Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གོད་ཆག་དང་རྒྱ་ནག་གི་མཛའ་གླུ།

Posted on 2010-05-072010-05-07 By lungrik 4 Comments on བོད་ཀྱི་གོད་ཆག་དང་རྒྱ་ནག་གི་མཛའ་གླུ།

རྡུལ་ཕྲན།

སུས་ཀྱང་བློ་ཡུལ་ལ་མ་ཐོན་པའི་དོན་ རྐྱེན་འདི་ལྟ་བུ་ཞིག་གློ་བུར་དུ་བྱུང་བ་ནི་བོད་ཀྱི་སྡུག་ཐོག་གཉིས་བརྩེགས་ ཀྱི་གོད་ཆག་ཆེན་པོ་ཞིག་དང་མི་སེམས་བླང་བློང་བོར་བྱེད་པའི་མྱ་ངན་རིང་པོ་ཞིག་ ཏུ་ངོས་འཛིན་བྱས་པ་དང་ཆབས་ཅིག་བོད་ཁུལ་ཡོངས་སུ་གདུང་སེམས་མཉམ་བསྐྱེད་དང་ སྐྱིད་སྡུག་མཉམ་མྱོང་གི་འདུ་འགོད་རྒྱ་ཆེར་སྤེལ་ཏེ་རོགས་སྐྱོར་ཀྱི་ཚ་རླབས་ ཤུག ས་ཆེར་འབར་བས་བོད་རིགས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་མཉམ་ལས་མཉམ་གནས་ཀྱི་ སྟོབས་ཤུགས་འོག་འདས་སོང་གི་ལོ་རྒྱུས་གཅིག་པ་དང་མ་འོངས་པའི་ལས་དབང་གཅིག་པའི་ འགྲེལ་བཤད་གསལ་བོ་ཞིག་བྱས་པས།རྒྱ་ནག་གཞུང་གིས་སེམས་འཚབ་དང་བློ་དོགས་ཀྱི་ སེསམ་ཁྲལ་ཆེ་རུ་གཏོང་བའི་ཞར་ལ།བོད་ནང་དུ་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེ་རུ་འགྲོ་ བཞིན་པ་དང་།ཐ་ན་སློབ་ཆུང་སློབ་མ་ནས་སློབ་ཆེན ་སློབ་མའི་བར་དུ་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་པའི་རྒྱ་རྒོལ་གྱི་ལས་ འགུལ་སྣ་མང་སྤེལ་གྱིན་པའི་དུས་བབ་དང་།བོད་དོན་གྱིས་རྐྱེན་པས་རྒྱལ་སྤྱིའི་ སྒང་དུ་རྒྱ་ནག་གིས་དུས་རབས་ཉེར་གཅིག་པའི་དཔལ་ཡོན་ལྡན་པའི་རྒྱ་ནག་ཞེས་པའི་ མིང་ཆས་གསར་བ་ཞིག་རག་ཐབས་ལ་འབད་བརྩོན་ཤུགས་ཆེར་བྱེད་ཀྱིན་པའི་ལས་འགུལ་ལམ་ ལྷོང་འབྱུང་གི་མེད་པ།བོད་མི་མང་གིས་རྒྱ་ནག་ག ིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ཡིད་ཆེས་དང་བློ་གཏད་ཉམས་ཉེས་སུ་འགྲོ་བཞིན་པ་ སོགས་ཀྱི་སྐབས་འདི་དང་སྟབས་ཁེལ་བ་ཚོར་བས།རྒྱ་ནག་གཞུང་གིས་རིག་པ་གྲིམ་པོ་དང་ གོ་སྐབས་དམ་འཛིན་གྱིས་བོད་ཀྱི་གོད་ཆག་འདི་ནི་རྒྱ་ནག་གི་རྒྱལ་ཁ་ཆེན་པོ་ཞིག་ ཏུ་འགྱུར་བའི་ངོས་འཛིན་དང་སྨོན་ལམ་གང་མང་བརྒྱབ་མཐར།བོད་དོན་ཐོག་ཆབ་སྲིད་ ཀྱི་ཟློས་གར་ཡིད་དུ་འོང་བ་ཞིག་འཁྲབ་རྒྱུར ་གྲ་སྒྲིག་ཨང་གསར་བྱེད་ཀྱིན་ཡོད།

2008ལོར་སི་བུན་ཁྲན་ས་ཡོམ་ཁྲོད་གྱི་གོད་ཆག་བསྐང་བསབ་ བྱེད་ཆེད་དང་མི་མང་གི་སེམས་འགུག་བློ་འགུག་གི་ལས་དོན་གཟབ་ཆེན་ཡོང་ཆེད།ལོ་ རྒྱུས་སྟེང་བྱུང་མྱོང་མེད་པའི་ཞལ་འདེབས་སྐུལ་སློང་གི་ཚོགས་ར་ཆེན་པོ་ཞིག་པེ་ ཅིན་དུ་འཚོགས་མྱོང་ཞིང་།སྐབས་དེར་ཞལ་འདེབས་དམངས་སྒོར་དུང་ཕྱུར་15.14བསྡུ་ ཐུབ་པ་ནི་རྒྱ་ནག་མི་མང་གི་སྟོབས་ཤུགས་དང་ང་རྒྱལ་ཡིན་ཞེས་འཛམ་གླིང་གང་སར་ བསྒྲགས་པ་དང་།རྒྱ་ནག་མི་མང་དང་སྒོས་སུ་ཞལ་འདེབས་སྤྲོད་མཁན་ཚོང་ལས་པ་ཡོངས་ ཀྱིས་གུང་ཁྲན་ཏང་ལ་ཡིད་ཆེས་བློ་འཕེར་བྱེད་ཀྱིན་པའི་ངོས་འཛིན་བྱས་ཐོག།ཉམ་ ཆུང་བའི་མི་རིགས་དང་སྟོབས་ཆུང་བའི་རྒྱལ་ཁབ་དག་ལ་གཟི་བརྗིད་ངོམ་པ་དང་དངང་ སྐྲག་སློང་བར་བྱེད་པའི་ཆབ་སྲིོད་ཀྱི ་དར་དམར་གལ་ཆེན་ཞིག་ཏུ་གྱུར་སོང་།

གནས་ཚུལ་དེ་མཚུངས་སུ་ཐེངས་འདིའི་ ས་ཡོམ་ཀྱི་གོད་ཆག་དང་སྟབས་བསྟུན།ཀྲུང་དབྱིང་བརྙན་འཕྲིན་གྱི་གཙོ་སྒྲུབ་བྱས་ ཐོག་རྒུད་སྐྱོབ་ཞལ་འདེབས་སློང་བའི་འདུ་ཚོགས་ཤིག་པེ་ཅིན་དུ་ཡང་བསྐྱར་འཚོགས་ པ་དང་།རྒྱ་མིའི་གྲོང་ཁྱེར་ཁག་གི་ཚང་ལས་པ་དང་བཟོ་གྲྭ་ཁག་མང་པོ་ཞིག་གིས་ཚ་ཚ་ འུར་འུར་དང་སུ་ཆེ་སུ་སྟོབས་ཀྱི་འགྲན་སློང་གི་ང་རྒྱལ་འོག་ཞལ་འདེབས་སྒོར་དུང་ ཕྱུར21.15བསྡུ་ཐུབ་ཡོད་འདུག་ལ།འདི་ནི་2008ལོའི་ བུན་ཁྲོན་ས་ཡོམ་གྱི་ཞལ་འདེབས་ལས་ལྡབ་ཕྱེད་ཀྱིས་བརྒལ་ཡོད་པའི་མ་དངུལ་འབོར་ ཆེན་དེ་ཡིན་འདུག་་གནས་ཚུལ་འདི་ནི་རྒྱ་ནག་གཞུང་གིས་མི་མང་ལ་གོ་བཀོན་བློ་ འགུག་གི་ཁྱབ་སྒྲོག་ལམ་ལྷུང་བྱུང་བ་ཞིག་དང་།རྒྱ་ནག་མི་མང་གི་ང་རྒྱལ་དང་ སྤོབས་པ་གསེང་མཐོར་སྒྲོག་ཕོད་པའི་མཐུན་རྐྱེན་ཆེ་ཤོས་ཤིག་དུ་འགྱུར་དགོས་པ་མ་ ཟད།བོད་མི་མང་ཧ་ལས་ཧོན་འཐོར་གྱི་གནས ་སུ་བརྫང་སྟེ་རྒྱ་རིགས་དང་བོད་རིགས་གཉིས་ཨ་མ་གཅིག་གི་བུ་ཕྲུག་ཡིན་ཚུལ་གྱི་ གླུ་སྐད་དང་སྐར་ལྔའི་དར་དམར་ལ་དུང་བའི་མཛའ་གླུ་་གཉིས་གདངས་་གཅིག་གིས་ལེན་ དུ་འཇུག་དགོས་པ་དེ་ཡིན།

སྣ་ཚོགས།

Post navigation

Previous Post: ང་རང་ཀྲུང་གོ་བ་མིན་པའི་བདེན་དཔང་བྱས་ཡོད།
Next Post: ང་དུས་བབ་ཚང་ནས་ཕྱིར་འཕུད་བཏང་ཡང་འགྲིག་གི་ཡོད།

Comments (4) on “བོད་ཀྱི་གོད་ཆག་དང་རྒྱ་ནག་གི་མཛའ་གླུ།”

  1. རིན་ཆེན་ says:
    2010-05-07 at 9:58 pm

    བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས་དྲངས།
    མཚོ་སྔོན་ཡུལ་ཤུལ་དུ་“༤·༡༤”ཡི་ས་ཡོམ་ཆེན་པོ་བྱུང་རྗེས་འཛམ་གླིང་གི་མི་རྣམས་ཧང་སངས་པར་གྱུར་ཅིང་། རྒྱལ་ཡོངས་མི་དམངས་ཀྱིས་དེ་ལ་སྐྱོ་གདུང་གི་མྱ་ངན་ཞུས་པ་རེད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གེགས་སེལ་མུག་སྐྱོབ་ཀྱི་བྱེད་སྒོ་སྤེལ་བའི་སྐབས་སུ། སྐྱེས་ཡུལ་མཚོ་སྔོན་ཡིན་པའི་ཏཱ་ལའི་བླ་མ་དང་དེ་མིན་ཡུལ་གྱར་ཚོགས་པས་ཕ་ཡུལ་གྱི་སྤུན་ཟླ་རྣམས་ལ་གནོད་སྐྱོན་ཆེན་པོ་ཐེབས་པར་གཏམ་སྤྱོད་ཐ་དད་དུ་སྤེལ་བས། འཛམ་གླིང་གི་མི་རྣམས་ཀྱིས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད་པ་རེད། ཟླ་༤བའི་ཚེས༡༤ཉིན་ཏཱ་ལའི་ཡིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་དུ་འཚམས་འདྲི་གནང་བའི་ཡི་གེ་ཞིག་བྲིས་ཡོད་པ་དང་། ཟླ༤པའི་ཚེས༡༧ཉིན་ཁོས་ཡང་གསར་འགོད་པར་ཡུལ་ཤུལ་དུ་ཧ་ཅང་འགྲོ་འདོད་ཡོད་པའི་སྐོར་བརྗོད་པ་རེད། ཕྱིའི་རྒྱལ་ཁམས་ཀྱི་སྣང་ངོར་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་སྤུན་ཟླ་རྣམས་ལ་ཤིན་ཏུ་དོ་ཁུར་བྱེད་མདོག་གི་འཆར་སྣང་ཞིག་བཟོས་རྗེས། ཏཱ་ལའི་ཡིས་རྡ་ལན་ས་ལར་དགའ་དགའ་སྤྲོ་སྤྲོའི་ངང་ནས་(ཟླ༤པའི་ཚེས༡༨ཉིན)“རྒྱ་གར་གྱི་རིམ་འདས་པང་ལེབ་སྤོ་ལོའི་འགྲན་བསྡུར(IPL)”ལ་བལྟས་པ་རེད། ཡུལ་དེའི་མཚམས་སྦྱོར་ཚན་པས་བཤད་པ་ལྟར་ན། ཏཱ་ལའི་ནི་འགྲན་བསྡུར་གྱི་གདན་ཞུ་སྐུ་མགྲོན་ཞིག་ཡིན་པའི་ཆ་ནས། “འགྲན་བསྡུར་གྱི་སྤྲོ་བ་དེ་ཐེངས་དང་པོར་ལོངས་སུ་སྤྱད་པ་རེད། ”ཟེར།ཉིན་བཞིའང་མ་འགོར་པའི་དུས་ཚོད་ཐུང་ངུའི་ནང་དུ། ཏཱ་ལའི་ཁ་ནས་བཤད་པ་དང་ལག་ནས་སྒྲུབ་པ་མཐའ་དག་འགལ་བ་ལྟག་སྤྲོད་དུ་གྱུར་པ་རེད། དེ་ནི་ན་ནིང་ཟླ་གསུམ་པའི་ནང་དུ་ཙུང་ལི་ཝུན་ཅ་པའོ་ཡིས་གསར་འགོད་པ་རྣམས་ལ་གསུངས་པ་ནང་བཞིན། ཏཱ་ལའི་བླ་མས་ཅི་ཞིག་བཤད་པར་ཉན་དགོས་པ་མ་ཟད། ད་དུང་ཁོས་ཅི་ཞིག་བསྒྲུབ་པར་ཡང་བལྟ་དགོས་ཞེས་གསུངས་པ་ལྟར་རོ།གཞན་ཡང་རུ་ཚོགས་ཀྱི་ཁོངས་མི་རྣམས་ཀྱིས་ཀྱང་ཏཱ་ལའི་དང་འདྲ་བར་འཁྲབ་སྟོན་རིགས་འདྲ་བྱས་ཡོད་དེ། ཐའེ་ཝན་གྱི་“ཏཱ་ལའི་བླ་མ་ཐེབས་རྩ་ཚོགས་པའི”ཚོགས་གཙོ་ཟླ་བ་ཚེ་རིང་དང་བོད་རང་བཙན་རྩ་འཛུགས་བྱེད་མཁན་སྟེ།“གོ་གསུམ་ལས་འགུལ”གྱི་འགོ་དཔོན་ངག་དབང་འོད་འབར་ཚང་མས་བཤད་པ་ལྟར་ན། ཁོ་ཚོ་ནི་ཡུལ་ཤུལ་གྱི་མི་ཡིན་ཟེར་ཞིང་། ཉིན་འགའི་སྔོན་ལ་ཁོ་ཚོས། ཡུལ་ཤུལ་ས་ཡོམ་ཁྲོད་ཆེས་ཉུང་ནའང་མི༤༠༠༠ཡི་ཚེ་སྲོག་ཤོར་ཡོད་ཅེས་དཀྲོག་གཏམ་བཟོས་ནས་སྤྱི་བསྒྲགས་བྱས་ཤིང་། ཡུལ་ཤུལ་ཉེ་འཁོར་དུ“རྟོགས་དཀའ་བའི་ཁང་པ་སོགས་འཛུགས་སྐྲུན་དངོས་པོ་མང་པོ་མཐོང་རྒྱུ་ཡོད་ལ། ཕྱི་ནས་བསྒྲགས་པ་ལྟར་ན་རྡུལ་ཕྲན་དང་འབྲེལ་བ་ཡོད་པ་རེད”ཅེས་འཛེམ་བག་མེད་པར་བརྗོད་པ་རེད། དེ་མ་ཟད་ཏཱ་ལའི་རུ་ཚོགས་ཀྱིས་ཕྱི་ཚུལ་ནས་གེགས་སེལ་ལས་དོན་སྤེལ་བར་འབོད་སྐུལ་གཏོང་བཞིན་ཡོད་ཀྱང་། དོན་དངོས་སུ་ད་དུང་མུ་མཐུད་དུ“བོད་རང་བཙན”གྱི་བྱེད་སྒོ་སྤེལ་བཞིན་ཡོད། ཟླ༤པའི་ཚེས༡༤ཉིན་ཐའེ་ཝན་ཐུ་བྷོད་མཛའ་གྲོགས་ཚོགས་པ་ཞེས་པའི་འགོ་གཙོ་ཀྲིག་མིང་འཛིན་པ་ཡིས“རོགས་ཞུ་གསལ་བསྒྲགས”ཞེས་བྱ་བ་བཏོན་རྗེས། ཟླ༤པའི་ཚེས༢༢ཉིན་ནས་བཟུང་བྲེལ་འཚུབ་ཆེ་བའི་ངང་ནས་ཐའེ་པེ་གཞོན་ནུ་ལྟེ་གནས(youth hub)སུ་ཡུལ་ཤུལ་ས་ཡོམ་རོགས་སྐྱོབ་ལས་དོན་དང་གཏན་ནས་མི་མཐུན་པའི་“བོད་རང་བཙན”གྱི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་ལ་བལྟ་བའི་འདུ་ཚོགས་སྤེལ་བ་དང་། ཉིན་དེར《ཡུལ་གྱར་བོད་ལྗོངས》ཞེས་པའི་གློག་བརྙན་བསྟན་པ་རེད། ཏཱ་ལའི་རུ་ཚོགས་ཀྱིས་ཡུལ་ཤུལ་གནོད་ཁུལ་མང་ཚོགས་ཀྱི་སྐྱོ་གདུང་གི་སྔུག་བསྔལ་མཐའ་དག་སྣང་མེད་དུ་བསྐྱུར་ནས། བོད་རང་བཙན་དྲིལ་བསྒྲགས་བྱེད་པ་དེ་ཡུལ་ཤུལ་གེགས་སེལ་ལས་ཀྱང་ལྷག་པའི་ལས་ཤིག་ཏུ་བཞག་ཡོད་པ་དེའི་ཐོག་ནས། ཁོ་ཚོས་ཡུལ་ཤུལ་གནོད་ཐེབས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་རྩ་བ་ནས་དོ་ཁུར་མི་བྱེད་པ་དང་། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་ཡུལ་ཤུལ་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བྱས་པའང་རྩ་བ་ནས་སྣང་མེད་དུ་བསྐྱུར་ཡོད་པའི་ངོ་བོ་དེ་ཐེར་འདོན་བྱས་ཡོད་པ་རེད།

     

  2. གཡུ.དུག་སྦྲང says:
    2010-05-08 at 8:07 pm

    བོད་ལྗོངས་ཆ་འཕྲིན་ན་ནམ་རྒྱུན་འདི་མོས་དག་དག་ཡིན་ཐ་།།

  3. རྡོ་རྗེ། says:
    2010-05-09 at 1:18 pm

    གངས་རིའི་ཁྲོད་དུ་གནས་པའི་མི་རིགས་ལ།།
    གངས་རིའི་ཤར་གྱི་དགྲ་ནག་རྒྱ་དམར་གྱིས།།
    གངས་རིའི་ཡུལ་གཞིས་འཕྲོག་པའི་དགྲ་ལེན་དེ།།
    གངས་ཕྲུག་ང་ཚོས་ལོན་ཐབས་གང་ཞིག་དྲག།

  4. རྡོ་རྗེ། says:
    2010-05-09 at 1:21 pm

    བོད་ལྗོངས་ཆ་འཕྲིན་གྱི་གནས་ཚུལ་འདིར་བཀོད་པར་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme