Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།

Posted on 2018-06-112018-06-11 By ཁ་བརྡ 5 Comments on བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།

འོས་སྦྱོར་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།

ཚ་འདེད་ནི། བོད་ཀྱི་ཡིག་ཟམ་གྱི་ལེ་ཚན་གལ་ཆེན་ཞིག་ཡིན་ལ། ངེད་རྩོམ་སྒྲིག་པ་དག་གིས་སྔ་མོ་ནས་སེམས་ལ་ཡང་ཡང་བློས་བསླངས་བྱས་པ་ཞིག་ཡིན། ང་ཚོའི་བསམ་བློའི་ངོས་ཀྱི་ཚ་འདེད་ནི་སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་མིན་པར་བྱེ་བྲག་གི་དོན་རྐྱེན་རེ་དམིགས་འབེན་དུ་བཟུང་ནས། ཡུལ་དངོས་ཀྱི་གནས་ཚུལ་ཀློག་པ་པོར་དྲང་བོར་བརྗོད་པ་དང་། མཇུག་འབྲས་སྟོན་པ། དེ་ལྟར་ལེགས་བཅོས་བྱེད་རྒྱུ་དེ་ཡིན། ཚ་འདེད་ཀྱི་ནང་དུ་དྲི་བ་ཚ་བོ་འདྲི་སྲིད་པ་མ་ཟད་མཇུག་འབྲས་ཀྱང་མི་ལེགས་པ་འབྱུང་སྲིད་མོད། དེ་ནི་ང་ཚོའི་བརྩོན་ལེན་གྱི་ཆ་ཤས་ཙམ་ཡང་མིན་པར། ཐད་ཀར་འདྲི་བ་དང་། དྲང་བོར་འགོད་པ། དོགས་དཔྱོད་བྱེད་པ་གསུམ་གྱི་ཁྱབ་ཁོངས་ན། ཡོད་ཚད་དཀར་པོ་དཀར་རྐྱང་དུ་གནས་མེད་པའི་དེ་ཉིད་ཀྱི་སྣང་བ་ཁོ་ན་ཡིན།

སྤྱི་ཚོགས་འདི་གང་ཞིག་ལ་རྨོངས་པ་སངས་རྒྱུ་མེད་པར། ཅི་ཞིག་ལ་མུན་པ་ནས་མུན་པ་བརྒྱུད་དགོས་པ་རེད་ཅེས་སེམས་ལ་ཡང་ཡང་དྲིས་ན། གསར་འགོད་པས་བྱེ་བྲག་གི་དོན་ལ་ཚ་འདེད་བྱེད་མ་ནུས། རྩོམ་པ་པོས་རྨོངས་པའི་གནས་ལ་སུན་འབྱིན་མ་ནུས་པར། གཡོ་སྒྱུའི་འཁོར་ལོ་བསྐོར་མཁན་དང་བདེན་པ་སྲོག་གིས་སྲུང་མཁན་གཉིས་ཀྱི་མགོ་ལ་མཐོ་དམའ་དང་། མདོག་ལ་དཀར་མཉམ་མེད་པར་སྤྱི་ཚོགས་ཁད་ཀྱིས་རུལ་གྱིན་པའི་སྣང་ཚུལ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེ་བས། ཕོ་རོག་དཀར་པོར་འགྱུར་ལ་ཐེ་ཚོམ་མེད་པའི་ཚ་འདེད་ཀྱི་ལས་འདིར་སྤོབས་སེམས་ཀྱིས་ཞུགས། ཚོགས་པ་དང་མི་སྒེར་རེ་རེའི་གདོང་ལ་བུད་ནས་བྱེ་བྲག་གི་འབྲས་བུ་བཙལ་དུས། ང་ཚོར་རེག་པ་ནི་སྟོང་བ་ཉིད་ཡིན་པས་ཁྱེད་ཅག་ལའང་སྟོང་བ་ཉིད་ལས་ཅི་ཡང་སྟོན་རྒྱུ་མེད་མོད། འདི་ནི་ལེགས་བཅོས་ཐེངས་ཤིག་ཡིན་པའི་ཡིད་ཆེས་ངེད་ཚོར་ཡོད།

ད་རེས་ང་ཚོས་ ༢༠༡༦ ལོར་རྒྱལ་བ་རིན་པོ་ཆེས་ཧྥ་རན་སིའི་བོད་རིགས་མི་མང་ལ་བསྩལ་བའི་བཀའ་སློབ་འདི་ལག་བསྟར་བྱས་ཡོད་མེད་ཀྱི་ཐད་ནས་དྲི་འདེད་བྱས་ཏེ་འབྲས་བུ་བཙལ་དོན་ནི། གང་ཞིག་གིས་རྒྱལ་བ་རིན་པོ་ཆེ་བཀའ་གསུང་ཅི་སྒྲུབ་བྱེད་ཀྱིན་ཡོད་པ་དང་། སུ་ཞིག་ཁོང་ལ་དད་ཡོད་མེད་འཚོལ་བ་མིན་པར། བཀའ་སློབ་ལག་བསྟར་བྱེད་རྒྱུ་གང་ལས་ཀྱང་གལ་ཆེ་བ་དེ་གསལ་འདོན་དང་། ཁ་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པ་ཞེས་ཁྲི་འབུམ་བརྒྱ་སྟོང་དུ་བཟླ་བ་དག་གིས་ལག་ལེན་གང་འདྲ་བྱེད་ཀྱིན་ཡོད་མེད་ཀྱི་གྲུབ་དོན་དེ་གསལ་བོ་བཟོས་པ་ཙམ་ཡིན།

ཟླ་བ་གསུམ་གྱི་རྗེས་ནས་བཀའ་སློབ་འདི་གནང་ནས་ལོ་གཉིས་འཁོར་གྱིན་ཡོད་ལ། མི་སྒེར་དང་ཚོགས་གང་ཞིག་ཡིན་རུང་ལག་བསྟར་བྱས་ཡོད་ཚེ་གྲུབ་འབྲས་ཀྱང་སྨིན་ནས་ཡོད་པའི་ཚད་ཡིན། ཡིན་ནའང་། རྒྱལ་བའི་དགོངས་པ་དང་བོད་ཀྱི་ཆོས་དང་རིག་གཞུང་ཞེས་རྒྱང་བསྒྲགས་སྦིར་གྲགས་ཆེ་བའི་ཚོགས་པ་ཁག་ཚང་མར་རྒྱུས་ལོན་བྱས་རྗེས། བཀའ་སློབ་དེའི་ཆེད་དུ་ལས་འཆར་བསྒྲིག་པ་དང་གྲོས་ཆོད་འཇོག་པ་ལྟ་ཅི། དེའི་དགོངས་དོན་ཐད་བགྲོ་གླེང་དང་གྲོས་མགོ་ཙམ་ཡང་བཏོན་མྱོང་མེད་པའི་གནས་ཚུལ་དེ་གསལ་བོར་གྱུར་སོང་བས། ཤུགས་རིང་ཞིག་དང་ལྷན་དུ་རྒྱལ་བ་དོན་གྱི་བདག་པོར་ལག་གཉིས་ཐལ་མོ་སྦྱར་ནས་དགོངས་སེལ་ཐེངས་ཤིག་ཞུ་རྒྱུ་ལས་ཐབས་གཞན་མེད་པ་འདྲ།

དཔེར་ན། ཧྥ་རན་སིའི་བོད་རིགས་ཚོགས་པ་ནི་བཀའ་སློབ་འདི་བཀོད་སྒྲིག་ཞུ་མཁན་ཡིན་པ་མ་ཟད། རྒྱུན་ལས་འདིའི་རིང་མ་དངུལ་འབོར་ཆེན་བསགས་ཤིང་། ལོ་གསུམ་རིང་ཚོགས་འདུ་ཐེངས་ ༣༢ དང་། གྲོས་ཆོད་ ༡༦༣ བཞག་ཏེ། སྤྱི་ཚོགས་ཞབས་ཞུ་ཆེ་ཆུང་བརྒྱ་ལྷག་བསྒྲུབ་པའི་ལས་བསྡོམས་སྤོབས་པས་བསྒྲགས་མོད། ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་ནང་​། བོད་མི་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་ཚེས་ ༡༣ ཉིན་ཧྥ་རན་སིར་ཕེབས་འཁོད་དང་བསྟུན། བོད་མི་བཞི་སྟོང་མ་ཟིན་ཙམ་ལ་བཀའ་སློབ་བཀའ་དྲིན་ཆེ་བ་དང། མཇལ་ཁ་ཕེབས་བསུ་བཅས་གོ་སྒྲིག་ཕུན་སུམ་ཚོགས་པ་བྱེད་པའི་སྐལ་བཟང་གི་གོ་སྐབས་བྱུང་། ཞེས་པ་ཙམ་ལས་བཀའ་སློབ་དེ་ལག་ལེན་ཐད་ཀྱི་ལས་འཆར་རྐང་གཅིག་སྟོན་རྒྱུ་མེད་པ་དེ་རེད། ཡིན་ནའང་། བོད་རིགས་ཚོགས་པའི་ཚོགས་གཙོས་༢༠༡༦ ། ༠༩ ། ༡༣ ཉིན། སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་ཚོགས་པའི་ལས་བསྡོམས་སྙན་བསྒྲོན་ཞུ་སྐབས། རྒྱལ་བའི་མཛད་འཕྲིན་ཁག་ཅིག་ཞུས་ཏེ། འདི་ཕྱི་ཚེ་རབས་ཀུན་ཏུ་དགེ་བའི་ལམ་སྟོན་གནང་བཞིན་པ་འདི་ནི། སྐྱེ་འགྲོ་སྤྱི་དང་། ལྷག་པར་རང་རེ་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ཕུལ་དུ་བྱུང་བ། རང་ཅག་རྣམས་ཀྱིས་བཀའ་དྲིན་བསམ་ཤེས་ཀྱིས་མགོན་པོ་གང་གི་བཀའ་སློབ་ལམ་སྟོན་ལག་ལེན་དོན་འཁྱོལ་ཡོང་ཐབས་ལ་འབད་དགོས་པ་ནི། རང་རེ་རྣམས་ཀྱི་འོས་འགན་གནད་ཀྱི་དང་པོར་ངོས་འཛིན་ཞུ་བཞིན་པ་ལགས། ཞེས་ལས་བསྡོམས་སྙན་བསྒྲོན་གྱི་དབུ་བཙུགས་ཡོད། སྣང་ཚུལ་འདི་དང་མཇུག་འབྲས་འདི་ཡིས་རྣམ་དཔྱོད་ཅན་ལ་ཏན་ཏན་ལྟག་སྤྲོད་ཀྱི་བསམ་བློ་ཞིག་སྟེར་ངེས་པ་ཡིན།

བོད་རིགས་ཚོགས་པ་ཙམ་མིན་པར་ང་ཚོའི་བཅར་འདྲི་དང་ལེན་བྱས་པའི་ས་གནས་གཞོན་ནུ་དང་། རང་དབང་སློབ་ཕྲུག་ཚོགས་པ། མདོ་སྨད་ས་རྒྱུན། དོན་གཅོད་ལས་ཁུངས་སོགས་ཚོགས་པ་ཁག་གིས་བཀའ་སློབ་དེར་ནང་ཁུལ་གྲོས་བསྡུར་ཙམ་ཡང་གནང་མྱོང་མི་འདུག་ལ། དེ་བཞིན་མི་སྒེར་རེ་རེ་ལ་བཅར། མི་འགའ་ཚོགས་སར་སོང་ནས་ཀྱང་དྲི་བ་དེ་གཉིས་བཀོད་ཏེ་ཟླ་གཅིག་རིང་རྒྱུན་མཐུད་ཀྱིས་མི་ཐུག་ཚད་ལ་རྒྱུས་ལོན་བྱས་མོད། ལན་ནི་ཀླད་ཀོར་རྐྱང་བ་ལས་བརྒལ་མ་ཐུབ།

ད་རེས་ཧྥ་རན་སིའི་བོད་ཀྱི་ཚོགས་པ་ཆེ་ཁག་ཚང་མའི་ཚོགས་གཙོ་དག་ལ་འབྲེལ་བ་བྱས་ནས་བཀའ་སློབ་དེ་ལག་བསྟར་གང་འདྲ་ཞིག་གནང་ཡོད་མེད་ཐད་རྒྱུས་ལོན་བྱ་དུས། མདོ་སྨད་ས་རྒྱུན་གྱི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོས་དང་ལེན་མ་བྱས་པ་དང་། ཆུ་སྒང་ཚོགས་གཙོ་དང་ཚོགས་གཞོན་གཉིས་ལ་ཡང་ཡང་འབྲེལ་བ་བྱས་ཀྱང་འབྲེལ་མཐུད་མ་ཐུབ། ཚོགས་པ་ཁག་ལ་ཆེད་དུ་རྒྱུས་ལོན་བྱེད་དོན་ནི། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བོད་མི་ཡོད་དོ་ཅོག་གིས་སྙིང་ལ་བཅངས་ནས་ཉམས་ལེན་བྱ་དགོས་པ་སྨྲས་མ་དགོས་ཀྱང་། ཡང་དགོས་ཚོགས་པ་ཁག་ལ་སྐུལ་འདེད་བྱེད་རྒྱུ་དང་ལས་འཆར་བསྒྲིགས་རྒྱུར་དམིགས་བསལ་གྱི་འགན་འཁྲི་ཡོད་པས་དེའི་སྐོར་རྒྱུས་ལོན་བྱས་པ་ཡིན།

གཞན་དུ་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོར་འདུག་མཁན་དག་བོད་ཀྱི་རྩ་དོན་ཐད་གང་ནུས་ཅི་འཇོན་གནང་མཁན་ཞེ་གཅིག་རེད་ལ། ད་རེའི་དྲི་འདེད་འདིས་ཀྱང་གོང་གསལ་བཀའ་སློབ་དེ་འབྲེལ་ལག་བསྟར་ཅི་ཡང་བྱས་མེད་པ་མཚོན་པ་ལས་དགོངས་གཞི་གཞན་དང་གཞན་གྱི་སྟེང་དུ་ཕྱག་ལས་གནང་ཡོད་སྲིད་ལ་ཡོད་རབས་གསུང་མཁན་ཡང་འདུག་མོད། ང་ཚོས་བྱེ་བྲག་གི་དོན་ལ་གཟས་ནས་དྲིས་ལན་འཁྱམ་བཅུག་མེད། འདི་ལྟར་དྲི་འདེད་བྱས་ཏེ། མཇུག་ཏུ། རྒྱལ་བ་རིན་པོ་ཆེ་བཀའ་སློབ་ལམ་སྟོན་ཞུས་ནས་ཁོང་ཕེབས་པ་དང་འདི་ལྟར་ཤུལ་མེད་རྗེས་མེད་དུ་གྱུར་ན། བསམ་ཚུལ་ག་རེ་འདུག སྤྱིར་བཏང་གི་མི་ཞིག་ལྟར་ཞེ་ས་མ་ཞུས་པར་ཞུས་ན། མི་རྒན་དགུང་ལོ་བརྒྱད་ཅུར་ཕེབས་པ་ཞིག་གར་སྟེགས་སྟེང་ལ་བཞག་ནས་ཆུ་ཚོད་གཅིག་རིང་ཁ་ལྕེ་ཝུ་བ་དང་ཀླད་པ་ད་རར་བཏང་བ་ལ་དགེ་བ་ག་རེ་འདུག ཅེས་གདོང་ལ་ཅེར་བསྡད་ན་ལག་པ་ཐལ་མོ་སྦྱར་ནས་མིག་མཐར་མཆི་འཁྱིལ་མཁན་ཡང་འདུག་པས། གོམས་གཤིས་ཤིག་གིས་བསམ་བློ་གཏོང་མ་ཤེས་པ་ལས་སེམས་ལ་ནེམ་མེད་པ་མིན་པའི་ངེས་ཤེས་ཤིག་ཀྱང་ཞོར་ནས་སྐྱེ་བ་མ་ཟད། ཁོང་དག་ཀྱང་རྒྱལ་བའི་དགོངས་གཞི་དང་བོད་ཀྱི་རྩ་དོན་ཐད་ནས་བརྗོད་མི་ཚར་བའི་གཏམ་རྒྱུད་ཅན་ཤ་སྟག་རེད་བཞག

མདོར་ན། རྒྱལ་བ་རིན་པོ་ཆེས་སྲིད་དབང་རྩིས་སྤྲོད་གནང་སྐབས་བོད་རིགས་མི་མང་གི་དམིགས་བསལ་ཚོགས་ཆེན་འཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཏེ། གསོལ་འདེབས་ཕུར་ཚུགས་སུ་བཏབ་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་རུ། བོད་མིའི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་རིག་གཞུང༌། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་རྒྱུ། ཞེས་གཞི་རྩའི་ལམ་སྟོན་གྱི་བདག་པོར་མངའ་གསོལ་ཡང་ལམ་སྟོན་དང་བཀའ་སློབ། སྐུལ་ལྕག་གནང་བ་ཁག་འདི་ལྟར་གནང་ཚར་བ་དང་འཇའ་ཡལ་བ་ལྟར་ཤུལ་མེད་རྗེས་མེད་དུ་གྱུར་ན། ཨུ་ཚུགས་ནན་སྐུལ་གྱིས་གཞི་རྩའི་ལམ་སྟོན་པར་བཞག་པའང་ཁ་ཙམ་ཚིག་ཙམ་དུ་གྱུར་པ་མ་ཡིན་ནམ།

ང་ཚོའི་ཁ་གཏད་རྒྱ་ནག་ལྟ་བུར་མཚོན་ན་དབུས་སྲིད་འཛིན་གྱི་སྐད་ཆ་ལྟ་ཅི། ཞིང་ཆེན་དབུ་འཛིན་ཞིག་གི་སྐུལ་མ་ཡིན་ནའང་ཁུལ་དང་རྫོང་། ཞང་དང་གྲོང་གསེབ་ཁག་ཏུའང་ལས་འཆར་བསྒྲིགས་ཏེ་ལག་བསྟར་བྱེད་དུ་འཇུག་པའི་གནས་ཚུལ་ང་ཚོས་ཉིན་བཞིན་གོ་ཐོས་ཐུབ་པས། ང་ཚོལའང་དེ་ལུགས་ཀྱི་དྲན་ཤེས་ཤིག་དགོས་པ་མ་ཡིན་ནམ། ངའི་བརྩེ་བའི་སྤུན་ཟླ་ཚོ།

ཁྱེད་ཅག་གིས་དྲན་ནམ། རྒྱལ་བ་རིན་པོ་ཆེས་བཀའ་སློབ་མཚམས་བཞག་ནས་ཀྱང་ཞལ་མི་མང་ལ་འཁོར་ཏེ། ནན་ཏན་གྱི་སྒོ་ནས། ཆོས་དང་ལམ་བགྲོད་སྟངས་ངོ་སྤྲོད་དང་། ཉམས་ལེན་བྱས་གྲོལ་བ་སྟེར་ཐུབ་པ་ལས། ངའི་སྡུག་བདེན་གྱི་ལག་པ་འདི་མགོ་ལ་བཞག་ནས་གྲོལ་བ་སྟེར་མི་ཐུབ་གསུང་མཁན་གྱི་ཨ་མདོའི་བླ་མ་ཞིག་གི་སྒྲུང་དང་བཅས། ང་ཡང་དེ་བཞིན་ཡིན་དཱ། ཁྱོད་ཚོས་ཀྱང་སྐྱབས་མགོན་རིན་པོ་ཆེའི་ཕྱག་དབང་རེག་སོང་། བྱིན་རླབས་ཐོབ་སོང་ཞེས་བསྡད་ན་ནོར་འཁྲུལ་རེད་དཱ། བྱབ་ཆུང་རེད་དཱ། དཔེ་ཆར་བལྟས་ཏེ་སློབ་སྦྱོང་བྱེད་དགོས་པ་མ་གཏོགས། སྐྱབས་སུ་མཆི་ལབ་ནས་བཞག་ན་འགྲིག་གི་མ་རེད་ལ། ཕན་གིའང་མི་འདུག་ཅེས་བཤད་འདོད་བྱུང་སོང་ཞེས། བཀའ་སློབ་དེ་མཇུག་བསྡུས་པ་དྲན་ནམ།

བསམ་ཚུལ།

Post navigation

Previous Post: ལེའུ་བཞི་བ། དྲག་པོའི་སྟོབས་ཤུགས་ཀྱི་བར་ཁྱད།
Next Post: ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

Comments (5) on “བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།”

  1. རིན་ཆེན་ says:
    2018-06-11 at 8:51 pm

    ཉག་རྙོག་མང་པོ་འབྲི་བའི་དུས་མ་རེད། ཉུང་ངུ་གནད་བསྡུས་འབྲི་དགོས་པའི་དུས་རེད།

  2. ཐུབ་བསྟན་ལེགས་བཤད། says:
    2018-06-13 at 2:51 am

    རྩོམ་པ་བོ་ཁྱོད་རང་གིས་ལག་ལེན་ཆེད་ལས་འཆར་ག་རེ་བསྒྲིགས་ཡོད། ལག་ལེན་ག་ཚོད་བསྟར་ཡོད། གྲུབ་འབྲས་ཅི་ཙམ་སོན་སོང་། ?

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-13 at 7:45 pm

    གོང་ས་མཆོག་གི་བཀའ་སློབ་ལ་རྩི་སྲུངས་དང་ཉམས་ལེན་ཚུལ་
    བཞིན་ཞུ་མཁན་གཞིས་ཆགས་ཁག་ནང་ཡོད་པའི་མི་མང་ཉམས་ཆུང་
    ཚོ་ལས་དེ་མིན་གོང་ས་མཆོག་གི་བཀའ་སློབ་རང་དོན་གཉེར་རྒྱུར་
    གོ་སྐབས་ལེན་མཁན་ལས་གཞན་མ་མཐོང་།

  4. དགེ་འདུན་རྒྱ་མཚོ། says:
    2018-06-14 at 12:59 am

    ངས་བསམ་ཚུལ་བཤད་ན་ང་ཚོས་མི་གཞན་ལ་འཁང་ར་བྱེད་མི་རུང་ལ། རང་ཉིད་ལ་ཡང་འཁང་ར་བྱེད་མི་རུང་། ང་ཚོས་མི་གཞན་ལ་རེ་བ་ཆེན་པོ་བརྒྱག་མི་རུང་ལ་རང་ཉིད་ལ་ཡང་རེ་བ་ཆེན་པོ་བརྒྱག་མི་རུང་། འཁང་ར་ནི་རེ་བ་མ་འགྲུབ་པའམ་མ་བསྒྲུབས་པ་ལས་བྱུང་བས་སོ།།
    གོ་བདེ་བར་བཤད་ན་མི་གཞན་ལ་རེ་བ་བཅོལ་བ་ནི་རང་གིས་རང་ལ་སེམས་གསོ་བཏང་བ་ཙམ་ལས་གཞན་མིན། མི་གཞན་ལ་ཡིད་ཆེས་བྱས་ན་རང་ཉིད་ཆུ་ནང་ལ་གཡུགས་པ་དང་གཅིག་མཚུངས་ཡིན།
    དེ་ང་ཚོས་ཉམས་མྱོང་ལས་བསླབ་བྱ་ལེན་ཐུབ།་་ཧཧ་ཡ་ཡ་བདེ་མོ་བྱོས།

  5. ཤ་ཚའི་བུ། says:
    2018-06-15 at 2:03 am

    ད་ཁྱེད་ཚོས་ལབ་མ་རྒྱག་རྒྱུ་མ་སྔ། ཟླ་བ་རེ་ཟུང་། རིང་ན་ལོ་གཅིག དེའི་རྗེས་ནས་ང་ཚོས་བལྟ་ཆོག མགོ་སྟག་དང་རྔ་མ་ཝ་འདྲ་བོ་ཞིག་མི་བྱེད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme