Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།

Posted on 2014-08-022014-08-02 By ཁ་བརྡ་ 11 Comments on བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།

དྲ་འདྲེ།

མི་ལོ་བརྒྱ་ཕྲག་མང་པོ་རིང་གི་ལོ་རྒྱུས་ཀྱི་སྐས་རིམ་བརྒྱུད་དེ་བོད་པའི་སེམས་ཁམས་ལ་རྐང་ཚུགས་པ་དང་རང་རྐྱ་འཕེར་བ་ཞིག་གྲུབ་ཡོད་པའི་ཕུལ་བྱུང་རྒྱན་ཆའི་རིག་གནས་ཀྱི་རིན་ཐང་། མི་རིགས་ཀྱི་མཛེས་ཆོས་ལྟ་བ། ཡུལ་གོམས་གཤིས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ལ་དྲང་བདེན་གྱིས་ལྟ་བའི་མིག་ཟུང་ལྡོངས་ཤིང་གཞན་ལྟ་མཆོག་འཛིན་གྱི་བསམ་བློ་ཡན་གར་བ་རེ་ཁྱེར་ཏེ། དེང་རབས་ཅན་དུ་འབོད་པའི་གཅེར་གཟུགས་མཛེས་ཆོས་ཀྱི་གད་སྙིགས་རིག་གནས་རིན་ཐང་སྒུམ་པའི་གཡམ་རྒྱུག་པ་ཁ་ཅིག་གིས། གང་དྲན་བྱུང་རྒྱལ་དུ་སྨྲ་བའི་གཏམ་ལ་རྒྱུ་མཚན་སྣ་གཅིག་མ་མཐོང་།

ཉིན་ཤས་སྔོན་བདག་གིས་བྲིས་པའི་བོད་ཀྱི་སྲོལ་རྒྱུན་རྒྱན་ཆའི་རིག་གནས་འདོར་མི་རུང་བའི་རྩོམ་ཡིག་སྐོར་ལ་བསམ་ཚུལ་མི་མཐུན་པ་བརྗོད་མཁན་མང་པོ་ཞིག་བྱུང་ཞིང་། མདོར་བསྡུས་ནས་བཤད་ན། ད་ལྟ་བོད་རིགས་རྣམས་ཀྱི་ལུས་ལ་འདོགས་པའི་རྒྱན་ཆ་མང་དྲག་པའི་སྐྱོན་དང་། གསེར་དངུལ་གཟུ་བྱུར་གྱི་རྒྱན་ཆའི་རིན་གོང་དེ་ཤེས་ཡོན་སློབ་གསོའི་ཕྱོགས་སུ་བཀོལ་དགོས་པའི་བསམ་ཚུལ་རྣམས་ཡིན། ད་དུང་ཁ་ཅིག་གིས་རྒྱན་ཆ་འདོགས་སྲོལ་འདི་རིག་གཞུང་མིན་པའི་སྒྲུབ་བྱེད་དུ་གླང་གོག་རྭ་དེ་གླང་གོག་གི་རིག་གཞུང་ཡིན་དགོས་ཟེར་བ་ལྟ་བུའི་གྲྭ་སའི་རིགས་འགྲོས་ལམ་ནས་དཔེ་མཚོན་བཀོད་པའང་མཐོང་།

དང་པོ། སྤྱིར་སྲོལ་རྒྱུན་ཞེས་པ་ནི་མི་རིགས་ཤིག་གི་ལོ་རྒྱུས་ཀྱིས་བསྐྲུན་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཞིག་ཡིན་ཕྱིར། འདི་ལ་མང་ཉུང་དང་ཆེ་ཆུང་། ཡང་ལྕི། དཀར་ནག་སོགས་ཀྱི་ཁྱད་པ་མེད་པར་མི་རིགས་དེའི་མཛེས་ཆོས་ཀྱི་དགའ་ཕྱོགས་དང་བསྟུན་ནས་དར་བ་ཞིག་ཡིན། བོད་མི་དག་གི་ལུས་ལ་འདོགས་པའི་རྒྱན་ཆ་མང་དྲག་པའི་སྐྱོན་དུ་བཤད་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཆོས་ལྟ་བའི་སེམས་ཁམས་ལ་རྒྱུན་ལོན་མེད་པའམ། ཡང་ན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བའི་ཁྱད་ཆོས་དང་དེའི་དགེ་མཚན་མ་ཤེས་པས་ཡིན་གྱི། བོད་པའི་དམངས་ཁྲོད་ཀྱི་མཛེས་ཆོས་ལྟ་བ་ལ་རྒྱུས་མངའ་ཡོད་མཁན་ཞིག་གི་སྐད་ཆ་མ་ཡིན། དེ་ཡང་གསེར་དངུལ་གཟུ་བྱུར་གྱི་རྒྱན་ཆ་མང་པོ་དང་ཆེན་པོ། ཉུང་ངུ་དང་ཆུང་ཆུང་འདོགས་པ་ནི་སྤྱི་ཚོགས་དང་མི་སྒེར་དེའི་དཔལ་འབྱོར་གྱི་གནས་བབ་དང་། ཁོར་ཡུག་གི་འགྱུར་ལྡོག་སོགས་ལ་གཞིགས་ཏེ་ཐག་ཆོད་པ་ལས། མཐའ་གཅིག་ཏུ་མང་ཉུང་དང་ཡང་ལྕི། ཁ་དོག་སོགས་ཀྱི་གཏན་འབེབས་ཡོད་པའི་སྲོལ་རྒྱུན་རིག་གནས་ཤིག་འཛམ་བུ་གླིང་འདིའི་སྟེང་གི་མི་རིགས་དཀར་ནག་སུ་ལའང་ཨེ་ཡོད་ན།

གཉིས། མི་རིགས་སུ་ཞིག་ལ་མཚོན་ནའང་ཤེས་ཡོན་དང་སློབ་གསོ་ནི་ཅི་ལས་ཀྱང་གལ་ཆེ་ཞིང་དེའི་ཆེད་དུ་འགྲོ་གྲོན་ག་ཚོད་དགོས་ཀྱང་ནར་གཏོང་བྱེད་དགོས་པ་ནི་རྒྱུ་མཚན་ཡང་དག་གི་གཏམ་ཞིག་རེད། ཡིན་ནའང་སྣ་བཅད་དེ་ཁ་ལ་ལྷན་པ་བརྒྱབ་དགོས་པའི་དཔེ་ལ་ང་ཁྱོན་ནས་མི་འཐད། རང་རེའི་བོད་ཀྱི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྒྱན་ཆ་རིན་ཆེན་གསེར་དངུལ་གཡུ་བྱུར་རྣམས་མི་རིགས་གཞན་ལ་བཙོང་སྟེ། དེའི་རིན་གོང་གིས་བོད་མི་རིགས་ཀྱི་ཤེས་ཡོན་དང་སློབ་གསོ་གོང་མཐོར་གཏོང་གི་ཡིན་ཟེར་བ་འདི་དགོད་བྲོ་བའི་གཏམ་ཞིག་རེད། དེའི་རྒྱུ་མཚན་ཡང་ཤེས་ཡོན་དང་སློབ་གསོ་གལ་ཆེ་རུ་མ་རྩིས་པ་རྩར་ནས་མིན་པར། སྤྱིར་རིན་པོ་ཆེ་རུ་འབོད་པའི་གསེར་དངུལ་གཡུ་བྱུར་དེ་དག་གི་རིན་ཐང་ངོ་མ་དེ་མཛེས་ཆོས་ཀྱི་ལྟ་བའམ་སྲོལ་རྒྱུན་རིག་གནས་རང་ངོས་ལ་ཡོད་ཀྱི། ལྕགས་རྡོའི་རང་སྟེང་གི་རྒྱུ་སྤུས་ཁོ་ནར་རིན་ཐང་བརྩིས་པ་ཞིག་ག་ལ་ཡིན།
དེའི་ཕྱིར། རྒྱན་ཆ་འདི་དག་ཚོང་དགོས། ཉུང་དགོས། མཚམས་འཇོག་དགོས་ཟེར་བ་སོགས་ཀྱང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་ཆོས་ལྟ་བ་བཙོང་པ་དང་འཕྲི་པའི་དོན་ཁོ་ནར་གོ་བ་ལས། ལྕགས་རྡོའི་རིགས་བཙོང་པ་དང་། ཉུང་འཕྲི། རྩ་མེད། གཞན་ཞིག་གིས་ཚབ་བྱས་ཟེར་བ་ལྟ་བུ་དག་དང་ཐད་ཀར་འབྲེལ་བ་མེད་པ་རིག་པས་དཔྱད་ན་ག་ལེར་གསལ་འོང་། དེ་ལྟར་ནའང་ད་ལྟ་བོད་ལ་དར་བའི་སྲོལ་རྒྱུན་གྱི་རྒྱན་ཆའི་རིག་གནས་འདི་ངེས་པར་དུ་གསོན་པོར་གནས་དགོས་པའི་ངེས་པའང་གཏན་ནས་མེད།

མི་རིགས་སུ་ཞིག་གི་རིག་གནས་གང་ཞིག་ཡིན་ནའང་ཡུལ་དུས་གནས་བབ་དང་བསྟུན་ནས་འགྱུར་ལྡོག་དང་ཡར་རྒྱས། འཐུས་ཚང་བཅས་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་སྟབས། བོད་ཀྱི་སྲོལ་རྒྱུན་དུ་གཏོགས་པའི་རིག་གནས་ཐམས་ཅད་ཀྱང་དེ་བཞིན་མི་རིགས་སྤྱིའི་དུས་སྐབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རང་བཞིན་གྱིས་མདུན་བསྐྱོད་བྱེད་ངེས་པ་ཞིག་ཡིན་པས། བཙན་གྱིས་བསྒྱུར་དགོས་པ་དང་འདོར་དགོས་པའི་རིག་གནས་གསར་བརྗེ་ཡི་ལས་འགུལ་དང་གཏམ་བརྗོད་འདིའི་རིགས་ལ་དོན་སྙིང་གང་ཡང་མེད་པའང་ཀུན་གྱིས་ཤེས་གསལ་ཡིན།

དེ་བཞིན་བོད་ཀྱི་རྒྱན་ཆ་འདོགས་སྲོལ་འདི་སུ་ཞིག་གིས་རིག་གཞུང་རེད་ཅེས་བཤད་པ་ཡིན་གཏན་ནས་མ་ཤེས་མོད། རིག་གནས་ཡིན་པ་ལ་ནི་འགྲེལ་བཤད་རིང་པོ་རྒྱག་དགོས་དོན་མེད་པར། བོད་ཀྱི་སྐད་དུ་རིག་གནས་དང་ཤེས་བྱ་རྣམས་ཀྱི་འཇུག་ཡུལ་ཧ་ལམ་གཅིག་མཚུངས་སུ་སྣང་ཞིང་། ཡོད་པ་ཐམས་ཅད་ཤེས་བྱ་ཡིན་པར་འདོད་པའི་རིགས་ལམ་ཙམ་གཞིགས་ཏེ་བཤད་པ་མིན་ཡང་། མི་རིགས་ཤིག་གི་སྲོལ་རྒྱུན་གྱི་ཆའམ་ཕྱོགས་དེ་རིག་གནས་ཡིན་པ་འཛམ་བུ་གླིང་པ་ཀུན་གྱི་སྐད་དུ་གྲགས་འདུག་པས། ངས་ཀྱང་དེར་ཡིད་ཆེས་ཀྱིས་རིག་གནས་ཞེས་འབོད་པ་ཙམ་ཡིན། གཞན་གླང་གོག་དང་མ་ཧེའི་རྭ་ཅོག་གླང་གོག་དང་མ་ཧེའི་རིག་གཞུང་ཡིན་མིན་གྱི་རིགས་པ་འདོན་ཚུལ་འདི་དང་གང་ཞིག་འབྲེལ་བ་ཡོད་མིན་མ་ཤེས་པས་གླེང་བར་མི་འདོད།།

ཕྱི་ལོ་2008 ཟླ་8 ཚེས་1 ཉིན།

བགྲོ་གླེང་།

Post navigation

Previous Post: སྲིན་འབུ་མེ་ཁྱེར།
Next Post: ཤི་གསོན་འབྲེལ་ཐག་ཨ་ལད་པད་ཀོ།

Comments (11) on “བོད་ཀྱི་རྒྱན་ཆ་རིག་གནས་ལ་བདག་གཅེས་བྱོས།”

  1. གེ་སར། says:
    2014-08-02 at 9:54 am

    དྲ་འདྲེ་ལགས་དྲང་བདེན་དང་རྒྱུ་མཚན་གཞིར་བཞག་གི་ཐོག་ནས་འབྲི་མཁན་རྩོམ་པ་པོ་ཞིག་ཆགས་འོང་བཞིན་འདུག་པས་དགའ་པོ་བྱུང་། རྒྱུན་ཆའི་སྐོར་ལ་དགེ་སྐྱོན་གཉིས་ཀ་གླེང་གྱི་ཡོད་ཀྱང་གནས་སྐབས་གླེང་གི་མིན། ཁྱོད་ཀྱིས་ཅི་བཤད་བཀླགས་བསྡད་ཀྱི་ཡོད།

  2. གནམ says:
    2014-08-02 at 10:11 am

    ༼མི་རིགས་སུ་ཞིག་གི་རིག་གནས་གང་ཞིག་ཡིན་ནའང་ཡུལ་དུས་གནས་བབ་དང་བསྟུན་ནས་འགྱུར་ལྡོག་དང་ཡར་རྒྱས། འཐུས་ཚང་བཅས་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་སྟབས། བོད་ཀྱི་སྲོལ་རྒྱུན་དུ་གཏོགས་པའི་རིག་གནས་ཐམས་ཅད་ཀྱང་དེ་བཞིན་མི་རིགས་སྤྱིའི་དུས་སྐབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རང་བཞིན་གྱིས་མདུན་བསྐྱོད་བྱེད་ངེས་པ་ཞིག་ཡིན་པས། བཙན་གྱིས་བསྒྱུར་དགོས་པ་དང་འདོར་དགོས་པའི་རིག་གནས་གསར་བརྗེ་ཡི་ལས་འགུལ་དང་གཏམ་བརྗོད་འདིའི་རིགས་ལ་དོན་སྙིང་གང་ཡང་མེད་པའང་ཀུན་གྱིས་ཤེས་གསལ་ཡིན།༽
    འདི་འདྲ་ཞིག་ཡིན་ནོ་ཤེས་ན། ཁྱོས་རྩོམ་ཆག་སྔ་ཕྱི་གཉིས་ཀྱི་ནང་ན། ཡང་སྙིང་ཅི་ཞིག་བཤད་ཀི་ཡོད། ད་ཡིན་ན་ཉོབ་སོང་། དུས་ཚོད་དོན་མེད་དུ་འཕྲོག་འདུག། འདྲེ་འདི་འདྲེ་ངོ་མ་ཞིག་ཡིན་པ་འདྲ།

  3. བསྟན་རྒྱས། says:
    2014-08-02 at 10:47 am

    དྲ་འདྲེ་ལགས་ བོད་ཀྱི་ཡུལ་ལུང་སོ་སོའི་གསོལ་རྒྱུན་གྱི་རྒྱན་ཆའི་སྐོར་ལ་ཁྱེད་རང་གི་གང་ཡང་མཁྱེན་བཟོ་མིན་འདུག་པས་འདིར་མང་པོ་ཞུ་རྒྱུ་མིན་ འོན་ཀྱང་དིང་སྐབས་ཁམས་ཀྱི་ས་ཁུལ་ཁག་ནང་དུས་ཆེན་སྐབས་རྒྱན་ཆ་འགྲན་སྡུར་བྱེད་དུས་གྱོན་པའི་རྒྱན་ཆ་རྣམས་ཡུལ་དེའི་ཡུལ་གསོལ་གྱི་རྒྱན་ཆ་མིན་པར་ རྒྱ་གཞུང་ནས་བོད་མིའི་འཚོ་བ་ཡར་རྒྱས་ཕྱིན་ཚུལ་བརྟན་པ་དེ་རེད་ དེ་བོད་མིའི་ཡུལ་གསོལ་རྒྱན་ཆ་རེད་བསམ་ན་ནོར་བ་རེད།

  4. རྟེན་འབྱུང་། says:
    2014-08-02 at 11:57 am

    ཁ་སང་མགོ་སེར་ཞིག་མཉམ་དུ་བོད་ཀྱི་ལུང་བ་ཁུག་ཀྱོག་དེ་དག་ནང་གི་རྒྱན་ཆ་འདོགས་སྲོལ་སྐོར་ལ་ལབ་གླེང་བྱས་སྐབས། ཁོས་དེ་ནི་བོད་ཀྱི་ལུགས་སྲོལ་cultureརེད་ཟེར། ངས་མ་རེད་ཞུས་ནས་ཁོང་ལ་དྲི་བ་ཞིག་བཀོད་དགོས་བྱུང་བ་འདི་ལྟར། འོ་ན་ཁྱེད་རང་ཚོ་ཕྱི་རྒྱལ་བ་ཚོས་མོ་ཏ་རྫིག་པོ་ཉོ་བ་ལ་འགྲན་བསྡུར་ཧ་ཅང་ཆེན་པོ་འདུག་ག དེ་ཁྱེད་རང་ཚོའི་རིག་གཞུང་རེད་དམ་ཞེས་ཟེར་སྐབས། ཁོང་གིས་ཐེ་ཚོམ་མེད་པར་མ་རེད་ཟེར། དེ་རྗེས་ནས་རྒྱན་ཆ་འདོགས་སྲོལ་དེ་ཡང་རྒྱུ་ངོམ། ངོམ་སོ་བྱེད་པ། རློབ་ཤེད་བྱེད་པ་རེད། དེ་ཚོ་རིག་གཞུང་ཞིག་རྩ་བ་ནས་མ་རེད་ཅེས་ཁས་ལེན་གནང་གི་འདུག ང་ཚོས་ཀྱང་སྐད་ཆ་བཤད་པ་དང་རྩོམ་ཡིག་སོགས་སྤེལ་སྐབས་བསམ་བློ་གཏོང་ནས་གནང་བ་ལས་ཆང་འཐུང་ར་བཟི་ལྟར་མི་གནང་རྒྱུ་རེ་བ་ཞུ།
    རྒྱན་ཆ་འདོགས་སྲོལ་དེ་དག་བོད་ཀྱི་རིག་གཞུང་ཡིན་ཟེར་ན་་་་་་ངོ་ཚ་་་སེམས་སྐྱོ་་་ཐང་ཆད་ཀི་་་་

  5. དགེ་འདུན་རྒྱ་མཚོ། says:
    2014-08-02 at 11:23 pm

    དྲ་འདྲེྲ་ལགས་ཀྱི་འདོད་ཚུལ་ནི་བཤད་ན་སྐྱུར་བྲོ་བ་ཞིག་འདུག
    མདོར་བསྡུས་ནས་བཤད་ན་ཁོང་གི་དམིགས་ཡུལ་ནི་བོད་མི་རིགས་འདི་སྤྱན་གཟིགས་ཁང་དང་། རི་དྭགས་ཁང་གི་སྲོགས་ཆགས་ཚོ་བཞིན་དུ་འཛམ་གླིང་མི་མང་གི་ལྟད་མོ་ལྟ་ཡུལ་དུ་བསྒྱུར་རྒྱུ་དེ་རེད་འདུག 
    སྐད་ཆ་འདི་དག་ནི་ཁོག་ན་སྙིང་རྗེ་མེད་པ་ཚོའི་སྐད་ཆ་རང་རེད།
    བོད་མི་རིགས་འདི་ཡང་འཛམ་གླིང་གི་མི་རིགས་ཤིག་ཡིན་པ་དང་། སྔོན་ཐོན་མི་རིགས་ཚོའི་རྗེས་ཆོད་པ་བྱེད་དགོས། 

  6. དགེ་འདུན་རྒྱ་མཚོ། says:
    2014-08-02 at 11:25 pm

    སྐྱུག་བྲོ་བ་
    བཅོས

  7. ཚེ་རིང་། says:
    2014-08-03 at 1:20 am

    དྲྭ་འདྲེ་འདིས། ད་དུང་བོད་མི་རྣམས་རྗེས་ལུས་ཀྱི་ཀློ་པ་ཤིང་ལོ་གོན་མཁན་གྱི་གྲས་སུ་བཞག་འདོད་ཡོད་ས་རེད། ཁྱོད་རང་གིས་ཀྱང་གདོོད་མའི་མི་རིགས་ཀྱི་སྲོལ་རྒྱུན་མ་དོར་བ་གནང་དང་། ཕ་བཟང་བུ་རེད།

  8. BONPO says:
    2014-08-03 at 8:04 am

    ཁྱེད་ཚོ་རྒྱན་ཆ་ལ་རྩ་བ་ནས་དགའ་པོ་མེད་ན། ལྷ་སའི་ཇོ་བོ་ལ་འཛམ་གླིང་རིན་བྲལ་གྱི་རྒྱན་ཆ་དེ་འདྲ་མང་པོ་བསྐོན་ནས་ཅི་བྱེད་པ་ཡིན་ནམ། རྩ་བའི་ཆ་ནས་ཇོ་བོ་ལ་རྒྱན་ཆ་དེ་འདྲ་རྫིག་པོ་བསྐོན་མཁན་དེ་སུ་ཡིན་ནམ། དེ་ཚོ་ཁ་བསལ་ངོ་གསལ་བྱོས་དང་དེ་ནས་སྐད་ཆ་གཞི་ནས་ཡོད། །

  9. བསྟན་རྒྱས། says:
    2014-08-03 at 9:32 am

    ལྷ་སའི་ཇོ་བོའི་རྒྱན་ཆ་དང་ཁམས་པའི་རྒྱན་ཆ་མང་ཉུང་འདྲ་པོ་འདུག་ ཕལ་ཆེར་ཇོ་བོའི་རྒྱན་ཆ་དེ་བསྐོན་མཁན་ཁམས་པ་མིན་ནམ།

  10. གསེར་ས་ལེ་སྦྲམ། says:
    2014-08-03 at 11:08 am

    དྲ་འདྲེ་ལགས། ཡུལ་སྲོལ་གོམས་གཤིས་དང་། མི་རིགས་རིག་གནས་སོགས་གང་ཞིག་ཡིན་ཡང་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་བརྗེ་སྤོར་བྱེད་པ་ནི་སྤྱིའི་འཕེལ་འགྲིབ་ཀྱི་རྣམ་པ་ཡིན་ལ། མི་རིགས་དང་མི་སྒེར་སུ་ཞིག་ཡིན་ཡང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཏེ་རིག་གནས་དང་གོམས་གཤིས་ལ་འགྱུར་བ་གཏོང་རྒྱུ་ནི་ཡར་རྒྱས་ཀྱི་འགག་རྩ་ཡང་ཡིན། དགོས་མེད་ཀྱི་ཡུལ་སྲོལ་གོམས་གཤིས་མང་བོ་ཞིག་ང་ཚོས་མི་ཉམས་རྒྱུན་འཛིན་བྱེད་པ་ལས་གཅིག་ཏུ་དོར་ན་བཟང་བའི་སྐབས་ཀྱང་མང་།། ལུས་ལ་གྱོན་གོས་མེད་པའི་གདོད་མའི་གཅེར་བུའི་དུས་རབས་ནས་སྡོང་བོའི་ལོ་མ་གྱོན་པའི་དུས་རབས་བར་། དེ་ནས་ད་ལྟའི་དུསརབས་བར་ཕྱི་མིག་ཅིག་བལྟས་ཚེ་ཡུལ་དུས་གནས་བབ་ཀྱིས་ཐག་གཅོད་བྱས་པའི་དོན་དངོས་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ར་སྤྲོད་གསལ་བོ་འབྱུང་ངེས།

  11. དགའ་ཡ says:
    2014-08-04 at 3:35 pm

    སྐྱག་པའི་རྒྱན་ཆ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme