Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བཞི་པ།

Posted on 2012-11-22 By ཁ་བརྡ་ 46 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བཞི་པ།

ཨོ་རྒྱན་ཉི་མ།

ཨོ་རྒྱན་སྨྱོན་པ། སྤྲུལ་ལོག སྤྲུལ་རྫུན། མ་རབ། མི་གླུད། བོད་ཞེན་མེད་མཁན། རྒྱ་ཁྱི། ༼མིང་འདི་དག་ཕུང་གསུམ་པ་དང་། དེ་དག་གི་གསོ་ཕྲུག་ཚོས་ཁོ་བོ་མི་ཉེས་ཅན་ཞིག་བཟོ་བའི་ཆེད་དུ་བཏགས་པ་རེད། ཡིན་ན་ཡང་ང་ཁོ་པ་ཚོར་དུས་ནམ་ཡང་འཇིགས་མི་སྲིད།༽གང་ཡང་མི་ནུས་ན་ཡང་། ཅིར་ཡང་བཤད་ལ་དགའ་བའི་གང་ཟག་དེ་སླར་ཡང་ཁ་བརྡ་ནང་ཐོན་ཡོད། ཡོང་བའི་རྒྱུ་མཚན་ཡང་། ཆོས་དང་དེར་འཛིན་གྱིས་བོད་སྐྱོབ་པའི་ཚུལ། དབུ་མའི་ལམ་དང་། རང་བཙན་གཉིས་ཀྱི་དོན་ལ་དྲི་བ་དྲི་བ་འགའ་འདྲི་བའི་ཆེད་དུ་ཡིན། དབུ་མའི་ལམ་པ་ཚོས་ད་ལྟའི་དུས་ཀྱི་གཉན་འཕྲང་ལ་གཟིགས་ཏེ། རྒྱ་བོད་གཉིས་ཆར་སྨན་པའི་ལམ་ཁ་དེར་ཆས་པ་རེད། རང་བཙན་པ་ཚོས་སྔོན་གྱི་ལོ་རྒྱུས་དཔུང་པོ་བྱས་ཏེ་རང་བཙན་གྱི་རྒྱལ་ཁབ་ཅིག་རྩོད་བཞིན་པ་རེད། གང་ལྟར་ཡང་དབུ་མའི་ལམ་དེ་བོད་ཀྱི་ཆབ་སྲིད་དང་སྦྱར་ན་གསར་བ་ཞིག་རེད་དེ། ནང་པ་སངས་རྒྱས་པའི་ཆོས་དང་། འཇིག་རྟེན་འདིར་ཞི་བདེ་ཡོང་བའི་ལམ་གྱི་རྩ་བར་བལྟས་ན་ལོ་རྒྱུས་རིང་ལ། རྒྱུ་མཚན་ལྡན་པའི་མ་འོངས་པའི་ཁ་ཕྱོགས་མང་པོ་བཤད་རྒྱུ་ཡོད་པ་དང་། བསྒྲུབ་རྒྱུ་ཡོད་པ། གཞན་ལ་མི་གནོད་པ་དང་། གྲུབ་ན་རྒྱ་བོད་གཉིས་སོགས་རང་གཞན་ཀུན་ལ་ཕན་པའི་ལམ་ཞིག་རེད། རང་བཙན་རྩོད་ན་འབྱུང་འགྱུར་རྒྱ་ནག་དང་། བོད་རང་གི་མི་རིགས་གཉིས་ལ་གོད་ཆག་ཆེན་པོ་ཡོང་བ་ཉག་གཅིག་རེད། དེ་ཙམ་དུ་མ་ཟད་བོད་ཀྱི་རང་བཙན་རྩོད་མཁན་ཚོར་ཚུལ་ཇི་ལྟར་རྩོད་པ་དང་། རང་བཙན་རྩོད་དེ་རང་བཙན་ལེན་པའི་ཚུལ་སོགས་ཟབ་པ་དང་། རྒྱ་ཆེ་བའི་ཐབས་ལམ་ཞིག་བསྟན་དུ་མེད་པ་ནི། དཔེར་ན་བྱ་བ་ཕལ་ཆེ་བ་དམུས་ལོང་གི་གླང་ཆེན་གྱི་གཟུགས་ལ་གཞལ་བ་དང་། ལོང་བས་ལག་སྙོབ་དང་གཅིག་པ་རེད། ཡང་གཞན་ཞིག་ནི་རྡ་སའི་སྲང་ལམ་ཉུལ་བའི་ས་ལེ་རྒྱལ་དང་། ཟི་ལིང་དང་། སི་ཁྲོན། ལྷ་ས། ཡོ་རོབ་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་འགར་འཁྱམས་པའི་མདོ་མེད་འགའ་ཞིག་གིས་ཆོས་མེད་ན་བཅོ་བརྒྱད་བཀད་རྒྱུ་ཡོད་མདོག་མདོག བླ་མ་གྲྭ་བ་ཚོས་ཟོས་མ་སོང་ན་ཡོད་ཚད་ལུས་ཡོད་མདོག་སྟོན་མཁན་མང་པོ་རེད། ཁྱེད་ཅག་འཇིག་རྟེན་གྱི་ས་སྒང་ཆུང་ཆུང་འདིའི་གོང་དུ་ཉམས་བཏོད་དེ་འདུག་ཆོག་པ་དང་། རྒྱལ་ཁབ་གང་དུ་སོང་ཡང་སྐྱབས་བཅོལ་བ་གཞན་པ་དག་ལས། འཛུམ་མདངས་སྟོན་མཁན་མང་བ་དང་། ཅུང་ཟད་ངོ་ཆེན་བྱ་ཆོག་པ་དེ་བསམ་ཤེས་ན་ཆོས་ཀྱི་བཀའ་དྲིན་རེད། རྡ་ས་གཙོར་བྱས་པའི་རྒྱ་གར་ལྷོ་བྱང་ཀུན་དུ་གནས་བཅས་ཏེ། སྐྱིད་ཉལ་རྒྱག་ཆོག་པ་དང་། སློབ་གྲྭ་འགྲོ་དགོས་ན། དགོན་པ་ནང་འགྲོ་འདོད་ན། གང་ལྟར་རང་ཉིད་འཁོས་ཆུང་ཞིག་མ་ཡིན་ན། རང་གི་ལས་སྐལ་དང་མཚམས་པའི་རྐང་ལག་རྐྱང་ས་ཡོད་པ་དེ། བོད་པའི་བླ་རྒན་ཚོས་བཀའ་དྲིན་རེད། འདི་དག་ངེས་པར་ཤེས་དགོས་པའི་གནད་འགག་དག་ཡིན། བོད་ཀྱི་ལས་དབང་ཆོས་དང་འབྲེལ་ཡོད་དུས་རྩ་ནས། ཆོས་ཀྱི་དབུ་འཕོངས་དགུང་དུ་མཐོ་ན་བོད་པ་ནམ་ཡང་བརླག་མི་སྲིད་པ་རེད། ཆོས་ཉམ་རྒུད་དུ་ཕྱིན་ན་བོད་པ་དག་མི་རིང་བར་ད་ལྟ་ཡོད་སའི་རྒྱལ་ཁུངས་དག་ཏུ་ཐིམ་པ་ལས། བཟང་ངན་གཉིས་ཀྱི་གྲུབ་འབྲས་ཐོན་པ་ཁག་པོ་རེད། དེ་ཕྱིར་བོན་པོ་ལོ་རྒྱུས་དང་། རྙིང་མ་དཔལ་འབྱོར། བཀའ་བརྒྱུད་ཐོབ། ས་སྐྱ་གདུང་རྒྱུད། དགེ་ལྡན་ཆབ་སྲིད་ཀྱི་ཕུང་བཞིན་པ་ཕར་བལྟས་ཚུར་གཟིགས་རེད། འདིའི་སྐོར་བླ་ཆེན་ཚོས་ཐུགས་བསམ་ཞིག་བཞེས་དགོས་པར་འདོད། དེང་སང་གི་གདུང་རྒྱུད་དང་། སྤྲུལ་སྐུ། དགེ་བཤེས། མཁན་པོ་ཟེར་བ་ཕལ་ཆེ་བ་དངུལ་གཅིག་པུ་བཟོ་བྱེད་ཅིག་ལས། དེའི་རྒྱུད་ལ་ག་རུ་དགོས་ཀྱིན་ཡོད་མེད། མིས་བསམ་བློ་གཏོང་གི་མི་འདུག་ལ། རང་གིས་བདག་ཉར་བྱེད་མཁན་དཀོན་པོ་རེད། དཔེར་བཞག་ན་མི་ཞིག་གི་ངར་ལྕགས་ཀྱི་སྟེ་རེ་ཞིག་ཉོས། ཤིང་གཅོད་དུས་བེད་ཆོད་བཏང་། དེ་ལས་གཞན་ཆུ་དང་ཆར་བའི་ཁྲོད་དུ་གཡུགས་ཏེ། སྣུམ་བརྐུ་བ་དང་། རླན་མེད་སར་ཉར་ཚགས་ཡག་པོ་མེད་ན། བཙས་ཟིན་ཏེ་སྔོན་གྱི་ནུས་པ་ཡོད་ཚད་ཤོར་འགྲོ་བ་བཞིན། བླ་ཆེན་ནས་མཁན་སྤྲུལ་དགེ་གསུམ་ཆུང་ཆུང་ཡ་ཆོད་རང་དང་གཞན་གྱིས་བདག་སྐྱོང་མེད་ན། འགའ་ཞིག་རེད་མ་གཏོགས་ཕལ་ཆེ་བ་རང་གཞན་གཉིས་ཀར་ཕན་ཐོགས་མེད་པའི་མི་རྒོད་ཅིག་ཏུ་འགྱུར་ངེས་ན། འོག་ན་སྡོད་མཁན་ཚོ་ཡིན་ན་རེད། གོང་ན་བཞུགས་པའི་དགེ་རྒན་ཡིན་ན་རེད། གང་ལྟར་ཚང་མས་ཤུགས་རྒྱབ་ན་མ་གཏོགས། དུས་ངན་སྙིགས་པ་རེད། བཟོ་བཅོས་རྒྱག་རྒྱུ་ཡོད་མ་རེད་ལབ་ནས་གཡུག་བཞག་ན་མི་རིགས་པར་སེམས། ད་ལྟའི་དུས་ཚོད་འདིར་བོད་པ་ཚོར་སེམས་ཤུགས་ཡོད་ན། དགོན་པའི་སྲ་བརྟན་དང་། དགོན་པའི་གྲྭ་བཙུན་གཙང་མ་ཞིག་དང་། དགོན་པའི་བཤད་སྒྲུབ་ལས་གསུམ་ཡོད་ངེས་པ་དང་། སློབ་གྲྭའི་ནང་དུ་ཆབ་དཔལ་ཚན་གསུམ་ཡོད་པ་ཞིག་བྱུང་ན། གྲྭ་བཙུན་རྣམས་ཀྱི་རྒྱུད་དུལ་བ། ཁྱིམ་པ་རྣམས་ཀྱིས་འཚོ་བ་སྐྱིད་པ་ཡོངས་ངེས་པས། རྒན་གཞོན་ཀུན་གྱིས་ཐུགས་ལ་ཟུངས་ཞེས་གསོལ་འདེབས་ཡིན། ངས་འདི་ལྟར་བཤད་ན་ཕུང་གསུམ་པ་དང་། ས་ལེ་རྒྱལ་དེ་ཚོས་དགོན་པ་སྲ་བརྟན་བྱེད་ན་ཕན་ཐོགས་མེད་ཚུལ་བཤད་མཁན་ཡོང་སྲིད་པ་རེད་དེ། དགོན་པ་དང་། དགེ་འདུན་པ་མེད་ན་བོད་པའི་བཙན་བྱོལ་བོད་གཞུངདམངས་གཉིས་ཀྱིས་ད་ལྟ་ནང་བཞིན་འཛིན་སྐྱོང་ཚགས་ཚུད་པོ་ཞིག་ཁག་པོ་རེད། འདི་དག་ཐད་ལ་བཞག་ན་གླེན་པ་མཁས། ལག་ལ་བཞག་ན་གཅིག་མི་ཐོན་ཟེར་བའི་དཔེ་ལྟར། ངས་མཐོང་བ་དང་། ཐོས་པ། མྱོང་བ་དག་བཤད་པ་ཡིན་མ་གཏོགས། ང་རང་ཉིད་ལ་བྱ་བ་འདིར་ཞུགས་ཏེ། སྒྲུབས་ཤོག་ཟེར་ན། ཅིར་ཡང་སེམས་ལ་གང་ཡང་མི་ནུས་པའི་ལེ་ལོ་ཅན་ཞིག་ཡིན་པས། ཁྱེད་རྣམ་པའི་ཞེ་འདོད་སྒྲུབ་ཐུབ་པ་ཁག་པོ་རེད། ད་དུང་དམིགས་བསལ་ཞིག་ཡོད་པ་ནི་རང་བཙན་ལ་དགའ་བ་ཚོས། རང་བཙན་ཇི་ལྟར་ལེན་རྒྱུ་ཡིན། ཐབས་ལམ་དང་། ལེན་ཐུབ་པའི་ཡིད་ཆེས་ག་ཚོད་ཡོད། གལ་སྲིད་མེད་ན་བོད་མི་འཕྲོ་བརླག་གཏོང་བ་ལས། ཕན་ཐོགས་མེད་པ་ཞིག་མ་རེད་པས། འདི་དག་ལ་ངེས་པར་དུ་ལན་ཞིག་ཐོབས་དང་། ཡང་གཞན་ཞིག་ཁྱེད་ཅག་གིས་སྐུ་སྲོག་ཞུགས་ལ་ཕུལ་མཁན་ཚོར་དཔའ་བོ་དང་། དཔའ་མོ་ཞེས་ཆོ་ལོ་ཕུལ་བསྡད་ན། ཁོང་ཚོ་མང་པོ་འཆི་ཡོང་གི་མི་འདུག་པས། གལ་སྲིད་བོད་མི་འཁྲི་ཕྲག་འཆི་ཡང་ཕན་ཐོགས་སྐར་གང་མེད་པར་གྱུར་སོང་ན། ཁྱེད་ཅག་གིས་གཞུག་ནས་ཇི་ལྟར་བྱ་རྩིས་ཡོད། བོད་ནས་སྐུ་སྲོག་ཞུགས་ལ་ཕུལ་ཐུབ་ན་དགེ་བ་བསགས་པ་དང་། ཕན་ཡོན་ཆེ་བའི་ཚུལ་ཡང་བཤད་བཞིན་པ་དང་། སྐུ་ཕུང་ལ་ཕྱག་འཚལ་གསོལ་འདེབས་ཀྱང་བྱེད་བཞིན་པ་ལགས་ན། འདིའི་སྐོར་བསམ་འཆར་གང་ཡོད། བྱ་བ་ཆེ་ཆུང་གང་ཡིན་ཡང་མདུན་རྒྱབ་དང་། གཡས་གཡོན་ལ་ལྟ་ཡག་བྱས་ཏེ་སྒྲུབ་པ་ལས། གྱ་ཚོམ་དུ་མཆོང་བཞག་ན་གྱོང་ལས་ཁེ་བཟང་དཀོན་པོ་རེད། དེ་ཕྱིར་གོང་དུ་བཀོད་པའི་དྲི་བ་དག་ལ་ལན་དང་། གཤིབ་བསྡུར་གནང་ཐུབ་ན་ཕན་ཐོགས་ཤིག་ཡོད་པར་མངོན་ནོ། །

སྣ་ཚོགས།

Post navigation

Previous Post: ཨ་རི་གཞུང་དང་། བོད་གཞུང་གི་གཞུང་ཡིག་ལ་དཔྱད་པ།
Next Post: ཉག་ཁའི་དར་ལྕོག

Comments (46) on “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བཞི་པ།”

  1. ཁྱབ་འཇུག says:
    2012-11-22 at 7:26 am

    ཨོ་རྒྱན་ཉི་མ་ལགས། དཔའ་བོའི་མིང་གྱིས་བོས་བ་ཙམ་གྱིས་མཆོངས་འགྲོ་བ་རེད་འདོད་ན་དེ་ནི་ད་ལྟའི་དམར་ཕྱོཌ་ཀྱི་བཤད་ཚུལ་དེ་ལ་ཁྱོན་ནས་མགོ་འཐོབས་པ་རེད་ལ་དམིཊ་ཡུལ་དང་བསམ་བློ་ཅི་ཡང་མེད་པར་རང་བསྲེག་བྱས་བ་རེད་འདོད་ན་དེ་ནི་དེ་ལས་ཀྱང་བོད་ནང་གི་ད་ལྟའི་གནས་བབས་ལ་མཐོང་ཐོས་ཅི་ཅང་མེད་པའི་རྟཊ་རེད། དེ་བས་གཤམ་གྱི་གསུང་བཤད་དེ་ཁྱེད་དང་འདྲ་བའི་མི་བུ་ཚོར་ཁོང་གིས་ཆེད་དུ་གསུང་བ་འདྲ་སྟེ།
    _མི་མང་པོས་ང་ལ་ང་ཚོར་ག་དུས་དམངས་གཙོ་རག་ཐུབ་ཀྱི་རེད་དམ། ཞེས་འདྲི་ཡི་འདུག ངས་རྒྱུན་དུ་ཁོ་ཚོར་༼ཁྱོད་རང་གིས་སོ་སོར་དྲིས་དང། སོ་སོའི་སྒེར་གྱིས་དམངས་གཙོའི་ཆེད་དུ་ག་རེ་བྱས་ཡོད་མེད་དྲི་བ་བཀོད་དང། དེའང་སོ་སོར་ལན་འདེབས་བྱས་པ་རེད། གལ་ཏེ་ཁྱོད་ཀྱིས་དམགས་གཙོའི་ཆེད་དུ་་བྱ་བ་གང་ཡང་མ་སྒྲུབ་པར་ཁྱོད་ལ་དྲི་བ་དེ་བཀོད་པའི་ཐོབ་ཐང་མེད། _ལྕམ་ཨང་སང་སུ་ཅིས།
    དྲང་མོར་བཤད་ན་ང་ཚོར་གནའ་ནས་ད་བར་བོད་པའི་ཆེད་དུ་གཤེགས་པའི་དཔའ་བོ་ཚོའི་བསམ་བློ་དང་དམིཊ་ཡུལ་ལ་སྐྱོན་ག་རེ་ཡོད་མེད་ཀྱི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད།

  2. མྱི་དཀར་ says:
    2012-11-22 at 7:33 am

    ཨོ་ཉི་ཁྱེད་ཀྱིས་ད་དུང་རྒྱང་ལྟ་ལྔ་པ་ནས་བཅུ་པའི་བར་མུ་མཐུད་ནས་བྲིས་དང་ཁྱོད་ལ་འཚང་འབྲུ་དང་སྐྱོན་སྔོག་མཁན་གྱི་དྲ་འབུ་དེ་ཚོ་ཐང་ཆད་འགྲོ་གི་རེད།

  3. ལེགས་བཤད། says:
    2012-11-22 at 7:36 am

    ས་ལེ་རྒྱལ་དེ་ཚོས་དགོན་པ་སྲ་བརྟན་བྱེད་ན་ཕན་ཐོགས་མེད་ཚུལ་བཤད་པ་ནི་ངོ་ཚ་རེད་ཡ། ཨ་ཤུ།

  4. མྱི་དཀར་ says:
    2012-11-22 at 7:37 am

    ངས་ཀྱང་དེ་རིང་ཨོ་ཉིས་བཤད་པ་བརྒྱ་ཆ་དགུ་བཅུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན།

  5. ཟི་དམིག་ says:
    2012-11-22 at 8:21 am

    ཐ་ཤལ་གི་བྱེད་གཏང་ངོམས་འཆར་དུ་ཁྱེར་ནས་དོན་པ་ནི་བསྟན་སྲུང་མཐུ་བོ་ཆེའི་ཞབས་འོག་དུ་འགྲོ་འདོད་རེད་མཉམ་

  6. མེ་ཏོག་དཀར་པོ says:
    2012-11-22 at 8:39 am

    ཡང་འོང་འདུག་ག ཁོས་ཁ་སང་འོང་གི་མིན་མདོག་བཤད་དུས་སུས་ཁ་ཡ་མ་བྱས་པས་ངོ་ཚ་ནས་ཉིན་ཤས་ལུས་སོང་མོད། ཁ་དང་ལག་པ་རྒྱ་འདྲེས་ཟིན་པ་འདི་ཁུ་སིམ་མེར་འདུག་གི་མིན་པ་ཤེས་ཡོད།

  7. མེ་ཏོག་དཀར་པོ says:
    2012-11-22 at 8:44 am

    ཨོ་ཉིས་་་་”གང་ལྟར་ཡང་དབུ་མའི་ལམ་དེ་བོད་ཀྱི་ཆབ་སྲིད་དང་སྦྱར་ན་གསར་བ་ཞིག་རེད་དེ། ནང་པ་སངས་རྒྱས་པའི་ཆོས་དང་། འཇིག་རྟེན་འདིར་ཞི་བདེ་ཡོང་བའི་ལམ་གྱི་རྩ་བར་བལྟས་ན་ལོ་རྒྱུས་རིང་ལ། རྒྱུ་མཚན་ལྡན་པའི་མ་འོངས་པའི་ཁ་ཕྱོགས་མང་པོ་བཤད་རྒྱུ་ཡོད་པ་དང་། བསྒྲུབ་རྒྱུ་ཡོད་པ། གཞན་ལ་མི་གནོད་པ་དང་། གྲུབ་ན་རྒྱ་བོད་གཉིས་སོགས་རང་གཞན་ཀུན་ལ་ཕན་པའི་ལམ་ཞིག་རེད།” འདི་འདྲ་ཡག་པོ་ཤེས་གི་འདུག་ག དགའ་བསུ་ཡོད།
    ངས་སླར་ཡང་རེ་བསྐུལ་ཞུ་རྒྱུར། ག་དུས་ཡིན་ཡང་དགག་ཕྱོགས་ནས་མིན་པར་སྒྲུབ་ཕྱོགས་ནས་ཀྱང་འདི་འདྲ་བཤད་རོགས་ཞེས་པ་དེ་ཡིན།

  8. མེ་ཏོག་དཀར་པོ says:
    2012-11-22 at 8:55 am

    ངས་སྔ་ནས་མང་དུ་བཤད་ཡོད། ཨོ་ཉིསབཤད་ཚད་མི་བདེན་ཟེར་མི་ཐུབ། དོན་ལའང་དེ་ལྟར་རེད། རྒྱང་ལྟ་བཞི་པ་འདིར་ཡང་བརྗོད་བྱ་ཡོངས་རྫོགས་ཁུག་མ་གཅིག་ནང་བླུག་པ་ལྟ་བུ་མཐོང་། གཞན་ལེགས་ཆའང་མི་ཉུང་བ་འདུག
    ག་ལེར་བོད་ཞེན་ཡོང་བའི་སྨོན་ལམ་དང་རེ་བ་ཡོད། ཨོ་ཉི་བོད་པ་གཙང་མ་ཆགས་པའི་རེ་བ་ཡོད། བོད་རྒྱལ་ལོ།།

  9. ཨུ༌རྒྱན༌རིག༌འཛིན། says:
    2012-11-22 at 8:56 am

    ཨོ་ཉིས་སྡ་ས་རང་དབང་གི་རྩིག་གསེབ་ཏུ་སྐྱག་པ་དྲི་མ་ཅན་ཞིག་བཏང་འདུག།
    ད་དེར་སྐྱག་འབུ་ཚོ་འཁོར་ཡོང་གི་རེད།

  10. མེ་ཏོག་དཀར་པོ says:
    2012-11-22 at 9:00 am

    བོད་པ་རེ་རེ་ནས་བོད་པ་གཙང་མ་ཆགས་པར་ཤོག

  11. པདྨ says:
    2012-11-22 at 9:18 am

    ཡང་ཡུག་ཕོ་ཨོ་ཉི་ཐོན་བཞག དོལ་འདྲེ་དང་ཨོ་ཉི་ཚོ་ལ་ཁྱད་པར་ཅི་མི་འདུག ཁ་བཤད་དང་ལག་ལེན་རྒྱབ་འགལ་རེད། ཁོ་དགོས་ཟེར་བ་ཚང་མ་མི་དགོས། མི་དགོས་ཟེར་བ་ཚང་མ་ཁོ་རང་གིས་སྒྲུབ་ཀི་འདུག ངོ་ཚ་མེད་པ་ཁྱོད་ཤི་ན་དགའ་ས་རེད། རྙིང་མའི་ཞབས་འདྲེན། བཀའ་བྲགྱུད་པའི་རྐུབ་ལྡག དགེ་ལུགས་པའི་དགྲ་བོ། བོན་པོའི་གཤེད་མ། ས་སྐྱ་པའི་གཤིན་འདྲེ་ཁྱོད་སྙིང་རྗེ། ཡིག་འཆར་རེ་འབྲི་བ་མ་གཏོགས་ལས་ཀ་ཅི་མེད་སོང་ནི་ཨེ་རེད། ཡུག་ཕྲུག་ལ་བདག་གཉེར་ལས་བསྟན་སྲིད་ལ་ཕན་པའི་མྱི་ཅི་མ་རེད། ཧ་གོ་སོང་ངམ། གདོན་ཁ་ཚུམས་ལོ། ཨ་ཅག་པདྨས་སོ། །

  12. ཨུ༌རྒྱན༌རིག༌འཛིན། says:
    2012-11-22 at 9:19 am

    ཨ་ཧོ་ཨོ་ཉི་འདི་དུས་རྒྱུན་དུ་སྐྱག་པ་ཀྱང་ཀྱང་ཤོར་འགྲོ་ཡི་འདུག་ཁོ་ལ་བྲོད་ཁོག་ན་ཚ་ཡོད་ས་
    རེད་བ། མ་རེད་མ་རེད་ཟ་ཆེ་ནས་རེད། འ་ཟ་ཡ་མང་པོ་དེ་འདྲ་ག་བ་ནས་རག་གི་ཡོད་ན།
    ཁྱོད་ལྐུག་པ་ ཁོ་སྟོབས་ཆེན་རྒྱལ་ཁབ་ཀྱི་ཨ་ཕྲུག་རེད། གསོལ་ཕོགས་དང་གསོལ་རས་གཉིས་
    ཀ་ལེན་གྱི་ཡོད་རེད་ད་། འོ་ད་ཡིན་ན་སྟོབས་ཆེན་རྒྱལ་ཁབ་ཀྱི་སྤྱང་ཁྱི་བཞིན་གསོས་པའི་
    རྒྱུག་ཁྱི་ཞིགཡིན་པ་རེད། འོ་ད་ཧ་གོ་སོང་བ་རྗེས་མ་ནས་ཡིད་གཟབ་གྱིས།

  13. འཇམ་གཅེས says:
    2012-11-22 at 9:20 am

    ཧ་ཧ་ཧ་ཧ་ཧ་ཧཧ་་ཧཧ་་་་ཨོ་རྒྱན་ཉི་མ་ཟེར་མཁན་འདི་ལ་སྙིང་འདྲ་རྗེ་གྱི་དུག་་་་་་་་་་་་

  14. རྟེན་འབྱུང་། says:
    2012-11-22 at 9:28 am

    ཨོ་རྒྱན་ཉི་མར་འབོད་སྐུལ་ཞུ་ཡ་ལ། རྒྱང་ལྟ་ལྔ་བའི་སྐབས་རྒྱང་ཤེལ་གྱི་ཁ་ཁྱེད་རང་རང་ལ་སྐོར་རོགས་ཞུ་རྒྱུ་ཡིན། གཞན་སྐྱོན་ཤེས་མཁན་མང་ཡང་རང་སྐྱོན་ཤེས་མཁན་དཀོན་པོ་ཡིན་ཙང་ཡིན། ཁྱེད་རང་ཆོས་པའི་མིང་ཞིག་འཁུར་ནས་མི་གཞན་ལ་མཐོང་ཆུང་བྱས་ཡོད་པ་མཐོང་བས་སྐྱོ་བྱུང་། ཕྱི་རྒྱལ་གྱི་གློག་བརྙན་སོགས་ན་ཡང་དང་པོ་ཇག་རྐུན་སོགས་བྱེད་ན་ཡང་མཐའ་མ་མི་རིགས་དང་རྒྱལ་ཁབ། མི་དམངས་སོགས་ཉེན་ཁ་ཆེན་པོ་ཞིག་ལ་སླེབས་སྐབས་མི་དེ་དག་གིས་སྐྱབས་པའི་ལོ་རྒྱུས་མང་པོ་མཐོང་རྒྱུ་འདུག། དེ་ནི་ཆོས་ཁས་མི་ལེན་མཁན་ཚོས་ཀྱང་ཁོང་ཚོར་མཐོང་ཆུང་དང་བརྙས་སྨོད་གནང་གི་མེད་པ་གསལ་བོ་རེད། དོན་དངོས་སུ་བྱ་དངོས་ཐམས་ཅད་ལྟོས་འཇོག་གིས་འཇོག་དགོས་པ་ལས་ཆོས་པའི་དེ་ཡིན་དགོས་ཟེར་ན་མི་འགྲིག། གང་ལྟར་སྤྱི་ཡོངས་ནས་ལྟ་ཐུབ་པ་ཞིག་དགོས། ངས་ཆོས་པ་མང་པོ་དང་ཐུག་མྱོང་ཁ་ཆེ་དང་ཡེ་ཤུ་ནང་པ་ཧིན་དི་སོགས་ཚང་མས་རང་རང་སོ་སོའི་དེ་ཡིན་གཞན་གྱི་དེ་ནོར་འཁྲུལ་དུ་ལྟ་བའི་ལྟ་ཚུལ་དེ་གཞན་ལས་ཤུགས་ཆེ་བ་ཡོང་གི་འདུག། དེ་མཚུངས་ང་ཚོའི་གྲུབ་མཐའ་ཁག་ཀྱང་རང་སོ་སོའི་དེ་ཡང་དག་པར་ལྟ་བའི་ལྟ་ཚུལ་དེ་ཆོས་ཁས་མི་ལེན་མཁན་དག་ལས་ཤུགས་ཆེ་བ་ཡོང་གི་འདུག། དེ་ནི་ནོར་འཁྲུལ་ཞིག་རེད་བསམ། རྨོངས་ཞེན་དང་འཁྲུགས་རྩོད་ཆོས་ལུགས་རིས་མེད་མི་ཡོང་སའི་གཞི་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། གང་ལ་བརྟེན་ནས་སྡུག་པ་ཞེས༎ གདགས་པར་བྱ་བ་མི་སྡུག་པ༎སྡུག་ལ་མི་ལྟོས་ཡོད་མིན་པས༎ དེ་ཕྱིར་སྡུག་པ་འཐད་མ་ཡིན༎ ཞེས་གསུངས་པ་དེ་ཆོས་ཐམས་ཅད་ལྟོས་འཇོག་གིས་བཞག་དགོས་པར་གསུངས་པ་ལྟར་རེད། དེ་ཡང་གནས་སྟངས་ཁ་ཤས་གང་ཟག་ཁ་ཤས་ལ་རན་པ་དང་འགྲིག་ན་ཡང་། གཞན་ཁ་ཤས་ལ་མི་རན་པ་མི་འགྲིག་སོགས་ཡོད་པ་ནི་ཁས་ལེན་དགོས་པ་ཡིན། དེ་ཁས་ལེན་ཐུབ་པ་ལ་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ནང་བའི་ལྟ་གྲུབ་དབུ་མའམ་རྟེན་འབྱུང་གི་དོན་ལ་སློབ་ན་རིམ་གྱིས་ཤེས་ཐུབ། གང་ལྟར་ཁྱེད་རང་དབུ་མ་དང་མཚན་ཉིད་རིགས་པའི་གཞུང་ལ་སློབ་སྦྱོང་དེ་ཙམ་གནང་ཡོད་ས་མ་རེད་བསམ། ཆོས་དུག་དུ་ལྟ་མཁན་རྒྱ་གཞུང་ལ་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ། ངན་སོང་གི་སྡུག་བསྔལ་བཤད་མཁན་སངས་རྒྱས་བྱོན་ནས་བཟུང་ད་བར་ཁྱེད་རང་ལས་བྱུང་ཡོད་རྒྱུ་མ་རེད། ལྷག་ཏུ་ ་བོན་པོ་ལོ་རྒྱུས་དང་། རྙིང་མ་དཔལ་འབྱོར། བཀའ་བརྒྱུད་ཐོབ། ས་སྐྱ་གདུང་རྒྱུད། དགེ་ལྡན་ཆབ་སྲིད་ཀྱི་ཕུང་བཞིན་པ་ཕར་བལྟས་ཚུར་གཟིགས་རེད་ཟེར་བ་ནི་ཐལ་དྲགས་པའི་བསྐུར་འདེབས་རང་ཡིན་པས་ཆོས་སྤོང་གི་ལས་ཆེན་པོ་བསགས་པ་ལས་གཞན་ཇི་ཡང་མ་རེད།
    ད་དུང་ཁྱེད་ཀྱིས་རྡ་སའི་ས་ལེ་རྒྱལ་སོགས་ཆོས་ལ་དགག་པ་རྒྱག་ཚུལ་སོགས་བཤད་པ་ནི། བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འདི་ལ་ད་བར་སུ་གང་གིས་ཀྱང་དགག་པ་བརྒྱབ་མེད་ལ་རྒྱག་འདོད་ཀྱང་རྒྱག་ཐུབ་ཀྱི་མ་རེད། ཁྱོད་དང་ང་འདྲ་བའི་ཆོས་ཀྱི་རྗེས་འཇུག་མཁན་ལ་དགག་པ་བརྒྱབ་པ་དེས་ཆོས་ལ་དགག་རྒྱག་རྩ་བ་ཉིད་ནས་འགྲོ་གི་མ་རེད། ཡང་ཆོས་ཀྱི་དོན་དག་མི་ཤེས་མཁན་གྱི་ཆོས་པ་ཁག་ཅིག་གིས་ཆོས་དང་འཇིག་རྟེན་ཁག་ཁག་སོ་སོ་རེད་ཟེར་བ་དང་། ཆོས་དང་སྲིད་ཀྱང་ཁ་ཁ་རེད། ཆོས་པས་ཆོས་ལས་སྲིད་གནང་ན་མི་འགྲིག་སོགས་ཀྱི་ཆོས་ལོག་རྐྱང་རྐྱང་སྤྱི་ཚོགས་ནང་བཤད། ལྷག་ཏུ་ཇོ་བོ་རྗེས་ཆོས་བྱེད་ན་ཚེ་འདི་བློས་གཏོང་དགོས་གསུངས་པ་སོགས་ལ་ལོག་འགྲེལ་རྐྱང་སྤྱི་ཚོགས་ལ་བཤད། མཐར་སྤྱི་ཚོགས་ནང་ནས་འགྲེལ་བཤད་ལོག་དེ་ཚོ་ལ་དགག་པ་རྒྱག་ཡོང་སྐབས་ཆོས་ལ་དགག་པ་རྒྱག་གི་འདུག་ཟེར་བ་སོགས་ནི་དངོས་དོན་མ་རེད། ཆོས་སྲིད་གཉིས་ཀྱི་ས་མཚམས་དང་། འཇིག་རྟེན་དང་ཆོས་ཀྱི་ས་མཚམས་གྲིས་བཅད་པ་ལྟ་བུ་ཞིག་འཇོག་ཐུབ་མཁན་ཞིག་བྱུང་ན་ཇི་གསུངས་བཀའ་སྒྲུབ་ཞུ་ཆོག་ཡིན་ན་ཡང་དེ་ནི་རི་བོང་གི་རྭ་རེད།

  15. པདྨ says:
    2012-11-22 at 9:34 am

    ཨོ་ཉི་ལས་ངན་སྡིག་ཏོ་ཅན་ཁྱོད་ཡུག་མོ་དེ་འབྲེལ་ནས་བཟུང་ཐེ་ཝན་ལ་རླུང་ཇག་དང་། དྲག་ཆར་ལྡེབ་པ་ལས་མི་དྲུག་བརྒྱ་ལྷག་གར་སོང་ཆ་མེད་དུ་སོང་བ་རེད། བོད་དུ་ས་འགུལ་གྱིས་མི་ཉིས་སྟོང་དྲུག་བརྒྱ་གོ་བརྒྱད་ཤི་བ་དང་། བརླགས་སོང་བ་ཡང་མང་པོ་རེད་ལ། ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་སོ་ལྔ་རྨས་མར་བསྒྱུར་བ་དང་། འཇའ་པན་དུ་མཚོ་རླབས་དང་ས་འགུལ་གྱིས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་བདུན་ཅུ་ཤི་བ་དང་། རྨས་མ་དྲུག་སྟོང་ཆིག་བརྒྱ་བཅུ་བཞི། གར་སོང་ཆ་མེད་དུ་གྱུར་བ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི་སོགས་མདོར་ན་འཛམ་གླིང་ཤར་ནུབ་གཉིས་སུ་འབྱུང་བཞིའི་གནོད་པ་རྒྱ་ཆེ་བ་དང་། མི་རིགས་དང་། ལས་དཀའི་འཐབ་རྩོད་ཆེ་རུ་དང་། གཏིང་ཟབ་ཏུ་འགྲོ་བཞིན་པ་མཐའ་དག་འདོད་རྔམ་ཅན་ཁྱོད་ཅན་དང་། ཁྱོད་ཀྱི་གནོད་སེམས། ལོག་ལྟ་དག་ལས་བྱུང་བ་ཡིན་པས་ན། ལྷ་ཁང་དུ་ཡུག་མོ་གཡབ་པའི་ལས་ངན་རྒྱལ་ཁབ་ཤར་ནུབ་ཀུན་ཏུ་ཁྱབ་པ་མ་མཐོང་ངམ།

  16. གཟུར་གནས་བློ་ལྡན་། says:
    2012-11-22 at 9:44 am

    པད་མ་ཟེར་བ་འདི་ཕར་ཆེར་ཕུང་བཞི་བ་ཞིག་ཡིན་པ་ཐག་ཆོད་།

  17. ཆུ་ཐིགས་སྔོན་མོ says:
    2012-11-22 at 10:06 am

    བཤད་མ་སྔ་་་་ཚང་མས་ཞིབ་འཇུག་བྱོས་་་་་དཔྱད་པ་ཐོངས་་་་་རྒྱུ་མཚན་ཡོད་མེད་ལ་ལྟོས་་་་ཅི་ཡང་མ་རྟོགས་པར་རྒོལ་གཏམ་བཤད་པ་འདི་བོད་པའི་གཤིས་སུ་གྲུབ་འདུག་པས་ཚང་མས་ཡིད་གཟབ་བྱོས་་་་

  18. བན་དེ་བ། says:
    2012-11-22 at 10:29 am

    ཨོ་ཉིས་ཡང་སྨྱོ་ལབ་ཅིག་རྒྱབ་འདུག
    དང་པོ་རང་གི་སོར་སྡོམ་དེ་བདག་པོ་རྒྱབ་མ་ཐུབ་པར། བསྟན་པ་ལ་དག་ཐར་བྱེད་དགོས་རབས་བཤད་སོང།
    གཉིས་པ། རང་གིས་བོད་དོན་ལ་ལས་ཀ་སྣེ་གཅིག་ཀྱང་བྱེད་མ་མྱོངས་པར། མི་ཡིས་བྱས་པར་སྡིག་སྨོད་བྱས་སོང།
    གསུམ་པ། རང་ཉིད་ཨིན་མོ་ཞིག་ཕྱག་རྒྱ་མར་བླངས་པར་གཞན་ལ་བོད་ཀྱི་ཆོས་རིག་བསྲུང་དགོས་བཤད་སོང།
    བཞི་པ། བོད་ལ་སྐྱིད་རབས་ཡག་རབས་ཡོད་རབ་བཤད་ནས། ཁོ་རང་བྲོས་བྱོལ་དུ་སླེབས་ནས་དབྱིང་ལཎཌ་ལ་བསྡད་སོང།
    ལྔ་པ། ཁོས་ལས་འབྲས་སྲུང་དགོས་རབས་མང་དག་ཅིག་བཤད་ནས། ཁོ་རང་གིས་རང་གིས་ཁས་བླངས་ལས་འདས་སོང།
    དྲུག་པ། ཁོས་ཆོས་ལུགས་དང་མི་རིགས་དབྱེར་མེད་དགོས་རབ་བཤད་པར། ཁོས་གཞན་གྱི་ཆོས་ལུགས་ལ་སྐུར་འདེབས་ཚད་མེད་ཞུས་སོང།
    བདུན་པ། མི་ཆོས་བླ་མའི་རྫུ་བག་གྱོན་ཅིང་བོད་ཡོད་དགོན་བདག་ཡིན་རབས་བཤད་ནས་ཆོས་ཚོགས་བཙུགས་ནས་རང་གི་བཟའ་ཚང་སྐྱིད་ཉལ་རྒྱབ་སོང།
    ཁོ་ཡི་ལྟ་བཟོ་དེ་ལས་མེད།
    ཤམ་ཐབས་དམར་པོ་གཡུག་ནས་དཀར་པོ་གྱོན་སོང། མི་མོ་མགོ་ནག་བོར་ནས་མགོ་སེར་བླང་སོང།

  19. བན་དེ་བ། says:
    2012-11-22 at 10:43 am

    ཨོ་ཉི་ལགས།
    ང་དྲི་བ་ཞིག་འདྲི་འདོད་བྱུང།
    ཁྱེད་ཀྱིས་འདི་ལྟར་སྨྲས་སོང།
    བོན་པོ་ལོ་རྒྱུས། རྙིང་མ་དཔལ་འབྱོར། བཀའ་བརྒྱུད་ཐོབ། ས་སྐྱ་གདུང་རྒྱུད། དགེ་ལྡན་པ་ཆབ་སྲིད་ཀྱི་ཕུང་སོང་ཟེར།
    དེས་ན་བོན་པོ་ལོ་རྒྱུས་ཀྱིས་ཕུང་ཚུལ་དང། རྙིང་མ་དཔལ་འབྱོར་གྱིས་ཕུང་ཚུལ། བཀའ་བརྒྱུད་ཐོབ་ཀྱིས་ཕུང་ཚུལ། ས་སྐྱ་གདུང་རྒྱུད་ཀྱིས་ཕུང་ཚུལ། དགེ་ལྡན་པ་ཆབ་སྲིད་ཀྱིས་ཕུང་ཚུལ་ཞིག་དྲིས་ལན་ཁ་གསལ་པོ་ཞིག་གནོང་དང།
    ང་དགའ་རུང་མི་དགའ་རུང་ཉན་འདོད་ཆེ། དེ་མིན་ཡིག་འཁྱལ་ཡིག་ཉོག་ལུང་པ་གང་ཞིག་ཁ་བརྡའི་ནང་དུ་འཕངས་དེ་རྗེས་འགན་འཁྲི་མེད་པར་བྱ་ལམ་རྗེས་མེད་དུ་སོང་ན་ངོ་མ་ཁྱོད་ཐབས་རེ་སྡུག
    ཁྱོད་གྲུང་པོ་མཁས་པོ་ཞིག་ཡིན་སེམས་པ་ཡོད་ན། མཆན་བུ་ཁག་ལ་རེ་རེ་བཞིན་ལན་རེ་ཐོབ་དང། གཞི་ནས་ཁྱོད་ཀྱི་སྤུས་ཚད་ཇི་ཙམ་འདུག་ཧ་གོ་ཡོང་གི་རེད། དེ་མིན་གཏམ་ལ་གཏམ་ལན་མེད་ན་ཕམ་པ་ཡིན། ཟེར་བ་བོད་ཀྱི་གཏམ་དཔེ་ལ་ཡོད་པ་ཁྱོད་ཀྱི་ལོས་ཧ་གོ

  20. འཇམ་གཅེས says:
    2012-11-22 at 11:31 am

    དང་པོ། བོད་པ་ཚང་ལ་སྡུག་བསྔལ་གསུམ། །སྤྲུལ་ལོག་དམ་ལོག་མང་མང་ནས། །ཕ་ཆོས་གསེར་གྱི་ཉིང་ཁུ་འདིར། །ཕོར་ཆུས་དོན་དུ་བརྗེ་བའི་སྡུག །གཉིང་པ། ཕྱི་དགྲ་མི་རྒོལ་ཕུ་ནུར་རྒོལ། །རང་རིགས་ལ་རྒྱལ་ཅན་ལ་སྨོད། །ཆོ་ཁ་ཆོས་ལུགས་གཏིང་ནད་དེའི། །དམ་ཚིག་འོ་མཚོ་ཕྲག་དམར་བསྒྱུར། །གསུམ་པར། ཆབ་དཔལ་རིགས་གསུམ་བདག་དབང་ཆེད། །གཅེས་པའི་ལུས་སྲོག་མེ་ལ་སྦར། །བསྔགས་བརྗོད་གྲུབ་འབྲས་མངོན་འདོད་ཀྱིས། །འདོད་དོན་ལས་ལྡོག་ལོག་འགྲེལ་མང་། །ཨུ་ཧུ་ཧུ་་་་་་་་་་་ཕྱི་ནང་གིས་དགྲ་བགེགས་འདི་དག་མ་ར་ཡ་ཕཊ་་་་

  21. ལུང་རྟོགས། says:
    2012-11-22 at 12:36 pm

    ཨོ་ཉི་ལྟ་བུའི་མི་གནས་ལུགས་མེད་ཀྱང་ཨུ་ཚུག་རྒྱག་མཁན་འདི་ཚོ་ལ་ཁ་གཏད་བཅོག་སྟང་ཡག་ཤོས་ནི་ཡ་མ་བྱས་པ་བཞག་རྒྱུ་དེ་རེད།

  22. ཡ་ཐོག་ཚེ་རིང་། says:
    2012-11-22 at 12:36 pm

    རྩོམ་ཡིག་མ་ཀློག་ནས་མཆན་གཅིག་བྲིས་ཡིན། ཉོབ་སོང་།

  23. མཁས་དབང་ says:
    2012-11-22 at 3:54 pm

    འཇམ་གཅེས་ལགས་་་་་་་་་་་་་ཁྱོད་ལྟར་ན་སྔོན་ལ་གདན་ས་གསུམ་གི་བླ་སྤྲུལ་དང་དགེ་བཤེགས་ཁག་རྩ་མེད་བཟོ་དགོས་པ་འདྲ་གསུང་གིན་འདུག་་་་་་བཟོ་ན་ཡང་ཆེད་ག་མི་འདུག་་་་་་་དྲང་པོ་ཞུ་ན་དེང་སང་ཆོས་ལུས་ནང་ནས་ཡག་ཤོས་དེ་རྙིང་མ་པ་ཆོས་དེ་རེད་་་་་་དགེ་ལུགས་པ་ཚོ་ཡོངས་ན་ཡང་འགྲི་གི་རེད་ད་་་་་

  24. འདྲེ་རྐང་ཐོ། says:
    2012-11-23 at 12:13 am

    བླ་རྫུན་གྲྭ་རྫུན་སྤྲུལ་རྫུན་གསུམ། །
    སངས་རྒྱས་བསྟན་པའི་དགྲ་བོ་དང་། །
    རྐང་གཉིས་མི་ཡི་གཤེ་མ་རུ། །
    གཟུར་གནས་འདྲེ་ཡི་ཚོགས་ཀྱིས་འབོད། །

  25. ཆོས་འགྲུབ། says:
    2012-11-23 at 12:26 am

    ཨོ་རྒྱན་ཉི་མས་ཡག་པོ་ལབ་འདུག ཡིན་ན་ཡང་། དད་པ་མེད་པའི་སྒོ་རྩ་ན། གྲུབ་རྟགས་བཞག་དང་མ་བཞག་མེད། ཅེས་པ་ལྟར་ཕྱོགས་རིས་དང་འཐེན་ཁྱེར་ལས་མེད་པའི་ཁ་བརྡའི་ཉོབ་དོང་ནང་དུ་གནས་ལུགས་ལ་རིན་ཐང་སྐར་གང་ཡོད་མ་རེད། སྐྱག་འབུ་ཚོའི་མཆན་དག་ལ་ལྟོས་དང་། འདི་ལྟ་བུས་གང་བསྡད་ཡོད་རེད། རེད་དེ་ཕན་ངེས་ཤིག་ལ་ཕན་དུ་འགྲོ་བས་ད་དུང་ཨོ་ཉི་ལགས་ནས་སྨྲ་བ་མ་ཉུང་རོགས་ཞུ་རྒྱུ་ཡིན། རྒྱ་ཉུལ་དང་རྒྱ་ཕྲུག་བཙན་བྱོལ་ནང་དུ་ཡོད་པ་དངོས་ཡོད་རེད། ཡིན་ཀྱང་རྒྱ་ཉུལ་དང་རྒྱ་ཕྲུག་ཚོས་ཧམ་པ་མི་དཀྱུས་མ་དག་གི་མགོར་གཡོགས་སྲིད་པ་འདི་ཡང་ཨོ་ཉི་གཙོས་པའི་གཟུར་གནས་ཚང་མས་མཁྱེན་པ་གནང་རོགས། ཁྱོད་རང་གྲྭ་མགོ་མ་ཐོན་པ་དང་ཡུགས་ས་མོ་རག་པ་བཅས་ལས་དབང་རེད་པས་དེར་སུས་ཀྱང་ཐེ་ཏོག་བྱེད་དབང་ཡོད་མ་རེད། ད་དུང་ཁྱོད་ནང་བསྟན་ལ་གློ་བ་དཀར་བ་འདི་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་ཞེས་པའི་དཔེ་ལྟར་རིན་ཐང་གཞལ་དུ་མེད་པས། ཁྱོད་ཁ་དྲོ་ཞུ་རྒྱུ་ཡིན།

  26. ལུང་རྟོགས། says:
    2012-11-23 at 1:12 am

    ཧཧཧཧཧཧཧཧཧཧགཧཧཧ

  27. མེ་ཏོག་དཀར་པོ says:
    2012-11-23 at 2:26 am

    ཆོས་འགྲུབ་བམ་འདི་ཨོ་རྒྱན་ཉི་མའི་གསོལ་དཔོན་འདྲ་ཡིན་ས་རེད། ཁོའི་མཆན་བུ་དེས་གཅིག་པུར་གད་མོ་ཤོར་དགོས་ཐུག་སོང་། ཧ་ཧཧ་ཧ་

  28. ཀརྡོ་གཉེར་ཕྱག་པ་ says:
    2012-11-23 at 2:41 am

    ་་་་་་ ཁྱོད་རང་གྲྭ་མགོ་མ་ཐོན་པ་དང་ཡུགས་ས་མོ་རག་པ་བཅས་ལས་དབང་རེད་པས་དེར་སུས་ཀྱང་ཐེ་ཏོག་བྱེད་དབང་ཡོད་མ་རེད། ད་དུང་ཁྱོད་ནང་བསྟན་ལ་གློ་བ་དཀར་བ་འདི་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁར་ཞེས་པའི་དཔེ་ལྟར་རིན་ཐང་གཞལ་དུ་མེད་པས། ཁྱོད་ཁ་དྲོ་ཞུ་རྒྱུ་ཡིན། ་་་་་ཟེར་བ་འདི་ལ་ང་ཡང་རྒྱབ་སྐྱོར་ཡོད་ལགས།

  29. བན་དེ་བ། says:
    2012-11-23 at 2:41 am

    ཆོས་གྲུབ་འདི་ཨོ་ཉི་ལ་དབྱིང་ལནཌ་ནས་དབྱིན་སྒོར་འདྲ་ཐོབ་རེ་རེད། ཡང་ན་དབྱིང་ལནཌ་ལ་འཐེན་ན་བསམ་པ་རེད། དེང་མང་གཙོའི་ལམ་ལུགས་ཤུགས་ཆེ་བས། ཁོ་ཡི་རྩོམ་ཡིག་ལ་མཆན་བུ་བཏབ་པ་ཁག་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དང་དགག་པ་བྱེད་མཁན་གཉིས་བསྡུར་ན་དགག་པ་བྱེད་མཁན་མང་བས། ཆོས་གྲུབ་ཁོ་རང་རྒྱབ་སྐྱོར་ཇི་ཙམ་བྱས་ཀྱང་སྟོང་པ་རེད།

  30. བན་དེ་བ། says:
    2012-11-23 at 2:46 am

    ཨ་ཙི་ཀརྡོ་འདི་ཅི་ཞིག་བསམ་གི་ཡོད་ན། དེ་ལ་རྒྱབ་སྐྱོར་བྱེད་ན། ཁོས་ཚེ་ནམ་གནས་ཀྱི་བར་དུ་མཁན་སློབ་དཔང་པོ་ལོ་ཙཱའི་དྲུང་ནས་དཀོན་མཆོག་དཔང་དུ་བཙུགས་ནས་ཁས་བླངས་བའི་སོར་སྡོམ་དེ་འདོད་ཆགས་ཀྱི་མེ་ཆེན་འབར་ཏེ་ཡུག་མོ་ཞིག་ལ་སོར་སྡོམ་དབང་མེད་དུ་ཤོར་བར། ཁྱོད་ཀྱིས་རྒྱབ་སྐྱོར་བགྱིས། སྡིག་པ་རང་གིས་བྱས་པ་དང་གཞན་གྱིས་བགྱིས་པ་ལ་ཡི་རངས་ཕུལ་བ་གཉིས་ལ་ཁྱད་པར་ཇི་ཡོད་གཞུང་ལུགས་ཤེས་ན་ཧ་གོ་ངེས་རེད།

  31. མེ་ཏོག་དཀར་པོ says:
    2012-11-23 at 2:49 am

    ༡༽ “རྒྱ་ཉུལ་དང་རྒྱ་ཕྲུག་བཙན་བྱོལ་ནང་དུ་ཡོད་པ་དངོས་ཡོད་རེད།” དེ་སུ་རེད། ཁྱེད་དང་ཁྱེད་ཀྱི་བླ་མ་ཨོ་ཉི་མིན་པར་ཤོག
    ༢༽” ནང་བསྟན་ལ་གློ་བ་དཀར་”བའི་ཁུངས་ཁྱེར་ཤོག
    ༣༽ ” ཨོ་རྒྱན་ཉི་མས་ཡག་པོ་ལབ་འདུག” ཡག་པོ་ག་རེ། བོད་མི་རིགས་སྤྱི་དང་། འདས་པོ་བརྒྱད་ཅུ་མ་ཟིན་ཙམ་འདི་ཚོར་མཐོང་ཆུང་གིས་བསམ་མེད་བྱིས་པ་ཟེར་བ་དེ་ཚོ་ཨེ།
    ༤ ༽ “ཕྱོགས་རིས་དང་འཐེན་ཁྱེར་ལས་མེད་པའི་ཁ་བརྡའི་ཉོབ་དོང་ནང་དུ་གནས་ལུགས་ལ་རིན་ཐང་སྐར་གང་ཡོད་མ་རེད།”ན་ཁྱོད་བླ་སློབ་གཉིས་འདི་ནང་སྐྱག་པ་ཟ་ག་སླེབས་ཡིན་པས།
    ༧༽ “སྐྱག་འབུ་ཚོའི་མཆན་དག་ལ་ལྟོས་དང་། འདི་ལྟ་བུས་གང་བསྡད་ཡོད་རེད།” ཞེས་རང་དང་མི་མཐུན་པས་སྐྱག་འབུ་ཆགས་འགྲོ་ན་ཁྱོད་དང་ཁྱོད་ཀྱི་བླ་མ་གཉིས་ནི་སྐྱག་འབུའི་གཙོ་བོ་ཆགས་འགྲོ་བ་རེད།
    ༨༽” རེདདེ་ཕན་ངེས་ཤིག་ལ་ཕན་དུ་འགྲོ་བས་ད་དུང་ཨོ་ཉི་ལགས་ནས་སྨྲ་བ་མ་ཉུང་རོགས་ཞུ་རྒྱུ་ཡིན”པ་ནི་ཁ་བརྡ་སྐྱག་ཚང་དུ་ཁས་ལེན་ནས་སླར་ཡང་འདིར་འབོད་པ་ནི་རང་གི་བླ་མ་མི་གཙང་བའི་གཞིར་སྤྱན་འདྲེན་པས་ཁྱོད་རང་མི་གཞི་ངན་པ་ཡིན་པ་ཤེས།
    ༩༽ “རྒྱ་ཉུལ་དང་རྒྱ་ཕྲུག་ཚོས་ཧམ་པ་མི་དཀྱུས་མ་དག་གི་མགོར་གཡོགས་སྲིད་པ་འདི་ཡང་ཨོ་ཉི་གཙོས་པའི་གཟུར་གནས་ཚང་མས་མཁྱེན་པ་གནང་”དགོས་པ་ནི་དངོས་གནས་རེད།
    ༡༠༽ “རང་གྲྭ་མགོ་མ་ཐོན་པ་དང་ཡུགས་ས་མོ་རག་པ་བཅས་ལས་དབང་རེད་པས་དེར་སུས་ཀྱང་ཐེ་ཏོག་བྱེད་དབང་ཡོད་མ་རེད” པ་སྤྱིར་བདེན་ཡང་ཁ་གྲགས་ཚད་གཞན་ལ་སྐྱོན་འཛུག་དང་རང་གིས་བྱས་ཚད་ལེགས་པར་འདོད་མཁན་ཞིག་ལ་ཁོའི་རྒྱབ་ལྗོངས་ལ་རོབ་ཙམ་མ་ལྟ་རང་ལྟ་རེད།
    ༡༡༽ ” ཁྱོད་ཁ་དྲོ་ཞུ་རྒྱུ་ཡིན”ན་ལེགས་ཏེ་ཁོའི་ཁ་ལ་མ་མོ་འབོད་གཏོང་ཞུགས་ནས་དྲོད་ལམ་ལམ་སྔ་ནས་ཡོད་པས་སེམས་ཁྲལ་བྱེད་དགོས་གང་ན་ཡོད། ད་བར་ཁ་དྲོས་ནས་བླ་རུང་སྒར་དང་༧འཇིགས་ཕུན་དང་༧གྲུབ་དབང་པད་ནོར་། ཁོ་རང་བཅས་འདི་ཚོ་བཞི་ལས་གཞན་ཚང་མར་གཅིག་འགྲིག་གི་མིན་འདུག ཉིག་འགྲིག་གི་མིན་འདུག ཡས་བྱས་འདུག མས་བྱས་འདུག དེ་ཆེ་སོང་། འདི་ཆུང་སོང་། རིང་འདུག་ཐུང་འདུག ལོ་རྒྱུས་ཀྱིས་ཕུང་སོང་། དཔལ་འབྱོར་གྱིས་ཕུང་སོང་། གོ་ཐོབ་ཀྱིས་ཕུང་སོང་། གདུང་རྒྱུད་ཀྱིས་ཕུང་སོང་། ཆབ་སྲིད་ཀྱི་ཕུང་སོང་་ཟེར་དེ་སྣང་བ་དགྲ་རུ་ལངས། སེམས་ཉིད་འདྲེ་ཡི་ངོ་བོར་འགྱུར། བོད་པ་དང་བོད་པ་ནང་པའི་སེམས་དཀྲུག རང་གི་ངོ་བོ་འདི་ཡིན་ཞེས་སྟོན་རྒྱུ་མེད་པར་ཚུགས་ཤོར། ཆོས་པ་ཡིན་ཟེར་ཁ་ངན་ཚིག་རྩུབ་སྤེལ། དུས་ཚོད་མེད་ཟེར་ངན་སྨྲས་བྱ་བར་དུས་ཚོད་མང་། སྲིད་མི་ཤེས་ཟེར་ཆབ་སྲིད་ཨི་ལོ་མི་ལོ་འདྲ་བྲིས། རྒྱ་བོད་ལ་ཆགས་སྡང་མེད་ཟེར་བོད་ལ་ཕྱོགས་ཀུན་ནས་ངན་པར་ལྟ། རྒྱལ་མཚམས་དང་ཁྲིམས་ལ་སོགས་པར་མི་དགའ་ཟེར་ཐབས་ཤེས་སྣ་དགུས་ཨིན་ལན་ལ་སོང་། དེ་སོགས་ཁ་དྲོ་བའི་འབྲས་བུ་ཤིན་ཏུ་མང་།

  32. ཀརྡོ་གཉེར་ཕྱག་པ་ says:
    2012-11-23 at 2:59 am

    ༣༠༽ བན་དེ་བ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ གི་ཆུ་ཚོད་ ༢ སྐར་མ་ ༤༦
    ་་་་་་ ཨ་ཙི་ཀརྡོ་འདི་ཅི་ཞིག་བསམ་གི་ཡོད་ན། དེ་ལ་རྒྱབ་སྐྱོར་བྱེད་ན། ཁོས་ཚེ་ནམ་གནས་ཀྱི་བར་དུ་མཁན་སློབ་དཔང་པོ་ལོ་ཙཱའི་དྲུང་ནས་དཀོན་མཆོག་དཔང་དུ་བཙུགས་ནས་ཁས་བླངས་བའི་སོར་སྡོམ་དེ་འདོད་ཆགས་ཀྱི་མེ་ཆེན་འབར་ཏེ་ཡུག་མོ་ཞིག་ལ་སོར་སྡོམ་དབང་མེད་དུ་ཤོར་བར། ཁྱོད་ཀྱིས་རྒྱབ་སྐྱོར་བགྱིས། སྡིག་པ་རང་གིས་བྱས་པ་དང་གཞན་གྱིས་བགྱིས་པ་ལ་ཡི་རངས་ཕུལ་བ་གཉིས་ལ་ཁྱད་པར་ཇི་ཡོད་གཞུང་ལུགས་ཤེས་ན་ཧ་གོ་ངེས་རེད། ་་་་་་་ཟེར།

  33. གཟུར་གནས་བློ་ལྡན་། says:
    2012-11-23 at 3:55 am

    མེ་ཏོག་དཀར་པོ་ཕྲག་དོག་འདོམ་གྱིས་གོས། འཇམ་གཅེས་འདི་ནི་སྲིད་ཀྱིས་ཕུང་བ་འདྲ་། མངའ་རིས་འཕྲིན་ལས་སྙིང་གདོན་ཞུག་པ་འདྲ་། ཨོ་རྒྱན་རིག་འཛིན་བོད་ཀྱི་གཤེད་མ་འདྲ་། བོད་ལ་ཞེན་འདི་རྒྱ་ལ་དགའ་བ་འདྲ་། བྱམས་པ་འཕྲིན་ལས་འཇིགས་སྐུལ་ཡིན་པ་འདྲ་། བན་དེ་ཁོ་ལ་བོན་གདོན་ཞུགས་པ་འདྲ་། ལུང་རྟོགས་གང་དེ་བསྟན་པའི་དགྲ་བོ་འདྲ་། པད་མ་འདི་ལ་བློ་མིག་མེད་པ་འདྲ་། འདྲེ་རྐང་ཐོ་ནི་གསོན་འདྲེ་རྒྱུ་བ་འདྲ་། རྟེན་འབྱུང་ཨམ་དེ་རྟེན་འབྲེལ་འཕྱུག་པ་འདྲ་། ཧ ཧ ཧ ཀུ་རེ་ཡིན་།

  34. ཁ་བའི་རྡུལ་བརྩེགས། says:
    2012-11-23 at 3:57 am

    ཨོ་ཉི་དང་ཆོས་འགྲུབ་གཉིས་གདོང་པ་ལྕགས་འབག་ཅིག་གྱོན་ཡོད་པ་འདྲ། ཡང་མིན་ན་རྒྱ་སྒོར་ཆེད་དུ་རང་མགོ་དེ་བཙོང་ཚར་ཡོད་ཀི དབུ་མའི་ལམ་ལ་ངོ་རྒོལ་བྱས་ན་༧གོང་ས་ལ་ངོ་རྒོལ་རེད། རང་བཙན་ལ་ངོ་རྒོལ་བྱས་ན་མི་རིགས་ལ་ངོ་རྒོལ་རེད། མི་རིགས་ཀྱི་མགོན་པོ་དང་མི་རིགས་ལ་ངོ་རྒོལ་བྱས་ན་གཞན་རྗེས་འབྲངས་ཚར་བའི་རྣམ་འགྱུར་ནད་ཀྱི་རང་རྟགས་ཤིག་རེད། དེའི་རིགས་ནི་མི་རིགས་ཀྱི་བླ་བཙོང་ངམ་ཞབས་འདྲེན་ཟེར་ཆོག སོ་སོའི་ཕ་མ་ལ་བརྩེ་སེམས་ཡོད་ན་དེའི་མི་རིགས་ལ་བརྩེ་སེམས་དགོས་པ་སྨྲོས་མེད་རེད།

  35. ཁ་བའི་རྡུལ་བརྩེགས། says:
    2012-11-23 at 4:18 am

    གདོང་པར

  36. བན་དེ་བ། says:
    2012-11-23 at 8:20 am

    མེ་ཏོག་དཀར་པོས་ཕྲག་དོག་བདུད་ཀྱིས་བསླུས་པའི་ཨོ་གཟུར་སྙིང་ལ་གཟིར།
    འཇམ་གཅེས་སྲིད་ལ་མཁས་པས་ཨོ་གཟུར་སྲིད་ཀྱིས་ཕུང་པ་བཙོན་དུ་བཅུག
    མངའ་རིས་འཕྲིན་གྱིས་སྙིང་ལ་གདོན་འདྲེ་བཞུགས་པའི་ཨོ་གཟུར་ཞིང་གཞན་ཕུད།
    ཨོ་རིག་འཛིན་གྱིས་གངས་ཅན་བོད་ཀྱི་གཤེད་མ་ཨོ་གཟུར་གཞིལ་བར་བྱས།
    བོད་ཞེན་ལ་རྒྱས་རྒྱ་དགའ་ཨོ་གཟུར་བསྒྲལ་ཏེ་སྲིན་པོའི་ཞལ་དུ་བསྟབ།།
    བྱམས་འཕྲིན་དཔའ་བོས་འཇིགས་བསྐུལ་ཨོ་གཟུར་ཤར་ནས་ནུབ་ཏུ་མཐའ་རུ་བཀར།
    བན་དེ་བ་ཡིས་བོན་གདོན་ཨོ་གཟུར་བརླག་སྟེ་མཐའ་ཡི་མུན་པར་བརྫངས།
    ལུང་རྟོགས་གང་དེས་བསྟན་པའི་དགྲ་བོ་ཨོ་གཟུར་མིང་ཙམ་མེད་པར་བྱས།
    པདྨའི་སྤྱན་གྱིས་བློ་མིག་ལྡོང་པའི་ཨོ་གཟུར་མིག་ལ་ཐལ་ལ་བཏབ།
    འདྲེ་རྐང་ཐོ་ཡིས་ཨོ་གཟུར་གསོན་འདྲེ་དངོས་སུ་བཀུག་སྟེ་ཐར་པར་དྲངས།
    རྟེན་འབྱུང་ཨམ་དེས་རྟེན་འབྲེལ་འཕྱུག་པའི་ཨོ་གཟུར་སྲི་རུ་མནན་ཅིང་བྲུབས།
    ཧ ཧ ཧ ཀུ་རེ་ཡིན་།
    གཟུར་གནས་གཟུ་བོར་མ་གནས་ཟུར་དུ་གནས།

  37. མེ་ཏོག་དཀར་པོ། says:
    2012-11-23 at 8:23 am

    གཟུར་གནས་ཀྱིས། མེ་དཀར་ཕྲག་དོགས་འདོམ་ཟེར་བ་འདམ་གཞིར་བཞག་གིས་དྲི་བ་ཡོད་པ་ནི། མེ་དཀར་སུ་ལ་ཕྲག་དོགས། ཨོ་ཉི་ཕྲག་དོགས་ལ་བྱེད་ལོ་ཡ་ག་རེ་ཡོད་རེད། ? ཚེ་ཚེ་རབས་རབས་སུ་ཁོ་འདྲ་བ་རང་མི་རིགས་ཀྱི་བརླ་གཙོང་འདི་འདྲར་མ་སྐྱེ་བར་ཤོག་ཅེས་སྨོན་ལམ་འདེབས་གི་ཡོད་པས་ཕྲག་དོགས་ཟེར་བ་ཡ་ང་བའི་ཚིག་ཅིག་རེད་ཨང་།
    “དབུ་མའི་ལམ་ལ་ངོ་རྒོལ་བྱས་ན་༧གོང་ས་ལ་ངོ་རྒོལ་རེད། རང་བཙན་ལ་ངོ་རྒོལ་བྱས་ན་མི་རིགས་ལ་ངོ་རྒོལ་རེད”ཁ་བའི་རྡུལ་བརྩེགས་ཀྱི་སྐད་ཆ་འདི་སྦོམ་དྲག་ནས་རྣ་བའི་ནང་འཛུལ་མ་སོང་ཞུ་ཡ་ཡིན།

  38. མེ་ཏོག་དཀར་པོ། says:
    2012-11-23 at 8:29 am

    ཨོ་ཉི་ཕྲག་དོགས་ལ་བྱེད་ལོ་ཡ་ག་རེ་ཡོད་རེད༼ཨོ་ཉི་ལ་ཕྲག་དོགས་བྱེད་ལོ་ཡ་ག་རེ་ཡོད་རེད།༽ཅེས་པར་བཅོས།

  39. ལུང་རྟོགས། says:
    2012-11-23 at 10:30 am

    ཨོ་ཉི་འདི་ལ་རྒྱ་གདོན་ཞུགས་པ་འདྲ།།
    ཆོས་འགྲུབ་འདི་ནི་ཆོས་ཀྱི་གཤེད་མ་འདྲ།།
    གཟུར་གནས་བློ་འདི་འཁྱོག་པོ་གཞུ་དང་འདྲ།།
    འདི་དག་ཐམས་ཅད་བོད་ཀྱི་ཕུང་འདྲེ་འདྲ།།
    ཧཧཧ

  40. རེབ་སྐྱིད་མཚོ says:
    2012-11-23 at 10:50 am

    ཨོ་ཉི་འདིའི་སྔ་མ་གང་བྱས་ངས་ཧ་གོ་ནི་མིན་དེ་རིང་ནི་དངོས་ནས་རྒྱ་ཆ་བརྒྱ་ཐམས་པ་བརྒྱབ་
    སྐྱོར་ཡོད་བཤད་ཚད་གནད་ལ་ཁེལ་བ་ཤ་སྟག་ཏུ་འདོད།

  41. དབང་རྡོར་ says:
    2012-11-23 at 10:53 am

    ཆོས་འགྲུབ་ནི་ཨོ་ཉི་རང་རེད་ད།

  42. ནག་ཐར་སྐྱིད། says:
    2012-11-23 at 2:56 pm

    བདེན་པ་རེད། གནས་ལུགས་བཤད་ཀྱིན་པའི་བཟོ་ཞིག་འདུག ཡག་པོ་རེད།

  43. གཟུར་གནས་བློ་ལྡན་། says:
    2012-11-23 at 5:07 pm

    ལེགས་བཤད་ཁོང་གིས་ལེགས་པར་བཤད་པ་འདྲ་། ཨོ་རྒྱན་ཉི་མ་པད་མའི་ཕོ་ཉ་འདྲ་། ཆོས་འགྲུབ་ཁོང་ནི་བྱེར་བློན་ཆོས་འགྲུ
    བ་འདྲ་། ཆུ་ཐིག་སྔོན་མོ་དངས་གཙང་ཆུ་བོ་འདྲ་། ཀ་རྡོ་འདི་མི་འགྱུར་བྲག་དང་འདྲ་། ནགས་ཐར་སྐྱིད་པའི་གདུང་རབ་འདྲ་། རེབ་སྐྱིད་མཚོ་ཡང་མཚོ་ཆེན་འཁྱིལ་བཞིན་། གཟུར་བློ་འདི་དྲང་མོའི་མདའ་དང་འདྲ་། ཧ ཧ ཧ

  44. གཟུར་གནས་བློ་ལྡན་། says:
    2012-11-23 at 5:14 pm

    ལེགས་བཤད་ཁོང་གིས་ལེགས་པར་བཤད་པ་འདྲ་། ཨོ་རྒྱན་ཉི་མ་པད་མའི་ཕོ་ཉ་འདྲ་། ཆོས་འགྲུབ་ཁོང་ནི་བྱེར་བློན་ཆོས་འགྲུབ་འདྲ་། ཀ་རྡོ་འདི་ནི་འགྱུར་མེད་བྲག་དང་འདྲ་། ནག་ཐར་སྐྱིད་འདི་སྐྱིད་པའི་གདུང་རྒྱུད་འདྲ་། ཆུ་ཐིག་སྔོན་མོ་དངས་གཙང་ཆུ་བོ་འདྲ་། རེབ་སྐྱིད་མཚོ་ཡང་མཚོ་ཆེན་འཁྱིལ་བ་བཞིན་། གཟུར་གནས་གནས་བློ་གྲོས་དྲངས་བ་མདའ་དང་འདྲ་། ཧ ཧ ཧ །

  45. ལུང་རྟོགས། says:
    2012-11-24 at 2:11 am

    ཨོ་རྒྱན་ཉི་མ་མའོའི་ཕོ་ཉ་འདྲ།།
    ཆོས་འགྲུབ་འདི་ལ་ཆོས་ཤིག་མེད་པ་འདྲ།།
    ཆུ་ཐིག་སྔོན་མོར་ས་རྡུལ་འདྲེས་པ་འདྲ།།
    རེབ་སྐྱིད་མཚོ་འདི་རེ་ཐག་ཆོད་པ་འདྲ།།
    ནག་ཐར་སྐྱིད་འདི་ནག་མོ་མིན་པ་འདྲ།།
    གཟུར་གནས་འདི་ལ་ཟུག་ཅིག་ཡོད་པ་འདྲ།།
    ཧཧཧཧཧཧ

  46. དབྱར་ཁབ་ཀུན་བཟང་། says:
    2012-11-24 at 6:57 am

    གང་ཟག་སྒེར་པ་ལ་དམའ་འབེམས་མ་བྱས་པར་སྐད་ཆ་ལ་བདེན་དངོས་བདེན་འཇོག་འཚོལ་རྒྱུ་གལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme