Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།

Posted on 2024-02-04 By ཁ་བརྡ་ No Comments on བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་བོད་ས་མཐོ་གངས་རིའི་ཁྱག་རོམ་ཁྲོད་དུ་མི་གི་འགྲོ་བ་འཕེལ་བའི་ལོ་རྒྱུས་ནས་གདོན་མའི་སྤྱི་ཚོགས་ནས་ཡར་རྒྱས་ལ་ཁ་ཕྱོགས་ནས་མི་རིགས་མཉམ་འདུས་ཀྱིས་ལམ་ལུགས་དར་ནས་མི་མང་གི་ནང་ནས་མི་རིག་པ་གསལ་བ་དང་། སྤྱང་གྲུང་འཛོམས་པ། ཡོན་ཏན་ཆེ་བ། མི་མང་གི་འགོ་ཁྲིད་ལ་བསྐོས་པའི་ལམ་ལུགས་ནས་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་པོ་གླང་དར་མ་འམ་འུ་དུམ་བཙན་པོ་བར་བོད་ཀྱི་མངའ་དབང་དེ་འཛམ་གླིང་གསུམ་ཆ་གཉིས་ལ་གྲགས་པའི་ལོ་རྒྱུས་ཡོད་ན་ཡང་རྒྱལ་པོ་གླང་དར་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོའི་རིང་ལུགས་ཆད་པ་ནས་ལུང་ཆུང་རེ་ལ་དཔོན་ཆུང་རེ་བྱས་ནས་མི་ལོ་བཞི་བརྒྱ་ཙམ་བོད་སིལ་བུའི་དུས་རབས་ནས་ཆོས་ལུགས་མི་སྣས་ཆོས་ཡོན་གྱི་སྒོ་སྐབས་བརྒྱུད་ནས་ཆབ་སྲིད་ལ་ལག་པ་འཆང་ནས་བོད་སིལ་བུའི་དུས་རབས་རྫོགས་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་དེ་དར་ནས་ཆོས་ལུགས་མི་སྣས་རིམ་གྱིས་བོད་ཀྱིས་སྲིད་དབང་ལ་ཁ་ལོ་བསྒྱུར་ནས་ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ལུགས་དེ་སྤྱི་ལོ་ ༡༢༥༣ ནས་འགོ་བཙུགས་ནས་སྤྱི་ལོ་ ༡༩༦༠ བར་ཆོས་དང་སྲིད་ཟུང་དུ་འབྲེལ་ནས་བོད་ཀྱིས་ཆབ་སྲིད་ལ་འཕོ་འགྱུར་ཡོ་ལངས་མང་པོ་བྱུང་ཡོད་ལ་བོད་སིལ་བུའི་དུས་རབས་རྫོགས་ནས་བོད་ཀྱིས་ཆོས་ལུགས་མི་སྣས་ཕྱི་མིའི་དཔུང་རོགས་ལ་སྐྱབས་བཅོལ་ནས་བླ་སློབ་བམ་ཆོས་ཡོན་སྦྱིན་བདག་ལ་འགོ་འདྲེན་ཞུས་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ལུགས་གསར་གཏོད་གནང་ནས་སྤྱི་ལོ་ ༡༢༥༣ ནས་ ༡༣༥༨ བར་ལོ་ ༡༠༥ ས་སྐྱས་སྲིད་བསྐྱངས་པ་དང་། ༡༣༥༨ ནས་ ༡༤༩༨ བར་ཕག་གྲུའི་ལོ་ ༡༤༠ སྲིད་བསྐྱངས་པ་དང་། ༡༤༩༨ ནས་ ༡༥༦༦ བར་རིན་སྤུངས་པས་ལོ་ ༦༨ སྲིད་བསྐྱངས་པ་དང་། ༡༥༦༦ ནས་ ༡༦༤༢ བར་སྡེ་པ་གཙང་པས་ལོ་ ༧༦ སྲིད་བསྐྱངས་པ་དང་། ༡༦༤༢ ནས་ ༡༩༦༠ བར་དགའ་ལྡན་ཕོ་བྲང་ནས་ལོ་ ༣༢༢ སྲིད་བསྐྱངས་པ་ནས་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་དུས་རབས་དེ་སྤྱི་ལོ་ ༡༢༥༣ ནས་སྤྱི་ལོ་ ༡༩༦༠ བར་ལོ་ ༧༠༧ རིང་གོང་གི་ཆོས་ལུགས་སྡེ་ཚན་ལྔའི་མི་སྣ་ནས་བོད་ཀྱིས་ཆབ་སྲིད་བསྐྱངས་པའི་དུས་རབས་ལ་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་དེ་ནས་དར་བ་དང་། རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱིས་བསྟན་པ་བསྣུབ་པ་ཙམ་མ་ཡིན་པར་བོད་ཀྱི་རྒྱལ་པོའི་རིང་ལུགས་ལ་འཇུག་བསྡོམས་རྒྱབ་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོའི་དུས་རབས་འཇུག་བསྡུས་ནས་བོད་སིལ་བུའི་དུས་རབས་ནས་ཆོས་ལུགས་མི་སྣས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་སྒོ་སྐབས་བླངས་པ་ནས་ཆོས་སྲིད་ཟུང་འབྲེལ་གྱིས་དུས་རབས་དེ་ཡང་སྤྱི་ལོ་ ༡༩༦༠ ནས་འཇུག་བསྡུས་ནས་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་མི་ལོ་དྲུག་ཅུ་རེ་བཞི་འགྲོ་བཞིན་པའི་སྐབས་འདིར་སྤྱི་ལོ་ ༢༠༢༠ ལོར་སྤྱི་འཐུས་སྐབས་བཅུ་དྲུག་གིས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་ཤུགས་རྐྱེན་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཀའ་བློན་ཆ་ཚང་བ་བསྐོ་མ་ཐུབ་པ། སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོངས་མ་ཐུབ་པ་འདི་དག་ལ་བསམ་ཞིབ་བྱ་སྐབས་བཙན་བྱོལ་བོད་མིའི་མང་ཙོའི་སྒྲིག་འཛུགས་འདི་ཡང་མ་འོངས་ཁ་ཕྱོགས་སམ་ལམ་ལུགས་ག་འདྲ་ཞིག་ཏུ་འཁྲིད་རྒྱུའི་འཆར་གཞི་ཡོད་ད་ལྟའི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱིས་འཐུས་མི་ཚོའི་ཕྱག་ལས་གནང་སྟངས་ལ་བལྟས་ཚེ་བ་མོ་དེ་ཉལ་སྟངས་ལ་ལྟས་ན་བེའུ་སྐེ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བའི་དཔེ་ལྟར་བསམ་ཡོད་བློ་ལྡན་རྒྱ་ཆེ་མང་ཚོགས་ནས་སྤྱི་འཐུས་གྲོས་ཚོགས་ཀྱིས་བཅའ་སྒྲིག་ལ་འགན་འཁུར་སྟངས་ལ་ཐུགས་སྣང་དང་འགན་འཁུར་ཆེ་ཙམ་བཞེས་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་མ་རེད་དམ།

 

བསམ་ཚུལ།

Post navigation

Previous Post: མི་ཚེའི་མཐའ་མཇུག་གི་སྐད་ཆ་ཞིག
Next Post: ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་འདི་ལོ་ ༢༠༢༤/༠༢/༡༧ ནས་ཚེས་༢༠ བར་ཉིན་བཞི་རིང་སྲུང་བརྩི་དང་འབྲེལ་བའི་མི་ལོ་ལྔ་བཅུའི་བཞུད་ལམ་ལ་ཕྱི་མིག་བལྟ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme