྱང་རུང་མེད་ཀྱང་རུང་བོད་མི་རྣམས་ཀྱིས་དུས་ད་ལྟ་བར་དུ་ཆེ་བསྟོད་བྱས་བ་རེད། གངས་ཟེར་དོན་དྲི་མ་མེད་པ་དང་སེང་ནི་སྟོབས་ལྡན་ལ་གོ་ན་མི་རུང་བ་མེད། གང་ལྟར་བོང་བུ་ལས་གངས་སེང་མཛེས། མཚོན་ཆ་དང་ཐོ་བ་ལས་ནོར་བུ་མེ་བར་མཛེས། ཁྲག་གི་མདོག་ལས་དཀར་པོ་མཛེས། མཛེས་བའི་ཁྱད་ཆོས་བཤད་ནས་མི་ཚར་ཀི རྒྱལ་གླུ་ལ་བཟོ་བཅོས་རྒྱག་རན་རེད།

  42. བདེན་པའི་ཕོ་ཉ་ says:
    2014-12-02 at 12:58 am

    ཁྱོད་འཚོ་སེང་གེ་ཡོད་མེད་དངརྒྱལ་དར་རི་མོ་རྒྱལ་གླུ་སོགས་ལ་བརྩོད་པ་རྒྱབ་པ་ཁ་སྟོང་རང་རེད་ ང་འཚོོོས་སྐར་ལྔའི་རྒྱལ་དར་དང་སྐར་ལྔི་རྒྱལ་དར་འོག་གི་རྒྱལ་གླུ་བཏང་གི་ཡིན་ཟེར་བརྩོད་གི་ཡོད་པ་

  43. རྟ་དབྱངས། says:
    2014-12-02 at 1:03 am

    རྒྱལ་ཁབ་གཞན་གྱི་རྒྱལ་གླུ་དཔེར་ན་ཁ་ན་ཊའི་རྒྱལ་གླུ་འདྲ་ཞིག་ཡིན་ན། གོ་བདེ་བོ་དང་ཐུང་ཐུང་ཙིག་མ་གཏོགས་མེད་ཀི

    O Canada! Our home and native land!
    True patriot love in all thy sons command.
    With glowing hearts we see thee rise,
    The True North strong and free!
    From far and wide, O Canada,
    We stand on guard for thee.
    God keep our land glorious and free!
    O Canada, we stand on guard for thee.
    O Canada, we stand on guard for thee.

    ཚིག་རྐང་མཐའ་མ་གཉིས་ཀ་བསྐྱར་བསྡུས་བྱས་འདུག སྡོམ་པའི་ཚིག་རྐང་བརྒྱད་མ་གཏོགས་མི་འདུག ནམ་མཁའ་ལགས། ཁྱོས་ར་བོད་ཀྱི་རྒྱལ་གླུ་སྟབས་བདེ་ཐུང་ཐུང་ཞིག་བཟོ་རོགས།

  44. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 1:03 am

    བོད་དར་གསར་པ་བཅོས་ན།
    དཀར་པོ།
    སྔོན་པོ།
    དམར་པོ།
    སེར་པོ།
    ལྟ་བུ་དགོས་པ་ལས། གངས་སེང་ཚབ་ལ། གཡག་དགོས་ཟེར་བ་ནི། དེ་ཡང་མིག་རྒྱང་ཐུང་དྲགས་པ་རེད།

  45. ཇུས་ཏོག says:
    2014-12-02 at 1:18 am

    བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་
    འཆར་གྱི་སྙིང་དོན་ནང་།བོད་མིའི་གཞི་རྩའི་དགོས་མཁོ་་།རང་སྲིད་རང་་སྨྱོང་
    བྱེད་རྒྱུའི་གནད་དོན་ཁག་།1 སྐད་ཡིག་ 2 ལེགས་བྱང་ 3 ཆོས་ལུགས་་
    4 ཤེས་ཡོན་ 5 ཁོར་ཡུག་སྲུང་སྐྱོབ་ 6 རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་
    ཕྱོགས་་ 7 དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ་ 8 མང་ཚོགས་ཀྱི་འཕྲོད་
    བསྟེན་་ ་9 མང་ཚོགས་ཀྱི་བདེ་འཇགས་ 10 ཕྱོགས་མི་དོ་དམ་བྱེད་ཐབས་
    ཀྷི་སྲོལ་ཡིག་ 11 རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་་དང་་་སློབ་གསོ་
    ཚན་རིག་་ ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ་ལས་རྒྱལ་དར་དང་
    རྒྱལ་ུ་ག་པ་གསལ་འདུག་བཤོད་དང་དྲ་འབུ་འཐོམ་ཁྱེར་ཚོ་།
    སེང་གེ་ཡོད་ན་འབྲུག་ཀྱང་ཡོད་ལ་རི་བོང་་ར་ཡང་ཡོད་དོ་།

  46. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 1:23 am

    ད་རྒྱ་ནག་གི་རྒྱལ་གླུ་ཅིག་བཀོད་དང་། ཅིག་གིས།

  47. ཇུས་ཏོག says:
    2014-12-02 at 1:40 am

    རྒྱལ་གླུ་དང་རྒྱལ་དར་གྱི་མ་འགྲིག་ནས་བོད་ཤོར་བ་རེད་པས་་།རང་གི་མ་འཇོན་
    གཞན་ལ་གཡོགས་།ཆབ་སྲིད་རིག་པའི་གོ་རྟོོགས་མ་ཐུབ་མཁན་།འཋོམ་ཞ་གྱོན་
    པའི་དྲ་གྲོགས་ཚོ་།ཧ་ཧ་

  48. ཅོག་མྱི། says:
    2014-12-02 at 1:44 am

    རྒྱ་ནག་གི་རྒྱལ་གླུ་༡

    ཡར་ལོངས།
    བྲན་གཡོག་བྱེད་མི་འདོད་པའི་མི་མང་།
    ང་ཚོའི་སྙིང་ཁྲག་ང་ཚོའི་ལྕགས་རི་གསར་བ་ཞིག་ཏུ་བསྒྱུར།
    ཀྲུང་ཧྭ་མི་མི་རིགས་ཆེས་ཛ་དྲག་གི་ཉེན་སར་སླེབས།
    མི་རེ་རེ་ངོས་ནས་གཞན་དབང་གིས་འོ་དོད་བོས།
    མདུན་བསྐྱོད། མདུན་བསྐྱོད།
    ང་ཚོ་རྡོག་རྩ་གཅིག་བསྒྲིལ་གྱིས།
    དགྲ་བོའི་སྒྱོགས་མདའི་འོག་ནས་ང་ཚོ་མདུན་ཏུ་བསྐྱོད།
    མདུན་བསྐྱོད།

    མཆན།
    སྤོབས་པ་མཐའ་ཡས་ཀྱིས་མཛད་པའི་རྒྱལ་གླུ་དེ་རྒྱ་ནག་གི་ཟོལ་དང་འདྲ་བོ་འདུག

  49. རང་བྱུང་རིག་པའི་རྡོ་རྗེ says:
    2014-12-02 at 2:24 am

    འདི་ནི་དབྱིན་ཡིག་ཐོག་ང་ཚོའི་རྒྱལ་ཁབ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་རེད། ང་ཚོ་ཚང་མས་བློ་ལ་ངེས་པར་གྱིས་རོགས། རྒྱལ་གླུ་གསར་པ་ཞིག་དགོས་རྒྱུ་མ་རེད།།
    Arise, ye who refuse to be slaves;
    With our very flesh and blood
    Let us build our new Great Wall!
    The peoples of China are in the most critical time,
    Everybody must roar his defiance.
    Arise! Arise! Arise!
    Millions of hearts with one mind,
    Brave the enemy’s gunfire,
    March on! Brave the enemy’s gunfire,
    March on! March on! March on, on!

  50. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 2:47 am

    Arise, ye who refuse to be slaves;
    With our very flesh and blood
    Let us build our new Great Wall!
    The peoples of China are in the most critical time,
    Everybody must roar his defiance.
    Arise! Arise! Arise!
    Millions of hearts with one mind,
    Brave the enemy’s gunfire,
    March on! Brave the enemy’s gunfire,
    March on! March on! March on, on!
    འདི།Arise, ye who refuse to be ཆེསགཁArise, ye who refuse to be
    Arise, ye who refuse to be weak,
    With our very flesh and blood
    Let us build our new Great strenght,
    The peoples of Tungoa are in the most progress time,
    Everybody must roar his defiance.
    Arise! Arise! Arise!
    Millions of hearts with one goal,
    Brave the enemy’s resistance,
    March on! Brave the enemy’s critics,
    Go on! Go on! Go on, on!
    ཧ་ཧ། སྐུ་རྩེད་ཞུས་པ་ཡིན།
    Arise, ye who refuse to be ཆེའགསརགགགབགབགབགབབགབག྅ལགཁྒ

  51. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 2:50 am

    འདི།Arise, ye who refuse to be ཆེསགཁArise, ye who refuse to beརྒྱ་ནག་གསར་པ།
    Arise, ye who refuse to be weak,
    With our very flesh and blood
    Let us build our new Great strenght,
    The peoples of Tungoa are in the most progress time,
    Everybody must roar his defiance.
    Arise! Arise! Arise!
    Millions of hearts with one goal,
    Brave the enemy’s resistance,
    March on! Brave the enemy’s critics,
    Go on! Go on! Go on, on!
    ཧ་ཧ། སྐུ་རྩེད་ཞུས་པ་ཡིན།
    Arise, ye who refuse to be ཆེའགསརགགགབགབགབགབབགབག྅ལགཁྒའདི།Arise, ye who refuse to be ཆེསགཁArise, ye

  52. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 2:51 am

    རྒྱ་ནག་གི་རྒྱལ་གླུ་གསར་པ།
    Arise, ye who refuse to be weak,
    With our very flesh and blood
    Let us build our new Great strenght,
    The peoples of Tungoa are in the most progress time,
    Everybody must roar his defiance.
    Arise! Arise! Arise!
    Millions of hearts with one goal,
    Brave the enemy’s resistance,
    March on! Brave the enemy’s critics,
    Go on! Go on! Go on, on!

  53. རིན་ཆེན says:
    2014-12-02 at 3:52 am

    ཕར་བལྟས་ཚོད་ཀྱིས་རྒྱལ་གླུ་ལ་འགྱུར་བ་གཏོང་ཡོད་པ་འདྲ་བས་ཚང་མས་རྒྱལ་གླུ་རེ་ཕྲིས་དང་།དེ་ལ་ཡང་བགྲོ་གླེང་བྱེད་ཡ།

  54. ཅོ་རི་ཉི་མ། says:
    2014-12-02 at 5:09 am

    དྲ་གྲོགས་རྣམས་པ་ཚོ།
    གངས་སེང་དཀར་མོ་གཡུ་ཡི་རལ་བ་ཅན་འདི་ལ་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་དར་གྱི་ངོས་སུ་བཀོད་པ་འདི་ཡག་པོ་འདུག་བསམས་ཀྱི་ཡོད། བོད་ཀྱི་གཙུག་ལག་ཁང་དང་ཕོ་བྲང་སོགས་ཀྱི་ནང་དུ་ཡང་གངས་སེང་དཀར་པོ་གཡུ་རལ་ཅན་འདི་བཟོས་འདུག་པས་གངས་སེང་བྱུང་མ་མྱངས་ཟེར་ཕོད་ས་མ་རེད།

    རྒྱུ་མཚན་ལ་བསམས་ནའང་་་གངས་ཁོ་ནའི་ནང་དུ་བསྡད་མཁན་དོམ་དང་ཝ་མོ། རི་བོང་སོགས་དཀར་པོ་དཀར་རྐྱང་རེད་འདུག་པས། གངས་ལ་སེང་གེ་བྱུང་ཡོད་ན་དཀར་པོ་ཞིག་ནི་ཡིན་པར་ཐག་གི་བཅད་ཐུབ། རྒྱུ་མཚན་འདི་དག་ལ་བསམས་དུས་གངས་སེང་བྱུང་མྱངས་ཡོད་ས་རེད་བསམས་ཀྱི་ཡོད།

    བོད་ཀྱི་རྒྱལ་དར་གྱི་ནང་དུ་ཉི་མ་བཀོད་ཡོད་པ་འདི་ཡང་ལོ་རྒྱུས་དང་འབྲེལ་བ་འདུག ལྷ་སའི་རྡོ་རིང་གི་ངོས་སུ་གནའ་གན་བཞག་པའི་དམ་ཚིག་ལ་བལྟས་ན་ཉི་ཟླ་སྐར་དཔུང་དུ་བཙུགས་ནས་གནའ་བཞག་འདུག་པས་བོད་བཙན་པོའི་རྒྱལ་ཁབ་ཀྱིས་ཉི་མ་ལ་དད་པ་བྱས་མྱངས་ཡོད་པར་གསལ་པོ་རེད།

    ཕྱོགས་གང་ལ་བསམས་ཀྱང་རྒྱལ་དར་གངས་སེང་ཁ་སྤྲོད་འདི་ལ་བསྒྱུར་བཅོས་མ་བྱེད་ན་ཡག་བ་མཐོང་གི་ཡོད། བོད་མི་རིགས་ལ་སྐབས་བབ་ཀྱི་གནད་དོན་གལ་ཆེན་ཤོས་ལོ་རྒྱུས་ཡུན་རིང་ཁུངས་གཏུགས་ཐུབ་ཀྱི་ཡོད་པ་ཞིག་དགོས་ཀྱི་གལ་ཆེན་རེད་འདོད།

    ང་ཅོ་རི་རྙིང་ཞེན་ཆེ་སོང་བ་ཡིན་ནའང་འདྲ། བོད་ཞེན་ཆེ་སོང་བའི་ཡིན་ནའང་ཆོག ངས་བོད་བཙན་པོའི་རྒྱལ་བློན་ཚོས་བཟོས་པའི་ལོ་རྒྱུས་ཀྱི་དངོས་པོ་དག་ལ་གུས་བཀུར་བྱེད་ཀྱི་ཡོད། ང་ཚོ་ལ་གངས་སེང་མང་བའི་གཙུག་ལག་ཁང་དང་ཕོ་བྲང་། རྡོ་རིང། ཏུན་ཧོང་གི་ཡིག་རྙིང་དེ་དག་མ་གཏོགས་ལོ་རྒྱུས་ཡོད་པའི་དངོས་པོ་ཅང་ལྷག་མེད། དངོས་པོ་འདི་དག་གིས་བོད་མི་རིགས་ཀྱི་ལོ་རྒྱུས་མཚོན་ཐུབ། རང་བཙན་བསྟན་ཐུབ། བོད་རྒྱལ་ཁབ་གསལ་བཤད་བྱེད་ཐུབ། བོད་མི་རིགས་ཀྱི་དར་རྒུད་བཤད་ཐུབ། ཐུགས་རྗེ་གཟིགས།

  55. འཇམ་གཅེས། says:
    2014-12-02 at 5:28 am

    ཧ་ཧ་ཧ་་་གལ་སྲིད་རྒྱལ་དར་དང་རྒྱལ་གླུ་ལ་བཟོ་བཅོས་དགོས་ཚེ་ཆོས་རིག་གནས་ཀུན་ལ་བྱང་ཆུབ་པའི་མཁས་དབང་དུ་མ་གདན་འཛོམས་པའི་སྒོ་ནས་བགྲོ་གླེང་དང་། ཞིབ་འཇུག་གམད་ལ་ཁེལ་བ་ཞིག་གམང་བའི་རྒྱུད་རིམ་ལས་གཏན་འབེབས་དགོས་པ་ལས། སྤྱི་ཚོགས་དྲྭ་འབུ་ཚོས་གསར་གཏོད་ཨེ་་་་་་ཧི་ཧི་ཧི་་་གད་མོ་རྐུབ་ནས་ཤོར་ཡོང་གི་་་་་

  56. འཇམ་གཅེས། says:
    2014-12-02 at 5:29 am

    ཆོས་སྲིད་རིག་གནས་ཀུན་ལ་བྱང་ཆུབ་པ་དགོས་་་་བཅོས་་

  57. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 5:36 am

    བློ་མཐུན་ཅོ་རི་ལགས།
    དགེ་ཆོས་ཀྱིས་གངས་སེང་དཀར་མོ་མངོན་སུམ་ཚད་མས་མ་དམིགས་པ་རྒྱུ་མཚན་དུ་བྱས་ནས་དགག་བྱ་མཛད་པ་ལས། བོད་བཙན་པོས་བཟོ་བརྐོས་དང་རི་མོའི་བྲིས་རྒྱུན་ཙམ་གྱི་གངས་སེང་དཀར་མོ་བོད་བཙན་པོའི་རྒྱལ་ཁབ་ཀྱི་མཚོན་དོན་ཡིན་རབས་ཀྱིས་ཡོད་རབས་ཞིག་གསུངས་མེད་པ་རེད། དེ་བཞིན་སྐུ་ཉིད་ཀྱིས་གདོད་མའི་སྲོག་ཆགས་ཌན་ནེའེ་སོབ་དཔེར་དྲངས་པ་ནི་མི་ཐད་དེ། གདོད་མའི་སྲོག་ཆགས་ཌན་ནེའེ་སོབ་ཞེས་པ་ཞིག་གོ་ལ་འདིའི་སྟེང་བྱུང་མྱོང་བ་ཞིག་ཚན་རིག་པ་ཚོས་ལོ་མང་ཞིབ་འཇུག་བྱས་ནས་རུས་པ་གསར་དུ་བརྙེད་པའི་གྲུབ་དོན་དེ་རེད། གལ་ཏེ་གངས་སེང་དཀར་མོའི་རུས་པ་སོགས་ཀྱི་ཆ་ཤས་ཡན་ལག་ཞིག་མ་བརྙེད་བར་དུ་མངོན་དུམ་གྱི་བྱུང་ཡོད་པ་ཞིག་ལ་ངོས་འཛིན་མི་ཐུབ།
    དེས་ན་བཟོ་བརྐོས་དང་རི་མོའི་བྲིས་རྒྱུན་ཙམ་གྱི་གངས་སེང་དཀར་མོ་དེ་ཡང་བོད་རང་གི་ཡིན་མིན་དྭོགས་གཞི་ཅན་ཞིག་རེད། དཔེར་ན་རྒྱ་ནག་གི་རྒྱལ་ཁང་སོགས་ཀྱི་སྒོ་ཆེན་གཡས་གཡོན་ལ་རྡོ་བརྐོས་ཀྱི་སེང་གེ་འཇོག་པའི་ལམ་ལུགས་ཞིག་ཡོད་པ་རེད། དེ་གཡུ་རལ་ཡོད་མེད་ཀྱི་ཁྱད་པར་ཙམ་ལས་བོད་ཀྱི་གངས་སེང་འདྲ་པོ་འདུག། དེ་དེ་བཞིན་རྒྱ་ནག་པ་ཚོས་དུས་ཆེན་སོགས་སུ་སྲོལ་རྒྱུན་གྱི་སེང་གེ་འཁྲབ་པའི་ལམ་ལུགས་ཞིག་ཡོད་པ་རེད། སེང་གེ་དེ་མཚོན་མདོག་གི་ཁྱད་པར་ཙམ་ལས་བོད་ཀྱི་གངས་སེང་འདྲ་སེའེ་ཡོད་པ་རེད། དེས་ན་བོད་ཀྱི་སྲོལ་རྒྱུན་རི་མོའི་བྲིས་རྒྱུན་དང་དགོན་སྡེ་ཁག་གི་བཟོ་དབྱིབས་སོགས་ལ་རྒྱའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ཤུགས་རྐྱེན་དེ་ཆེད་ཐོག་མར་ཐེབས་བཅུགས་མཁན་བོད་ཀྱི་བཙན་པོ་སྲོང་བཙན་སྐུ་ངོ་མ་རེད། བྱས་ཙང་འདིིའི་གནད་དོན་འདིའི་ཐད་དཔྱད་པ་བྱེད་རྒྱུ་གལ་ཆེན་པོ་རེད།

  58. རུ་ཤུལ་བུ་ says:
    2014-12-02 at 5:50 am

    སེང་གེ་དཀར་མོ་བོད་པའི་རྟགས་མཚན་མ་རེད་ཟེར་ནི་ཚོས་རྒྱབས་དགེ་ཆོས་ལས་གཞན་སུ་ཡོད། ཨ་ཤུ་རེ་གོ་ཨ་ཁུ་ཡི་དམ་ཚེ་རིང་ཡོད་རྒྱུ་ན་དེ་ལ་སྒྲུབ་བྱེད་ཡག་ཐག་ཆོད་ཅིག་ཡོད་ཁོ་ཐག་རེད། ཡིན་ན་ཡང་ཁོ་ཡང་འགྲོ་ཚར་རེད།
    ད་ནི་འུ་ཚང་གི་འཁོར་བདག་ཇོ་ཇོ་ཞི་ཆེན་ཕེན་རེད་ཁོས་ཅི་བཤད་ལ་ཉན་རྒྱུ་ལས་གཞན་མེད། དེ་མིན་ངོ་ཚོས་གང་བྱུང་གི་ཅིག་བརྩམ་བཞག་ན་ཁོ་དགོད་ཤོར་ནས་ཉན་རོགས་བྱེད་ཀི་མ་རེད།

  59. ཅོ་རི་ཉི་མ། says:
    2014-12-02 at 6:18 am

    http://www.youtube.com/watch?v=Pw1oMrylP80

    གངས་སེང་རེད་ཅེས་བྲིས་འདུག སེང་གེ་དཀར་པོ་ལ་གངས་སེང་རེད་ཟེར་གྱི་འདུག

  60. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 7:50 am

    དཔེ་དེ་དེ་བཞིན་སྲོག་ཆགས་འབྲུག་ཞེས་པ་ཞིག་མངོན་སུམ་དུ་བྱུང་མིན་ཇི་ལྟར་ཡང་ཤར་ནུབ་གང་སར་བཟོ་བརྐོས་དང་རི་མོའི་བྲིས་རྒྱུན་འདྲ་མིན་སྣ་ཚོགས་འདུག་ལ་རྟོགས་སྒྲུང་ཡང་མང་པོ་འདུག། དེ་ལྟ་བས་ན་བོད་ཀྱི་རྒྱལ་དར་སྟེང་འབྲི་གཡག་འབྲི་དགོས་པའི་རྩོམ་པ་པོས་དགོངས་ཚུལ་དེ་ཐད་དེས་འབྲི་གཡག་ནི་བོད་མཐོ་སྒང་ཐོག་འཚོ་སྡོད་བྱེད་པའི་བོད་ཀྱི་གདོད་མའི་སྲོག་ཆག་ཞིག་རེད་ལ། ལོ་ངོ་སྟོང་ཕྲག་རིང་གདོང་དམར་བོད་མི་རིགས་དང་མཉམ་དུ་འཚོ་སྡོད་བྱེད་པ་མ་ཟད་འཚོ་གོས་ཀྱི་མཐུན་རྐྱེན་ཡོད་ན་མེད་ན་གཅིག་རེད། ཡང་འགའ་རེས་འབྲི་གཡག་སོག་པོ་དང་བལ་པོ་རཱ་ཤི་ཡ་སོགས་ལ་ཡོད་རབས་ཀྱི་རྒྱུ་མཚན་དུ་དྲངས་བ་ནི་རྒྱུ་མཚན་ལྟར་སྣང་ཙམ་ལས་ཡང་དག་གཅིག་མ་རེད། འོ་ན་ཨ་རི་དང་ནུབ་ཕྱོགས་འགའ་རེར་བོད་ཀྱི་གདོད་མའི་སྲོག་ཆགས་འབྲི་གཡག་དབོར་འདྲེན་གྱིས་འབྲོག་པ་ཡང་མི་ཉུང་བ་ཞིག་འདུག། བྱས་ན་འབྲི་གཡག་དེ་ཚོ་ཨ་རི་དང་ནུབ་ཕྱོགས་ཀྱི་སྲོག་ཆགས་སུ་འགྱུར་བར་ཐལ་ཏེས། ཨ་རི་དང་ནུབ་ཕྱོགས་ན་ཡོད་པས་ཕྱིར། བྱས་ཙང་བོད་དང་ས་འབྲེལ་སོག་བལ་སོགས་ལ་ཡོད་པ་ནི་བརྗོད་མི་དགོས་ཏེས་བོད་ཀྱི་གདོད་མའི་སྲོག་ཆགས་འབྲི་གཡག་གི་གྲངས་འབོར་ཚད་མཐོ་ལ། བོད་ཆོལ་ཁ་གསུམ་ལ་ཁྱབ་པ་ཙམ་མ་ཟད་བོད་དང་ས་འབྲེལ་སོག་བལ་རྒྱ་གར་ལ་དྭགས་སོགས་ལ་ཡང་ཁྱབ་ཡོད་པ་རེད། འོན་ཀྱང་ཁོ་ཚོས་བོད་ཀྱི་གདོད་མའི་སྲོག་ཆགས་གཡག་ཞེས་པའི་ཐ་སྙད་འདི་ལས་གཞན་བེད་སྤྱོད་མི་བྱེད་པ་དེ་རྟོགས་ཐུབ། དེ་དེ་བཞིན་ཨ་རི་དང་ནུབ་ཕྱོགས་སོགས་སུ་དབོར་འདྲེན་བྱས་པའི་འབྲི་གཡག་དེ་ཚོར་གཡག་ཞེས་པའི་ཐ་སྙད་འདི་ལས་བཏགས་མི་ཤེས་ལ། བོད་ནས་བྱུང་རབས་ཀྱི་འགྲེལ་བཤད་སྣ་དགུ་བརྒྱག་རྒྱུ་ལས་ལྷག་མེད་པ་འདིས་གསལ་སྟོན་བྱས་པ་རེད།
    དཔེར་ན་དེ་སྔོན་ངས་སྨྱུག་མིང་ལ་གསེར་འབྲུག་སྡེར་ལྔ་ཞེས་བྲིས་པ་ཡིན། འོན་ཀྱང་བཟོ་བརྐོས་དང་རི་མོའི་བྲིས་རྒྱུན་ཙམ་གྱི་སྲོག་ཆགས་འབྲུག་དེ་རྒྱ་ནག་གི་སྲོལ་རྒྱུན་དར་སྲོལ་ཆེ་བ་རྒྱུ་མཚན་དུ་དྲངས་ནས་དྲ་གྲོགས་འགའ་རྣམ་རྟོགས་ལངས་པ་རེད་ལ། ངའི་སྨྱུག་མིང་བརྗེ་བསྒྱུར་དགོས་པའི་དགོངས་ཚུལ་དེ་ངས་དང་ལེན་བྱས་པ་ཡིན། དེ་ལྟ་བས་ན་ངས་སྨྱུག་མིང་ལ་མཐོ་སྒང་གི་བོད་བཙན་པོའི་མི་རིགས་ཀྱི་འཚོ་གོས་ཀྱི་དགོས་མཁོ་དང་ཁ་བྲལ་མྱོང་མེད་ལ། རྒྱ་མཚོའི་ངོས་ལས་རྨིས་བཞི་སྟོང་ལྔ་སྟོང་བརྒལ་བའི་སྟེང་དུ་འཚོ་སྡོད་བྱེད་ཐུབ་པའི་བོད་ཀྱི་གདོད་མའི་སྲོག་ཆགས་གཟུགས་སྟོབས་ཆེ་ལ་གཟི་བརྗིད་ལྡན་པའི་འབྲོང་གཡག་གི་མིང་དེ་བཏགས་པ་ཡིན། འདི་ལ་རྒྱུ་མཚན་ཡོད་དེ། སྙིང་སྟོབས་དགུ་འགྱུར་བོད་བཙན་པོའི་སྙིང་སྟོབས་ཀྱི་བག་ཆགས་རྨངས་ནས་སད་ལ། ལ་རྒྱ་དང་རྒྱལ་ཞེན་གྱི་མེ་དཔུང་སེམས་འབར། བཙན་པོའི་ཁྲག་རྒྱུན་དྲོན་མོ་བཞུར་བའི་དགོས་པ་རྒྱུ་མཚན་ལྡན་ཡོད།

  61. རིན་ཆེན says:
    2014-12-02 at 8:48 am

    ཨ་རོགས་ཚོ་སེང་རལ་ཅན་དེ་ཡོད་མེད་བརྩད་ནས་རྒྱུ་མཚན་ཆེར་མ་མཐོང་བས།དེ་ལས་རྒྱལ་གླུ་བརྗེ་བོ་རྒྱག་འདོད་མེད་དང་རྒྱལ་གླུ་ལ་ག་འདྲ་ཞིག་དགོས་མིན་སོགས་ལ་བགྲོ་གླེང་གནང་ན་ལེགས།ཡང་ན་ད་རུང་ཡང་རྒྱལ་གླུ་འཕྲིན་བཅོལ་འདྲ་བོ་འདི་དེ་མུར་བཞག་ན་ཅི་འདྲ་རེད།

  62. ཚ་ཕྲུག་རྒྱལ། says:
    2014-12-02 at 1:38 pm

    དྲ་གྲོགས་ཚོ། བོད་ལ་རྒྱལ་ཁབ་མེད་པར་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་རྩོད་ན་ཅི་བྱེད། བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ཞིག་དགོས་ཀྱི་འདུག་ན་དང་ཐོག་བོད་རྒྱལ་ཁབ་ཞིག་རྩོད་ལེན་གནང་། དེ་ནས་རྒྱལ་དར་དང་རྒྱལ་གླུ་ཇི་དགོས་གླེང་རྒྱུ་རེད། རང་གིས་མཐོང་བ་ཙམ་གྱིས་སྤྱིར་མི་དམིགས་པ་འདོད་ན་འཕྲུལ་བ་མང་། འདམ་སེང་ཡོད་ལ་གངས་སེང་མེད་པས་རྒྱུ་མཚན་མེད། གངས་སེང་ངམ་སེང་གེ་དཀར་མོ་ཞིག་དྲ་ཐག་འདིའི་ནང་ནས་མཐོང་རྒྱུ་འདུག། https://www.youtube.com/watch?v=PDY2OAjZgio

  63. སྟོབས་ལྡན་རྒྱ says:
    2014-12-02 at 2:40 pm

    རྩོམ་པ་པོ་མཆོག་གིས་གངས་སང་ཡོད་མེད་ཚིག་ཐག་མི་ཆོད་པ་མ་ཚད་རྒྱལ་ཁབ་གཞན་གྱི་རྒྱལ་གླུ་ག་འདྲ་ཅིག་ཡོད་མེད་མི་ཤེས་བས་རང་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་དགག་པ་བརྒྱག་རྒྱུ་བཞག

  64. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 2:59 pm

    འདམ་སེང་དཀར་པོ་དེ་གངས་སེང་ཡིན་ན་གངས་རི་ཡོད་སར་མི་རྒྱུ་བར་ཨཧྥ་རི་ཀའི་ཚ་བའི་ལུང་པར་རྒྱུ་དོན་ཅི་ཡིན་ནམ། ཧ་ཧ།
    འོ་རེད་གནས་དུས་བསྐལ་པའི་འགྱུར་བས་བོད་མི་རིགས་རྒྱ་དང་མགོ་སེར་ལ་འགྱུར། གངས་སེང་དཀར་མོ་ཨཧྥ་རི་ཀའི་འདམ་སེང་འགྱུར། ད་ཡིན་ན་ལྟད་མོ་ཇེ་ཆེ་རེད། ཧ་ཧ།

  65. ཚ་ཕྲུག་རྒྱལ། says:
    2014-12-02 at 3:32 pm

    འདམ་སེང་དཀར་མོ་ཧཧཧཧཧཧཧཧཧཧཧ། འདམ་གྱི་ཚོན་མདོག་གི་སེང་གེ་ལ་འདམ་སེང་ཟེར་ནི་རེད། གངས་སེང་གངས་ལ་རྒྱུ་དགོས་ན་འདམ་སེང་འདམ་ལ་མི་རྒྱུ་བ་འདམ་མེད་ནམ་མཐའ་ལ་རྒྱུ་བ་མཚར། སེང་གེ་དཀར་མོའམ་གངས་སེང་ཨ་ཧྥི་རི་ཀར་ཡོད་མི་ཆོག་རྒྱུ་ཅི་ཡིན་ནམ། གངས་སེང་ཡིན་ན་བོད་ལ་མ་གཏོག་ཡོད་མི་ཆོག་རྒྱུ་ཡིན་ནམ།

  66. ཚ་ཕྲུག་རྒྱལ། says:
    2014-12-02 at 3:46 pm

    དྲ་ཐག་འདི་ན་སེང་དཀར་ལ་མི་ཚོས་འདི་ལ་གངས་སེང་དཀར་མོ་ཞེས་བྲིས་འདུག།
    https://www.youtube.com/watch?v=MI-Tp53auLw

  67. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 3:56 pm

    གངས་ཀྱི་སེང་གེ་གངས་སྟེང་མི་བརྒྱུ་བར་ཨཧྥ་རི་ཀའི་འདམ་ནང་བརྒྱུ་བ་དེས་སེང་གེའེ་གཡུ་རལ་ཚ་བའི་འདམ་རྫབ་ཀྱིས་རུལ་བ་དེ་མཚར། ཧ་ཧ། གངས་སེང་དཀར་མོ་བོད་མཐོ་གངས་རིའི་འདབས་སུ་འཚོ་གནས་བྱེད་རབས་རྟོགས་བཏགས་ཀྱིས་གཡུ་རལ་ངོམས་རབས་དེ་ད་བྱེད་དུས་ཨཧྥ་རི་ཀའི་འདམ་རྫབ་ཏུ་གནས་པའི་འདམ་སེང་ལ་འགྱུར་བ་འདི་ཡ་མཚན་དངོས་བྱུང་མ་རེད་པས། ཧ་ཧ།

  68. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 4:02 pm

    བྱས་ན་སྟག་དཀར་པོ་དེ་འགྲེལ་བཤད་ཇི་ལྟར་བརྒྱག་གམ། མིང་ཇི་ལྟར་འདོགས་དགོས་སམ། ནགས་ཀྱི་སྟག་མོ་ཁྲ་རིས་དེ་གངས་ཀྱི་སྟགས་མོ་ཁྲ་རིས་མ་ཟེར་དགོས་པ་ཨེ་རེད། བདེ་མོ་ཟིག་མ་རེད།

  69. ཀརྡོ་གཉེར་ཕྱག་པ་ says:
    2014-12-02 at 4:09 pm

    ༧གངས་ཅན་བོད་ཀྱི་རྒྱལ་གླུ་གངས་སེང་གི་སྒྲ་དབྱངས་ཞེས་བྱ་བ།

    གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་མཛེས།།
    གངས་སེང་དཀར་མོའི་གཡུ་རལ་དགུང་དང་མཉམ།།
    གངས་ཅན་ཕོ་མོའི་བསམ་པའི་དོན་ཀུན་འགྲུབ།།
    ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུང་།
    ཤེས་བྱའི་བཅུ་ཕྲག་རིག་པའི་རྣམ་དཔྱོད་བཀྲ།།
    དཔལ་ཡོན་འདོད་དགུའི་ལོངས་སྤྱོད་ཀུན་ནས་ཤིས།།
    རྟེན་འབྲེལ་རྟགས་བརྒྱད་འཛོམས་པའི་བདེ་ལེགས་ངང་།།
    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་རྒྱལ།།
    བྱམས་བརྩེ་དྲང་བདེན་གངས་ཅན་བོད་མེས་གཤིས།།
    འཛམ་གླིང་ཞི་བདེར་ཀུན་ཕན་རྒྱལ་མཚན་བསྒྲིངས།།
    གོ་ལའི་ཡངས་པར་བསིལ་འཇམ་འོད་སྣང་འཕྲོས།།
    བོད་ཁམས་སྡེའི་བཞིར་རྒྱས་པའི་ལྷ་རྒྱལ་ལོ།།
    གངས་ཅན་པ་ནམ་མཁའ་སོགས་ཀྱིས་བགྲོ་གླེང་གི་རྐྱེན་ལས་གང་དྲན་དུ་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་ནས་སྤྲིངས་པས་གངས་ཅན་བསྟན་སྲིད་ལ་ཕན་བདེས་རྒྱུ་རུ་གྱུར་ཅིག་གུ།། །། སརྦ་མངྒ་ལྃ།།

  70. ཅོ་རི་ཉི་མ། says:
    2014-12-02 at 4:10 pm

    བློ་མཐུན་ལགས། ཨ་ཧྥི་རི་ཀའི་གངས་རི་ཞིག་སྤྱན་འབུལ་ཞུ་ཆོག་པར་བྱོས། རྗེས་སུ་དུས་ཚོད་བྱུང་ན་ཨ་ཧྥི་རི་ཀ་ལ་སྤྲོ་འཁྱམ་ཕེབས་རོགས།

    http://www.youtube.com/watch?v=38IDgTKxENg

  71. རང་བྱུང་རིག་པའི་རྡོ་རྗེ says:
    2014-12-02 at 4:35 pm

    སེམས་མེད་བེམ་པོ་དང་འདྲ་བོ་ཁྱོད་ཚོས་བཤད་སྟངས་ལ་སེམས་པ་སྐྱོ་ཡི་འདུག གངས་སེང་དང་གཡུ་འབྲུག་སྔོན་མོ་ཟེར་བ་ཞིག་ཁྱོད་ཚོའི་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་མ་གྱུར་ན་མེད་པས་ག་ལ་ཁྱབ། ཁྱོད་ཚོས་སྟོན་པ་བཅོམས་ལྡན་འདས་མིག་གིས་མཇལ་ཨེ་མྱོང་། མ་མྱོང་ན་སྟོན་པ་བཅོམས་ལྡན་འདས་བྱོན་པ་ཁས་མི་ལེན་ནམ། ད་ཁྱོད་ཚོའི་གྲོད་པ་རྒྱགས་ན་མི་བཤད་དགུ་བཤད་བྱེད་ཀྱིན་འདུག །

  72. ཚ་ཕྲུག་རྒྱལ། says:
    2014-12-02 at 5:02 pm

    གངས་སེང་དཀར་མོ་བོད་ཀྱི་ས་མཐོའི་སྟེང་དུ་བྱུང་རབས་དང་ཡོད་རབས་བཤད་པ་ལས་སེང་གེ་དཀར་མོ་བོད་མཐོ་སྒང་ལས་གཞན་པའི་སར་མེད་པར་སུས་ཀྱང་མ་གསུངས། བོད་ལ་བྱུང་ཡོད་ན་དེང་སྐབས་རང་ལ་ཡོད་མི་དགོས་ལ། སེང་གེ་དཀར་མོ་བོད་ཀྱི་ས་ཐོག་ཏུ་བྱུང་མྱོང་མེད་པ་ལོ་རྒྱུན་སྨྲ་བ་སུའི་ཀྱང་བཤད་མྱོང་མེད། གངས་སྟག་དཀར་མོའམ་སྟག་དཀར་པོ་གངས་ལ་གནས་མི་དགོས་པ་བཞིན་དུ་སེང་གེ་དཀར་མོ་ཡངཅིའི་ཕྱིར་མི་འཚུངས། དེས་ཁྱེད་ལ་རྣམ་རྟོག་འགའ་སེལ་བ་ངེས། འདམ་གྱི་ཁ་དོགས་དང་འདྲ་བའི་སེང་གེར། འདམ་སེང་ཞེས་བརྗོད་ཆོག་ན། གངས་ཀྱི་ཁ་དོག་དང་འདྲ་བའི་སེང་གེ་ལ་གངས་སེང་ཞེས་ཅིའི་བརྗོད་མི་ཆོག།

  73. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 5:15 pm

    འོ་ལགས་སོ་བློ་མཐུན་ལགས། གངས་རི་བལྟ་བར་ཨཧྥ་རི་ཀ་ལ་འགྲོ་རྩིས་མེད། ང་གཉིས་གནས་ཡུལ་སུད་སིའི་གངས་རི་ལས་ལྷག་ཅིག་ཡོད་རྒྱུ་མ་རེད། གང་མགྱོགས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་དང་ཕྱི་ལུགས་ལོ་གསར་ལ་གངས་ཤུར་རམ་Ski གཏོང་ལ་འགྲོ་རྩིས་ཡོད། གལ་ཏེ་ཨཧྥ་རི་ཀར་ལྗོངས་རྒྱུ་འགྲོ་འདོད་འདྲ་སྐྱེས་ན་ངེས་པར་དུ་གངས་སེང་འདམ་སེང་གྱུར་པའི་གངས་མ་འདམ་གྱི་སེང་གེ་དེ་བལྟ་འདོད་ཡོད། ཧེ་ཧེ།

  74. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 5:17 pm

    འོ་ན་གཡུ་རལ་ག་པར་ཕྱིན་པ་རེད།

  75. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 5:19 pm

    འོ་ན་དགེ་འདུ་་ཆོས་འཕེལ་ལོ་རྒྱུས་སྨྲ་བ་མིན་པ་ཨེ་རེད།

  76. བསྟན་འཛིན། says:
    2014-12-02 at 5:31 pm

    དགེ་ཆོས་ཀྱིས་གངས་སེང་མ་མཐོང་བཤད་པ་ལས་བྱུང་མྱོང་མེད་པ་བཤད་ཡོད་རྒྱུ་མ་རེད། མ་གཞི་ནས་དགེ་ཆོས་ཀྱི་བཤད་ཚོད་བདེན་རྒྱུ་ལས་མེད་པ་ཡིན་རྒྱུ་མ་རེད། ཁོང་ཡང་འགྲོ་བ་མི་རེད། མི་ལ་འཕྲུལ་བ་མེད་པ་སུ་ཡང་མེད།

  77. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 5:46 pm

    འོ་ན་ཁ་དོག་ལ་བལྟས་ཏེས་གངས་འདམ་གྱི་སེང་གེ་ཞེས་བཏགས་ཡོད་ན་གཡག་དཀར་ནག་གཉིས་གངས་གཡག་དང་ནགས་གཡག་འདོགས་དགོས་པ་ཐལ་ཏེས་ཁ་དོག་དཀར་ནག་གི་དབྱེ་གཞི་ཡོད་པས་ཕྱིར། དེ་དེ་བཞིན་དོམ་དཀར་པོ་ལ་གངས་དོམ་མི་འབོད་པར་ཁྱག་དོམ་ཟེར་དགོས་པའི་རྒྱུ་མཚན་ཨེ་ཤེས།
    གཞི་རྩའི་མིང་ལ་བཏགས་མིང་དངོས་མིང་གཉིས་ལས་བཏགས་མིང་ལ་འདོད་རྒྱལ་རྗེས་སྒྲུབ་གཉིས། རྗེས་སྒྲུབ་ལ་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་གཉིས་ལས་ཕྱི་མ་དེ་རེད། དེས་ན་གངས་སེང་དཀར་མོ་ཁ་དོག་ལ་སྦྱར་ནས་བཏགས་ཡོད་ན་ཁ་དོག་དཀར་པོ་ཟུར་དུ་བརྗོད་དགོས་པའི་རྒྱུ་མཚན་མེད་ལ། ཡིན་ཅིག་གངས་ལ་སྦྱར་དགོས་པའི་རྒྱུ་མཚན་མེད་དེས་དར་དཀར་པོའི་དར་སེང་དང་རྩམ་པ་དཀར་པོའི་རྩམ་སེང་སོགས་ཀྱང་ཡོད་ཆོག་པ་རེད།

  78. ཞོལ་གཡག་འབྲོང་རྒྱུད། says:
    2014-12-02 at 6:03 pm

    གངས་སེང་དཀར་མོ་མཐོང་མཁན་སུ་ཡང་མེད་ཙང་དགེ་ཆོས་ཀྱིས་མངོན་སུམ་ཚད་མས་མ་དམིགས་པ་དེ་རྒྱུ་མཚན་དུ་དྲངས་ནས་སྒྲོ་བཏགས་རེད་ཞེས་དགག་བྱ་མཛད་ཡོད་པ་རེད། གངས་སེང་དཀར་མོ་སྲོག་ཆགས་མངོན་སུམ་ཚད་མས་གཞལ་བྱ་ཞིག་ཡིན་དགོས་པ་རེད། མངོན་སུམ་ཚད་མས་གཞལ་བྱའི་སྲོག་ཆགས་དེ་མངོན་སུམ་གྱི་མ་དམིགས་ན་ལྐོགས་གྱུར་གྱི་འགྲེལ་བཤད་བརྒྱག་རྒྱུ་ཞིག་ཅང་ལྷག་ཡོད་པ་མ་རེད། ཡང་ཅིག་མིན་ན་གངས་སེང་མཐོང་མྱོང་མཁན་མི་ཉུང་བ་ཞིག་དགོས་པ་རེད་ལ་གངས་སེང་གི་གཟུགས་པོའི་ཆ་ཤས་ཞིག་ད་སྒྲུབ་བྱེད་དུ་དགོས་ངེས་རེད།

  79. BONPO says:
    2014-12-02 at 6:10 pm

    སེང་་་ཞེས་པ་དེ་གནའ་བོའི་རྒྱ་གར་བའི་མིང་ཚིག་ཅིག་ཡིན་ཆོག་ན། གེ་ཞེས་པ་དེ་ནི་གནའ་བོའི་ཞང་ཞུང་གི་མིང་ཚིག་ཅིག་ཡིན་ཆོག་པ་ཡིན། གང་ལྟར་རྒྱ་ཞང་འདྲེས་མའི་མིང་ཚིག་འདི་གངས་རིའི་ལྗོངས་ལ་ཡོངས་གྲགས་སུ་ཅིའི་ཕྱིར་གྱུར་བ་ཡིན་ནམ་སྙམ། ཞང་བོད་གཉིས་རིག་གཞུང་གཅིག་འདྲའི་ངོ་བོར་གནས་པ་ཡིན་དུས། སེང་གེ་ཞེས་པའི་མིང་ཚིག་འདི་ཡང་བོད་བརྡའི་མིང་ཅན་དུ་གྱུར་བ་ཡིན་པ་རེད། སེང་གེ་ཞེས་པའི་སེམས་ཅན་ཞིག་གངས་རིའི་ཁྲོད་ན་ཡོད་མེད་དེང་སྐབས་ཐེ་ཚོམ་དུ་གྱུར་བ་ཡིན་ན་ལས། ཡུལ་གྲུ་གཞན་པར་ནི་དངོས་སུ་འཚོ་བའི་སྲོག་ཆགས་ཅིག་ཡིན་པ་རེད། དེ་འདྲ་ཡིན་དུས་བོད་པའི་སྤྱི་ཚོགས་ནང་དུ་གངས་སེང་ཞེས་པའི་གནའ་གཏམ་སྙན་མོ་འདི་སྔ་རབས་ཤིག་ནས་ཡོངས་སུ་གྲགས་པར་གྱུར་ནའང། བོད་པས་དེའི་བྱད་གཟུགས་ག་འདྲ་ཡོད་མེད་མ་ཤེས་དུས་རྒྱ་རྒན་ཚང་གི་བཟོས་ཟིན་པའི་སེང་གེའི་བྱད་གཟུགས་དེ་ལ་མ་དཔེ་བླངས་བ་ཞིག་ཡིན་སྲིད་པ་རེད། ། དགོངས་ཚུལ་གང་ཡོད་དམ། །

  80. རང་བྱུང་རིག་པའི་རྡོ་རྗེ says:
    2014-12-02 at 6:29 pm

    བོན་པོ་ཟེར་བ་དང་བན་དེ་ཟེར་བ་གཉིས་མི་གཅིག་ཡིན་པ་འདྲ། ཁོས་ག་དུས་ཡིན་ན་བོན་གྱི་སྐོར་ཞིག་གླེང་གི་རེད། །

  81. BONPO says:
    2014-12-02 at 6:37 pm

    རང་བྱུང་རིག་པའི་རྡོ་རྗེ་ལགས།
    ངས་བོན་གྱི་སྐོར་གང་གླེང་འདུག་གམ།

  82. གནམ says:
    2014-12-02 at 7:06 pm

    གཡུ་ཞེས་བ་འདི་ནི་བོན་པོའི་ཆ་ཆེ་བའི་མིང་ཞིག་ཡིན་པ་དང་། འདིས་སྟོབས་དང་བཙན་དང་གོ་ས་མཐོ་ས་སོགས་མཚོན་པར་བྱེད།
    རལ་བ་བ་ནི་གོང་བཙན་པོ་ནས་འོག་རྟ་ཁྱིད་བར་བོད་ཁམས་ཡོངས་ལ་བཞག་ཡོད་པའི་ཡུལ་ཆས་ཞིག་རེད། ཡིན་ན་ཡང་། ཚང་མའི་དེ་གཡུ་རལ་ཡིན་མིན་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་བཞིན་དུ། གངས་སེང་གཡུ་རལ་ཅན་པོའི་མིང་ཡང་དེ་བཞིན་དུ་བཏགས་ཡོད་རྒྱུ་རེད།
    རལ་བ་གཡུ་རལ་ཡིན་མིན་ལ་དོགས་ངལ་ཡོད་ན་འདི་ཡིས་འཐུས་བ་བྱོས།

    སྤྱིར་འགྲོ་བ་རིགས་དྲུག་པོར་སོ་སོའི་གནས་སའི་ཡུལ་ཁམས་ཀྱི་འབྱུང་བཞི་ལ་བབ་པའི་ཁྱད་ཆས་དང་རྣམ་པས་ཡོངས་སུ་ཕྱུག་པའི་རྩལ་དང་ཁ་མདོག་ཡོད་པ་ཡིན་པ་རེད། ཡང་ཅིག་བཤད་ན། སོ་སོའི་བདེ་འཇགས་ཀྱི་ཆེད་དུ། སོ་སོའི་རང་མདོག་ནི་སོ་སོའི་འཁོར་ཡུག་གི་ཁ་མདོག་དང་འདྲ་བས། གཤེན་མ་ལ་བཀབ་ཡིབ་དང་འཇབ་རྒོལ་བྱེད་ཐུབ་པའི་རང་བྱུང་གི་བཀོད་པ་ཡོད། གངས་སེང་ཡང་དེ་བཞིན་རེད།
    ཁ་མདོག་དཀར་པོ་ཡིན་མིན་ལ་དོགས་ངལ་ཡོད་ན་འདི་ཡིས་འཐུས་བ་བྱོས།

    ཡོད་མེད་ནི་རྩོད་མ་དགོས་བ་ཞིག་རེད། མཚན་རིག་པ་མ་ཐོན་པའི་སྔ་རོ་ལ། རི་བོ་ཧི་མ་ལའི་གངས་ནང་ན་ཆི་སོ་ཡོད་ནས་ཆི་སོ་མེད་ཀི་ན།

    ཁ་བརྡ་ཚང་གི་བྱ་ཡེས་ཚོ། མཐོང་ཐོས་ཀྱི་སྒོ་གཉིས་ཆེན་པོ་ཕྱེ་དང་། ཤེས་བྱ་གློག་རྡུལ་ནས་མངོན་དུས་འདིར། ཡོད་ཚད་སྦྱང་དུས་ཞིག་ལས་ཤེས་མདོག་གི་བཤད་འདོད་སྐྱེས་ཚད་ཅིག་མ་རེད་ཡ། གནམ་གྱིས་སྲུང་རྒྱུ་ཚོ། ཨེ་གོ།

  83. ཚ་ཕྲུག་རྒྱལ། says:
    2014-12-02 at 7:27 pm

    ཞོལ་གཡག་ལགས།
    ༡ ༼འོ་ན་ཁ་དོག་ལ་བལྟས་ཏེས་གངས་འདམ་གྱི་སེང་གེ་ཞེས་བཏགས་ཡོད་ན་གཡག་དཀར་ནག་གཉིས་གངས་གཡག་དང་ནགས་གཡག་འདོགས་དགོས་པ་ཐལ་ཏེས་ཁ་དོག་དཀར་ནག་གི་དབྱེ་གཞི་ཡོད་པས་ཕྱིར། དེ་དེ་བཞིན་དོམ་དཀར་པོ་ལ་གངས་དོམ་མི་འབོད་པར་ཁྱག་དོམ་ཟེར་དགོས་པའི་རྒྱུ་མཚན་ཨེ་ཤེས།༽ གཡག་དང་དོམ་སོགས་ལ་དེ་ལྟར་ཐལ་བ་མི་འགྱུར་ཏེ་དེར་ཁྱབ་པ་ཡོད་པར་བཤད་མེད་པའི་ཕྱིར།

    ༢ ༼གཞི་རྩའི་མིང་ལ་བཏགས་མིང་དངོས་མིང་གཉིས་ལས་བཏགས་མིང་ལ་འདོད་རྒྱལ་རྗེས་སྒྲུབ་གཉིས། རྗེས་སྒྲུབ་ལ་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་གཉིས་ལས་ཕྱི་མ་དེ་རེད།༽ ཕྱི་མ་འབྲེལ་བ་རྒྱུ་མཚན་བྱས་པ་དེ་མ་རེད། དང་པོ་འདྲ་བ་རྒྱུ་མཚན་བྱས་པ་དེ་རེད།

    ༣ ༼དེས་ན་གངས་སེང་དཀར་མོ་ཁ་དོག་ལ་སྦྱར་ནས་བཏགས་ཡོད་ན་ཁ་དོག་དཀར་པོ་ཟུར་དུ་བརྗོད་དགོས་པའི་རྒྱུ་མཚན་མེད་ལ། ཡིན་ཅིག་གངས་ལ་སྦྱར་དགོས་པའི་རྒྱུ་མཚན་མེད་དེས་དར་དཀར་པོའི་དར་སེང་དང་རྩམ་པ་དཀར་པོའི་རྩམ་སེང་སོགས་ཀྱང་ཡོད་ཆོག་པ་རེད།༽ གངས་ནི་དབྱིབས་ཀྱི་གཟུགས་ཡིན་པ་ལས། ཁ་དོག་གི་གཟུགས་མིན་པ་དང་། གངས་སེང་དཀར་མོ་ཞེས་པ་ནི་ཁ་དོག་གི་ཁྱད་པར་བྱས་ནས་མིང་དུ་བཏགས་པ་ཡིན་པའི་ཕྱིར།

    ༤ ༼དར་དཀར་པོའི་དར་སེང་དང་རྩམ་པ་དཀར་པོའི་རྩམ་སེང་སོགས་ཀྱང་ཡོད་ཆོག་པ་རེད།༽ ཞེས་པ་འདིའི་བརྗོད་དོན་གང་ཡིན་ནམ། དེར་འགྲེལ་བ་ཞིག་མེད་ན་ལན་གསལ་འབུལ་ཐུབ་པ་མི་འདུག།

    ༥ ༼གངས་སེང་དཀར་མོ་མཐོང་མཁན་སུ་ཡང་མེད་ཙང་དགེ་ཆོས་ཀྱིས་མངོན་སུམ་ཚད་མས་མ་དམིགས་པ་དེ་རྒྱུ་མཚན་དུ་དྲངས་ནས་སྒྲོ་བཏགས་རེད་ཞེས་དགག་བྱ་མཛད་ཡོད་པ་རེད། གངས་སེང་དཀར་མོ་སྲོག་ཆགས་མངོན་སུམ་ཚད་མས་གཞལ་བྱ་ཞིག་ཡིན་དགོས་པ་རེད། མངོན་སུམ་ཚད་མས་གཞལ་བྱའི་སྲོག་ཆགས་དེ་མངོན་སུམ་གྱི་མ་དམིགས་ན་ལྐོགས་གྱུར་གྱི་འགྲེལ་བཤད་བརྒྱག་རྒྱུ་ཞིག་ཅང་ལྷག་ཡོད་པ་མ་རེད།༽ ཞེས་པར། གངས་སེང་དཀར་མོ་མངོན་སུམ་གྱིས་གྲུབ་པར་གོང་དུ་དྲ་ཐག་ཐོག་ནས་མཐོང་རྒྱུ་འདུག་པས་དགེ་ཆོས་ཀྱིས་གངས་སེང་མངོན་སུམ་ཚད་མས་མ་དམིགས་གསུངས་པ་དེ་རྫུན་དུ་སོང་བའམ་ཁོང་རང་ཉིད་ཀྱིས་མ་མཐོང་བ་ཙམ་གྱིས་གསུངས་པ་རེད།

    ༦ ༼ཡང་ཅིག་མིན་ན་གངས་སེང་མཐོང་མྱོང་མཁན་མི་ཉུང་བ་ཞིག་དགོས་པ་རེད་ལ་གངས་སེང་གི་གཟུགས་པོའི་ཆ་ཤས་ཞིག་ད་སྒྲུབ་བྱེད་དུ་དགོས་ངེས་རེད།༽ འདིའི་ལན་ཡང་གོང་ཞུས་དེས་ཆོག་པ་ཞུ་རྒྱུ་བཅས་ཡིན།

  84. ཨ་ར་དཀར་པོ says:
    2014-12-03 at 2:21 am

    དགེ་ཆོས་ཀྱིས་གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང་་་་ཞེས་པའི་གངས་སེང་དེ་ང་ཚོའི་རྒྱལ་དར་དང་བཞུགས་ཁྲི་སོགས་ཀྱི་ངོས་དང་ལྷ་ཁང་མཆོད་རྟེན་སོགས་ཀྱི་རྩ་རུ་བཞེངས་པའི་གཡུ་ཡི་རལ་བ་ཅན་ནམ་རྒྱ་ཁྱི་ཨབ་བསོ་ལྟ་བུ་དེར་བཤད་པ་སྐབས་དེའི་སྐབས་བབས་ཀྱི་བརྗོད་གཞི་ལས་གསར་བོར་ཤེས་ནུས། ང་ཚོའི་ངག་རྒྱུན་དུའང་ སེང་དཀར་མོས་ནངས་ཇ་མ་འཐུང་གོང་། འབྲུག་ཕོ་ཁྱུང་དགུང་ནས་གྲགས་མི་ཕོད་ སོགས་ཟེར་སྲོལ་ཡོོད་པའི་སེང་གེ་དེར་དམིགས་པ་རེད། དེ་མིན་པར་ཕྱི་གླིང་སོགས་སུ་ཡོད་པའི་སེང་གེ་དཀར་པོ་དེ་འདྲ་བ་ཞིག་སྤྱིར་ཡོད་མེད་གང་ཡང་བཤད་ཀྱི་མེད་པས་ཚིག་ཁ་འཁྱོག་ལ་མ་བསྒྱུར་རོགས།

  85. ཞོལ་གཡག་འབྲོང་རྒྱུད། says:
    2014-12-03 at 4:05 am

    ཨ་ར་དཀར་པོས་གསུངས་པར་བདེན། ངས་བཤད་བྱ་ཡང་འདི་རེད། གནས་ལུགས་ལས་གཡོལ་བའི་སྤྲོས་པ་འདིས་མགོ་ཡང་ན་འཇུག་གིས། ཧ་ཧ།

  86. ཞོལ་གཡག་འབྲོང་རྒྱུད། says:
    2014-12-03 at 5:07 am

    འོ་དེས་ན། ཚ་ཕྲུག་རྒྱལ་ལགས།
    ༡༽ ཁྱེད་ཀྱིས་གངས་སེང་དཀར་མོ་ཁ་དོག་དབང་གིས་གངས་འདམ་གྱི་མིང་བཏགས་ཚུལ་འདོད་པ་དེས་ངས་གཡག་དང་དོམ་སོགས་ཀྱང་ཁ་དོག་འདྲ་མིན་ཡོད་པར་བརྟེན་ཁ་དོག་དབང་གིས་མིང་འདོགས་དགོས་པ་ཐལ་ཏེ། སྲོག་ཆགས་གཅིག་པ་ཡིན་ལ་གངས་སེང་འདམ་སེང་ཁ་དོག་གིས་མིང་བཏགས་པས་ཕྱིར། ཞེས་གངས་འདམ་གྱི་སེང་གེ་ཁ་དོག་ལ་བརྟེན་ནས་མིང་བཏགས་པ་ཞིག་མ་ཡིན་པ་བསྒྲུབ་ཀྱིན་པ་དེ་རེད།
    ༢༽ གངས་སེང་དཀར་མོ་འདྲ་བ་རྒྱུ་མཚན་དུ་བྱས་ཏེས་བཏགས་པ་མ་ཡིན་ཏེ། གངས་སེང་ལ་གཡུ་རལ་སྔོན་པོ་ཡོད་པས་གངས་ཀྱི་ཁ་དོག་དང་མི་མཚུངས་པས་ཕྱིར། ལར་ནས་འདྲ་བ་རྒྱུ་མཚན་དུ་བྱས་ནས་མིང་ཞིག་འདོགས་དགོས་ན་དཔེར་ན། བྲམ་ཟེ་ཁ་ཆེ་སྣ་ཉག་ལ་སེང་གདོང་ཞེས་བཏགས་པ་ལྟ་བུ་ལས་ཁ་དོག་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དཀོན་ཚོད་རེད། མི་ཞིག་ལ་ཟླ་བ་ཞེས་བཏགས་ཡོད་ན་དཀར་ཞིང་གསལ་ལ་ཟླུམ་པོའི་དབྱིབས་དང་ཁ་དོག་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་མ་ཡིན་པར་འདོད་རྒྱལ་གྱི་དབང་གི་བཏགས་པ་ཞིག་རེད། ཁྱི་ལ་སེང་ཕྲུག་ཟེར་བ་ལྟ་བུ། བོད་ཀྱི་འབྲོག་ཁྱི་ལ་བཤད་སྲོལ་ལ་གླིང་གི་ཁྱི་བཞི་ཞེས། ལྟག་དཀར་དོམ་ཕྲུག་དང་། དོམ་ནག་སྙིང་དཀར་ལྟ་བུ་སྲོག་ཆགས་གཞན་དང་འདྲ་བ་རྒྱུ་མཚན་དུ་བཏགས་ལ། སེར་པོ་སྦྲ་ནག། རྒྱ་བོ་མིག་བཞི་ལྟ་བུ་ཁ་དོག་གི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་རེད། འོན་ཀྱང་སྲོག་ཆགས་སོགས་ལ་བེམ་དངོས་ཀྱི་ཁ་དོག་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་དཀོན།
    དེས་ན་གངས་སེང་དཀར་མོ་འབྲེལ་བ་རྒྱུ་མཚན་དུ་བྱས་ཏེས་བཏགས་པ་ཞིག་ཡིན་ཏེ། དཔེར་ན་ཆུ་གནས་པའི་བྱ་ལ་ཆུ་བྱ་ལྟ་བུ། གནམ་ལ་འགྲོ་བའི་གྲུ་ལ་གནམ་གྲུ། མཚོ་ལ་གནས་པའི་གླང་ལ་མཚོ་གླང་། ཆུ་ལ་གནས་པའི་ཕག་ལ་ཆུ་ཕག་ལྟ་བུ། དེ་བཞིན་སློབ་གྲྭ། བཟོ་གྲྭ་ལྟ་བུའོ། དེ་ལྟ་བས་ན་གངས་ལ་གནས་པའི་སེང་གེ་ལ་གངས་སེང་ཞེས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་སྒྲུབ་བྱེད་མང་ལ་མཐོ་སྒང་གི་གངས་ལྗོངས་སུ་གནས་པ་ཁྱད་གཞི་ལྡན་པ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ཚོད་རེད། དེས་ན་གཡུ་རལ་རྒྱས་པའི་སྲོག་ཆག་གངས་སེང་དཀར་མོ་དེ་མངོན་སུམ་ཚད་མས་མ་དམིགས་ཙང་ད་ཆ་ཨཧྥ་རི་ཀའི་འདམ་སེང་ལ་འགྱུར་བ་དེས་བོད་བཙན་པོའི་རྒྱལ་ཁབ་དང་བཙན་པོའི་གདུང་རྒྱུད་གདོང་དམར་མི་རིགས་ཀྱི་མཚོན་རྟགས་ཁྱད་གཞི་ཅན་ཞིག་མེད་ཙང་རྩོམ་པ་པོས་བོད་ཀྱི་རྒྱལ་དར་སྟེང་འཁོད་པ་དེ་ལན་པོ་མི་འདུག་གསུངས་པ་དེར་བདེན་རྒྱབ་ཏུ་རང་བཞིན་གྱི་ཆགས་པ་རེད།
    ༥༽ ་གོང་གི་དྲ་ཐག་ནང་གི་འདམ་སེང་དཀར་པོ་དེ་བོད་ཀྱི་གཡུ་རལ་ཅན་གྱི་གངས་སེང་དེ་མ་རེད། འདི་ནི་གཡག་དཀར་ནག་དང་དོམ་དཀར་ནག་སྟག་དཀར་པོ་སོགས་ལྟ་བུ་འདམ་སེང་དཀར་པོ་ཞིག་རེད། བྱས་ཙང་ང་ཚོ་བོད་མི་རིགས་ལ་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་དགེ་འདུན་ཆོས་འཕེལ་ལྟ་བུའི་རྣམ་དཔྱོད་དང་ཉམས་ཞིབ་པ་ཧ་ལམ་བྱུང་མེད་པ་རེད། སྐབས་དེ་དུས་མཚན་རྩལ་གྱི་དུས་རབས་མགོ་ཚུགས་ནས་གང་ཙམ་ཕྱིན་ཟིན་པ་རེད། ཁོང་གི་རིག་པ་བདེན་པ་ལ་སློབ་སྦྱོང་གནང་ཡོད་པ་རེད་ལ་བོད་ཀྱི་ཆོས་རིག་ལ་ནི་མཁས་པའི་ཁྱུ་མཆོག་རེད། གལ་ཏེ་ཁོང་གི་གསུངས་རྫུན་དུ་བསྒྲུབ་པར་རྣམ་དཔྱོད་དང་ཉམས་ཞིབ་ཀྱི་ཤེས་རྒྱ་བལྟ་རྒྱ་མཐོང་རྒྱ་སོགས་ཕྱོགས་གང་སྤྱིར་ཁོང་ལས་ལྷག་ཅིག་མེད་ན་ཡང་ཁོང་དང་དོ་མཉམ་པ་ཞིག་མེད་ན་བསྒྲུབ་བྱེད་བརྙེད་ཐབས་མེད།

  87. བྱི་ལ། says:
    2014-12-03 at 11:51 am

    བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་ལ་འགྱུར་བ་ཏང་དང་མི་བཏང་ནི། མཚོན་དོན་དང་བསྟན་དོན་གྱིས་འགྲིག་དང་མ་འགྲིག་ལ་ཐུག་པ་མ་རེད། དགའ་ལྡན་ཕོ་བྲང་བསྐྱར་གསོ་དང་བློས་བཏང་ག་རེ་བྱེད་ལ་ཐུག་ཡོད་དོ།

  88. ཀརྡོ་གཉེར་ཕྱག་པ་ says:
    2014-12-03 at 3:08 pm

    མི་མང་ལངས་གླུ
    https://www.facebook.com/video.php?v=783463505045665&set=vb.746356842089665&type=2&theater

  89. Kyighatsang Tenzin says:
    2020-05-24 at 6:29 pm

    བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme