Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་བལྟ།

Posted on 2022-12-112022-12-11 By འཚོ་བྱེད་བུ No Comments on བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་བལྟ།

བོད་འབྱོར།

དེང་གི་དུས་འདིར་འཛམ་གླིང་ཡོངས་སུ་རྐང་རྩེད་སྤོ་ལོའི་ལུས་རྩལ་དར་ཁྱབ་ཤིན་ཏུ་ཆེ། རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་“འཛམ་གླིང་གི་ལུས་རྩལ་ཨང་དང་པོ་”ཞེས་པའི་སྙན་པའི་མིང་ནས་འབོད་བཞིན་ཡོད། འཛམ་གླིང་ཡང་རྩེར་གནས་ཤིང་མཚོ་འཕགས་མཐོ་བའི་རང་རེའི་བོད་ལྗོངས་མཐོ་སྒང་ལའང་ཧ་ཅང་སྔ་མོ་ཞིག་ནས་ལུས་རྩལ་རྣམ་གྲངས་དེ་དར་ཞིང་།  བོད་རིགས་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་རྐང་རྩེད་སྤོ་ལོར་དོ་སྣང་དང་དགའ་ཞེན་བྱེད་ཚད་ནི་ཧ་ལམ་འཛམ་གླིང་སྤྱི་དང་མཉམ་མཚུངས་ཡིན་ལ། བོད་ཀྱི་ས་ཆ་གང་སར་རྐང་རྩེད་སྤོ་ལོ་ནི་དུས་དང་རྣམ་པ་ཀུན་དུ་དགའ་བསུ་ཆེ་ཤོས་ཐོབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད། དེས་ན། མིག་སྔར་ཁ་ཐར་རྒྱལ་ཁབ་ཏུ་གཉེར་བཞིན་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ཡོ་ལང་དྲག་པོའི་ཁྲོད་ང་ཚོ་མཉམ་དུ་རང་རེའི་བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་ཅིག་བལྟ།

དབྱིན་ཇི་དང་བོད་མིའི་རུ་ཁག་དབར་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱེད་བཞིན་པ།དེ་ཡང་། ཐོག་མར་སྤྱི་ལོ་1904ལོར་དབྱིན་ཇིས་ཀྲུང་གོའི་བོད་ལྗོངས་ལ་བཙན་འཛུལ་བྱས་རྗེས། དབྱིན་ཇི་བ་ཚོས་རྒྱལ་རྩེའི་སྐྱིད་ནག་ཅེས་པའི་ཐང་སྡེར་དེར་རྒྱུན་དུ་རྐང་རྩེད་སྤོ་ལོ་རྩེད་ཀྱི་ཡོད། ཁོ་པ་ཚོས་ལས་ཀ་བྱེད་མཁན་གྱི་བོད་པའི་གཡོག་པོ་ཚོའི་ཁྲོད་ནས་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ཁོ་རང་ཚོར་རྐང་རྩེད་སྤོ་ལོ་རྒྱག་རོགས་བྱེད་དུ་འཇུག་གི་ཡོད། ལོ་ཟླ་རིམ་བཞིན་འདས་རྗེས་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྤོ་རྩལ་ཇེ་ཡག་དང་རུ་མི་ཇེ་མང་དུ་གྱུར་ནས་དུས་རྒྱུན་སྐྱིད་ནག་ཅེས་པའི་ས་ཆ་དེར་བོད་པ་དང་དབྱིན་ཇི་བའི་བར་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཡང་ཡང་བྱེད་ཀྱི་ཡོད། བོད་པའི་རུ་ཁག་གིས་རང་རིགས་སྤུན་ཟླ་གསོད་མཁན་བཙན་འཛུལ་པར་གདོང་གཏུག་བྱེད་སྐབས་རང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེར་མངོན་ཡོང་བ་མ་ཟད། སུས་ཀྱང་འགོག་ཐབས་བྲལ་བའི་ངར་ཤུགས་འཕེལ་གྱི་ཡོད་ཅིང་། དབྱིན་ཇི་བས་སྤོ་ལོ་འཁྲིད་ནས་སྒོའི་འགྲམ་དུ་བཅར་སྐབས་བོད་པའི་རུ་མི་ཚོས་སྐད་ཤུགས་ཆེན་པོས་“ཁོའི་རྐང་པ་ཧྲུག་བཅག་གཏོང་”ཟེར་འབོད་པ་དང་། ནུས་ཤུགས་ཡོད་རྒུས་འཛིངས་བས་རྐང་རྩེད་སྤོ་ལོར་མཁས་པའི་དབྱིན་ཇི་བ་རྣམས་དཀའ་ལས་ཁག་པའི་གནས་སུ་བསྐྱལ་ཞིང་། སྐབས་རེ་བོད་པའི་རུ་ཁག་གིས་བྱ་དགའི་བུམ་པ་ཡང་ལེན་གྱི་ཡོད།1913ལོར། བོད་ཀྱི་ལོ་རྒྱུས་ཐོག་གི་དངོས་གཞིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་དང་པོ་དེ་རྒྱལ་རྩེར་གཉེར་བ་རེད། དེ་ཡང་ལོ་དེར་དབྱིན་ཇིའི་འཚམས་འདྲི་ཚོགས་པ་ཞིག་ལྷ་སར་སླེབས། 《བོད་ལྗོངས་རྗེས་སྙེག》ཅེས་པའི་དེབ་ནང་འཁོད་པ་ལྟར་ན། སྐབས་དེ་དུས་ཁོ་ཚོས་རྐང་རྩེད་སྤོ་ལོའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ནས་“ལྷ་སའི་མཉམ་འབྲེལ་རུ་ཁག”ཅེས་འབོད་པའི་བོད་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་འགྲན་སྡུར་བྱས།    ལྷ་སའི་མཉམ་འབྲེལ་རུ་ཁག་གི་རུ་མི་ནི་ལ་དྭགས་ཀྱི་མི་གསུམ་དང་། འབྲས་ལྗོངས་ཀྱི་མི་གཅིག ནེ་པ་ལའི་དམག་མི་གཅིག དེ་བཞིན་སྐུ་དྲག་གི་གཞོན་ནུ་ལྔ་བཅས་ལས་གྲུབ་པ་དང་། དབྱིན་ཇིའི་རུ་ཁག་གི་རུ་མི་ནི་མི་དྲག་བཞི་དང་ཁོ་ཚོའི་གཡོག་པོ་ལས་གྲུབ་པ་ཞིག་རེད། མཇུག་མཐར། ལྷ་སའི་མཉམ་འབྲེལ་རུ་ཁག་སྤོ་ལོ་གཅིག་གི་ཐོག་ནས་རྒྱལ་ཁ་ཕམ།

ལྷ་སའི་མཉམ་འབྲེལ་རུ་ཁག་ཅེས་པའི་བོད་པའི་རྐང་རྩེད་སྤོ་ལོའི་རུ་མི།1920ལོའི་མཚམས་ནས་རྐང་རྩེད་སྤོ་ལོའི་ལུས་རྩལ་འདི་བཞིན་བོད་ཀྱི་གྲོང་ཁྱེར་ལྷ་སའི་ནང་རྒྱ་ཆེར་འཕེལ་ཞིང་། སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཁྱབ་ཡོད་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཏུ་གྱུར། སྔ་རྗེས་སུ་སྐུ་དྲག་གི་རུ་ཁག་དང་། ཏར་ཁང་རུ་ཁག གོ་མིན་ཏང་སློབ་ཆུང་གི་སློབ་མའི་རུ་ཁག ཝ་པ་གླིང་ཧུའེ་རིགས་རུ་ཁག བོད་དམག་རུ་ཁག་སོགས་དང་། ད་དུང་ལྷ་སར་ཡོད་པའི་ཕྱི་གླིང་བས་ཀྱང་སྤོ་ལོའི་རུ་ཁག་སྒྲིག་འཛུགས་བྱས་པ་ནི་དབྱིན་ཇིའི་ལས་ཚབ་ཁང་གི་མངའ་འོག་གི་བདེ་སྐྱིད་གླིང་ཁའི་རུ་ཁག་དང་། བལ་པོའི་ཚོང་པའི་རུ་ཁག་བཅུ་ལྷག་སྒྲིག་འཛུགས་བྱུང་ཞིང་། གཟའ་འཁོར་རེའི་རེ་གཟའ་ཉི་མར་རྟག་ཏུ་འགྲན་སྡུར་བྱེད་ཀྱི་ཡོད། རྩེ་དྲུང་གླིང་ཁ་(དེང་དུས་བོད་དམག་ཁུལ་ཁང་གི་ཤར་ངོས།)སོགས་སུ་འགྲན་སྡུར་ཛ་དྲག་པོ་བྱེད་སྐབས་འཁྲུག་ཆ་དོད་ཤོས་ཀྱི་ལྷ་སའི་བར་སྐོར་དུ་ཧ་ལམ་ཚོང་ཁང་ཚང་མ་སྒོ་བརྒྱབ་སྟེ་ཁུ་སིམ་དུ་གནས་པ་དང་། སྐོར་བར་ཕེབས་མཁན་གྱི་བགྲེས་སོང་ཁ་ཤས་ལས་མཐོང་རྒྱུ་མེད།1941ལོའི་དབྱར་ཁར་རྐང་རྩེད་སྤོ་ལོར་དགའ་བའི་ལྷ་ས་བ་ཚོས་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་གཅིག་སྒྲིག་འཛུགས་བྱས་ནས་རིམ་མཚུངས་མཉམ་འགྲན་ཞིག་གཉེར། ཉིན་ཞིག་འགྲན་ནུས་ཆེ་ཤོས་ཀྱི་སྐུ་དྲག་རུ་ཁག་དང་། བདེ་སྐྱིད་གླིང་ཁའི་དབྱིན་ཇིའི་རུ་ཁག་གཉིས་འགྲན་སྡུར་འཁྲུག་པོ་བྱེད་སྐབས། འགྲན་རའི་ཁྲོད་རི་བོང་གཅིག་ཐོན་པ་དང་རུ་མི་ཚོས་སྤོ་ལོ་རྒྱག་མཚམས་བཞག་སྟེ་སྔོན་ལ་རི་བོང་འདེད་རྗེས་འགྲན་སྡུར་ཡང་བསྐྱར་འགོ་ཚུགས། འགྲན་སྡུར་གྱི་ཚ་རླབས་མེ་ལྟར་འཕྱུར་བའི་མཚམས་དེར་གློ་བུར་དུ་གནམ་ནས་སེར་བ་ཆེན་པོ་བབས་པས་འགྲན་སྡུར་མཚམས་འཇོག་བྱེད་དགོས་བྱུང་བ་དང་། མི་ཁ་ཤས་ལ་རྨས་སྐྱོན་ཡང་ཅུང་ཟད་ཕོག གློ་བུར་དུ་བྱུང་བའི་སེར་བ་དེས་གླེང་གྲོས་འདི་ལྟར་བྱུང་བ་སྟེ། རྒྱང་རིང་ནས་བལྟ་སྐབས་སེར་བ་དེ་ཕོ་བྲང་པོ་ཏ་ལའི་ཕྱོགས་ནས་འགྲན་རའི་ཐོག་ཁ་ཐུག་ལ་བབས་པ་དང་། རྐང་རྩེད་སྤོ་ལོའི་འགྲན་ར་དེ་རང་སྐྱ་ཆིལ་ཆིལ་དུ་གྱུར་བ་ལས་ས་ཆ་གཞན་ནི་སྔར་བཞིན་སྐམ་པོར་གནས་འདུག་ཅེས་བརྗོད། དེ་ལྟ་བུའི་གནམ་གཤིས་ཀྱི་འགྱུར་ལྡོག་དེས་མཐའ་མཇུག་ལྷ་སའི་མི་རྣམས་ལ་ཚོད་དཔག་འདྲ་མིན་འདི་འདྲ་ཞིག་བྱུང་བ་སྟེ། རྐང་རྩེད་སྤོ་ལོ་རྒྱག་པའི་སྒང་དེ་རང་ལ་སེར་བ་བབས་དོན་ཅི་ཡིན། ཏག་ཏག་འགྲན་རའི་ཐོག་ཏུ་བབས་པ་ལས་ས་ཆ་གཞན་ལ་མི་འབབ་པ་གང་ཡིན། སེར་བ་མ་འབབ་གོང་དུ་འགྲན་རའི་ནང་རི་བོང་ཐོན་པ་དེ་སྔ་ལྟས་ཅི་ཡིན་ཞེས་པ་སོགས་ཚོད་དཔག་འདྲ་མིན་སྣ་ཚོགས་ཐོན།ལྷ་ཡི་བཀོད་པ་ཆེས་མཐོར་བརྩི་བའི་བོད་ཀྱི་སྤྱི་ཚོགས་རྙིང་པའི་ནང་ཆོས་ལ་དད་པའི་མི་འགའ་རེས་སངས་རྒྱས་ཀྱི་དབུ་ལ་རྡོག་རྒྱག་འབུད་ན། མཇུག་འབྲས་དེ་འདྲ་ཡོང་རྒྱུ་རང་རེད་ཅེས་བཤད། དེའི་རྐྱེན་པས་དགོན་སྡེ་ཁག་གིས་ཀྱང་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་ངོ་རྒོལ་བྱེད་པ་དང་། རྐང་རྩེད་སྤོ་ལོར་དགའ་བའི་གྲྭ་པ་ཚོ་རྐང་རྩེད་སྤོ་ལོ་བལྟ་བ་དང་རྒྱག་པ་ལ་བཀག་འགོག་ནན་པོ་བྱས།གྲོག་ཚང་བརྡོལ་བ་ལྟར་འཁྲུག་ཆ་དོད་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་དུས་དེ་ནས་བཟུང་བོད་ཡུལ་ཆོས་ལྡན་ཞིང་དུ་བཀག་འགོག་བྱེད་པའི་ལས་དབང་འཕྲད།

རྐང་རྩེད་སྤོ་ལོ་འགྲན་སྡུར་བྱེད་བཞིན་པའི་བོད་མི་རུ་ཁག1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་སླར་ཡང་ཚེ་སྲོག་གསར་པ་ཞིག་རྙེད་པ་དང་། ལྷག་པར་དུ་1956ལོར་བོད་ཀྱི་རྒྱལ་གཅེས་གཞོན་ནུའི་མཛའ་མཐུན་ཚོགས་པས་བོད་ཀྱི་ལུས་རྩལ་ལྟ་སྦྱོང་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་སྐོར་སྐྱོད་ཀྱིས་འགྲན་སྡུར་བལྟ་སྦྱོང་བྱས་ཤིང་། ཚོགས་པ་དེའི་ནང་ནས་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བལྟ་སྦྱོང་ཚར་རྗེས་པེ་ཅིང་ལུས་རྩལ་སློབ་གླིང་དུ་ཟབ་སྦྱོང་བྱས་ཏེ་བསྡད་པ་དང་། དེ་སྔའི་སུའུ་ལེན་གྱི་རོགས་སྐྱོར་ལུས་རྩལ་དགེ་རྒན་སུའུ་སི་ཁེ་ཧྥུས་སློབ་ཁྲིད་གནང་། རུ་ཁག་དེ་བོད་དུ་ལོག་རྗེས་སླར་ཡང་རྐང་རྩེད་སྤོ་ལོར་དད་པའི་མི་གང་མང་ཞིག་སྐུལ་ཁྲིད་བྱས་པ་དང་། དེ་རྗེས་བོད་ཀྱི་གཞོན་ནུ་མཉམ་འབྲེལ་རུ་ཁག་དང་པོ་དང་། གཉིས་པ་སྒྲིག་འཛུགས་བྱས་ཤིང་། དམངས་ཚོགས་ཚོས་རུ་ཁག་དེ་གཉིས་ལ་ཧ་ཅང་གིས་དགའ་པོ་བྱེད་ཀྱི་ཡོད་ལ་ཁོ་ཚོར་རུ་ཁག་དམར་པོ་དང་དཀར་པོ་ཞེས་པའམ་ཡང་ན་པོ་ཏ་ལའི་རུ་ཁག་ཅེས་ཀྱང་འབོད་ཀྱི་ཡོད།ལོ་རབས་60པའི་ནང་བོད་ལྗོངས་སུ་སོ་སོའི་ཆེད་ལས་རྐང་རྩེད་སྤོ་ལོའི་རུ་ཁག་དངོས་སུ་བྱུང་ཞིང་། རུ་ཁག་འདི་རྣམ་ཀུན་ནས་མེས་རྒྱལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འགྲན་སྡུར་ལ་ཞུགས་པའམ་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱེད་ཀྱི་ཡོད། ཛ་དྲག་ཆེ་བའི་འགྲན་ར་ནས་ཁོ་ཚོར་ཤེས་བྱ་གསར་པ་མང་པོ་བྱང་རྟོགས་བྱུང་བ་དང་། མིག་རྒྱང་ཡངས་པོར་ཕྱེ་ཞིང་། ཁོ་ཚོ་ནང་ས་ནས་ལོག་ཡོང་སྟེ་རྒྱུན་དུ་ལྷ་སའི་ལས་ཞོར་གྱི་སྤོ་ལོའི་རུ་ཁག་ཚོ་དང་འགྲན་སྡུར་བྱེད་སྐབས་ཁོ་ཚོའི་མཆོག་འགྱུར་གྱི་སྤོ་ལོའི་རྒྱག་རྩལ་གྱིས་ལྷ་ས་དང་ས་ཁུལ་གཞན་དག་གི་ལས་ཞོར་སྤོ་ལོའི་རུ་ཁག་ལའང་སྣེ་ཁྲིད་བྱུང་ཡོད། སྐབས་དེ་དུས་ལྷ་སར་སྤོ་ལོའི་རུ་ཁག་ཧ་ཅང་མང་པོ་ཡོད་ལ་ཆུ་ཚད་ཀྱང་མཐོ་པོར་སླེབས་ཤིང་། དེའི་ནང་ནས་བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འཇིགས་སྐུལ་བཟོ་ཐུབ་མཁན་ནི་ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་ཁག་ཁོ་ན་ཡིན། རུ་ཁག་དེ་གཉིས་དབར་གྱི་འགྲན་སྡུར་གྱིས་ཧ་ལམ་ལྷ་ས་བ་ཕལ་མོ་ཆེ་མི་དམངས་ལུས་རྩལ་ཐང་ཆེན་དུ་འགུག་ཐུབ། ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་མི་མཁས་པ་དེ་ཚོར་མང་ཚོགས་ཀྱིས་གསེར་ཀྱི་རྐང་པ་ག་གེ་མོ་ཞེས་པའི་མིང་བཏགས་ཤིང་། བོད་ལྗོངས་རུ་ཁག་ལས་ཀྱང་མཚན་སྙན་ཆེ་བ་ཡོད་ལ། དེ་ནི་ཕལ་ཆེར་ལས་ཞོར་རུ་ཁག་ལ་ཞེན་ཕྱོགས་བྱེད་པ་ཡིན་ཤས་ཆེ།   1965ལོར་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱལ་ཡོངས་ཀྱི་རིམ་པ་ཁ་པའི་མཉམ་འབྲེལ་འགྲན་སྡུར་ནང་ཞུགས་ནས་ཨང་ལྔ་པའི་གྲུབ་འབྲས་བཟང་པོ་བླངས།ལོ་རབས་70པའི་དུས་འགོར་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་དེ་བས་ཀྱང་མཚན་སྙན་ཆེ་བ་ཡོད། ཁོ་ཚོས་བོད་ཀྱི་ས་ཁུལ་ཁག་ལ་སྐོར་སྐྱོད་གཟིགས་འབུལ་དང་འགྲན་སྡུར་བྱས་ཤིང་། ཁུལ་སོ་སོའི་ལོ་ཆུང་སྤོ་ལོའི་རུ་མི་ཚོར་སྦྱོང་བརྡར་སྤྲོད་རོགས་བྱས་པས་ལོ་ཆུང་གཞོན་ནུ་མི་ཉུང་བ་ཞིག་རྐང་རྩེད་སྤོ་ལོའི་ལམ་བུའི་ཐོག་ཏུ་ཁྲིད་སྟོན་བྱས་ནས་རྐང་རྩེད་སྤོ་ལོར་ཤ་ཞེན་ཟབ་མོ་སྐྱེས་པ་ཆགས།

བོད་ལྗོངས་ཀྱི་ཁག་དང་པོའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ།ལོ་རབས་80པ་ནི་བོད་ཀྱི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་རྩེར་སོན་དུས་སྐབས་ཤིག་ཡིན་པ་དང་། དུས་སྐབས་དེའི་རིང་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མི་སེམས་དགའ་བའི་གྲུབ་འབྲས་བཟང་པོ་ཐོབ། དེ་ཡང་། 1982ལོའི་ཟླ་བ་2པར། ཀོང་ཞིའི་ནན་ཉིང་དུ་གཉེར་བའི་དཔྱིད་དུས་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་སྡུར་ནང་། བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཨང་གཉིས་པ་བླངས་པ་དང་། ལོ་དེའི་ཟླ་བ་4པར། བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྐང་རྩེད་སྤོ་ལོའི་ཕ་ས་ཀོང་ཏུང་མའེ་རྫོང་ལ་གཉེར་བའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་སྡུར་ནང་ཨང་དང་པོ་བླངས། 1983ལོ་དང་1984ལོ། 1985ལོ་བཅས་ལ་གཉེར་བའི་མི་རིགས་མཐུན་སྒྲིལ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཁག་སོ་སོར་ཨང་གཉིས་པ་དང་ཨང་དང་པོ་གཉིས་བླངས།    1985ལོའི་ཟླ་བ་4པར། ཀྲུང་གོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནེ་པ་ལའི་ཀ་ཏ་མན་རྡུ་ལ་གཉེར་བའི་སྐབས་དྲུག་པའི་ཨན་ཧྥ་བུམ་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ནང་ཞུགས་ནས་ཨང་གཉིས་པ་བླངས་པ་སོགས་རེད།ལོ་རབས་90པའི་ནང་སྟེ།  1995ལོར། བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཁ་འཐོར་བ་རེད།

བོད་ལྗོངས་ཀྱི་ཁག་གཉིས་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ།མདོར་ན། བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་བལྟ་སྐབས། དགའ་འོས་པའི་རྣམ་པ་བཟང་པོས་མི་སེམས་ལ་དྲོ་སྐྱིད་འཕེལ་བར་བྱེད་པ་དང་། དུས་ད་ཆའི་བར་དུ་ཡང་རྐང་རྩེད་སྤོ་ལོ་ནི་བོད་ཡུལ་ས་ཕྱོགས་གང་སར་དར་ཁྱབ་ཤིན་ཏུ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། བོད་ཀྱི་ཞིང་ཁུལ་གྱི་གཡུལ་ཁ་གྲུ་བཞི་འམ། འབྲོག་ཁུལ་གྱི་རྩྭ་ཐང་། གངས་འདབས་ཀྱི་ས་ཐང་ཡངས་པོའི་སྟེང་། ཡང་ན་གྲོང་ཁྱེར་གྱི་སྤོ་ལོའི་ཐང་ཆེན་གང་རུང་ཐོག  སློབ་གྲྭ་བ་དང་། དགོན་སྡེའི་གྲྭ་པ། གཞུང་གི་ལས་བྱེད་པ་སོགས་རྐང་རྩེད་སྤོ་ལོར་དད་པའི་སྐྱེ་བོ་མང་པོས་རྐང་རྩེད་སྤོ་ལོའི་རོལ་རྩེད་ལ་རོལ་ནས་ལས་ཞོར་གྱི་འཚོ་བའི་སྤྲོ་སྣང་མྱོང་བཞིན་ཡོད། ལྷག་པར་དུ་དེང་སང་ལྷ་ས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གིས་དུས་ཚོད་ངེས་གཏན་ནང་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་རྒྱ་ཆེན་གཉེར་གྱི་ཡོད་ཅིང་དེའི་ནང་ནས་རྐང་རྩེད་སྤོ་ལོའི་ལུས་རྩལ་འགྲན་སྡུར་དེ་ལུས་རྩལ་རྣམ་གྲངས་གལ་ཆེན་ཞིག་ལ་བརྩིས་ཀྱི་ཡོད་ལ་ལུས་རྩལ་མཉམ་འབྲེལ་རུ་ཁག་ཀྱང་ཁག་མང་པོ་ཞུགས་ཀྱི་ཡོད།མཇུག་ཏུ་ཁ་ཐར་རྒྱལ་ཁབ་ཏུ་གཉེར་བཞིན་པའི་ད་ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐུགས་གྲ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། བོད་ཀྱི་རྐང་རྩེད་སྤོ་ལོའི་འབྱུང་འགྱུར་ལམ་བུ་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། །(གོང་གསལ་རྩོམ་ཡིག་ནི་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་པའི་《བོད་ཡུལ་གྱི་གནའ་གཏམ།》ཞེས་པའི་དེབ་ནང་འཁོད་པའི་“བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན།”ཞེས་པའི་རྩོམ་དང་།  བོད་ཀྱི་རྐང་རྩེད་སྤོ་ལོའི་སྐོར་གྱི་དྲ་ཐོག་གི་དཔྱད་གཞི་གཞན་དག་གཞི་རྒྱུར་བཅོལ་ནས་རྩོམ་འབྲི་གཟིགས་འབུལ་ཞུ་ཁུལ་བྱས་པ་ཡིན།)

བསམ་ཚུལ།, ལོ་རྒྱུས།

Post navigation

Previous Post: ང་རྒྱལ་ཁབ་འདི་ན་ཡོད།
Next Post: ༄༅། ། བོད་ཀྱི་རང་མོས་སྙན་ངག་སྐོར་གྱི་བསྐྱར་ཞིབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme