Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༥༨ པའི་དྲན་གསོ་དང་རེ་བ།

Posted on 2017-03-122017-03-12 By ཁ་བརྡ་ 8 Comments on བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༥༨ པའི་དྲན་གསོ་དང་རེ་བ།

unnamed-2—རྔ་བ་ཀུན་བཟང་།

 
དེ་རིང་དེ་གར་ཝཱཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བུད་མེད་ལྷན་ཚོགས་ནས་བོད་ཀྱི་བུད་མེད་སྒེར་ལངས་ཐེངས་ ༥༨ པ་དྲན་གསོ་དང་སྲུང་བརྩི་ཞུས་བཞིན་ཡོད་པས། སེམས་ཀྱི་རེ་བ་དང་རྨི་ལམ་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ཡང་སྒོས་སུ་ཆོས་དང་རིག་གཞུང་གཅིག་པའི་ཆོས་གྲོགས་རྣམས་ས་གནས་སོ་སོ་ནས་མཉམ་འཛོམས་སུ་ཕེབས་ནས་བུད་མེད་སྒེར་ལངས་དྲན་གསོ་བྱེད་བཞིན་ཡོད་པ་ང་རང་ཉིད་ནས་བཀའ་དྲིན་ཆེ་ཞུ།
དེ་ཡང་ཕྱི་ལོ་༡༩༥༩ ལོར་བོད་རྒྱལ་ཁབ་ནང་དྲག་པོའི་གཉན་གནོན་འོག་ཏུ་ཤོར་བའི་རང་རེའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་ཆེད་དུ། མདོ་དབུས་ཁམས་གསུམ་གྱི་རྒྱལ་ཞེན་དང་སྙིང་སྟོབས་ཅན་གྱི་བུད་མེད་རྣམས་ཀྱིས་མ་བཟོད་པར་༡༩༥༩ ལོའི་ཟླ་བ་༣ ཚེས་༡༢ ཉིན་མོར། ཕོ་བྲང་པོ་ཏྭ་ལའི་མདུན་དུ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་སྲོག་དམར་པོ་བློས་གཏོང་གནང་ནས་མི་ལོ་ཧྲིལ་བོ་༥༨ འཁོར་བའི་དུས་དྲན་དང་། རྒྱལ་གཅེས་དཔའ་མོ་དག་གི་བཅོས་མིན་གྱི་ལྷག་བསམ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་ང་ཚོ་ཚང་མས་མ་འཆི་བར་དུ་གུས་བཀུར་དང་རྗེས་སུ་ཡིད་རང་ཞུ་བཞིན་ཡོད།

དེ་ཡང་འདས་ཟིན་པའི་དཔའ་མོ་རྣམས་ཀྱི་ཟུངས་ཁྲག་གི་མཆོད་མེ་རེ་རེ་དང་བཞུད་ཟིན་པའི་ལོ་ཟླ་སྐྱུར་མོ་དེ་དག་ནི་ཁ་སང་གི་སྤུན་ཟླའི་སྙིང་སྟོབས་ཡིན་པས། ང་ཚོ་འདི་ལྟར་ཚོར་མེད་བེམ་པོ་བཞིན་བག་འཁུམས་ནས་མ་སྡོད་པར་རང་གི་ཆོས་དང་རིག་གཞུང་ཀུན་ལ་འབད་དགོས་པ་ཁོང་ཚོའི་རེ་བ་ཡིན་ལ། བོད་མི་ས་ཡ་དྲུག་གི་རྨི་ལམ་ཡང་ཆགས་ཡོད། ད་དུང་འདས་ཟིན་པའི་དཔའ་མོ་རྣམས་ཀྱི་སྙིང་ལ་ཟུག་པའི་འབོད་སྒྲ་རེ་རེ་དང་། སྲོག་ལ་བབས་པའི་ཚེ་སྲོག་གི་རིན་ཐང་དག་དྲན་ནས། ནམ་ཡང་ལེ་ལོ་དང་སྒྱིད་ལུག ཚོར་མེད་དང་བག་འཁུམ་ཀྱི་འདུ་ཤེས་སྤངས་ནས། གངས་ཅན་པའི་དཀའ་སྡུག་གི་ལོ་ཟླ་ཡོད་ཚད་སེམས་ལ་བརྣག་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད།

མདོར་ན། དམར་པོའི་བཙན་འོག་གི་གཞིས་བཞུགས་མི་དམངས་ཀྱི་སྙིང་སྟོབས་དང་ལངས་ཕྱོགས་ཡོད་ཚད་མིག་དཔེར་བཟུང་སྟེ། ད་ལྟའི་གཉན་འཕྲང་གི་དུས་སུ་མཐུན་པའི་ལག་གདང་སྦྲེལ་ནས་སྔར་མེད་ཀྱི་སྤྱི་ཚོགས་ཤིག་དང་རང་དབང་་ལྡན་པའི་མི་རིགས་ཤིག་བསྐྲུན་ཐབས་སུ་འབད་རོགས།

ཕྱི་ལོ་༢༠༡༧ ཟླ་༣ པའི་ཚེས་༡༢ ཉིན་ཕུལ།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་མཛངས་བློན་ཐོག་མ་བློན་ཆེན་རུ་ལས་སྐྱེས་ཀྱི་སྐོར་ནས་ཅུང་ཙམ་གླེང་བ།
Next Post: ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ནང་གི་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བསམ་ཚུལ།

Comments (8) on “བོད་ཀྱི་བུད་མེད་སྒེར་ལངས་ཐེངས་༥༨ པའི་དྲན་གསོ་དང་རེ་བ།”

  1. ཀུན་བཟང་སྒྲོལ་མ says:
    2017-03-13 at 1:27 am

    བོད་ཀྱི་དཔའ་མོ་དག་ནམ་ཡང་དྲན་དགོས་པ་ང་ཚོ་ཚང་མའི་འས་འགན་ཡིན།

  2. ཀུན་བཟང་སྒྲོལ་མ says:
    2017-03-13 at 1:31 am

    བོད་ཀྱི་དཔའ་མོ་དག་ནམ་ཡང་དྲན་དགོས་པ་ང་ཚོ་ཚང་མའི་ལས་འགན་ཡིན།

  3. བན་དེ་བ། says:
    2017-03-13 at 4:57 am

    ཆོས་དང་རིག་གཞུང་གཅིག་པ་ཨེ།

  4. བན་དེ་བ། says:
    2017-03-13 at 5:00 am

    མ་འོངས་པ་ལ་བོད་མི་ཟེར་བ་དེ་ལ་ཆོས་དང་གྲུབ་མཐའ་མི་གཅིག་པ་མང་པོ་ཡོད་པའི་དམིགས་ཚད་བཟུང་དགོས། བོད་པ་ཁ་ཆེ་བ་དང་བོད་པ་ཡེ་ཤུ་བ་དང་བོད་པ་ནང་པ་བ་དང་བོད་པ་བོན་པོ་བ་དང་བོད་པ་ཆོས་མེད་པ་ལྟ་གྲུབ་སྣ་ཚོགས་དང་ལྡན་པའི་སྤྱི་ཚོགས་ཞིག་ཡིན་པར་བསམ་བློ་གཏོང་དགོས་དེ་མིན་གཞན་པ་ཚོ་སྤྱི་ཚོགས་འདི་ནས་རྒྱང་བུད་བཏང་བའི་བཟོ་འདྲ་ཞིག་འདུག་བསམ།

  5. ཟླ་བ་ལྷ་ས། says:
    2017-03-13 at 5:48 am

    ཨ་རོ། འདིའི་ཐོག་ན་སྒེར་ལངས་ཞེས་པའི་བརྡ་ཆས་དེ་ལ་ངོ་སྤྲོད་ཙམ་ཡང་མི་འདུག་གོ །

  6. ཀུན་བཟང་སྒྲོལ་མ says:
    2017-03-13 at 11:03 am

    ཟླ་བ་ལྷ་ས་ལགས། སྒེར་ལངས་ཞེས་པ་དེ་ལ་དམིགས་གསལ་གྱི་ཚིག་འགྲེལ་དགོས་དོན་མེད་མོད། དོན་དངོས་སུ་ཟླ་༣་ཚེས་༡༢་ཉིན་རང་འགན་རང་འཁུར་དང་རང་ངོས་རང་ཤེས་ཐོག་འབྱུང་བ་ཞིག་ཡིན་བསམ།

  7. ཀུན་བཟང་སྒྲོལ་མ says:
    2017-03-13 at 11:05 am

    ཀློག་པ་པོ་ཡོངས་ལ་ཁ་དྲོ།

  8. བཀྲ་ཡེ་ཚང་། says:
    2017-03-13 at 4:43 pm

    ངོ་སོ་བསྟོད་་་་་མི་མཐུད་དུ་བྲིས་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme