Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཡིག་ཟམ་འདོན་ཐེངས་དྲུག་པའི་རྩོམ་སྒྲིག་པའི་གཏམ།

Posted on 2018-08-18 By ཁ་བརྡ No Comments on བོད་ཀྱི་ཡིག་ཟམ་འདོན་ཐེངས་དྲུག་པའི་རྩོམ་སྒྲིག་པའི་གཏམ།

བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་འོས་སྦྱོར་བྱས།
 
སྤྱི་ཚོགས་ནི་འགལ་འདུའི་རྣམ་པ་ཅན་དང་། འཐབ་རྩོད་ཀྱི་རང་བཞིན་ཅན་ཞིག་ཡིན་པས། ནམ་དུའང་འགལ་འདུ་དང་འཐབ་རྩོད་ལ་རྒྱུན་ཆད་པ་མེད། མུ་འབྲེལ་གྱི་འགལ་འདུ་དང་འཐབ་རྩོད་བརྒྱུད་མི་རིགས་དང་རྒྱལ་ཁབ་ཚུགས་ཀྱིན་ཡོད་ལ། མི་རིགས་དང་རྒྱལ་ཁབ་འཐོར་གྱིན་ཡང་ཡོད། ལྷག་པར་རྒྱལ་དོན་དང་འབྲེལ་བའི་འགལ་འདུའི་བསམ་བློ་དང་འཁྲུག་ཆ་ཆེ་བའི་སྤྱོད་པ། རྣོ་ངར་ལྡན་པའི་འཐབ་རྩོད་ཀྱི་རྦ་རླབས་དགུང་དུ་འཕྱོ་ཞིང་། འགལ་འདུའི་བསམ་བློ་དང་སྤྱོད་འཆལ་གྱིས་སྤྱི་ཚོགས་ཡོམ་ཡོམ་དཀྲུག་པའི་སྐབས་སུ་སྤྱི་ཚོགས་ལྷིང་འཇགས་དང་། རྙོག་དྲ་ཞི་འཇགས་སུ་གཏོང་བ་ནི་ཐབས་ལ་མཁས་པ་དང་རྣམ་དཔྱོད་ལྡན་པའི་ཡུལ་ཉིད་དུ་ངེས་པ་ལས་དབང་ཡོད་དང་དཔུང་བསྒྲིགས། ངོ་རྒོལ་དང་ཡར་ལངས་བཅས་ཀྱིས་ནུས་པ་ཞིག་གཞར་ཡང་མིན།

སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི་ཐབས་ལ་མཁས་པ་དང་རྣམ་དཔྱོད་ལྡན་པའི་གནམ་འོག་གི་སྐྱེས་བུ་འགྲན་ཟླ་མེད་པ་དེ་ཡིན་ལ། ཁོང་གིས་འཛམ་གླིང་རང་བཞིན་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་རྙོག་དྲ་ཞི་འཇགས་སུ་གཏོང་བའི་ཐབས་སུ་གྲོས་མོལ་དང་། བསམ་ཤེས། ཡིད་ཆེས་བཅས་ཀྱི་ཁྱབ་ཁོངས་ནས་ལམ་སྟོན་འགྲེལ་བརྗོད་གནང་ཡོད་ལ། ཁ་དགྲར་གཏད་དེའང་གཏན་རྒྱལ་དང་གཏན་ཕམ་གྱི་ཕྱོགས་སུ་མ་ལྷུང་བའི་དབུ་མའི་ལམ་གྱི་ཐབས་ཇུས་འདོན་གནང་ཡོད། ལྷག་པར་བོད་ལ་མཚོན་ནས་བཤད་ན། ཆོས་ལུགས་ཕན་ཚུན་གྱི་དབར། ཆོལ་ཁ་དང་ལུང་ཚན་ཕྱོགས་ཁག་དབར། མི་སྒེར་དང་སྤྱི་ཚོགས་ཀྱི་རྙོག་དྲ་ཕྲན་བུ་ཚུན་ཆད་ལ་ཁོང་གི་རྣམ་དཔྱོད་ལྡན་པའི་ཐབས་མཁས་ཀྱི་སྤྱོད་པ་ཤ་སྟག་གིས་སྤྱི་ཚོགས་ལྷིང་འཇགས་དང་རྡོག་རྩ་ཆིག་སྒྲིལ། སེམས་ཐག་ཉེ་བོ། དམ་ཚིག་ལྡན་པ་བཅས་སུ་བསྐྲུན་པ་དེ་ལོ་ཆིག་སྟོང་ཡར་སྔོན་གྱི་བཙན་པོ་དུས་སྐབས་དང་འདྲ་མཚུངས་ལ་གྱུར་ཡོད།

ཡིན་ནའང་། ཉེ་བའི་ལོ་ཤས་གོང་ནས་དབུ་རང་ཕན་ཚུན་དབར་ལ་ཕྱོགས་བསྒྲིགས་དང་ལེ་འདེད། ཐ་ན་ཞྭ་མོ་བཟོ་རེས་ཚུན་ཆད་ཀྱིས་སྤྱི་ཚོགས་ཡོམ་ཡོམ་སྒུལ་ཞིང་། རྩ་དོན་ཡལ་བར་དོར་ཏེ་རང་དོན་དང་ཁ་ཕོ། དད་པ་དང་དྲང་བདེན་ཁ་ལ་ཁྱེར་བའི་ཚོ་ཁག་གཉིས་སུ་གྱེས་མགོ་ཚུགས། ལྷག་པར་འགྲེམས་སྤེལ་དང་ཁྱབ་བསྒྲགས་ཀྱི་མགྱོགས་ཚད་ཤིན་ཏུ་མྱུར་བའི་དྲ་བའི་འཇིག་རྟེན་ན་ཉིན་མཚན་དབྱེར་མེད་དུ་རྒྱུ་བའི་ཡིག་རྨོངས་པ་ཁ་རྒོད་ཚོ་དང་། གབ་སྦས་འབའ་ཞིག་གི་འོག་ཏུ་ལག་བརྒྱ་མཚན་སྟོང་གིས་འཚོ་བའི་གཡོ་ཅན་པའི་སྡེ་ནི། ཞྭ་མོ་དམར་ནག་གཉིས་ཀྱི་ཚོང་ར་ཆེ་ཤོས་དང་ཚོང་བ་མང་ཤོས་ཡིན། བར་སྐབས་འདིར་ངོས་འཛིན་ཡ་མཚན་པོ་ཞིག་བྱུང་བ་ནི། རང་བཙན་སྐོར་གྱི་ཚོགས་འདུ་ཆུང་ཆུང་ཞིག་ལ་ཞུགས་པ་ཚུན་ཆད་རྒྱལ་བ་རིན་པོ་ཆེ་ལ་དད་ལོག་དང་། དབུས་བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་བྱེད་མཁན་གྱི་ངོས་འཛིན་དང་། དབུ་མའི་ལམ་གྱི་ཆེད་དུ་སྐད་ཆ་བཤད་པ་དང་ལས་ཀ་བྱེད་པ་ཚུན་ཆད་ལ་ལོ་རྒྱུས་ཀྱི་ནག་ཉེས་འགེལ་མགོ་ཚུགས་ཏེ། ཆེས་ཧ་ཅང་ཐ་ཆད་པའི་སྤྱོད་འཆལ་གྱི་མཐའ་ལ་ཟགས་ཏེ་རྒྱལ་བ་རིན་པོ་ཆེ་ཚུན་ཆད་ལ་རྒྱལ་ཚོང་བའི་ཁ་ཕོ་འཐེན་མཁན་བྱུང་། བར་སྐབས་འདིར་སྤྱི་ཚོགས་ནང་དྲང་བདེན་གྱི་སྨྲ་ལྕེ་འགག་པར་གྱུར། གཟུར་གནས་བ་རེ་ཟུང་གིས་མགོ་བོ་སྟོབས་ཀྱིས་བཏེགས་ཀྱང་ཞྭ་མོ་ཁྲི་སྟོང་གི་ལྗིད་ཚད་ཀྱིས་མནན་པར་གྱུར།

གང་ལྟར་སྤྱི་ཚོགས་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱུར་བའི་སྐབས་འདིར། སྐྱབས་མགོན་ཐམས་ཅད་མཁྱེན་པས། འཕྲལ་ཕུགས་རྒྱང་གསུམ་གྱི་གནས་བབ་ལ་ཡེ་ཤེས་དབྱིངས་དཔྱད་ཀྱིས། དབུ་རང་གཉིས་ནི་གཅིག་རྒྱལ་གཅིག་ཕམ་གྱི་འགལ་བའི་ལྟ་གྲུབ་ཞིག་མིན་པར། ཐུན་མོང་གི་འཚོལ་སྙེག་ཡོད་པ། ཐུན་མོང་གི་གཞི་རྟེན་ཡོད་པ། ཕན་ཚུན་དབར་ལ་གལ་གནད་ཆེ་བའི་རྟེན་འབྲེལ་གྱི་འབྲེལ་ཐག་ཡོད་པ་དེ། ཞྭ་ནག་ཁྲི་སྟོང་གིས་གཡོག་མྱོང་བའི་སྐུ་ཞབས་འཇམ་དབྱངས་ནོར་བུ་ཕོ་བྲང་ལ་ཆེད་འབོད་ཀྱིས་མཇལ་ཁ་གནང་། ལམ་སྟོན་གནང་། བྱིན་རླབས་གནང་ནས་ཕེབས་བཅུག་པ་གཅིག་བུས་གསལ་འདོན་གྱིས་ང་ཚོ་ལ་དབུ་རང་ཕན་ཚུན་བར་དུ་ཐུན་མོང་གི་གཞི་རྟེན་ཞིག་དང་རུམ་བྲོ་ཞིག་ཡོད་པའི་ལམ་སྟོན་བསྩལ་གནང་ཡོད།

ཁོང་གིས་རྣམ་ཀུན་རྙོག་དྲ་ཆེ་ཆུང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་ལམ་སྟོན་དང་། འཇམ་ནོར་ལ་ལོ་རྒྱུས་ཀྱི་ངོས་ནས་བོད་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་དང་དཔང་རྟགས་ར་སྤྲོད་མ་ཐུབ་ཚེ། དབུ་མའི་ལམ་ནི་སྤྲང་པོ་ལྟོ་སློང་མཁན་ཞིག་དང་འདྲ་བའི་བཀའ་མོལ་གནང་བ་འདི་གཉིས་ལས་ང་ཚོས་དབུ་རང་ཕན་ཚུན་དབར་གྱི་རྟེན་འབྲེལ་གྱི་གསང་ཐག་དང་། ཐུན་མོང་གི་གཞི་རྟེན་རྙེད་ནུས་པ་ཡིན། ཐུན་མོང་གི་གཞི་རྟེན་འདི་ལས་ང་ཚོས་བསྐྱར་ཏུ་ཆིག་སྒྲིལ་དང་དམ་གཙང་གི་སྤྱི་ཚོགས་ཡིད་དུ་འོང་བ་ཞིག་བསྐྲུན་དགོས་པ་མ་ཡིན་ནམ།

ད་དུང་དབུ་མ་ནང་ཁུལ་དུའང་སྤེན་སེང་གཉིས་ཀྱིས་སྤྱི་ཚོགས་དཀྲུག་དཀྲུགས་པའི་རྗེས། སྲིད་སྐྱོང་གིས་ཀྱང་ཁྲིམས་ལ་གཏུགས། ཁྲིམས་ཐོག་ནས་ཐག་གཅོད་པ་ལས་ཐབས་གཞན་མེད་པའི་བཀའ་སློབ་བསྟུན་མར་གནང་ལ། ཚོགས་ཟུར་གྱིས་ཀྱང་ཁྲིམས་ལ་གཏུགས་ཀྱིན་ཡོད། ཁྲིམས་ཀྱིས་གང་ཐག་བཅད་པ་དེར་ཤར་སྐྱོད་བྱེད་རྒྱུ་ཡིན་ཞེས་མཐར་གཉིས་ཀ་ཁྲིམས་ཐོག་ལ་ཕྱིན་པ་འདི་ནི་འགྲོ་ས་དང་འདུམ་སྟངས་ལེགས་པོ་ཞིག་ཡིན་ཏེ། འདི་ལ་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བ་མ་ཟད། ཁོ་གཉིས་མང་གཙོའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་ཁྱད་ཆོས་དེའང་ངོམ་པ་རེད། བར་སྐབས་འདིར་བོད་པ་ཚོ་ས་ལ་བརྡབས་ཏེ་དུམ་བུར་འཐོར་དུས་རྒྱལ་བ་རིན་པོ་ཆེ་དང་ཁྲིམས་ལས་རེ་ས་གཞན་དུ་མེད་པའི་ངོས་འཛིན་ཞིག་དང་། གནམ་ཐང་ནས་ཁ་ཐུམ་རྒྱག་མཁན་དང་ཀི་བཞེངས་བྱེད་མཁན་རྣམས་ནི་ཆབ་སྲིད་པ་ཚོའི་འུར་རྡོ་དང། ཕྱོགས་ལྷུང་གི་ལག་རྡོ་འབའ་ཞིག་ལས་ཅི་ཡང་མིན་པའི་ངོས་འཛིན་ཞིག་ཀྱང་མི་ཐུབ་བམ།

བསམ་ཚུལ།

Post navigation

Previous Post: ཤྲཱིཿཨེ་མ་ཧོའི་ཞེ་བློ་བདེ་མགུར།།
Next Post: རང་བཙན་གྱི་བདེན་དཔང་ནི་ཐུན་མོང་གི་གཞི་རྟེན་ཞིག་ཡིན། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme