Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་མགོ་ཁྲིད་གསར་པ་འདི་རྒྱ་གར་ལ་ཉེན་བརྡ་ཞིག་རེད་དམ།

Posted on 2014-02-212014-02-21 By ཁ་བརྡ་ 9 Comments on བོད་ཀྱི་མགོ་ཁྲིད་གསར་པ་འདི་རྒྱ་གར་ལ་ཉེན་བརྡ་ཞིག་རེད་དམ།

མཱོ་ར་ མཱ་ནི་ཧན་གྱིས་བརྩམས། བསྟན་འཛིན་ཚེ་རིང་གིས་བསྒྱུར།
མ་ཡིག http://www.asianage.com/ideas/new-tibetan-leader-threat-india-950
སྲིད་བློན་ནེ་རུ་ཡིས་ ༡༩༥༩ ལོར་༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ཁྲི་ཕྲག་མང་པོར་སྐྱབས་བཅོལ་སྤྲད་པའི་དུས་དེ་ནས་བཟུང་། རྒྱ་གར་ལ་མཚོན་ན་འགྲོ་བ་མིའི་བདེ་སྡུག་མཉམ་འཁུར་གྱི་སྤྱོད་པ་འདིའི་ཐོག་ནས་བཟང་སྤྱོད་དང་འཐབ་བྱུས་ཀྱི་ཁེ་ཕན་ཐོབ་ཡོད། ཡིན་ན་ཡང་༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་ནས་བགྲེས་ཡོལ་གནང་བ་དང་། བློ་བཟང་སེང་གེ་རྡ་རམ་ས་ལའི་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཁྲིད་གསར་པ་དེར་བཅུག་པ་དང་མཉམ་དུ་བཙན་བྱོལ་གཞུང་དང་རྒྱ་གར་གཉིས་བར་གྱི་འབྲེལ་བ་བརྟན་པོ་དེ་ཉེན་ཁ་ལ་ཐུག་ཡོད་སྲིད་པ་རེད། སྐུ་ཞབས་སེང་གེས་རྒྱ་ནག་དང་མཉམ་དུ་རང་གི་ལས་འགན་དེ་འཁྱེར་རྒྱུར་ཁྱད་མཚར་བའི་འདོད་པ་གསར་པ་ཞིག་ཡོད་པའི་བརྡ་བསྟན་པ་རེད་ལ། དེ་ལ་བརྟེན་ནས་ཁོས་རྒྱ་གར་གྱི་བདེ་འཇགས་ལ་ཡིད་ཆེས་གཙིགས་འཛིན་བྱེད་མིན་གྱི་ཐད་ལ་དོགས་པ་ཆེན་པོ་ཡོང་གི་ཡོད།
བོད་མི་སྐྱབས་བཅོལ་བ་རྣམས་ལ་གནས་ཡུལ་སྤྲད་པའི་དབང་གིས་རྒྱ་གར་ལ་འཛམ་གླིང་གི་ཡི་རངས་ཐོབ་ཡོད། རྒྱ་གར་གྱི་ “ཞི་བའི་འགུག་ཤུགས་ soft power” ༧རྒྱལ་བ་རིན་པོ་ཆེར་བཞུགས་ཡུལ་ལ་ཕུལ་བ་བརྟེན་ནས་ཇེ་ཆེར་སོང་ཡོད་ཅིང་། ༧རྒྱལ་བ་རིན་པོ་ཆེ་ནི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་གང་ཞིག་ལ་མི་མང་པོས་ཁོང་ནི་འཚེ་མེད་ཞི་བ་དང་འཚེ་བ་སྤངས་པ་ཉམས་ལེན་བྱེད་པའི་དམ་པ་གྷན་དིའི་རྗེས་འཇུག་སྐུ་གསོན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཅིང་། ༧རྒྱལ་བ་རིན་པོ་ཆེ་ཁོང་གིས་ཀྱང་ “ང་ནི་རྒྱ་གར་གྱི་བུ་ཡིན་”གསུངས་གི་རེད།
འདས་པའི་ལོ་ ༥༤ ཡི་རིང་ལ་བོད་པ་སྐྱབས་བཅོལ་བ་མང་པོ་རྒྱ་གར་གྱི་དམག་ནང་འཛུལ་ཏེ་ཞབས་ཞུ་ཞུས་ཡོད་ཅིང་། དེ་ཡང་བྷང་གྷ་དྷེ་ཤ་ཡི་རང་བཙན་དམག་འཁྲུག་གི་ནང་དང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་སྲུང་སྐྱོབ་ཆེད་དུ་ལམ་ཁ་བཟོ་བའི་ཞབས་ཞུ་ཞུས་ཡོད་པ་རེད། བོད་ཀྱི་ཆོས་རྒྱུད་ཆེ་ཁག་གི་བཞི་དབུ་འཁྲིད་རྣམས་རྒྱ་གར་དུ་བཞུགས་པ་དེས་ཉམ་ཆུང་གི་མངའ་སྡེ་དཔེར་ན་ཨ་རུ་ན་ཅལ་དང་འབྲས་ལྗོངས། དེ་བཞིན་ལ་དྭགས་སོགས་ལ་ཧ་ལས་པའི་ཁེ་ཕན་བྱུང་ཡོད་པ་རེད། ད་དུང་རྒྱ་གར་ལ་ཡིད་ཆེས་བློ་འགེལ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱ་ནག་གིས་བོད་ཀྱི་ས་ཁུལ་བཙན་ས་ཞིག་ནས་རྒྱ་གར་ལ་ཉེན་བརྡ་སྤྲོད་པའི་ནུས་པ་དེ་ལའང་གདོང་ལེན་བྱེད་པ་རེད།
ཡིན་ན་ཡང་ཁེ་ཕན་ཅན་གྱི་འབྲེལ་བ་དེ་ད་ཆ་བློ་བཟང་སེང་གེས་བསྐྲུན་པའི་འགྱུར་བ་དག་གིས་ཉེན་ཁ་ལ་བསྐྱལ་ཡོད་པ་རེད། སྐུ་ཞབས་སེང་གའེས་འདྲོགས་ལངས་འོས་པའི་རྒྱ་དགའི་སྲིད་བྱུས་དྲིལ་བསྒྲགས་པ་དེས་དུས་ཡུན་རིང་པོར་བོད་དོན་་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་འཐོམས་བཅུག་པ་རེད་ལ། མགོ་འཐོམས་དེ་དང་ལྷན་དུ་བོད་མི་སྐྱབས་བཅོལ་བའི་རྩ་དོན་ཡོངས་སུ་རྫོགས་པའང་འཁྱེར་འགྲོ་བའི་ཉེན་ཁ་སློང་གི་ཡོད། བློ་བཟང་སེང་གེ་ནི་རྒྱ་གར་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་སློབ་སྦྱོང་ཐོབ་པ་ལ་བློ་གཡེང་མ་དགོས། རྒྱ་གར་གཞུང་ཐུགས་རྗེ་ཆེ།
༢༠༡༣ ལོའི་ཟླ་ ༥ ཚེས་ ༨ ཉིན་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་གཙི་མཐོང་ཅན་གྱི་སློབ་སྟོན་རུ་ཁག་ཅིག་སྟེ། ཕྱི་འབྲེལ་ལྷན་ཁང་ཞེས་པར་གཏམ་བཤད་ཅིག་སྤེལ་སྐབས། སྐུ་ཞབས་སེང་གེས་ད་ནས་བཟུང་སྟེ་བོད་མི་ཚོས་བོད་ལ་དམངས་གཙོ་དགོས་པའི་དམིགས་ཡུལ་དེ་སྤོང་རྒྱུ་ཡིན་པ་དང་། དེའི་ཚབ་ཏུ་རྒྱ་ནག་དམར་ཤོག་གི་དབང་སྒྱུར་འོག་ནས་རྒྱ་ནག་གི་ “ད་ལྟའི་བཀོད་པ་”གང་ཡིན་པ་ངོས་ལེན་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་རེད། དེ་ལས་ཀྱང་རྙོག་དྲ་ཆེ་བ་ཞིག་ནི་རྒྱ་གར་གྱི་བདེ་སྲུང་གི་སྐོར་ལ། བོད་ནས་རྒྱ་དམག་གིས་རྒྱ་གར་ས་མཚམས་ལ་བཙན་འཛུལ་བྱས་པ་དེའི་སྐོར་དྲིས་སྐབས། རྒྱ་ནག་གིས་རྒྱ་གར་གྱི་ས་ཆ་ལ་བཙན་འཛུལ་བྱེད་པའི་ “དབང་ཆ་”ཆ་ཚང་སྤྲད་ནས་ ཁོ་རང་ཉིད་གནད་དོན་འདིའི་ཐད་ནས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པ་ཡིན་ཞེས་བསྒྲགས་པ་རེད།
ཅི་ཞིག་གིས་སྐུ་ཞབས་སེང་གེ་པེ་ཅིན་ལ་འཐམས་འཇུག་གི་ཡོད་རེད།
བོད་ཀྱི་དབུ་འཁྲིད་གསར་པ་འདིས་ ༢༠༡༡ ལོར་ཧ་ཅང་འོས་འཚམ་མེད་པའི་སྐད་འབོད་དྲག་མ་ཞིག་བྱས་པ་བརྒྱུད་ནས་གཞི་རྩ་ཚུགས་པའི་ཁ་གཏད་གཉིས་ཕམ་པར་བྱས་ཏེ་བཙན་བྱོལ་ནང་གི་འོས་ཤོག་མང་ཆེ་བ་བླངས་པ་རེད། དེའི་སྔོན་ལ་ཁོ་ནི་ངེས་གཏན་མེད་པའི་ཧར་ཝ་ཌིའི་ཉམས་ཞིབ་པ་ཞིག་རེད། ཉམས་ཞིབ་པ་ཞིག་གི་ཕོགས་ཐོབ་ལ་བརྟེན་ནས་ཁོས་ཕྱུག་པོའི་འགྲུད་བཞུད་ཀྱི་སྐད་འབོད་འགྲོ་སོང་དེ་ཚོ་ཇི་ལྟར་སྤྲད་པ་དེ་ནི་ཡ་མཚན་དགོས་པ་ཞིག་རེད་ལ། ཡང་ན། ཁོ་ཁྲི་འདོན་མ་བྱས་པའི་ཉི་མ་ཁ་ཤས་ཀྱི་སྔོན་ཏེ། ༢༠༡༡ ལོའི་ཟླ་བ་བདུན་པའི་ཚེས་ ༢༩ ཉིན་ཨ་སྒོར་ ༢༢༧,༠༠༠ ཅན་གྱི་ཁང་པའི་བུ་ལོན་དེ་གློ་བུར་དུ་སྤྲད་ཐུབ་པ་བྱུང་བ་དེ་ཡ་མཚན་དགོས་པ་ཞིག་རེད།
གནས་ཚུལ་ཡོང་ཁུངས་འགའ་ཞིག་གིས་བཤད་པ་ལྟར་ན། སྐུ་ཞབས་སེང་གེ་དང་། དེ་བཞིན་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་མཁན་གྱི་ཧར་ཝར་ཌིའི་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པའི་ཚོགས་གཙོ་ ཧུ་ ཞིའོ་ཇིང་ གཉིས་ཀྱི་བར་ཧ་ཅང་བློ་ཉེ་བའི་འབྲེལ་བ་ཡོད་པ་དེ་མུ་མཐུད་ནས་ཡོད་པ་རེད་ལ། འབྲེལ་བ་དེའི་ནང་མཉམ་དུ་འགྲུལ་སྐྱོད་བྱེད་པའང་ཚུད་ཡོད་པ་རེད། ད་དུང་སྐུ་ཞབས་སེང་གེས་ལོ་ཁ་ཤས་ཀྱི་རིང་ལ་ཁས་ལེན་མ་བྱས་པའི་རྗེས་སུ་ད་ཆ་ “རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར་”འཁྱེར་ཏེ་ ༢༠༠༥ ལོར་པེ་ཅིན་དུ་སྤྲོ་སྐྱིད་མཁས་པའི་ཚོགས་འདུ་ལ་ཞུགས་པ་ཡིན་པ་ངོས་ལེན་བྱས་ཡོད།
གནས་ཚུལ་འདི་དག་ནི་འགྲེལ་བཤད་བྱས་ཏེ་གསལ་པོར་དྭངས་ན་བསྔགས་འོས་པ་ཞིག་རེད། ཡིན་ན་ཡང་། ཁོས་ད་དུང་མུ་མཐུད་ནས་རྒྱ་ནག་གི་དམར་ཤོག་ཚོགས་པའི་དབང་བསྒྱུར་དེ་ཁྲིམས་མཐུན་བཟོ་བའི་སྲིད་བྱུས་སྤེལ་ཐབས་ལ་བརྩོན་པ་དང་། རྒྱ་དམག་གིས་རྒྱ་གར་ལ་བཙན་འཛུལ་བྱེད་པའི་ནུས་པ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། རྒྱ་གར་ལ་ཆ་བཞག་ན་དམག་འཁྲུག་ལ་རྔམས་པའི་རྒྱ་ནག་ཅིག་ལ་གདོང་གཏུགས་ནས་ཡོད་ཅིང་། དེས་རྒྱ་ནག་ཤར་གྱི་རྒྱ་མཚོ་ནས་ཧི་མ་ལ་ཡའི་བར་གྱི་ས་ནས་རང་གི་དམག་མིའི་གོམ་སྒྲ་སྒྲོག་རྒྱུར་ཧམ་པ་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་གིས་མུ་མཐུད་ནས་རྒྱ་བོད་མཚམས་ཀྱི་ས་ཆ་Aksai Chin དབང་བསྒྱུར་བྱས་ཡོད་ལ། ཉིན་རེ་བཞིན་རྒྱ་གར་ས་ཐོག་ལ་དམག་གི་བཙན་འཛུལ་བ་གཏོང་བཞིན་ཡོད་ཅིང་། Brahmaputra གཙང་པོ་དང་དེ་མིན་གྱི་བོད་ཀྱི་གཙང་པོ་རྣམས་ས་ཆ་སྐམ་ཞིང་ཆུ་རླུང་འབག་བཙོག་ཏུ་གྱུར་པའི་རྒྱ་ནག་ཕྱོགས་ལ་ཁ་བསྐོར་རྒྱུའི་འཆར་གཞི་ཡོད། དུས་ཚོད་འདི་འདྲ་ཞིག་ལ། གོ་མྱོང་མེད་པའི་བོད་ཀྱི་ཆབ་སྲིད་པ་གསར་འདིས་རྒྱ་ནག་གིས་བོད་འདི་དམག་ཤུགས་ཅན་དུ་བསྒྱུར་བའི་ཐོབ་ཐང་ཚད་བཀག་མེད་པ་དེ་ལ་འཐམས་ཡོང་དུས་དམངས་གཙོ་ཅན་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་སྲུང་ལ་ཉེན་ཁ་སྤྲད་ཡོད་པ་རེད། ལྡོགས་ཕྱོགས་ནས་བལྟས་ན། རྒྱ་གར་ལ་ནི་དམངས་གཙོ་གཙི་སྲུང་བྱེད་པ་དང་དེ་བཞིན་རྒྱ་ནག་གིས་བོད་ཡུལ་འདི་དམག་གི་རྟེན་གཞི་བྱས་ཏེ་རྒྱ་གར་ལ་ཉེན་ཁ་སྤྲོད་པའི་ནུས་པ་དེ་ལ་ཁ་གཏད་བྱེད་བོད་ཀྱི་གྲོགས་པོ་དགོས་ཀྱི་ཡོད་པ་རེད། ད་ནི་རྒྱ་གར་གསང་བའི་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས་དག་གིས་སྐུ་ཞབས་སེང་གེ་ལ་དྲི་བ་དྲིས་ནས་ཁོའི་གཏམ་བཤད་ཀྱི་ནང་དོན་ཅི་ཡིན་པ་དང་། དེ་བཞིན་ཁོའི་འགྲེལ་བཤད་མ་བརྒྱབ་པའི་དངུལ་འབབ་ཀྱི་ཡོང་ཁུངས་གང་ཡིན་ཐད་ལ་འདྲི་བརྩད་བྱེད་པའི་དུས་ཚོད་རེད།
ད་དུང་ད་ནི་རྒྱ་ཕྱོགས་ནས་ཡོང་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་དུ་སྐུ་ཞབས་སེང་གེས་ནུས་མེད་དུ་གཏོང་ཉེན་བཟོས་པའི་བོད་རྒྱའི་འབྲེལ་བ་གཉིས་ཕན་ཅན་དེ་བསྐྱར་གསོ་བྱེད་པའི་དུས་ཚོད་ཀྱང་རེད།

འགྱུར་རྩོམ།, རྩོམ་རིག

Post navigation

Previous Post: གདན་ས་གསུམ་དང་ལྷ་རམས་པ།
Next Post: ཕ་སྐད་རང་གི་སྲོག་དང་སྡོས།།

Comments (9) on “བོད་ཀྱི་མགོ་ཁྲིད་གསར་པ་འདི་རྒྱ་གར་ལ་ཉེན་བརྡ་ཞིག་རེད་དམ།”

  1. རྒྱང་མིག says:
    2014-02-21 at 9:41 am

    འབྱུང་འགྱུར་ཕྱི་ཟླ་གསུམ་པ་མ་ཡལ་བར་དུ་ང་ཚོས་བསྒུག་ཆོག ཉེ་སྔོན་ཞིག་ལ་སྲིད་སྐྱོང་གིས་འབྱུང་འགྱུར་གྱི་ཕྱི་ཟླ་གསུམ་པའི་ནང་བོད་རྒྱ་འབྲེལ་མོལ་གྱི་གྲ་སྒྲིག་ཅིག་ཡོད་རབས་བརྗོད་ཡོད། སྲིད་སྐྱོང་གི་གཏམ་བཤད་མང་པོ་ལ་བསམ་གཞིག་བྱེད་སྐབས། ཅིག་བྱ་རྒྱུ་ཡིན་དང་་་བྱ་འཆར་ཡོད་་་ལ་སོགས་པའི་མ་འོངས་པའི་ཚིག་རྐྱང་བ་ཟློས་སྐྱོན་བྱས་དང་བྱེད་ཀྱིན་པ་ལས། ད་བར་དུ་སྲིད་སྐྱོང་གིས་ཁས་ལེན་དང་འཆར་གཞིའི་གྲུབ་འབྲས་གཅིག་ཀྱང་སྟོན་རྒྱུ་མི་འདུག་པ་མངོན་གསལ་རེད།

  2. ཁ་བའི་ཡུལ་གྱར་བ། says:
    2014-02-21 at 10:57 am

    ཧཧཧཧཧ་ད་ཡག་པོ་བྱུང་རྒྱ་གར་བས་སྐད་ངན་ཤོར་ཡོང་གི་ཡོད་པ་འདྲ། དེ་རང་གི་ལས་བྱས་རང་ལ་སྨིན་ཟེར་བ་བཞི་་རེད།
    སྔོན་སྲིད་བློན་ནེ་རོ་ཡིས། འཛམ་གླིང་ཐོག་བོད་རང་བཙན་མ་རེད་ཟེར་མཁན་དང་པོ་དེ་རེད། དེ་དུས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་བོད་རང་བཙན་རེད་ཟེར་ལབ་ན། ད་ལྟ་བོད་རང་བཙན་ཐུབ་ཡ་ལ་རེ་བ་ཆེ་པོ་ཡོད་རེད། དེས་མ་ཚད་རྒྱ་ནག་གི་རྒྱ་གར་ས་མཚམས་ནས་བཙན་འཛུལ་བྱེད་དབང་དེ་བས་ཀྱང་མེད། ད་སྔ་ཕྱི་ཙམ་མ་གཏོགས་བོད་རྒྱ་རྒྱལ་ཁབ་གཅིག་ལ་འགྱུར་རྒྱུ་སྨོས་མེད་རེད། རྒྱ་གར་འུ་ཐུག་ཐབས་ཟད་ཀྱི་འཆང་རྒྱག་སྲིད་སྐྱོང་བློ་སེང་ལ་རྒྱབ་ཅང་ཕྱི་གྲག་པ་རེད། འུ་བོད་ལྐུག་ཁ་ཤས་རྒྱ་གར་རྗེས་རྒྱུག་ཁོ་ན་བྱེད་འགྲོ་གི་རེད། རྒྱ་བོད་གྲོས་མོལ་ང་ཚོ་བོད་པ་ཚང་ལ་ཡོད་ན་སྔ་ཙམ་ནས་གོང་ས་མཆོག་གི་བྱས་ཚར་ཡོད་ཀྱི་རེད་བ།

  3. ནམ་མཁའ says:
    2014-02-21 at 10:58 am

    དེ་རིང་འདིར་ས་བསྔོགས་ནས་རྡོ་དམར་ཞིག་ལྷང་ལ་ཕུད་འདུག མ་ཟད་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་གཞུང་ཡང་སྲིད་སྐྱོང་གི་ཆབ་སྲིད་ལམ་ཕྱོགས་ལ་དོགས་པ་བྱུང་ཡོད་པ་གསལ་བོར་རེད།

  4. ཆུ་ཐིགས་སྔོན་མོ says:
    2014-02-21 at 2:57 pm

    ད་ཡིན་ན་འུ་ཚང་གི་མགོ་མཇུག་བར་གསུམ་ཚང་མ་རུལ་འདུག་ཀ་་་་

  5. བོད་ཁམས་སྡེ་ says:
    2014-02-21 at 4:19 pm

    ཁྱི་ཕྲུག་དེ་ཚོ་གྲོད་ཁོག་འགྲངས་ཙམ་བྱུང་དུས་གནད་དོན་ཡོད་མེད་ལ་མ་ལྟོས་པར་མཚན་ནམ་གང་ཁ་ཟུམ་ཤེས་ཀྱི་མ་རེད་
    ཐོ་རངས་དངོས་སུ་དགྲ་རྐུན་སླེབ་སྐབས་གྲོད་ཁོག་ལྟོག་ནས་གཉིད་ལོག་འགྲོ་བ་དེ་དང་གཅིག་པ་རེད་ མི་སྐྱོན་མེད་འཇིགས་རྟེན་ཁམས་ན་མེད་ ཤིང་འཛེར་མེད་རྒྱ་རྫོངས་ནག་ན་མེད་ ཟེ་བའི་དཔེ་ལྟར་སྐྱོན་ཆུང་རྩག་རེ་གླེང་ཁུལ་བྱས་ན་དོན་མེད་ངལ་བའི་རྒྱུ་ལས་མ་འདས་།་

  6. ལྷ་སྡེ་གནམ་ལོ་ཡག says:
    2014-02-21 at 9:17 pm

    ཞིབ་འཇུག་རིམ་པ་ནས་རྩོམ་ཡིག་འདི་ཀློག་སྐབས། སྐུ་བློ་སེང་གིས་ན་ནིང་ཨ་རི་ནས་སྤེལ་བའི་གཏམ་བཤད་དེ་ནི་ཧ་ལམ་ཕྱི་ལོ ༢༠༠༨ལོའི་ཟླ༨ཚེས ༧ཉིན་རྒྱལ་བ་རིན་པོ་ཆེ་མཆོག་གིསBBCགསར་ཁང་ལ་ལན་བཏབ་པའི་བསྐྱར་ཟློས་ཙམ་རེད། དེ་མིན་ཨ་སྒོར་གྱི་སྐོར་དང་རྒྱ་ནག་གིས་རྒྱ་གར་ལ་འགྲན་སློང་བཞིན་པའི་ཐད་ཀྱི་ལྟ་ཚུལ་སོགས་ལ་གནས་སྐབས་གསལ་ཁ་བརྙེད་མ་སོང་།

  7. ཅོག་མྱི། says:
    2014-02-21 at 10:32 pm

    ༧རྒྱལ་བ་རིན་པོ་ཆེའི་འཁོར་བཅས་ཀྱིས་ལོ་ངོ་དྲུག་ཅུ་རིང་ལ་མ་འགྲུབ་པའི་བྱ་གཞག་འདི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་གཅིག་གཉིས་ལ་འགྲུབ་ཐུབ་པ་ཞིག་ཡིན་ནམ། གླེན་བཤད་མ་བརྒྱག ཁ་བཙུམ་ནས་སྲིད་སྐྱོང་ལ་རོགས་རམ་བྱོས།

  8. ལ་སྟོད་སྟོབས་རྒྱས། says:
    2014-02-22 at 12:41 am

    མོ་ར་ལགས་ཀྱི་བསམ་ཚུལ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རེད།སྲིད་སྐྱོང་མཆོག་ནས་མང་གཙོ་ཡང་དག་མེད་ཅེས་པ་དེ་དངོས་ཡོད་གནས་ཚུལ་རེད་ད།བོད་རྒྱ་གྲོས་མོལ་གྱིས་བོད་དོན་ཐག་ཆོད་པ་ཐུབ་ཡིན་ན།བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་ནང་བསྡད་དགོས་ཡིན་པས།དེའི་ནང་མང་གཙོ་ལམ་ལུགས་ཡོང་མི་སྲིད་པ་རེད།རྒྱ་ནག་གི་གནད་ཡོད་མི་སྣ་དེ་འདྲར་སྲིད་སྐྱོང་ལ་འབྲེལ་བ་ཡོད་ན་དེ་ཡག་པོ་རེད།ང་ཚོ་འདྲོགས་ལངས་དགོས་པ་མེད་རེད།
    སྔོན་མ་རྒྱལ་ལོ་དོན་འགྲུབ་ཀྱང་ཏིན་ཞོ་ཕེན་དང་ཞི་ཀྲོང་ཞོན་སོགས་ཀྲུང་དབྱང་གི་ཆེས་མཐོའི་འགོ་ཁྲིད་མང་པོར་འབྲེལ་བ་ཡོད་པ་རེད།དེའི་གྲུབ་འབྲས་ལ་བརྟེན་༧རྒྱལ་བ་རིན་པོ་ཆེ་བོད་ནང་དང་རྒྱ་ནག་ཏུ་ཕེབས་ཆོག་འཐུས་རྒྱ་ནག་གཞུང་གིས་ངོས་ལེན་ཐེངས་ཁ་ཤས་བྱས་ནའང་།བཙན་བྱོལ་ནང་དུ་སྲིད་དོན་སྣ་ཚོགས་རྩིས་ཏེ་དེ་ལ་བཀག་འགོག་བྱས་པ་དང་།གལ་ཏེ་༧རྒྱལ་བ་རིན་པོ་ཆེ་ཕེབས་ན།ངོ་རྒོལ་ཆེན་པོ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱིས།བོད་ནང་ཕེབས་རྒྱུ་ལམ་ལྷོང་མ་བྱུང་བ།བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱིས་ཁུངས་སྐྱེལ་བྱས་འདུག

  9. གདོང་དམར་བ། says:
    2014-02-22 at 9:31 am

    གནས་ཚུལ་ངོ་མ་གང་ཡིན་རུང་བོད་ཕྱི་ནང་གཉིས་ལ་རྩ་བའི་དོན་ཚན་གསུམ་བཞག་པ་ཙམ་ལས་འབྲས་བུ་ཐོན་པ་གང་ཡང་བྱུང་མེད་ བོད་པ་ཚོས་རེ་བ་དང་ཡིད་ཆེད་བྱས་བ་ཐམས་ཅད་སྟོང་པ་གྱུར་ཡང་སྲིད་པ་རེད་ང་ཚོས་ངེས་པར་དུ་གཟབ་དགོས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme