Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཞིབ་འཇུག་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཔེ་མཛོད་ཁང་འགའ།

Posted on 2012-02-252012-02-25 By དགེ་རབ་ 16 Comments on བོད་ཀྱི་ཞིབ་འཇུག་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཔེ་མཛོད་ཁང་འགའ།


དེང་སང་དྲ་རྒྱའི་སྟེང་བོད་ཀྱི་དཔེ་མཛོད་ལས་རིགས་རྒྱ་ཆེ་རུ་འགྲོ་བཞིན་འདུག མཚམས་རེར་བརྗོད་གཞི་བྱེ་བྲག་པ་ཅིག་ལ་སློབ་སྦྱོང་བྱེད་སྐབས། གློག་ཀླད་གཅིག་པུ་ལ་བརྟེན་ནས་དཔེ་ཆ་གང་དགོས་དགོས་ཤིག་ལ་ལྟ་ཀློག་བྱེད་ཐུབ་པ་འདུག

ཐེངས་ཤིག་ངས་བོད་ཀྱི་ཤོ་མོ་ཞེས་པའི་སྐོར་ལ་ཡིག་ཆ་འཚོལ་གྱིན་ཡོད། ང་དཔེ་མཛོད་ཁང་ལ་འགྲོ་དགོས་བྱུང་མ་སོང་། དེ་ནི་བོད་ཀྱི་ནང་བསྟན་དཔེ་ཚོགས་(www.tbrc.org)བརྒྱུད་ནས་ཡིག་ཆ་གང་མང་ཞིག་རྙེད་བྱུང་། པར་རིས་ལ་གཟིགས།

དཔེ་མཛོད་ཁང་འདི་ནི་ཇཱིན་སི་མི་ཐི་ཞེས་པའི་མཁས་པ་དེས་གསར་དུ་བཙུགས་པ་ཞིག་རེད་འདུག དཔེ་མཛོད་ཁང་གི་ལོ་རྒྱུས་འདི་ན་འདུག http://tbrc.org

གོང་གསལ་རི་མོའི་ནང་གསལ་བ་ལྟར། དཔེ་མཛོད་ཁང་འདི་ན་བཀའ་འགྱུར་བསྟན་འགྱུར་གྱིས་མཚོན་པའི་བོད་ཀྱི་གསུང་རབ་ཧ་ཅང་གྲངས་མང་པོ་ཞིག་འདུག་ལ། ཤིང་པར་གྱི་རིགས་ཕལ་ཆེ་བ་ཞིག་རིན་མེད་དུ་ཕབ་ལེན་བྱེད་ཐུབ་པ་འདུག

 

 
དཔེ་མཛོད་ཁང་གཞན་ཞིག་ནི་བོད་དང་ཧི་མ་ལ་ཡའི་གློག་རྡུལ་དཔེ་མཛོད་ཁང་ཞེས་པ་ཞིག་འདུག (www.thdl.org) དཔེ་མཛོད་ཁང་འདིར་པར་རིས་དང་ས་བཀྲ མི་སྣའི་ལོ་རྒྱུས། བཀའ་བསྟན་འགྱུར་སོགས་ཆེས་མང་པོ་འདུག བཀའ་འགྱུར་བསྟན་འགྱུར་ལ་མཚོན་ན་ཡང་། སྡེ་དགེ་དང་པེ་ཀིང་སོགས་པར་མ་འདྲ་མི་འདྲ་དང་། དེ་བཞིན་གློག་ཀླད་ཡིག་གཟུགས་སུ་ཕབ་པ་བཅས་འདུག ངས་མཉན་ཡོད་བཅས་བཀའ་བསྟན་གྱི་ནང་བཙལ་བ་ཡིན། བཙལ་བའི་འབྲས་བུ་གཤམ་གསལ་གྱི་རི་མོ་ལ་འཁོད་པ་ལྟར་རེད།

འདི་ལྟར་བཙལ་བ་ཡིན་ན། བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་མིང་ཚིག་གང་འདྲ་ཡོད་མེད་དང་དེའི་དག་ཆ་གང་འདྲ་འཁོད་ཡོད་མེད་སོགས་ལས་སླ་བོར་ཤེས་ཐུབ་པ་འདུག དཔེར་ན། ང་ཚོས་བོད་ཡིག་གི་མིང་ཚིག་ “བླ་དྭགས་” ཟེར་བ་ཞིག་འཚོལ། ཨོ། དེ་བཙལ་བའི་འབྲས་བུ་འདི་རེད།

བཙལ་འབྲས་ཀྱི་མིང་ཚིག་རེ་རེ་ལ་བསྣུན་ན། དེ་གང་དུ་ཡོད་པའི་དཔེ་ཆ་ངོ་བཤུས་མ་དང་གློག་རྡུལ་ཡིག་གཟུགས་ལ་འཁྱེར་འགྲོ་བ་འདུག

ཉིན་གཅིག་ང་ལ་ས་ཆ་ཞིག་མཁོ་བར་གྱུར། ས་ཆ་དེ་ནི་ཀ་མདོ་ཟེར་བ་དེ་རེད། ངས་དཔེ་མཛོད་ཁང་འདིའི་ས་ཆའི་མིང་མཛོད་ལ་བཙལ་བ་ཡིན། ངས་རྙེད་པ་ནི་གཤམ་གསལ་གྱི་པར་རིས་ལྟར་རེད།

ཀ་མདོ་ཞེས་པ་གང་དུ་ཡོད་མེད། ད་ལྟའི་བོད་ཡིག་དང་རྒྱ་ཡིག་གི་མིང་། རྫོང་དང་ཞིང་ཆེན་གང་ཡིན་མིན། གྷོའུ་གྷལ་ས་བཀྲ་ཐོག་གི་ས་གནས་སོགས་རྙེད་ཡོང་གི་འདུག

 

 

དེ་ནས་དཔེ་མཛོད་ཁང་གསུམ་པ་ཞིག་ནི་ལ་རྩེ་དེང་རབས་བོད་ཀྱི་དཔེ་མཛོད་ཁང་རེད།(www.latse.org)

དཔེ་མཛོད་ཁང་འདི་ན། བོད་ཡིག་སྐོར་ལ་རྒྱུ་ཆ་ཧ་ཅང་འཛོམས་པོ་འདུག ངས་རྩོམ་པ་པོའི་མིང་འཁོད་པའི་དཀར་ཆག་བརྒྱུད་ནས་དོན་གྲུབ་རྒྱལ་ཞེས་བཙལ་བ་ཡིན། དེ་ནས་རྙེད་པའི་འབྲས་བུ་གཤམ་གསལ་ལྟར་རེད།

དཔེ་མཛོད་ཁང་འདིར་བྱ་ར་ཞེས་པའི་དུས་དེབ་ཀྱི་དཀར་ཆག་ཅིག་འདུག དེར་དཔེར་ན། སྦྲང་ཆར་དང་བོད་ལྗོངས་ཞིབ་འཇུག་སོགས་དུས་དེབ་ཁག་ཏུ་རྩོམ་ཡིག་གང་དང་གང་འཁོད་ཡོད་པ་བལྟ་བ་ལ་ཧ་ཅང་སྟབས་བདེ་པོ་འདུག དེའི་ལོ་རྒྱུས་བོད་ཡིག་མ་འདི་ན་ཡོད། http://latse.org
ངས་ཚེ་ཏན་ཞབས་དྲུང་ཞེས་རྩོམ་པ་པོའི་མིང་ཁོངས་ནས་བཙལ་བ་ཡིན། བཙལ་ནས་རྙེད་པའི་གྲུབ་འབྲས་འདི་རེད།

འདི་ལྟར་བོད་ཀྱི་དཔེ་མཛོད་ཁང་གསུམ་པོ་འདི་ནི་ ད་ལྟའི་བོད་ཡིག་སློབ་སྦྱོང་གནང་མཁན་ཚོ་ལ་མཚོན་ན་ཧ་ཅང་མེད་དུ་མི་རུང་བའི་དཔེ་མཛོད་ཁག་ཅིག་རེད། ཧ་ཅང་སྟབས་བདེ་པོ་ཡང་འདུག ཕྲན་གྱིས་འདི་ལྟར་ངོ་སྤྲོད་ཀྱི་རྩོམ་ཡིག་འདི་འབྲི་དོན་ནི། ཉེ་ལམ་ཕྲན་གྱི་གྲོགས་པོ་འགའ་ལ་འདིའི་སྐོར་གླེང་སློང་བྱས་སྐབས་ཁོང་ཚོས་འདིའི་སྐོར་མཁྱེན་གྱི་མི་འདུག དེ་བས་འདི་ལྟར་ངོ་སྤྲོད་བྱས་ན་གཞན་མང་པོ་ལ་ཡང་ཕན་ཐོགས་ཆེ་ངེས་དྲན་ནས་བྲིས་པ་ཡིན།

གློག་ཀླད་ཤེས་བྱ།, སྣ་ཚོགས།

Post navigation

Previous Post: སེར་བྱེས་བྱ་བྲལ་ཁང་ཚན་གྱིས་མཆོད་འབུལ།
Next Post: ལི་ཐང་ནས་ཡིན་པའི་བོད་མི་ཨ་ཐར་ཞུ་བ་འཛིན་བཟུང་།

Comments (16) on “བོད་ཀྱི་ཞིབ་འཇུག་ལ་ཧ་ཅང་ཕན་ཐོགས་ཆེ་བའི་དཔེ་མཛོད་ཁང་འགའ།”

  1. དངས་ཕོ says:
    2012-02-25 at 12:59 pm

    ར་མ་ཙི་གུ་གཉིས་ག་གྲོས་མཐུན་ཡོང་ནོ་སྐྲག་གི།།
    ར་མས་རོགས་རམ་བྱས་ནས་ཙི་གུ་རོགས་པ་རྙེད་ཐ།།
    གླང་རི་ཐུབ་བསྟན་སྦྱིན་པ་རང་ཉིད་རླུང་ལ་མ་བསྐུར།།
    རང་ཚུགས་དགོས་གྱིན་ཡོད་ན་ཙི་གུའི་ལག་རྡོ་མ་བྱེད།།
    ཨེ་བདེན་མི་བདེན་འདོད་ན་རང་གི་ཕྱིར་འདང་རྒྱོབ་དང་།།
    ར་མའི་ཁ་ལ་ཉན་ནས་སུམ་རྟགས་དཔེ་ཆ་བརྩམས་པར།།
    སྐད་ཡིག་ཚོགས་འདུའི་སྟེང་ནས་དགོངས་དག་ཞུས་ནོ་སོམས་དང་།།
    ཡིད་བཞིན་ནོར་བུའི་གསུང་བསྒྱུར་ཡིན་ན་དེ་ཡིས་ཆོག་གི།།
    དེ་ལས་ལྷག་པའི་གཟི་བརྗིད་ཁྱེད་ལ་དགོས་ནི་མ་རེད།།

  2. Sonam says:
    2012-02-25 at 1:16 pm

    རབ་གསལ་ལགས།
    འདི་དག་དཔེ་ཡག་པོ་འདུག བྱང་ཆུབ་སེམས་པ་ཟེར་ན་འདི་རང་རེད། ཐུགས་རྗེ་ཆེ། ངའི་གོ་ཐོས་ལ་བོད་ཀྱི་བླ་ཆེན་སྤྲུལ་སྐུ་མང་པོ་ཁ་བརྡ་ལ་ཕེབས་ཀྱི་ཡོད་འདུག བྱས་ཙང་རྒྱུ་ཆ་འདི་དག་ཕན་ཐོག་ཆེ།

  3. རིག་པའི་རལ་གྲི says:
    2012-02-25 at 2:06 pm

    དཔེ་མཛོད་འདི་ནི། ཇིམ་སི་མི་ཐི་ཞིང་གཤེགས་དམ་པ་དེས་ཨ་སྒོར་བྱེ་བ་བཅུ་ཕྲག་མང་པོ་གཏོང་ནས་བསྡུ་རུབ་བྱས་པའི་བོད་ཀྱི་དཔེ་མཛོད་ཆེ་ཤོས་སུ་སྣང་ལ། སྟབས་བདེས་དྲ་འབྲེལ་ཡོད་ནས་འཚོལ་ཀློག་ཆོག་པའི་དཔེ་མཛོད་ཨང་ཀི་དང་པོ་ཡིན་པར་མ་ཟད། ཧ་ཀྱང་གལ་ཆེ་བའི་གནད་དོན་ཟེར་ན་འདྲ། ཁྱད་ཆོས་དེང་དུས་གསར་གཞེངས་འཕྲུལ་གྱི་དཔེ་མཛོད་གཞན་དག་དང་མ་འདྲ་བ་ནི། མ་དཔེར་ཇི་ལྟར་ཡོད་པ་ནོར་མེད་འཕྲུལ་མེད་སྤར་དུ་བཏབ་ཡིན་པས་མཁས་བླུན་ཀུན་ག྄ིས་ཡིད་ཆེས་ཆོག་པ་དེ་རེད།
    འདི་ཡང་ཡང་ངོ་སྤྲོད་ཐུབ་ན། ཞིང་གཤེགས་དམ་པ་དེའི་དམིགས་ཡུལ་དཔེ་མཛོད་ཀྱི་མིང་དོན་དང་མཐུན་པར་འགྱུར་བས་དགེ་མཚན་ཤིན་ཏུ་ཆེ།

  4. གངས་ཕྲུག་ཁེར་རྐྱང་། says:
    2012-02-25 at 2:36 pm

    འདི་འདྲའི་དཔེ་མཛོད་ཞིག་ཡོད་པར་མཐོང་བ་ཐང་དང་པོ་ཡིན་ཐུགས་རྗེ་ཆེ་

  5. Sonam says:
    2012-02-25 at 3:33 pm

    རིག་རལ་ལགས། དཔེ་ཆདེ་དག་ལྟ་བར་སྒོར་མོ་མང་པོ་སྤྲོད་དགོས་ཀྱི་འདུག འདིས་ག་འདྲ་རས།

  6. ཐུབ་པ། says:
    2012-02-25 at 4:19 pm

    འདི་དག་ནམ་རྒྱུན་ལྟ་བཞིན་ཡོད་པའི་དྲ་ཚིགས་ཁག་ཅིག་རེད་འདུག
    ཡིན་ནའང་མི་མང་པོ་ཞིག་ལ་འདིའི་སྐོར་གྱི་གོ་རྟོགས་མེད་སྲིད་པས། ཕན་ཐོགས་ངེས་རེད་སྙམ།

  7. བསྟན་འཛིན་ says:
    2012-02-25 at 9:11 pm

    འདིའི་ནང་གི་བཀའ་འགྱུར་བསྟན་འགྱུར་གཅིག་ཀྱང་ཕབ་ལེན་མི་ཐུབ་ཀི

  8. རུ་ཤུལ‚ཆོས་གྲུབ says:
    2012-02-25 at 11:10 pm

    དཔེ་མཛོད་འདི་ལ་ངས་ཐེངས་ཁ་ཤས་ཚོད་ལྟ་བྱས་ཡིན་མོད་ལྟ་ཀློག་མི་ཐུབ་ཀི
    གཙོ་བོ་བོད་ནང་གི་ངའི་ངོ་ཤེས་ཤིག་གིས་དྲ་བ་དེར་ཞུགས་ཚུལ་ཅི་འདྲ་ཡིན་ནམ་ཞིབ་འཇུག་ལ་མཁོ་བའི་དཔེ་རྙིང་ཧ་མང་གི་ཟེར། དོན་དེར་ངས་མི་འགའ་རེ་སྐད་ཆ་དྲིས་མོད་ལན་གསལ་བོ་ཞིག་བྱུང་མ་སོང་། གྲོགས་པོ་སུ་ཞིག་དེར་བཀོལ་སྤྱོད་གཏོང་ཚུལ་མཁྱེན་ན་གསུངས་རོགས་ཞུ།

  9. བློ་བཟང་ says:
    2012-02-25 at 11:28 pm

    བོད་ཀྱི་ནང་བསྟན་དཔེ་ཚོགས་སྟེ་གནས་དེ་ནང་བཀའ་བསྟན་འགྱུར་བལྟ་ཀློག་བྱེད་པར་ཆ་རྐྱེན་གང་ཡང་དགོས་མ་རེད་དེ། གསུང་འབུམ་གཞན་ཁག་གཟིགས་པར་དེབ་བསྐྱེལ་གནང་དགོས་རེད། ཁོང་ཚོའི་ཆོག་མཆན་ཐོབ་ན་མང་པོ་ཞིག་དཔེ་ཀློག་ཐུབ། ཚོགས་པ་དེ་ནང་ལས་མི་བོད་མི་མང་པོ་ཞིག་ཀྱང་འདུག སྔོན་མ་དབུ་ཁྲིད་(ཇིན་སི་མད)ཁོང་འཚོ་ཞུགས་སྐབས་སློབ་འཁྲིད་པ་དང་། དགོན་སྡེ་ཁག་ལ་རིན་མེད་ཐོག་དཔེ་ཆ་མང་པོ་ཞིག་སྦྱིན་གཏོང་གནང་གི་འདུག ད་ཆ་དབུ་འཁྲིད་གསར་པ་དེ་དང་བོད་མི་ལས་བྱེད་པ་ཚོ་དོ་དམ་པོ་འདུག

  10. རུ་ཤུལ‚ཆོས་གྲུབ says:
    2012-02-26 at 3:12 am

    གྲོགས་པོ་བློ་བཟང་ལགས། ཐུགས་རྗེ་ཆེ། ད་དུང་གྲོགས་པོ་སུ་ཞིག་གི་བོད་ཀྱི་ནང་བསྟན་དཔེ་ཚོགས་སྟེ་གནས་ལ་འཇུགས་ཚུལ་གསལ་པོ་རེ་གསུངས་རྒྱུ་ཡོད་དགོངས་འཆར་གནང་རོགས། པེ་ཅིང་ན་ངའི་སྤུན་མཆེད་སློབ་མ་ཞིག་ཡོད་པའི་ཁོ་མཁོ་གལ་ཆེ་ཟེར།

  11. རིག་པའི་རལ་གྲི says:
    2012-02-26 at 12:50 pm

    བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱེད་པའི་སློབ་ཆེན་ནམ། དགེ་རྒན་ཡིན་ན་གློག་འཕྲིན་བརྒྱུད་སྙན་ཞུས་ཕུལ་ནས་གནས་ཚུལ་གསལ་ཞུ་བྱས་ན། རིན་གོང་མི་དགོས་པ་བལྟ་ཀློག་ཐུབ་པའི་གནང་བ་ཐོབ་སྲིད་ཀྱི་རེད། དཔེ་མཛོད་ཁང་འདིས་འགྲོ་སོང་ཚད་མེད་གཏོང་ཟིན་པའི་རྒྱུ་མཚན་གྱིས། ད་དུང་རིན་གོང་གཏན་ནས་མི་དགོས་པ་བཟོས་ཐུབ་ཡོད་མ་རེད། གོང་ལྟར་ཚད་ལྡན་གྱི་བོད་བརྒྱུད་ནང་བསྟན་གྱི་རིགས་གནས་ཆེ་ཕྲའི་དཔེ་གཟུགས་དང་དེབ་གཟུགས་ཀུན་ཀྱང་དྲྭ་ཐོག་ཏུ་བླུག་ཟིན་པ་རེད་ལ། ང་ཚོས་བདེ་མོར་བྱེད་ནས་བལྟ་ཐུབ་པ་ཆགས་ནས་སྡད་ཡོད་རེད། དབྱིན་ཇིས་ཀྱིས་ཟེར་སྲོལ་ལ། “རིན་མི་དགོས་པ་གང་ཡང་མེད” ཅེས་པ་ལྟར་། རིན་གོང་གང་ཡང་མི་དགོས་པའི་ཅ་དངོས་རག་པའི་རེ་བ་དེས་བོད་པ་ཡོངས་རྫོགས་ཚོས་ཟིན་པ་དང་། བག་ཆགས་ངན་པ་ཞིག་ཞོག་ཟིན་པ་རེད། ང་ཚོས་བག་ཆགས་ངན་པ་འདི་ངེས་པར་ཅན་དུ་སྤོང་ནས་བཀའ་བློན་ཁྲི་བས་གསུང་པ་ལྟར་། རང་མགོ་རང་ཐོན་བྱེད་པ་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། དུད་འགྲོ་རྣམས་ཀྱང་རང་གི་འཚོ་བ་རང་གིས་འཚོལ་ཐུབ་ན། ངེད་ཅག་འགྲོ་བ་མི་ལ་ལྟ་སྨོས་ཀྱང་ཅི་དགོས།
    དགོན་གྲྭ་ཚང་འདྲ་ཡིན་ན། གཞན་གྱི་རོག་སྐྱོར་ལ་མ་བརྟེན་རང་བརྟེན་རེད། གཞན་མ་གཏོགས་མི་སྐྱ་ཕོ་མོ་རྣམས་དང་། གཞོན་ནུ་རྣམས་ཀྱིས། མགོ་སེར་ནག་གི་རོག་དན་ཁོ་ན་ལ་རེ་ནས་སྡད་ན། ནམ་ཞིག་ལག་མཁར་ལ་བརྟེན་དགོས་པའི་ལུས་དེ་ལག་མཁར་མེད་ན། ཡར་ཡང་ལང་ཐུབ་ཀྱི་མེད་པ་ལྟར་འགྱུར་ངེས་རེད།

  12. མི་རྐང་གླིང་བུ། says:
    2012-02-26 at 1:45 pm

    རང་ནོར་རིན་ཐང་ཅན་ཆ་ཚང་གནས་སྐབས་ཀྱི་དགོས་མཁོ་ཕྲན་བུའི་ཆེད་དུ་བཙོང་ཚར་བ་རེད། ད་ངོ་མ་བྱེད་དུས་ཚུར་ལ་དངུལ་སྤྲད་ན་མ་གཏོགས་བལྟ་ཀློག་མི་ཐུབ་པ་རེད། དཔེར་ན་འབྲོག་པས་གཡག་ལུག་རྒྱ་ལ་བཙོང་ནས་ཤ་མར་རྒྱ་མའི་ལག་པ་ཉོ་དགོས་པ་དང་གཅིག་མཚུངས་རེད། གནས་ཚུལ་འདི་ནས་བསླབ་བྱ་ཞིག་ལེན་རྒྱུ་ཡོད་པ་ནི།་གནས་སྐབས་ལས་ཕུགས་སུ་བལྟ་རྒྱུ་དང་། ད་ལྟ་ལས་མ་འོངས་པར་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན་པར་བསྟན་ཡོད་པ་རེད། དྲ་ཐོག་གི་གསུང་འབུམ། ཤེལ་སྒོ་ནང་མོག་མོག ཧཧཧཧཧཧཧཧ།

  13. དགེ་འདུན་རབ་གསལ says:
    2012-02-26 at 2:06 pm

    འདིར་གོ་ནོར་ཞིག་ཐེབས་ཀྱིན་ཡོད་པ་འདྲ། ངས་དཔེ་མཛོད་ཁང་གསུམ་ངོ་སྤྲོད་བྱས་ཡོད། དེ་གསུམ་སོ་སོར་རང་རང་གི་འགྲོ་ལུགས་འགྲོ་སྟངས་ཤིག་ཡོད་པ་རེད། དཔེར་ན་ལ་རྩེ་ལྟ་བུ་ལ་ཆ་བཞག་ན། ངེད་ཀྱིས་རང་ལ་མཁོ་བའི་དཔེ་ཆའི་ཨང་རྟགས་སོགས་བཙལ་རྗེས་ཁོང་ཚོར་ཡིག་འབྲེལ་གྱིས་ཞུ་བ་བྱེད་ཀྱིན་ཡོད། དེ་ནི་བྱེད་ཐུབ་དགོས་པ་ཞིག་རེད།
    བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་མཚོན་ན། དྲ་རྒྱ་རང་ན་བོད་ཡིག་གི་འདམ་ཁ་འདུག འདམ་ཁ་དེ་བརྒྱུད་ནས་ཐོ་འགོད་བྱེད་དགོས་པ་རེད། ཐོ་འགོད་བྱས་ཟིན་པའི་རྗེས་ལ་དཔེ་ཆ་གང་དགོས་རྣམས་རང་རང་གིས་བཙལ་དགོས་པ་རེད། བཙལ་ཟིན་པ་རྣམས་ལེན་ཐུབ་མི་ཐུབ་ལྟ་ཆོག་གི་རེད་ལ། གལ་སྲིད་ལེན་ཐུབ་ཀྱི་མེད་ན། ཁོང་ཚོར་རེ་སྐུལ་གྱི་ཡི་གེ་ཕུལ་ཆོག་གི་རེད། དེ་ཙམ་ཞིག་སུས་ཀྱང་བྱེད་དགོས་པ་ཞིག་མ་རེད་དམ།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-02-26 at 3:09 pm

    རིན་མེད་ཀྱི་དཔེ་མཛོད་སྔར་ཡང་བྱུང་མེད་ལ། ད་ཆ་ཡོད་བགྱིད་མ་རེད། མ་འོངས་པལ་ཡོང་བགྱི་མ་རེད། ད་ལྟའི་ཆར་དཔེ་མཛོད་དེ་དག་གི་ཁྱབ་བསྒྲགས་བྱེད་བགྱིན་ཡོད་པ་ཙམ་ལས་སུས་ཀློག་ཀློག་དང་སུས་ཕབ་ལེན་གང་བྱས་ཅིག་ཡོད་པར་ཡིད་འཆེས་མེད་ལགས།

  15. ཀརྡོ་གཉེར་ཕྱག་པ་ says:
    2012-02-27 at 2:37 am

    དཔེ་མཛོད་ནང་གི་དེབ་གསར་རྙིང་བསྡུས་གསོག་བྱ་རྒྱུ་དེ་ནི། མ་འོངས་པར་འཛམ་གླིང་ཞི་བདེར་ཕན་ཐོགས་ཆེན་པོ་ཡོང་བ་ཐག་གཆོད་ཐུབ་པ་གཅིག་རེད། དེས་ན་བོརིགས་ཚོས་ཀྱས་དེབ་ཀློག་ཉོ་ལ་དགའ་བོ་བྱེད་དགོས་འདུག

  16. Lobsang says:
    2012-02-27 at 3:51 am

    དེང་སང་ནང་བསྟན་དཔེ་ཚོགས་སྟེ་གནས་ལ་ཤུགས་ལྡན་བིའུ་་བུམ་ཞེས་པ་ཞིག་གསོག་ཉར་གནང་གིས་འདུག་ ཁོང་དང་འབྲེལ་ཡོད་འདྲ་ཡོད་ན་འབོད་བསྐུལ་ཞུས་རོགས་གནང་། ང་རང་ཆེ་མ་དགའ་ས་ཁོང་ཚོའི་དོལ་རྒྱལ་བསྟན་སྲོལ་བྱེད་པའདི་ཙམ་མིན། འདི་མཉམ་བོད་རྒྱལ་ཁབ་འཐབ་རྩོད་དོར་བ་འདི་ནི་ཤིན་དུ་ནས་མ་རུང་བ་ཞིག་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme