Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ནང་ཆོས་དང་གསོ་རིག་གིས་ང་ཚོའི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

Posted on 2010-12-272010-12-27 By དབང་ཕྱུག་ 9 Comments on བོད་ཀྱི་ནང་ཆོས་དང་གསོ་རིག་གིས་ང་ཚོའི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

གནས་ཚུལ་མཁོ་གཏོང་བ་རྨོག་རུ་བསྟན་པ།

c2a6-c2a6-cབོད་ཀྱི་གསོ་རིག་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་བུ་མོ་སྒྲོལ་དཀར་ནི་ར་ཤི་ཡའི་ཁོངས་གཏོགས་ཨོ་ལན་བོ་རྡེ་ནས་ཡིན་པ་དང་།ས་གནས་ཀྱི་སློབ་གྲྭ་ཆུང་འབྲིང་བརྒྱུད་མཐོ་རིམ་སློབ་གྲྭ་ཐོན་རྗེས་ཚོང་གཉེར་ལས་རིགས་སུ་ཞུགས།དགུང་གྲངས་དགུ་བཅུར་སོན་པའི་ཁོ་མོའི་སྤོ་པོ་ནི་༸གོང་ས་བཅུ་གསུམ་པའི་མཚན་ཞབས་ངག་དབང་རྡོ་རྗེ་ཡབ་སོགས་དང་འབྲེལ་འདྲིས་ཆེ་བའི་མི་ཞིག་ཡིན་པ་དང་།ཁོ་མོའི་ཨ་མ་ནི་བུད་མེད་རྩོམ་པ་པོ་ཞིག་རེད།
སྤོ་པོ་སོགས་ཀྱིས་བུ་མོ་སྒྲོལ་དཀར་ལགས་སུ་བོད་ཀྱི་གནས་བབ་སྐོར་ལ་བག་ཆགས་ཆེན་པོ་བཞག་མྱོང་ཡོད་པ་མ་ཟད།ཨ་མའི་ཤུགས་རྐྱེན་གྱིས་ཁོ་མོ་རྩོམ་རིག་ལ་དགའ་བའི་གཤིས་ཀའང་ཡོད།ཕྱི་ལོ་༢༠༠༩་ལོ་ནས་ཁོ་མོས་བོད་ཀྱི་གསོ་རིག་བང་ཆེན་ཞེས་པའི་ཟླ་རེའི་གསར་ཤོག་ཅིག་འདོན་སྤེན་བྱེད་ཀྱིན་ཡོད་པ་རེད།scanning2

དྲི་བ། ཁྱེད་ཀྱིས་བོད་པ་ངོ་ཤེས་པའི་བརྒྱུད་རིམ་བཤད་རོགས།
ལན།ང་ཚོའི་ལུང་པའི་ནང་བོད་པ་ཟེར་དུས་མི་རིགས་ཀྱི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ་མ་ཟད།ཆོས་ལུགས་དང་གསོ་རིག་སོགས་ཀྱིས་བག་ཆགས་གཏིང་ཟབ་མོ་ཐེབས་ཡོད་པ་རེད།ང་རང་ཆུང་ཆུང་སྐབས་སུའང་སྤོ་པོ་དང་ནང་མིའི་ཁ་བརྡ་མང་པོ་ནས་བོད་ཀྱི་གནས་ཚུལ་གོ་མྱོང་།
ཕྱི་ལོ་༢༠༠༨ལོར་དངོས་སུ་བོད་པའི་མི་དང་ཐུག་སོང་།སྐད་ཆ་བཤད་པ་དང་།འབྲེལ་བ་བྱེད་རྒྱུ་སོགས་ཁོ་ཚོའི་གཤིས་ཀ་ནི་སྟབས་བདེ་ཅན་ཞིག་ཡིན་པ་ཚོར་སོང་།དེ་ནས་བཟུང་ང་རང་བོད་པ་ཁག་ཅིག་དང་གྲོགས་པོ་ཡང་ཆགས་སོང་།ཁོ་ཚོ་ལས་ངའི་མི་ཚེ་ལ་ཤུགས་རྐྱེན་དང་།དོ་སྣང་།ཁ་ཕྱོགས་གསར་པ་ཞིག་ཀྱང་སྤྲད་སོང་།

དྲི་བ།ཁྱེད་རང་གིས་བོད་ཀྱི་གསོ་རིག་བང་ཆེན་གསར་ཤོག་འདོན་དགོས་པའི་དམིགས་ཡུལ་གང་ཡིན་ནམ།
ལན། ང་ཚོའི་ལུང་པའི་ནང་གསར་ཤོག་དང་། དུས་དེབ་མང་པོ་རེད། ཆབ་སྲིད་དང་། སློབ་གསོ།འཕྲོད་བསྟེན་སོགས་བརྗོད་བྱའང་སྣ་ཚོགས་རེད།ང་ཚོའི་ཁོར་ཡུག་ནང་བོད་ཀྱི་ནང་ཆོས་དང་།གསོ་རིག་སོགས་ལ་དོ་སྣང་ཡོད་པ་ལས་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་གང་ཡང་མཐོང་རྒྱུ་མི་འདུག་་དེའི་ཕྱིར།མེད་པ་ཞིག་ཡོད་པ་བཟོ་དགོས་པ་གལ་ཆེན་པོ་རེད།ལྷག་པར་ནང་པའི་ཆོས་ལུགས་དང་།བོད་ཀྱི་གསོ་རིག་སོགས་མི་མང་དང་ཁ་ཐག་ཉེ་བའི་རིག་གཞུང་བཟང་པོ་ཞིག་ཀྱང་རེད།དེའི་ཕྱིར།བོད་ཀྱི་གསོ་རིག་བང་ཆེན་གསར་ཤོག་འདོན་རྒྱུར་སེམས་ཤུགས་བསྐྱེད་པ་ཡིན།

དྲི་བ།བོད་ཀྱི་ནང་ཆོས་དང་གསོ་རིག་སོགས་ཁྱེད་ལ་མཚོན་ན་ཤེས་བྱ་གསར་པ་ཞིག་རེད། དེས་ན་གསར་ཤོག་འདོན་སྤེལ་ལ་དཀའ་ངལ་འཕྲལ་གྱིན་འདུག་གམ།
ལན། དཀའ་ངལ་དེ་ཙམ་འཕྲལ་གྱིན་མི་འདུག བོད་ཀྱི་ནང་ཆོས་དང་། ལོ་རྒྱུས། གསོ་རིག་་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་སོགས་ར་ཤི་ཡའི་སྐད་ཡིག་སྟེང་མང་པོ་ཡོད་པ་རེད།ལྷག་པར་དུ་དེང་སང་དྲ་རྒྱའི་བརྒྱུད་ལམ་ནས་ཕབ་ལེན་བྱེད་རྒྱུ་སྟབས་བདེ་བོ་རེད། སྐབས་རེར་གནད་དོན་མ་ཤེས་པ་དང་མ་གོ་བ་ཡོང་གིན་འདུག དེ་ཚོ་ང་ཚོའི་ས་གནས་འདིར་ཡོད་པའི་བོད་པའི་སྨན་པ་བྷག་ཞུ་སྐལ་བཟང་དང་། བླ་མ་རྡོ་རྗེ་སོགས་ལ་འདྲི་གིན་ཡོད།ཁོ་ཚོའི་སློབ་སྟོན་དང་།བློ་སྒོ་ཡངས་བའི་སྤྱོད་ཚུལ་གྱིས་ང་ལ་རམ་འདེགས་ཆེན་པོ་བྱེད་ཀྱིན་ཡོད།

དྲི་བ། བོད་ཀྱི་གསོ་རིག་བང་ཆེན་ཐད་རེ་བ་གང་འདྲ་བཟུང་ཡོད་དམ།
ལན།འདིའི་ཐད་རེ་བ་དང་དམིགས་ཡུལ་ཆེན་པོ་ཡོད།བོད་ཀྱི་གསོ་རིག་གི་ནུས་ཤུགས་ནི་བླ་ན་མེད་པ་ཞིག་རེད།ཉམ་ཐག་གི་མི་སྡེ་སྤྱི་ཚོགས་ཤིག་གི་ལུས་སེམས་གསོ་བྱེད་རེད།དེའི་ཆེད་དུ་ལས་ཀ་བྱས་པ་འདིའི་ང་རང་གིས་ཀྱང་བསོད་ནམས་ཆེན་པོ་ཞིག་བསགས་ཀྱིན་ཡོད་པའི་དགའ་བ་ཡོད། གཉིས་པ་ནི་སྤྱི་ཚོགས་ཟིང་ཟིང་གི་དུས་ཚོད་འདིར་མི་ཚང་མའི་བཟང་སྤྱོད་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་རེད།འཛམ་གླིང་ན་མིག་དཔེ་ལྟ་ཡུལ་གྱི་སྐྱེས་ཆེན་དམ་པ་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་སློབ་ལམ་སྟོན་བརྒྱུད་མིའི་ཀུན་སྤྱོད་ལ་བདག་གཅེས་དང་།འགྱུར་བ་གཏོང་ཐུབ་པའི་རེ་བ་ཡོད་པ་རེད།
ལྷག་པར་ངའི་ལུང་པའི་ནང་བོད་ཀྱི་ནང་བསྟན་རིག་གཞུང་རྒྱ་ཁྱབ་ཏུ་དར་མྱོང་ཡོད་པ་དེ་དེང་སང་ཉམས་རྒུད་ཀྱི་དུས་ཚོད་རེད།གསར་ཤོག་གི་བརྒྱུད་ལམ་འདི་ལ་བརྟེན་ཏེ་གནའ་བོའི་བོད་ཀྱི་ཁྱད་འཕགས་རང་བཞིན་གྱི་རིག་གཞུང་འདི་ཉིད་གཞོན་སྐྱེས་ཚོས་དོ་སྣང་དང་ཤེས་པ་བྱེད་ཐུབ་རྒྱུའི་དམིགས་ཡུལ་ཡོད་པ་མ་ཟད།ང་རང་གིས་ཀྱང་བོད་དང་བོད་ཀྱི་རིག་གཞུང་ལ་འབྲེལ་འདྲིས་མང་ཙམ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པས་དགའ་བ་སྒོམ་བཞིན་ཡོད།མ་ཟད་ད་ལྟའི་བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་ཞུས་པའི་སེམས་པའི་མཚོན་དོད་ཙམ་ཞིག་ཀྱང་ཡིན།

དྲི་བ།ཁྱེད་ཀྱི་གསར་ཤོག་གི་དུས་ཡུན་དང་བརྗོད་བྱ་ག་རེ་ཡིན་ནམ།
ལན།གསར་ཤོག་འདོན་སྤེལ་གྱི་ལས་ཀ་མགོ་བཙུགས་ཏེ་ལོ་གཅིག་མ་ཟིན་ཙམ་འགྲོ་བཞིན་ཡོད།ཟླ་རེའི་མཚམས་སུ་གསར་ཤོག་འགྲེམས་སྤེལ་བྱེད་ཀྱིན་ཡོད།གསར་ཤོག་འདོན་སྤེལ་བྱས་པ་དང་གཞུང་གི་གསར་ཤོག་སྡེ་ཚན་གྱིས་འགྲེམས་སྤེལ་བྱས་འགྲོ་གིན་རེད།ད་ཆར་གསར་ཤོག་འཚོང་ཡུལ་ཉིས་བརྒྱ་ལྷག་ཅིག་ཏུ་ཁྱབ་སྤེལ་ཐུབ་ཡོད།མུ་མཐུད་ཚགས་ཚུད་དུ་གཏོང་བ་དང་།དུས་ཡུན་ཐུང་དུ་གཏོང་བ་སོགས་ཡར་རྒྱས་ལ་མཐའ་མེད་པ་རེད།བརྗོད་བྱ་དང་ཁ་ཕྱོགས་གསར་པ་ལྟ་བུར་སོང་ཀློག་པ་པོ་མང་པོས་དགའ་བོ་བྱེད་ཀྱིན་འདུག་་བརྗོད་བྱ་གཙོ་བོ་ནི་བོད་ཀྱི་གསོ་རིག་དང་།འཕྲོད་བསྟེན་སྐོར་ཡིན།དེ་དང་ཆབས་ཅིག་ནང་ཆོས་རིག་གནས་དང་།༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་གཙོས་སྤྱི་ཚོགས་སློབ་གསོ་སྐོར་ཡིན།བོད་ཀྱི་ལོ་རྒྱུས་དང་ས་ཁོངས་།མི་རིགས་སྐོར་སོགས་ཀྱང་ཡོད།སྤྱི་ཚོགས་ཀྱི་ལྟ་ཀློག་ཡོང་བའི་ཕྱིར་ཁྱད་མཚར་རང་བཞིན་དང་།ངོ་མཚར་རང་བཞིན་ལྡན་པའི་གནས་ཚུལ་ཡང་འགོད་ཀྱིན་ཡོད། བཀྲ་ཤིས་བདེ་ལེགས།

བཅར་འདྲི།

Post navigation

Previous Post: ན་གཞོན་མཐུན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
Next Post: ཨང་ཧྲན་སོའུ་ཅེ་གློད་པ་ཐོབ་རྗེས་ཀྱི་གཏམ་བཤད་ཆ་ཚང་། ༼བོད་འགྱུར་མ།༽

Comments (9) on “བོད་ཀྱི་ནང་ཆོས་དང་གསོ་རིག་གིས་ང་ཚོའི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།”

  1. རྡོ་རྗེ་དོན་འགྲུབ། says:
    2010-12-28 at 12:50 am

    བོད་ཀྱི་གསོ་རིག་དང་ནང་ཆོས་ཀྱི་སླད་བླ་ན་མེད་པའི་ཞབས་འདེབས་ཞུས་པར་བཀའ་དྲིན་ཆེ།
    བུ་མོ་འདི་གསེར་ཟངས་ཀྱིས་གཞེངས་བའི་སྐུ་འདྲ་ཞིག་དང་འདྲ།ངོ་མ་བསོད་ནམས་ཆེན་པོ་ཡོད་ས་རེད།
    བཀྲ་ཤིས་བདེ་ལེགས་ཡོད།

  2. zamyou says:
    2010-12-28 at 2:56 am

    བོད་ཀྱི་གསར་སྐྱེས་གཞོན་ནུའི་ཚོགས་ལ་འགྲན་སེམས་ཀྱི་མེ་ལྕེ་ཞིག་སྤར་བ་རེད། སྲོལ་རྒྱུན་གྱི་རིག་གནས་ལ་བློ་ཁ་མ་རྫོགས་པའི་དེང་དུས་ཀྱི་རིག་གནས་སྨྲ་བའི་གཞོན་ནུར་སྲོལ་རྒྱུན་རིག་གནས་ཀྱི་ཕན་རླབས་དང་གལ་ཆེའི་རང་བཞིན་གསལ་བའི་སྒྲོན་མེ་ཆུང་ཆུང་ཞིག་བསྟེགས་པ་རེད། དེར་བརྟེན་དེང་སྲོལ་གཉིས་ཀྱི་རིག་གནས་སློབ་གསོའི་ཚར་ལོངས་བྱུང་བའི་འཚོ་བྱེད་ཀྱི་མིང་འཛིན་པས།
    བོད་ཀྱི་གསོ་རིག་བང་ཆེན་གྱི་རྩོམ་སྒྲིག་པ་སྒྲོལ་དཀར་ལགས་ལ་ཐུགས་རྗེ་ཆེ་ཞུ།

  3. རིག་བཟང་མ། says:
    2010-12-28 at 3:51 am

    སྐུ་ཤ་རྒྱས་ཤིང་སྐུ་གཟུགས་དར།།
    ལྷུན་ཆགས་བུ་མོའི་ཉམས་དང་ལྡན།།
    བཟང་པོའི་ལས་སུ་སེམས་སུ་ཆེ།།
    ཨ་ཅེ་སྒྲོལ་དཀར་ཕྱག་འཚལ་ལོ།།

    ཆོས་དང་རིག་གཞུང་ལ་སོགས་པའི།།
    ལོ་རྒྱུས་འབྲེལ་ལམ་ཆུ་བོ་རིང་།།
    ཁྱེད་ཀྱིས་ཕྱི་རབས་གཞོན་སྐྱེས་ལ།།
    མིག་དཔེ་བསྟན་པར་ངོ་སོ་བསྟོད།།

  4. ༜࿋དབྱངས་བུ། says:
    2010-12-29 at 6:19 am

    སྐྱེས་དམན་དེ་ལས་རིགས་བཟང་གི། འོན་ཀྱང་རྨོག་རུ་བསྟན་པའི་ཆེད་དུ་བྱ་བའི་འདུལ་བྱ་མིན་པར་སྨོན། ད་ལྟར་དམར་དམར་གྱོན་མཁན་མགོ་རིལ་དེ་ཕྱིས་སུ་ནག་ནག་སྐྲ་ལོ་ཅན་པ་ཞིག་དང་ད་ལྟ་བུ་མོ་འདིར་ཆོས་བཤད་མཁན་མི་ཡོང་བའི་ངེས་པ་ཨེ་ཡོད།

  5. རྨོག་རུ་བསྟན་པ། says:
    2010-12-30 at 6:17 am

    དབྱངས་བུ་ལགས།ཉེས་པ་བསགས་སོང་།ཨོཾ་མ་ཎྀ་པདྨེ་ཧཱུ་་་་་་་་་་་་་་

  6. ལ་སྟོད་བུ། says:
    2010-12-30 at 7:09 am

    བུ་མོ་འདི་ཡིས་རྟ་ཤ་དང་རྟ་འོ་བཏུང་ཐག་གཅོད་རེད།ཤ་མདོག་དཀར་སྟངས་འདི་ལ་ལྟས་ན།
    ཨ་ལ་ཀུ་རྩེད་ཞུས་ཡིན།
    བུ་མོ་འདི་ནི་བསོད་ནམས་ཆེ་མདོག་དང་ཆོས་ལ་དད་པའང་ཆེ་ཙམ་ཡོད་བཟོ་ཞིག་འདུག
    འོན་ཀྱང་སོག་པོའི་ལུགས་ལ་དགེ་བཤེས་ཆེན་མོར་བག་མ་བསུ་བའི་ལུགས་སྲོལ་ཞིག་ཡོད་པ་དང་དེ་ཡི་ཕྲུག་གུར་བརྩི་མཐོང་ཆེ་རབས་ཀྱང་གོ་བས་དགེ་བཤེས་དང་དགེ་སློང་དེ་རིགས་དང་ལྷན་སྲིད་པའི་འབྲེལ་བ་མི་ཡོང་པའི་རེ་བ་ཡོད།་
    བོད་མི་རིགས་དང་སོག་རིགས་གཉིས་ནི་ལོ་རྒྱུས་ཀྱི་ཀྱག་ཀྱོག་གི་ནང་དུ་སྐབས་རེར་དམག་འཁྲུག་དང་སྐབས་རེ་ཆོས་ཕྱོགས་ཀྱི་འབྲེལ་བ་ལས་སོགས་མང་པོ་བྱུང་ཡོད།
    འདས་པའི་ལོ་རྒྱུས་ནང་གི་ལེགས་པའི་ཆ་དེ་ཚོར་གླེང་བ་འདྲ་བྱས་མི་ལེགས་པའི་ཆ་དེ་ཚོ་ཞིམ་བུའི་འཕྱི་ས་སྦས་པ་བཞིན་གནང་ན་དགེ་མཚན་ཆེ་བས།
    ད་མང་པོ་མི་བཤད།

  7. ཀརྡོ་རབ་འབྱམས་པ་ says:
    2010-12-30 at 7:36 am

    བཙན་བྱོལ་བོད་རིགས་ནང་ལ་བོད་སྐད་གསོ་རིག་བང་ཆེན་མི་མཁོ་བའམ། ཉོ་མཁན་མེད་པ་ཡིན་ནམ། ཡང་ན་ཡོད་ལ་ངས་མ་ཤེས་པ་ཡིན་ནམ། ནང་ཆོས་དང་གསོ་རིག་ཅེས་པ་ལྟ་བུའི་ཚགས་པར་ཅིག་བྱུང་ན་ཨང་།

  8. གཙང་ཁའི་བུ says:
    2010-12-31 at 8:50 am

    སོག་བོད་འབྲེལ་འདྲིས་གངྒའི་ཆུ་ལས་རིང་། །ཆོས་སྲིད་འབྲེལ་འདྲིས་ཆུ་དང་འོ་མ་འདྲ། །
    ཕོ་མོ་འབྲེལ་འདྲིས་ཞིམ་མངར་འོ་མའི་རོ། །མི་ནུབ་དབྱར་གྱི་མཚོ་བཞིན་འཕེལ་བར་ཤོག །

  9. yangbum2 says:
    2010-12-31 at 1:47 pm

    ལས་ཀ་འདི་འདྲ་བོད་ཀྱི་གསོ་རིག་གི་དར་སྤེལ་བྱ་བར་ཕན་ཐོགས་འདུག དྲི་བ་ཞིག་ལ། སྨན་པ་བྷག་ཞུ་སྐལ་བཟང་ཟེར་བ་སུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme