Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་མང་གཙོའི་རང་སྣང་གང་དྲན་གྱི་བྲོ་གར།      

Posted on 2015-11-272015-11-27 By ཁ་བརྡ 20 Comments on བོད་ཀྱི་མང་གཙོའི་རང་སྣང་གང་དྲན་གྱི་བྲོ་གར།      

IMG_3164ཞི་སྲས་ཚང་བཀྲ་ཤིས་མཚོ་མོ།

བཀྲ་ཤིས་དོན་གྲུབ་ཀྱིས་དབྱིན་ཡིག་ལས་བསྒྱུར།

 
ཉེ་བའི་ཆར་འཛམ་གླིང་གི་ཡུལ་གྲུ་གང་སར་ཡོད་པའི་བོད་མི་སྐྱབས་བཅོལ་བ་ཚོས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ། སྲིད་སྐྱོང་སྐབས་གཉིས་པ་དང་གྲོས་ཚོགས་ཀྱི་འཐུས་མི་སྐབས་བཅུ་དྲུག་པའི་སྔོན་འགྲོའི་འོས་བསྡུ་བྱས་པ་རེད། གུས་མོ་ལ་མཚོན་ན་ལག་དེབ་ལྗང་གུ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཐོབ་ཐང་དེ་ཐེངས་དང་པོར་ལོངས་སུ་སྤྱོད་པར་དགའ་སྤྲོ་དང་དངངས་འཚབ་ཤུགས་དྲག་བྱུང་། རེད་དེ། ཕྱོགས་རིས་འཐེན་འཁྱེར་ཤུགས་ཆེན་པོ་བྱུང་བ་དང་གཅིག འོས་བསྡུའི་སྒྲིག་གཞི་ལ་གསལ་ཁ་མེད་པ་དང་གཉིས།  དེ་བཞིན་རང་སྣང་གང་དྲན་གྱིས་འོས་བསྡུའི་ལམ་ལུགས་ལ་བསྒྱུར་བཅོས་བཏང་བ་བཅས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གླེང་སློང་བཟོས་ཡོད་ལ་འབངས་མི་དག་མགོ་རྨོངས་དགོས་པ་ཡང་བཟོས་སོང་། དེས་ན། བདག་གིས་རེ་སྒུག་བྱས་བྱས་པའི་མཐར་འོས་བསྡུའི་བརྒྱུད་རིམ་དེས་རང་ཉིད་ཅུང་ཧང་སང་དུ་བཅུག་བྱུང་ལ་བློ་ཕམ་ཏོག་ཙམ་ཡང་སྐྱེ་བཅུག་བྱུང་།

 སྲིད་སྐྱོང་དང་བཀའ་ཤག་འོས་བསྡུ་ལས་ཁང་བཅས་ལ་ཕུལ་བའི་ཡོངས་ཁྱབ་ཞུ་ཡིག

སྔོན་འགྲོའི་འོས་བསྡུ་འགོ་མ་ཚུགས་པའི་སྔོན་ཏེ། ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༣ ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པ་༢༧ གྱིས་༢༠༡༦ ལོའི་འོས་བསྡུའི་བརྒྱུད་རིམ་དང་འབྲེལ་བའི་གནས་ཚུལ་འགའ་ཞིག་ཐད་སེམས་འཚབ་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེ་ནི་ད་ཆ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན། ཁོང་ཚོས་གཞུང་འབྲེལ་སྡིངས་ཆ་དེ་འོས་འདེམས་སྐད་འབོད་ཆེད་སྤྱོད་མི་ཆོག་པའི་སྒྲིག་གཞི་ལ་ད་ཡོད་སྲིད་སྐྱོང་ལས་ཐོག་པས་རྒྱབ་འགལ་བྱས་པ་དེར་འོས་བསྡུ་ལས་ཁང་གིས་མིག་བཙུམ་ནས་བསྡད་པ་སོགས་ཀྱི་གནད་དོན་ཁ་ཤས་ཀྱི་ཐོག་ལ་གླེང་སློང་བྱས་ཡོད།

ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༧ ཉིན་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ལ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནང་བཅར་འདྲི་ཞུས་སྐབས། ཡོངས་ཁྱབ་ཞུ་ཡིག་ནང་“འོས་བསྡུ་ལས་ཁང་གིས་ལན་འདེབས་ཀྱིས་འདམ་གསེས་བྱས་ཏེ་སྒྲིག་གཞི་ལག་བསྟར་བྱེད་སྲིད་པའི་ཉེན་ཁ་ཡོད་”ཅེས་བཤད་པ་བཞིན།

ཁོང་གིས་དྲི་བ་ཞིག་གི་ལན་དུ། འོས་བསྡུ་ལས་ཁང་གིས་དཔང་རྟགས་ཡོད་པའི་རྙོག་གླེང་གཅིག་པུ་ལ་བརྟག་དཔྱད་བྱེད་པ་ལས། སྒྲིག་འགལ་རེད་ཟེར་ཚད་ལ་ལན་འདེབས་བྱེད་ཐུབ་ཀྱི་མ་རེད་ཅེས་ཏག་ཏག་གསུངས་སོང་།  ཡང་གླེང་སློང་གཞན་ཞིག་ནི། འོས་བསྡུའི་སྒྲིག་གཞི་ཀློག་དུས་སྒྲིག་གཞིའི་དོན་ཚན་ཁག་ལ་འགྲེལ་བཤད་མ་འདྲ་བ་ཡོང་ཆོག་གི་ཡོད་པའི་རྒྱུ་མཚན་གྱིས། སྒྲིག་གཞི་ཁ་གསལ་པོ་ཆགས་མ་ཐུབ། དེ་ལ་བརྟེན་ནས་རང་སྣང་གང་དྲན་དུ་བྱ་རྒྱུའི་གོ་སྐབས་རག་གི་ཡོད་པའི་སྐོར་དེ་རེད།

 དྲིལ་བསྒྲགས་ཀྱི་འགྲོ་སོང་སྐོར་གྱི་སྒྲིག་གཞི།

འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉི་ཤུ་རྩ་ལྔ་པའི་ནང་གསེས་༩(ཀ) པའི་ནང་གསལ་བ་བཞིན་འོས་མི་སོ་སོ་དྲིལ་བསྒྲགས་ཀྱི་ཆེད་དུ་མང་མཐའ་ལ་སྲིད་སྐྱོང་འོས་མི་རེ་རེས་ཧིན་སྒོར་འབུམ་བརྒྱད་(༨༠༠,༠༠༠) དང་སྤྱི་འཐུས་འོས་མི་རེ་རེས་ཧིན་སྒོར་འབུམ་གསུམ་(༣༠༠,༠༠༠) གྱི་འགྲོ་གྲོན་གཏོང་ཆོག་གི་ཡོད། དྲང་བདེན་དང་གསལ་པོ་ཡོང་ཕྱིར་འགྲོ་སོང་གི་ཚད་གཞི་གཏན་འབེབས་བྱས་པ་དེ་བྱ་བ་བཟང་པོ་ཞིག་ཡིན་རུང་། སྲིད་སྐྱོང་འོས་མི་ཞིག་དྲིལ་བསྒྲགས་ཀྱི་འགྲོ་སོང་གི་ཚད་གཞི་དེའི་ཐོག་ནས་འཛམ་གླིང་གི་ཕྱོགས་གང་སར་བསྐོར་བསྐྱོད་འགྲོ་དགོས་པར་ཆ་བཞག་ན་འགྲོ་སོང་དེས་ཕལ་ཆེར་ཏག་ཏག་འདང་མི་སྲིད་པ་རེད།

དེ་ལྟ་ནའང་། ཚོགས་པ་ཁ་ཤས་ཤིག་གིས་སོ་སོའི་འོས་མི་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་སྐྱོར་བྱེད་པར་འདོད་ཚེ་བཀག་སྡོམ་དེ་དག་ལས་རང་དབང་དུ་གྱུར་ཡོད། དེའི་རྐྱེན་གྱིས། ཨེཤེ་ཡ་མང་གཙོ་འབྲེལ་མཐུད་ཁང་(Asia Democracy Network) དང་ཨེ་ཤེ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་(Asian Network for Free Elections) བཅས་ཀྱིས་ཉེ་ཆར་གྱི་སྔོན་འགྲོའི་འོས་བསྡུ་ལ་ལྟ་རྟོགས་བྱས་རྗེས། ཁོང་ཚོས་བསྐྱར་ཞིབ་བྱས་ཏེ་འོས་བསྡུའི་ལམ་ལུགས་ཁ་ཤས་ཤིག་ཁྲིམས་མཐུན་བཟོ་དགོས་པའི་གནས་ཚུལ་ཁག་ཅིག་གསུངས་ཡོད་དེ།དེ་ཡང་།

“ངོས་འཛིན་ཡོད་པའི་ཚོགས་པ་ཁ་ཤས་ཤིག་འགྲོ་གྲོན་ཚད་བཀག་གི་ལམ་ལུགས་ལས་གུ་ཡངས་སུ་བཏང་ཡོད་པ་དེས་དྲིལ་བསྒྲགས་ཀྱི་སྒྲིག་གཞིའི་རྩ་དོན་གཏོར་བཤིག་བཏང་ཡོད་ལ། ལག་ལེན་གྱི་ཐོག་ལ་མེད་པའི་མིང་ཙམ་གྱི་སྒྲིག་གཞི་འདི་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཁོ་ན་ལ་ཆགས་ཡོད་པ་ལས་གཞུང་གི་ངོས་འཛིན་ཡོད་པའི་ཚོགས་པ་རྣམས་ནི་སྒྲིག་གཞི་འདི་འོག་ཏུ་བསྡད་དགོས་ཀྱི་མེད།” གོང་དུ་ཞུས་པའི་ཡོངས་ཁྱབ་ཞུ་ཡིག་ནང་ཡང་གནས་ཚུལ་འདིའི་སྐོར་ལ་གླེང་སློང་བྱས་ཡོད། མ་གཞི་ཡོངས་ཁྱབ་ཞུ་ཡིག་ནང་གི་སྐྱོན་འཛུགས་དག་ནི་ཧ་ཅང་གི་ཤུགས་ཆེན་པོ་རེད། སྨྲ་བརྗོད་རང་དབང་ལ་བཀག་སྡོམ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་འགལ་བྱས་པ་བཅས་ཀྱི་སྐྱོན་འཛུགས་རེད། རེད་དེ་ཕྱི་ཟླ་བརྒྱད་པའི་ཕྱི་ཚེས་༢༧ ཉིན་འོས་བསྡུ་ལས་ཁང་ཀྱིས་གསལ་བཤད་ཅིག་གནང་བ་དེའི་ནང་བརྗོད་དོན་དུ། “འོས་བསྡུའི་སྒྲིག་གཞི་ཁག་འོས་མི་སོ་སོའི་དྲིལ་བསྒྲགས་ཀྱི་ཐོབ་ཐང་དང་ཚོགས་སྡེ་ཁག་གི་སྨྲ་བརྗོད་རང་དབང་བཅས་ཀྱི་ཐོབ་ཐང་དང་རྩ་བ་ནས་འགལ་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་གང་དང་ཡང་འགལ་མེད།”ཅེས་གསལ་བཤད་གནང་ཐོག་ཁོང་ཚོར་ཚོགས་སྡེ་དེ་དག་ངོས་ལེན་བྱེད་ཆོག་པའི་དབང་ཆ་གང་ཡང་མེད་ཅེས་བཤད་སོང་། དེ་བཞིན་“ཚོགས་པ་ཞིག་ངོས་འཛིན་བྱ་མིན་གྱི་དབང་ཆ་ནི་བཀའ་ཤག་གི་ཕྱག་ཏུ་ཡོད་རེད། ཚོགས་པ་ཞིག་ངོས་འཛིན་ལྡན་པ་ཞིག་ག་འདྲ་ཡོང་གི་ཡོད་མེད་དེ་དྲི་གཞི་ཞིག་ཆགས་བསྡད་པ་འདི་ནི་ཆ་རྐྱེན་ག་འདྲ་ཞིག་ཚང་ན་ངོས་འཛིན་ཐོབ་ཀྱི་ཡོད་མེད་ཀྱི་གསང་རྒྱ་ལ་བརྟེན་ནས་བྱུང་བ་རེད་”ཅེས་བརྗོད་སོང་། སྤྱིར་ན་འོས་གཞི་དྲིལ་བསྒྲགས་ཀྱི་འགྲོ་སོང་སྐོར་གྱི་སྒྲིག་གཞི་སྣོན་པ་འདིས་ནི་གནད་དོན་གང་ལ་ཡང་ཕན་གྱི་མི་འདུག་པས། འོས་མི་ཚང་མར་གཅིག་མཚུངས་ཀྱི་སྡིངས་ཆ་བསྐྲུན་ཕྱིར་སྒྲིག་གཞི་སྣོན་པ་འདི་མེད་པ་བཟོ་བའམ། ཡང་ན། གཞི་ག་འདྲ་ཞིག་ལ་བཟུང་ནས་ཚོགས་པ་ངོས་འཛིན་ལྡན་པ་ཆགས་ཐུབ་ཀྱི་ཡོད་པའི་གསང་བ་དེ་གསལ་སྟོན་བྱ་རྒྱུ་གཉིས་གང་རུང་དགོས་པ་ལས། གཞན་དུ་ན་བཀའ་ཤག་གི་ཐག་གཅོད་ལ་གོ་རྒྱུ་ཞིག་ཡེ་ནས་མི་འདུག་ལ་ཁ་གསལ་གཏིང་གསལ་ཡང་རྩ་བ་ནས་མི་འདུག

བོད་ཀྱི་བང་ཆེན་གསར་ཤོག་ནང་གི་བཅར་འདྲི་ཞིག་ནང་། དབུས་འོས་བསྡུ་ལས་ཁང་ཀྱི་འགན་འཛིན་གྱིས་“དྲིལ་བསྒྲགས་ཀྱི་འགྲོ་སོང་གི་སྒྲིག་གཞི་ནི། བོད་མི་མང་ཚོགས་ཀྱི་ནང་དུ་འོས་བསྡུའི་འགྲོ་གྲོན་གྱི་སྐོར་ཁ་གསལ་གཏིང་གསལ་ཆགས་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་སྐྲུན་ཕྱིར་རེད་”ཅེས་ནན་བརྗོད་གནང་འདུག འོན་ཀྱང་དབུས་འོས་བསྡུ་ལས་ཁང་ཀྱིས་འོས་མི་ཆ་ཚང་ལ་འདྲ་མཉམ་གྱི་གོ་སྐབས་འབུལ་རྒྱུ་དང་། ཁ་གསལ་གཏིང་གསལ་ཡོང་ཆེད་དུ་དངོས་སུ་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་དོན་རྟོགས་མེད་པ་དེ་རེད།

སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ནང་སྲིད་སྐྱོང་འོས་མི་གཉིས་པ་དང་གསུམ་པའི་བར་ན་བརྒྱ་ཆ་༢༠%ཡི་ཁྱད་པར་དགོས་པའི་སྒྲིག་གཞི་གསར་པ།

ཕྱི་ཟླ་༡༠ པའི་ཕྱི་ཚེས་༡༩ ཉིན་འོས་བསྡུ་ལས་ཁང་ཀྱིས་སྲིད་སྐྱོང་གི་དངོས་གཞིའི་འོས་མི་ག་ཚོད་ཅིག་ཡོང་ཆོག་གི་ཡོད་མེད་ཀྱི་སྐོར་ལ་བཀའ་སློབ་ཅིག་གསུངས་ཡོད། སྤྱིར་བཏང་འོས་བསྡུའི་སྒྲིག་གཞིའི་དོན་ཚན་༦༧ པའི་ནང་ཉུང་མཐའ་ཡང་དངོས་གཞིའི་འོས་བསྡུ་ནང་སྲིད་སྐྱོང་འོས་མི་གཉིས་ལས་མ་ཉུང་བ་ཡོད་དགོས་པ་གསལ་ཡོད་རུང་། འོས་བསྡུ་ལས་ཁང་ཀྱིས་“སྲིད་སྐྱོང་འོས་མི་གཉིས་པ་དང་གསུམ་པའི་བར་ལ་སྔོན་འགྲོའི་འོས་བསྡུའི་ནང་འོས་ཤོག་བརྒྱ་ཆ་༢༠%ལས་ཉུང་བ་མ་གཏོགས་ཁྱད་པར་མེད་ཚེ་འོས་མི་གསུམ་དངོས་གཞིའི་འོས་བསྡུའི་འགྲན་རྩོད་ནང་ཞུགས་ཆོག་གི་ཡོད་”ཅེས་གསུངས་ཡོད།

དངོས་དོན་དུ་དུས་ཡུན་རིང་པོ་ཞིག་ལ་འོས་བསྡུ་ལས་ཁང་ཀྱིས་སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་གྲངས་ཚད་ཀྱི་སྐོར་ལ་ཅི་ཡང་མ་ལབ་པར་ཁུ་སིམ་མེར་གནས་ཡོད་པ་དེར་མནོ་བསམ་བཏང་ཚེ། སྒྲིག་གཞི་གསར་བཟོ་བྱས་པ་འདི་ནི་ཧང་སང་དགོས་པ་ཞིག་རྩ་བ་ནས་ཆགས་མེད།

འོས་བསྡུ་ལས་ཁང་ཀྱི་འགན་འཛིན་ཡུ་རོབ་ལ་སྐོར་བསྐྱོད་ཕེབས་དུས། དེའི་ཆ་ཤས་སུ་ཕྱི་ཟླ་༡༠ པའི་ཕྱི་ཚེས་༣ ཉིན་སུད་སི་ལ་ཕེབས་ནས་མང་ཚོགས་ལ་གསུང་བཤད་ཅིག་གནང་སོང་། དེ་དུས་ང་རང་ཡང་ཚོགས་བཅར་ཞུས་ཡོད། སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་འོས་བསྡུའི་བརྒྱུད་རིམ་དང་སྒྲིག་གཞིའི་སྐོར་ལ་གོ་རྟོགས་བསྐྲུན་རྒྱུ་ཡིན་དགོས་པ་གོར་མ་ཆགས་ནའང་། དྲི་བ་དྲིས་ལན་གྱི་སྐབས་སུ་ཚོགས་བཅར་བ་ཞིག་གིས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་གྲངས་ཚད་དེ་སྔོན་འགྲོའི་འོས་བསྡུའི་སྔོན་ནས་གསལ་བསྒྲགས་དགོས་རེད་དམ་རྗེས་སུ་དགོས་རེད། གལ་ཏེ་སྔོན་འགྲོའི་འོས་བསྡུ་གྲུབ་པའི་རྗེས་སུ་གསལ་བསྒྲགས་གནང་ཡོད་ན་དེའི་རྒྱུ་མཚན་ག་རེ་རེད་ཅེས་དྲིས་པར། ཁོང་གིས་ལན་དུ། མང་མཐའ་ལ་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སྲིད་སྐྱོང་འོས་མི་དྲུག་ཡོང་ཆོག་གི་ཡོད་པའི་འགྲེལ་བཤད་རྒྱག་པ་ལས་དངོས་གཞིའི་འོས་བསྡུ་ལ་འོས་མི་ག་ཚོད་ཅིག་ཡོང་ཆོག་གི་ཡོད་མེད་ཀྱི་སྐོར་ལ་ཚིག་གཅིག་ཀྱང་ལབ་མ་སོང་། དེའི་ཚབ་ཏུ་ཁོང་གིས་གལ་སྲིད་སྤྱི་འཐུས་ཀྱི་ས་མིག་བཅུ་ཡོད་ན་དངོས་གཞིའི་འོས་བསྡུའི་སྐབས་སུ་འོས་མི་ཉི་ཤུ་ཡོང་ཆོག་གི་རེད་ཅེས་དྲི་བ་དངོས་གནས་ལ་ལན་འདེབས་ཐད་ཀར་མ་བྱས་པར་ཅུང་མགོ་སྐོར་གྱི་རྣམ་པའི་ཐོག་ནས་དྲི་བ་ལས་གཡོལ་ནས་ལན་འདེབས་གནང་སོང་། དེའི་ཐོག་ནས་ངས་གསལ་པོོ་ཅིག་ག་རེ་ཤེས་སོང་ཟེར་ན་འོས་བསྡུ་ལས་ཁང་ལ་མཚོན་ན་དྲང་བདེན་དང་ཕྱི་གསལ་ནང་གསལ་བཅས་ནི་དེ་ཙམ་གལ་ཆེན་མིན་པ་དེ་རེད། ངའི་བསམ་པར་སྔོན་འགྲོའི་འོས་བསྡུ་བྱ་གྲབས་ཡོད་ན་ཡང་། ད་དུང་ཁོང་རྣམ་པས་ང་ཚོ་མགོ་སྐོར་གཏོང་ཐབས་གནང་གི་འདུག་སྙམ་པའི་ཚོར་བ་ཞིག་འགོག་མེད་དུ་ཤར་བྱུང་།

སྲིད་སྐྱོང་འོས་མི་གཉིས་པ་དང་གསུམ་པའི་བར་ན་སྔོན་འགྲོའི་འོས་བསྡུའི་ནང་འོས་གྲངས་བརྒྱ་ཆ་༢༠% སྐོར་གྱི་སྒྲིག་གཞི་གསར་པ་དེས་འགོག་མེད་ཀྱི་དྲི་གཞི་ཞིག་ཁྱེར་ཡོང་བ་དེ་ནི་སྐབས་སྔ་མའི་འོས་བསྡུའི་སྐབས་སུ་སྒྲིག་གཞི་འདི་མེད་པ་དེ་རེད། སྐབས་སྔོན་མའི་སྔོན་འགྲོའི་འོས་བསྡུ་ནང་སྲིད་སྐྱོང་འོས་མི་གཉིས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་འོས་མི་གསུམ་པ་བཀྲ་ཤིས་དབང་འདུས་གཉིས་ཀྱི་བར་ལ་འོས་གྲངས་བརྒྱ་ཆ་༢༠% ལས་མང་བའི་ཁྱད་པར་མེད་ཀྱང་། བཀྲ་ཤིས་དབང་འདུས་ལགས་དངོས་གཞིའི་འོས་འགྲན་ནང་ཞུགས་ཆོག་ཡོད། གོང་དུ་ཞུས་པའི་བོད་ཀྱི་བང་ཆེན་གསར་ཤོག་གི་བཅར་འདྲི་ཞིག་གི་ནང་དུ་འོས་བསྡུ་ལས་ཁང་ཀྱིས་“མི་མང་གིས་འོས་བླུགས་ནས་འོས་གཞི་གཉིས་པ་དང་གསུམ་པའི་དབར་ཁྱད་པར་ཆེན་པོ་མེད་ན་གསུམ་པ་དེ་ཡང་འདོན་དགོས་པ་གལ་ཆེན་པོར་མཐོང་བ་རེད། གལ་སྲིད་ཧེ་བག་ཆེན་པོ་ཡོད་པ་ཡིན་ན། འོས་གཞིའི་ནང་བཏང་ཡང་གསུམ་པ་དེ་གོང་དུ་སླེབས་མི་ཐུབ་པ་དེ་ང་ཚོའི་མི་འབོར་སོགས་གང་ཐད་ནས། དེ་ག་ཙམ་བཞག་པ་ལས་སླེབས་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡིན་དུས་ཧེ་བག་ཆེན་པོ་ཡོད་ན་མི་འཇོག་རྒྱུ་དང། ཧེ་བག་ཆེན་པོ་མེད་ན་འཇོག་རྒྱུ་གཏན་འཁེལ་བ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

ང་དང་ང་ལྟ་བུའི་མི་མང་པོ་ཞིག་ལ་དངོས་གཞིའི་འོས་བསྡུའི་སྐབས་སུ་འོས་བླུགས་ས་རྩ་བ་ནས་མེད་པ་དེ་ལ་ཁོང་ཚོས་བསམ་བློ་གཏོང་གི་མེད་པ་དངོས་ཡོད་གནས་ཚུལ་རེད་ལ། དེའི་རྒྱུ་མཚན་ནི་ཁོ་རང་ཚོའི་བསམ་ཚུལ་མཚོན་ཐུབ་མཁན་གྱི་སྲིད་སྐྱོང་འོས་མི་གཉིས་ཏེ། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་དངོས་གཞིའི་འོས་འགྲན་ནང་ཞུགས་ཐུབ་ངེས་པ་ཡིན་པས་སོ། དེ་ཙམ་མ་ཟད། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ནང་ཨང་རིམ་གསུམ་པ་རུ་ཕལ་ཆེར་སླེབས་ངེས་པའི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལགས་དངོས་གཞིའི་འོས་འགྲན་ནང་མེད་ཚེ་བསམ་ཚུལ་མི་འདྲ་བ་ཡང་ཡོང་ཐུབ་ཀྱི་མེད།

ད་དུང་དོགས་གཞི་ཆེ་ཤོས་ཤིག་ཡོད་པ་ནི་གསལ་བསྒྲགས་བྱས་པའི་དུས་ཚོད་དེ་རེད། ཕ་ཡུལ་དྲ་རྒྱའི་ནང་བསོད་ནམས་ཆོས་འཕེལ་ལགས་ལ་བཅར་འདྲི་ཞིག་བྱས་པ་དེའི་ནང་ཁོང་གིས་“འོས་བསྡུ་ལས་ཁང་ཀྱིས་ཕྱོགས་རིས་འཐེན་འཁྱེར་བྱས་སོང་ཟེེར་ཡའི་སྐྱོན་འཛུགས་མི་ཡོང་བའི་ཕྱིར་དུ་དངོས་གཞིའི་འོས་བསྡུ་ལ་འོས་མི་ག་ཚོད་ཅིག་ཡོད་མེད་ཀྱི་གསལ་བསྒྲགས་དེ་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་མ་བསྒྲགས་པའི་སྔོན་ལ་གསལ་བསྒྲགས་ཞུ་ཡི་ཡིན་”ཞེས་གསུངས་ཡོད། ཁོང་གིས་གསུང་པ་འདི་བདེན་པ་ཡིན་ན། དངོས་གཞིའི་འོས་མིའི་གྲངས་ཚད་སྐོར་གྱི་སྒྲིག་གཞི་གསར་པ་དེ་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དྲ་ཐོག་ཏུ་སྤེལ་མ་ཚར་གྱི་བར་དུ་ཁྱབ་བསྒྲགས་མ་བྱས་ནས་བཞག་པར་དངོས་དོན་དུ་ཁུངས་ལུང་ལྡན་པའི་རྒྱུ་མཚན་གཏན་ནས་མི་འདུག

སྒྲིག་གཞི་གསར་བཟོ་འདི་བསམ་གཟས་ནས་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དངོས་གཞིའི་འོས་མིའི་འགྲན་རྩོད་ཀྱི་ཁོངས་ནས་ཕུད་ཕྱིར་བཟོས་པ་རེད་ཅེས་བཤད་ཐུབ་དཀའ་རུང་། དེའི་ཕྱིར་དུ་མ་རེད་ཅེས་བཤད་ན་ཡིད་ཆེས་བྱེད་ཐུབ་ས་ཞིག་གཏན་ནས་རེད་མི་འདུག  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཞིབ་འཇུག་པ་རྒན་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་ “བློ་བཟང་སེངྒེ་དང་སྤེན་པ་ཚེ་རིང་གཉིས་ཀ་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་མཁན་ཡིན་ཙང། དངོས་གཞིའི་འོས་འགྲན་ནང་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་དང་། ཁོང་གི་རྩ་དོན་རང་བཙན་གཉིས་མེད་ན། བགྲོ་གླེང་རྣལ་མ་ཞིག་ཡོང་གི་མ་རེད།”ཅེས་གསུངས་ཡོད།

གུས་རང་བོད་རིགས་ཤིག་ཡིན་པའི་ཆ་ནས་བླ་ན་མེད་པའི་སྤོབས་པ་ཆེ་ཤོས་དེ་ནི། ཕ་ས་ལག་འཐིལ་འདྲ་པོ་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་ཀྱང་། ད་དུང་བཙན་བྱོལ་དུ་རང་གཞུང་ཡོད་པ་དང་། གཞུང་དེ་ཡང་མང་གཙོའི་ལམ་ལུགས་ཡིན་པ་བཅས་ཡིན། སྤྱིར་ན་དབུས་བོད་མིའི་སྒྲིག་འཛུགས་དང་འོས་བསྡུ་ལས་ཁང་བཅས་ཀྱིས་འདི་ལྟར་འོས་འདེམས་ཀྱི་ཐོབ་ཐང་འདི་གནང་བར་སྙིང་དབུས་ནས་སྐུ་དྲིན་ཚོར་གྱི་འདུག་ལ་རྗེས་སུ་ཡི་རངས་ཀྱང་ཡོད། དབུས་འོས་བསྡུ་ལས་ཁང་ཀྱིས་དོགས་གཞི་ཡོད་པའི་དོན་རྐྱེན་ཐམས་ཅད་ཞོད་འཇགས་གཏོང་ཕྱིར་“ང་ཚོ་བཙན་བྱོལ་སྤྱི་ཚོགས་རེད་”ཅེས་བཤད་བཞིན་པ་འདིར་ང་རང་འཐད་པ་མེད་རུང་། ང་ཚོའི་གཞུང་འཛིན་ལམ་ལུགས་འདི་གོང་འཕེལ་གཏོང་བར་དུས་ཚོད་འགོར་གྱི་ཡོད་པ་ངས་རྟོགས་ཀྱི་ཡོད།

བྱེས་འབྱོར་བོད་པ་ཚོས་ང་ཚོ་བྱེས་སུ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གཞུང་འཛིན་མི་སྣས་རང་སྣང་གང་དྲན་གྱིས་ཐག་གཅོད་བྱས་པའི་གནད་དོན་རྣམས་ལ་ངོས་ལེན་བྱེད་དགོས་པའི་རྒྱུ་མཚན་ཡེ་ནས་མ་མཐོང་ལ་ང་ཚོའི་གཞུང་གི་ལམ་ལུགས་མ་འགྲིག་པ་རྣམས་བཟོ་བཅོས་གཏོང་རྒྱུ་མེད་པའི་ཡིད་ཆེས་དེ་བས་ཀྱང་ག་ལ་ནུས། དེ་ལས་ལྡོག་སྟེ་ང་ཚོ་བཙན་བྱོལ་དུ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་གང་ཡོང་ཅི་ཡོང་གིས་མང་གཙོ་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་བྱ་དགོས་པར་སྙམ་ལ། དེའི་ཐོག་ནས་མང་གཙོའི་ལམ་ལུགས་མེད་པའི་རྒྱ་ནག་དམར་གཞུང་ལ་ང་ཚོས་ཁོ་ཚོ་དང་མི་འདྲ་བར་མང་གཙོའི་ལམ་ལུགས་ལ་ལོངས་སུ་སྤྱོད་བཞིན་པའི་བརྡ་ལན་ངར་པོ་ཞིག་གཏོང་དགོས་པ་དེ་རེད། ང་ཚོའི་མང་གཙོ་འདི་གུ་ཡངས་པོ་དང་ཕྱི་གསལ་ནང་གསལ་ཞིག་ཡོང་ཕྱིར་དུ་ལག་དེབ་ལྗང་གུ་སྟེ་རང་བཙན་ལག་དེབ་འཛིན་མཁན་ཚང་མས་འོས་བསྡུའི་ཆ་ཤས་ལེན་དགོས་པར་འདོད་ལ། དེ་བས་འོས་བསྡུའི་ལས་རིམ་དང་གཞུང་འཛིན་ལམ་ལུགས་ནང་རང་སྣང་གང་དྲན་གྱི་ཐག་གཅོད་དག་མི་ཡོང་ཕྱིར་ང་ཚོས་དོགས་གཞི་ཡོད་པའི་དོན་རྐྱེན་རྣམས་ལ་དོགས་འདྲི་ཚ་ནན་བྱ་དགོས།
མ་རྩོམ།

[i]https://www.facebook.com/tchrd/posts/10153459017401678:0?__mref=message_bubble

[ii]http://tibet.net/2015/10/clarification-to-the-group-of-tibet-supporters-who-have-expressed-concerns-about-the-tibetan-election-process-in-the-media-dated-13-october-

[iv]http://tibet.net/2015/10/announcement-regarding-final-candidates-for-2016-tibetan-general-election/

[v]https://www.youtube.com/watch?v=P9kmRvF9B4Y

[vi]http://www.phayul.com/news/article.aspx?id=36631

[vii]http://www.phayul.com/news/article.aspx?id=36639

འགྱུར་རྩོམ།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་གི་གསལ་བཤད་དང་འབོད་སྐུལ།
Next Post: ༄༅། །དཀར་ཟས་ཁོ་ན་དག་པའི་ལམ་མ་ཡིན།།

Comments (20) on “བོད་ཀྱི་མང་གཙོའི་རང་སྣང་གང་དྲན་གྱི་བྲོ་གར།      ”

  1. ཅོ་རི་ཉི་མ། says:
    2015-11-27 at 4:41 am

    ཡག་པོ་བྲིས་འདུག ལོ་ཆུང་གཞོན་སྐྱེས་ཚོས་འགན་ཁུར་བྱས་ན་བོད་རྒྱལ་ཁབ་ལ་རང་བཙན་འཐོབ་འོང་ངེས་རེད།
    རྩོམ་པ་པོས་་་་སྲིད་སྐྱོང་འོས་མི་གཉིས་པ་དང་གསུམ་པའི་བར་ན་སྔོན་འགྲོའི་འོས་བསྡུའི་ནང་འོས་གྲངས་བརྒྱ་ཆ་༢༠% སྐོར་གྱི་སྒྲིག་གཞི་གསར་པ་དེས་འགོག་མེད་ཀྱི་དྲི་གཞི་ཞིག་ཁྱེར་ཡོང་བ་དེ་ནི་སྐབས་སྔ་མའི་འོས་བསྡུའི་སྐབས་སུ་སྒྲིག་གཞི་འདི་མེད་པ་དེ་རེད། སྐབས་སྔོན་མའི་སྔོན་འགྲོའི་འོས་བསྡུ་ནང་སྲིད་སྐྱོང་འོས་མི་གཉིས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་འོས་མི་གསུམ་པ་བཀྲ་ཤིས་དབང་འདུས་གཉིས་ཀྱི་བར་ལ་འོས་གྲངས་བརྒྱ་ཆ་༢༠% ལས་མང་བའི་ཁྱད་པར་མེད་ཀྱང་། བཀྲ་ཤིས་དབང་འདུས་ལགས་དངོས་གཞིའི་འོས་འགྲན་ནང་ཞུགས་ཆོག་ཡོད།་་་་ཅེས་པ་གནད་འགག་རེད།

  2. བསོད་ནམས། says:
    2015-11-27 at 7:17 am

    རྒྱ་དམར་གྱི་དམངས་གཙོ་དང་རྡ་སའི་དམངས་གཙོ་འདྲ་བོ་རེད། གང་ཟག་ལ་ཐུག་དུས་ཁྲིམས་ཟེར་བ་དེ་ཡར་འཐེན་མར་འཐེན་སྣ་ཚོགས་བྱས་ངེས་རེད། དམིགས་ཡུལ་ནི་རང་བཙན་རྩོད་མཁན་གྱི་རྒྱལ་གཅེས་དཔའ་བོ་ཞིག་གི་ཆེད་རང་རེད།

  3. བཙན་རུས་མདངས་ཅན་ says:
    2015-11-27 at 7:27 am

    གདོང་པ་ཕག་གི་རྣམ་ཅན་ལ།།
    རྣམ་དཔྱོད་ལྡན་པའི་ཚིག་དང་བྲལ།།
    མི་ལ་བོད་མི་ཕྱེད་ཀ་ཅན།།
    བོད་དོན་གླེང་བའི་སྲོག་དང་བྲལ།།

  4. ཉི་མའི་བུ་རྒྱུད་ says:
    2015-11-27 at 8:54 am

    འདི་རྩོམ་ཡག་གི་་་

  5. ཀརྨ་བློ་གསལ་ says:
    2015-11-27 at 9:08 am

    ཧ་ཅང་ཡག་པོ་འདུག ཡིན་ནའི། སྤྱི་ཚོགས་ཤིག་རུལ་ཟིན་རྗེས། དབང་དྲག་པ་ཚོའི་ཁྲོད་དུ་ཤ་ཚ་བའི་གཏམ་ལ་ཉན་མཁན་ཧ་ཅང་གི་དཀོན་པོ་ཡིན། དྲང་པོར་བཤད་ན། གོང་ས་མཆོག་གིས་ཀྱང་དགུང་ལོ༡༡༣མར་བཅག་ནས༡༠༨ལ་གཏུགས་སོགས་ཀྱི་བཀའ་སློབ་གནང་ཚུལ་འདུག་པས། རྡ་སའང་ཁག་ཡོག་མ་རེད།

  6. ཅོ་རི་ཉི་མ། says:
    2015-11-27 at 10:10 am

    བཙན་རུས་མདངས་ཅན་ཞེས་པའི་མིང་ལྷག་གི་འོག་ཏུ་ཨ་ཁུ་ཁྲོ་ཐུང་བྱི་ཁུང་ནང་དུ་གབ་གབ་བྱས་ཞོར་བུ་མོ་ཞིག་ལ་ཚིག་ངན་ལབ་བསྡད་ན་ངོ་མི་ཚ་འམ། སྨན་བུ་མོ་ཞིག་གིས་རང་གཟུགས་དངོས་སུ་སྟོན་ནས་བོད་མི་རིགས་ཀྱི་ཆེད་དུ་རྩོམ་ཡིག་འབྲི་དུས་ཁྱོད་དངོས་སུ་གདོང་སྟོན་ནས་ཡོང་མི་ཕོད་པར་ཅི་རེད་དམ།

    ཕོ་ལུས་ལེན་ཡོད་ཨེ་བསམས་ཁུ། ཨ་ཁུ་ཁྲོ་ཐུང་བྱི་ཁུང་ནང་དུ་གབ་གབ་བྱས་ནས་དཔའ་གླུ་ལེན་ན་སུ་སྐྲག་གི་རེད་དམ། ཁྱོད་རང་བུ་མོ་ཞིག་ལས་ཐབས་སྐྱོ་བའི་ཞིག་མི་ཡིན་པར་ཤེས་པར་བྱོས། རང་གཟུགས་སྟོན་མ་ཕོད་ན་ཁ་བཙུམ་དང་དགའ་གི་རེད།

    རྩོམ་ཡིག་གི་བརྗོད་བའི་ཐོག་ཏུ་བགྲོ་གླེང་བྱེད་པའི་སྤོབས་པ་མེད་པྭེ། ཡོད་ན་རང་གཟུགས་སྟོན་ནས་ཤོག་དང་བགྲོ་གླེང་བྱ་ཆོག་གི་རེད་པ།་་་ཧཧ

  7. ཉི་མའི་བུ་རྒྱུད་ says:
    2015-11-27 at 10:35 am

    ཅོ་རི་བདེན་གི་

  8. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 1:03 am

    ཅོ། ཅོ་རི་ངར་བགྱིད།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 1:08 am

    བཀྲ་ཚོས་ ཤོད་བགྱིད་ འདུག

  10. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 1:09 am

    བཀྲ་ཤིས་ མཚོ་མོས། བོད་ཡིག་ལས་ ཨིན་ཡིག་ མཁས་སྟངས་ལ་ ལྟོས་དང་། སོམས་དང་། བོད་རིགས་ ཚོ།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 1:11 am

    མཚོ་མོས་ ང་ལ་ ཨིན་ཡིག་ བསླབས་ན། ངས་ མོ་ལ་ བོད་ཡིག་ ཏོག་ཙམ་ སློབ་ཐུབ་པ། ཧཧ།།

  12. ལུང་རྟོགས། says:
    2015-11-28 at 4:38 am

    བོད་ཡིག་མི་ཤེས་པའི་བོད་མོ་འདི་ཚོ་སྙིང་རྗེ། ཁོ་ཚོས་བོད་དོན་ཅང་ཤེས་མི་ཡོང་། དེ་ལས་རང་ཁ་རང་གསོ་ཡོང་ན་ཏག་ཏག་རེད།

  13. ཅོ་རི་ཉི་མ། says:
    2015-11-28 at 4:56 am

    ཨོ་་་ཧཧཧ་་་ལོང་རྟོགས། ཁྱོད་རང་གིས་རང་ཁ་མ་གསོས་ནས་ཉམས་ཐག་བཙན་བྱོལ་མི་ཡི་སྐྱོབ་གསོ་ཟོས་ནས་བསྡད་ཡོད་བཞིན་དུ་ཡུང་སྒོར་ས་ཡ་དང་ས་ཡ་ཡོད་མཁན་གྱི་ཕྱུག་བདག་ཞི་སྲས་ཚང་གི་བུ་མོ་ལ་རང་ཁ་རང་གི་གསོ་ཐུག་ན་ཏག་ཏག་རེད་ཟེར་ནས་ངོ་མི་ཚ་འམ།

    ཁྱོད་རང་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་རྒྱུགས་ཁྱི་བྱས་ནས་བཙན་བྱོལ་མི་དམངས་ཀྱི་སྐྱོབ་གསོ་ཟོས་ནས་འཚོ་བ་བསྐྱེལ་མཁན་གྱི་སྤྲང་རྒན་ཞིག་ཡིན་པྭ་་་ཧཧཧ ངོ་ཚ་མེད་པའི་མི་ཁྱོད་ཚོས་ག་རེ་བཤད་བཤད་རེད་འདུག་ག

  14. བོད་ཁམས་སྡེ་ says:
    2015-11-28 at 5:23 am

    ས་ཡ་མོང་པོའི་ཕྱུག་བདག་སྲས་མོ་ལ་མདོག་ཅང་མེད་ཀི་ཡ་ཧཧཧ

  15. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 5:31 am

    ས་ཡ་མང་པོའི་བདག་པོ་ཨེ། ཡ་ཡ། ད་གཞི་ནས་ཧ་གོ་སོང་། དེ་ཡང་ཅོ་རིའི་བརྒྱུད་ནས། ད་དུང་ཡིད་ཆེས་པོ་རང་མི་འདུག

  16. ལུང་རྟོགས། says:
    2015-11-28 at 11:01 am

    ཅོ་ཅོ་རི་རི། ང་རང་ཁ་རང་གསོ་ཡིན་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་སློབ་ཡོན་དེ་ཡང་ད་བར་དུ་ལེན་མྱོང་མེད། ད་དུང་དངས་བླང་བཅའ་དངུལ་ཡང་ཆད་མ་མྱོང་། ཕྱུག་བདག་ཞི་གསེར་བུ་མོ་ཡང་ཕལ་ཆེར་བཙན་བྱོལ་གཞུང་གི་སློབ་ཡོན་ལ་རྟེན་ནས་དབྱིན་ཡིག་ཅུང་འབྲི་ཤེས་པ་བྱུང་བ་ཡིན་རྒྱུ་རེད་ལ་དངས་བླང་བཅའ་དངུལ་ཡང་མ་ཆད་ཕུལ་མྱོང་ཡོད་མེད་མི་ཤེས། ལར་ནས་གོང་དུ་དྲ་གྲོགས་ཤིག་གིས་གསུངས་པ་ལྟར་མདོག་ལ་ལྟས་ན་ཕྱུག་བདག་གི་བུ་མོ་ཡིན་མིན་ཧ་ལམ་ཤེས་ཐུབ་པ་འདུག ཧཧཧ འོན་ཀྱང་ཁྱོད་ཅོ་རི་དང་སྡུར་ན་ཕྱུག་བདག་བུ་མོ་ཟེར་ཆོག་ན་ཐང་། ངས་ད་བར་དུ་རང་གི་གཞུང་དང་དབུ་ཁྲིད་གོང་དུ་བཀུར་བ་ཡིན། དེ་ནི་ང་བོད་མི་ཞིག་གིས་འོས་འགན་སྒྲུབ་པ་ཡིན། ཁྱོད་ལྟར་དུ་གང་ཡིན་འདི་ཡིན་མེད་པ་ཁྱི་སྨྱོན་བཞིན་ཡོད་ཚད་ལ་ཟུག་སྡད་མཁན་ཞིག་མིན།

  17. ལུང་རྟོགས། says:
    2015-11-28 at 11:17 am

    ཞི་སྲས་ཚང་གི་ཕ་རྒན་དེ་ཡང་སྙིང་མ་རྗེ། ཨ་ཧྥི་རི་ཁའི་ནག་རིལ་ཞིག་བར་ལ་ཤོར་ཡོད་པ་ཐག་ཆོད་འདུག ཧཧཧ

  18. ཅོ་རི་ཉི་མ། says:
    2015-11-29 at 5:55 am

    ཧེ་ཧེ་་་ལུང་རྟོགས། ཁྱོད་ལྟ་བུའི་རྒད་པོ་ཞིག་ལ་སློབ་ཡོན་སྤྲད་མཁན་སུ་ཡོད་དམ། ངས་ཁྱོད་ཀྱི་སློབ་ཡོན་བཟའ་བཞིན་འདུག་ཟེར་གི་མེད། སྐད་ཆ་གཡོལ་ནས་མ་ཤོད། ཁྱོད་རང་བཙན་བྱོལ་བོད་མིའི་སྐྱོབ་གསོ་བཟའ་མཁན་ཞིག་རེད་ཅེས་ལབ་ཀྱི་ཡོད། ཁྱོད་ཀྱིས་བཙན་སྒྲིག་འཛུགས་ཀྱི་རྩ་ནས་སྒོར་རྡོག་གཅིག་ལེན་གྱི་མེད་ཟེར་མནའ་བསྐྱལ་ནུས་པ་འདུག་གམ། བཙན་བྱོལ་བོད་མིའི་སྤྱིའི་དངུལ་བཟའ་ཞོར་རང་ཁ་རང་གསོ་ཡིན་ཨེ་་་་་ཧཧཧཧཧ་་་ངོ་ཚ་མེད་པའི་སྤྲང་རྒན།

  19. ལུང་རྟོགས། says:
    2015-11-29 at 12:01 pm

    ཅོ་རི། བཙན་བྱོལ་ནང་ལ་ཡོང་སྐྱོབ་གསོ་ཟ་མ་མྱོང་མཁན་སུ་ཡོད། ཁྱོད་ཀྱང་ལྷོ་ཕྱོགས་གདན་ས་ཁག་ནང་ལ་འབྲས་རྡ་ལི་ཟས་ནས་ཇི་ཙམ་སྡད་པ་རྗེད་སོང་བ་ཨེ་རེད། དེ་ཚོ་ཡང་སྐྱོབ་གསོ་རེད་ད། ད་དུང་བཙན་བྱོལ་གཞུང་གི་སློབ་ཡོན་ཇི་ཙམ་ཟ་ཚར་བ་ཡིན། དེ་ཚོ་ཚང་མ་ཡོ་རོབ་ལ་སླེབས་པ་དང་སྐྱག་པ་མཉམ་དུ་བཏང་ཚར་བ་ཨེ་ཡིན། ད་དུང་ངོ་ཚ་རྒྱུ་མེད་པ་མི་གཞན་ལ་སྐྱོབ་གསོ་ཟ་མཁན་ཞེས་འཕྱ་སྨོད་བྱེད་ཁ་བྱེད་པའི་ཧམ་ཤད་དེ་གང་ནས་བྱུང་། ད་དུང་ཡོ་རོབ་ལ་སླེབས་ནས་ང་སྐྱབ་གཅོལ་བ་ཡིན་ཞེས་སྐྱོབ་གསོ་ཇི་ཙམ་ཟ་ཚར་བ་རྗེད་སོང་བ་ཨེ་རེད།

  20. ཚེ་རིང་ནོར་བུ། says:
    2015-12-05 at 12:36 am

    རྩོམ་ཡག་ལ་འགྱུར་ཀྱང་དཔེ་འདྲ་ཅིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme