Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གསོ་བ་རིག་པར་བཙན་འཛུལ།

Posted on 2015-05-292015-05-29 By ཁ་བརྡ 15 Comments on བོད་ཀྱི་གསོ་བ་རིག་པར་བཙན་འཛུལ།

གཡུ་ཐོག་བུ།

 
སྲིད་འབྱོར་རིག་གསུམ་སྲིད་པའི་རྩེ་མོར་གྲགས་ཤིང་། ས་གསུམ་དབང་དུ་བསྒྱུར་མྱོང་བར་ཁས་འཆེས་པའི་བོད་པ་ཚང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དགའ་བ་ཞིག་སྒོམ་ནས་དེ་རིང་སྐྱ་ཟད་འུ་ཐུག་གི་གནད་དོན་ཞིག་མི་གླེང་ཀ་མེད་རེད། རང་རེའི་བོད་ལ་རྒྱ་དམར་གྱི་བཙན་འཛུལ་བྱས་རྗེས་བོད་མི་མང་ལ་བཟོད་ཐབས་མེད་པའི་གྱོང་གུན་ཚབས་ཆེན་བྱུང་བ་ནི་ང་ཚོའི་གངས་དཀར་སེམས་ཀྱི་ངོས་སུ་གསལ་གསལ་ཐིང་ཐིང་རེད། རིག་གནས་གསར་བརྗེའི་དར་ཆའི་འོག་ཏུ་བོད་ཀྱི་བསམ་བློའི་གཤིས་ཀ་དང་། རིག་པའི་གཞུང་ལུགས་ཕལ་ཆེར་དམིགས་མེད་ཤི་གསོན་གྱི་གནས་དུ་གྱར་ཡོད།
འོན་ཀྱང་། སྐབས་དེར་ཀུན་གཟིགས་པན་ཆེན་རིན་པོ་ཆེས་གཙོས་གཞིས་བཞུགས་མཁས་དབང་ལ་རྒྱ་ཅན་གྱི་སྤུན་ཟླས་ཤི་གསོན་མཚམས་ནས་སླར་ཡང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་བྱས་ཡོད།

སྐབས་བབས་བོད་ཀྱི་གསོ་བ་རིག་པར་མཚོན་ན། དུས་རབས་རིམ་པའི་བོད་ཀྱི་མཁས་དབང་མཁས་གྲུབ་གཉིས་ལྡན་དག་གི་སྐུ་དྲིན་ལས་དར་རྒྱས་རླབས་ཆེན་བྱུང་ཞིང་། བོད་རིགས་སྤྱི་དང་། འཛམ་གླིང་མི་མང་ལ་ཕན་བདེ་རླབས་ཆེན་བསྒྲུབས་ཡོད།

དེ་རིང་། བྱེས་སུ་བོད་ཀྱི་གསོ་བ་རིག་པའི་ཚབ་ཏུ་གསོ་བ་རིག་པའམ་ཨེམ་ཆིའི་གཞུང་ལུགས་ཟེར་བའི་མིང་དུ་བསྒྱུར་ནས་རྒྱ་གར་བའི་སྲོལ་རྒྱུན་གསོ་བ་རིག་པའི་སྡེ་ཚན་གྱི་མངའ་འོག་ཏུ་བདག་དབང་ཤོར་ཟིན་འདུག
དེ་ནི། ང་ཚོས་ཕྱི་རབས་ཀྱི་བོད་མི་རིགས་ལ་ངོ་ཚ་དགོས་པ་ཞིག་དང་། བཙན་པོའི་བླ་སྲོག་བཙོང་བའི་ཉེས་པ་ཞིག་དེ་ལས་ཆེ་བ་ཨེ་ཡོད།

སྒོས་སུ། བོད་ནང་དུ་མཚོ་སྔོན་བོད་ལུགས་སྨན་ཁང་དུ་བོད་སྨན་སྒེར་གཉེར་ཅན་དུ་བསྒྱུར་བར་ངོ་རྒོལ་དང་སྐད་འབོད་བྱེད་བཞིན་པའི་སྒང་དེར་བློ་འཚབ་ཀྱིས་ཕྱིས་འབྱུང་ཅི་ཡོང་མིན་ཐད་དྲི་རྟགས་ཆེན་པོ་ཞིག་མ་རེད་དམ།

བསམ་ཚུལ།

Post navigation

Previous Post: བཀའ་དྲིན་མ་བརྗེད།
Next Post: དོལ་ཚོགས་འདི་སྐྱོ་བ།

Comments (15) on “བོད་ཀྱི་གསོ་བ་རིག་པར་བཙན་འཛུལ།”

  1. ཅོག་མྱི། says:
    2015-05-30 at 12:53 am

    མཚོ་སྔོན་བོད་སྨན་ཁང་འདི་བོད་པས་རྒྱ་ལ་བཙོང་བ་ཡིན་རྒྱུ་རེད། ཨེ་ཚོགས་ཆེན་སོགས་རྒྱ་མ་བོད་དེ་དག་གིས་བོད་ཀྱི་མདུན་ལམ་ལ་སེམས་ཁུར་བྱེད་གིན་མ་རེད།

  2. རྡོ་སེངྒེ། says:
    2015-05-30 at 6:17 am

    གཡུ་ཐོག་པས་བཤད་པ་དྲང་གཏམ་རེད་ལ་བདེན་གཏམ་ཡང་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-05-30 at 12:14 pm

    བོད་ཀྱི།
    བོད་ཀྱི་གསོ་བ་རིག་པ།
    བོད་ཀྱི་བོད་སྨན་ཤེས་ཡོན།
    བོད་ཀྱི་ཨམ་ཆིའི་གཞུང་ལུགས།

  4. ཚེ་བཀྲ། says:
    2015-05-30 at 12:49 pm

    བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཁྲོད་དུ་དཔལ་འབྱོར་འདུ་འགོད་དང་ཐད་ཀར་འབྲེལ་བའི་ནོར་བུ་དགོས་འདོད་ཀུན་བྱུང་ཡིན་ཕྱིར་འགྲམ་ཆུ་མི་ལྡང་བ་ག་ལ་སྲིད།
    དེས་ན། རྒྱ་གར་ཚང་གིས་རྒྱ་གར་བའི་སྲོལ་རྒྱུལ་སྨན་གྱི་སྡེ་ཚན་ AYUSH ཁོངས་སུ་བསྡུ་གསོག་རྒྱབ་ཟིན། འབྲུག་གིས་ནང་པའི་སྨན་ཡིན་ཟེར་ནས་བདག་དབང་ཐོབ། ཧི་མ་ལ་ཡའི་སྨན་པས་རང་གི་ལྟོ་གོས་ཆེད་དུ་རྒྱ་གར་བའི་སྨན་ཡིན་ཟེར་ཨུ་ཚུགས་མཐའ་སྐྱེལ་བྱས།
    བོད་པ་སྨན་རྩིས་ཁང་གཙོས་པས་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་རྒྱུད་བཞི་རྒྱ་གར་བར་མཆོད་པ་ཕུལ་ཟིན་དུས་རིག་གཞུང་སྲུང་སྐྱོབ་ཅི་བྱེད་དམ།

  5. བློ་བཟང་བཟོད་པ། says:
    2015-05-30 at 11:16 pm

    བོད་ཀྱི་གསོ་རིག་བཙན་འཛུལ་ནི་བོད་མིའི་བདག་དབང་ལྡན་པའི་རིག་གཞུང་རྩ་ཆེ་ཤོས་ཤིག་བཙན་བཟུང་བྱས་པར་བོད་ཀྱི་གསོ་བ་རིག་པའི་ཚོགས་སྡེ་ཆེ་ཤོས་སྨན་རྩིས་ཁང་དང་། ཆེད་ལས་བོད་ཀྱི་སྨན་པ་ཚོས་ངེས་པར་དུ་སེམས་འཁུར་ལང་ཕྱོགས་གསལ་པོ་སྟོན་དགོས་པའི་དུས་ལ་བབས་ཡོད། དེ་མིན་རི་བོང་རྡོ་རྫུས་ལྟ་བར་སྡོད་ཐབས་མེད་དོ།

  6. བློ་བཟང་བཟོད་པ། says:
    2015-05-30 at 11:20 pm

    གོ་ཐོས་སུ། བོད་ནང་དུ་བོད་སྨན་རྒྱལ་སྤྱིའི་རིག་རྙིང་ཉར་ཚགས་ཁོངས་སུ་ཐོ་བཀོད་བྱས་ཡོད་ཅིང་། དེར་རྒྱ་གར་སྨན་རྩིས་ཁང་གི་འགན་འཛིན་ནས་ངོས་ལེན་མེད་སྐོར་བརྗོད་དེ་འབྲེལ་ཡོད་ལས་ཁུངས་ཁག་ཏུ་ངོ་རྒོལ་གྱི་ཡི་གེ་བཏང་བ་དང་། གལ་ཏེ་ངོས་ལེན་བྱས་ན་རྒྱལ་སྤྱིའི་UNCEPལས་ཁུངས་ཁག་ཏུ་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡིན་བརྗོད་འདུག
    རྒྱ་གར་དུ་བོད་སྨན་རྒྱ་གར་གཞུང་ལ་བདག་དབང་རྩིས་སྤྲོད་ཤོར་ནས། བོད་ནང་ནས་རིག་གཞུང་སྲུང་སྐྱོབ་རྒྱལ་སྤྱིའི་སྟེང་ནས་འཐོབ་ཐབས་བྱས་པར་མི་འོས་ཟེར་ན་རང་གིས་མི་འཇོན་པར་དོན་གྱི་བདག་པོ་བོད་གཞིས་བཞུགས་རྣམས་ལ་མི་འགྲིགས་ཟེར་ན་ཧ་ལམ་ཐལ་གྲགས་པའི་རྒྱུར་འགྲོ་རྒྱུ་ལས་མ་འདས་སོ།

  7. གཡུ་འབྲུག་དཀར་པོ་ says:
    2015-05-31 at 11:22 am

    བོད་ཀྱི་གསོ་བ་རིག་པ་འདི་ཉིད་འབྲུག་ལ་ཆེས་སྔ་མོ་ནས་དར་ནས་འབྲུག་པའི་རིག་གཞུང་དང་ཆུ་དང་འོ་མ་ལྟར་འདྲེས་ཡོད་ལ་གསོ་བ་རིག་པ་འདིའི་མིང་དུའང་ནང་པའི་སྨན་ཞེས་བརྗོད་པ་ནི་གང་ཟག་རེ་ཟུང་གིས་ཆེད་དམིགས་ཀྱིས་བཏགས་པ་མིན་པར་དམངས་ཁྲོད་ནས་རང་བཞིན་གྱིས་བྱུང་བའི་མིང་ཞིག་ཡིན་པར་སེམས། འོན་ཀྱང་འབྲུག་གི་གསོ་བ་རིག་པའི་ལོ་རྒྱུས་སྨྲ་བ་དག་གིས་གསོ་བ་རིག་པ་འདི་ཉིད་གཡུ་ཐོག་ཡོན་ཏན་མགོན་པོ་ནས་རིམ་པ་བཞིན་དུ་འབྲུག་ལ་དར་བར་བཤད་ཡོད་པ་ལས་འབྲུག་པ་རང་ཉིད་ཀྱིས་གསར་དུ་བརྩམས་པ་ཡིན་ཚུལ་དང་། ཡང་ན་གཡུ་ཐོག་ཡོན་ཏན་མགོན་པོ་འབྲུག་པ་ཡིན་པར་བཤད་པ་སོགས་མི་རིགས་པའི་བྱ་བ་ནི་རྩ་བ་ནས་བྱས་མེད་ལ་ཕྱིས་སུ་ཡང་གཏན་ནས་བྱེད་མི་སྲིད་ཅེས་ཁོ་བོས་ཐག་བཅད་ནས་བརྗོད་ནུས། དེས་ན་ཁོ་བོས་བྱས་ན་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་འབྲུག་པ་ཚོས་བོད་ཀྱི་རིག་གཞུང་ལ་དཔེ་མི་སྲིད་པའི་གུས་བཀུར་དང་བརྩི་བཀུར་གནང་སྟེ་སྨན་གཞུང་ལ་ཡང་ནང་སྨན་ཞེས་ཆེས་རླབས་ཆེ་བའི་མཚན་གནས་ཤིག་གསོལ་བ་ལ་རྗེས་སུ་ཡི་རངས་བྱེད་མི་ནུས་ཀྱང་མ་གུས་མ་རངས་པ་གཏན་ནས་བྱེད་མི་རུང་བསམ་མོ༎

  8. ཚེ་བཀྲ། says:
    2015-05-31 at 1:06 pm

    འབྲུག་པ་གཡུ་འབྲུག་དཀར་པོ་ལགས། ཁྱེད་ཅག་འབྲུག་པ་དག་གིས་བོད་ཀྱི་རིག་གཞུང་ལས་གཞན་པའི་ཟུར་གསལ་གྱི་འབྲུག་པའི་རིག་གཞུང་ཙམ་པོ་བ་མེད་པ་ཤེས་བཞིན་དུ་བོད་ལ་མི་དགའ་བའི་རྒྱུ་མཚན་ཅི་ཡིན།
    འབྲུག་རྒྱལ་ཁམས་སུ་བོད་ཅེས་པའི་ཐ་སྙད་དེ་ཉིད་ལ་དྭོགས་གཟོན་ཆེན་པོ་བྱེད་ཅིང་། ཐ་སྙད་སྐམ་པོ་ཚུན་ཆད་འབྲུག་སྐད་ལུང་ཁུག་གི་ཚིག་ཡ་མ་ཟུང་དེ་འདྲ་བཟོ་དགོས་དོན་ཨེ་ཡོད། ལྷག་པར། བོད་པ་སྐྱབས་བཅོལ་བར་ཨུར་ཏི་རྒྱབ་པ་སོགས་དཀའ་ངལ་ག་ཚོད་སྤྲད་ཡོད་པ་རེད་ཨང་།
    ད་དུང་། ཉེ་ཆར་འབྲུག་པ་དག་རིགས་རྒྱུད་བོད་རིགས་མིན་པར་འུར་གྲགས་བྱས། ད་དུང་། ནང་པའི་སྨན། ཧཧཧཧ

  9. ཁ་བའི་འདབ་མ། says:
    2015-06-01 at 12:38 am

    བཀྲིས་བདེ་ལེགས།

  10. བློན་གངས་བུ། says:
    2015-06-01 at 3:42 am

    བོད་ས་སྐྱེས་རྡོ་སྐྱེས་ཀྱི་གསོ་བ་རིག་པའི་རིག་གཞུང་འདི་ཡང་རྒྱ་གར་ལ་ཤོར་ཟིན་ཡོད་པ་འདྲ་དགོས་དགུ་རང་ལ་ཡོད་ཀྱང་གཞན་ལ་གཏུག་པར་དགའ་བའི་མདོ་མེད་ཚོ་་་་ཁ་ཡིས་བཤད་ན་མི་རིགས་ཀྱི་ལ་རྒྱ་སྒྲོག་བཞིན་དོན་ངོ་མས་མི་རིགས་ཀྱི་བླ་བཙོང་རང་རེད། དངོས་སྐྱོ་བ་ལ།

  11. གཡུ་འབྲུག་དཀར་པོ་ says:
    2015-06-01 at 8:29 am

    རྒན་ཚེ་བཀྲ་ལགས། འབྲུག་པ་ཚོས་ནང་པའི་སྨན་ཟེར་ནས་ཡར་བསྟོད་ར་བྱེད་དུས་གཅིག་གཅིག་གཉིས་གཉིས་ལབ་ག་བྱས། ད་རྒྱ་གར་པས་བོད་ཀྱི་མ་རེད་ལབ་ནས་ཁྱེར་འགྲོ་དུས་གང་ཡང་བྱེད་ཕོད་ཀྱི་མིན་འདུག་ག། རྒན་ཚེ་བཀྲ་རང་ལ་སྤོབས་པ་ཡོད་ན། བློ་སྟོབས་ཡོད་ན། འཇོན་ཐང་ཡོད་ན་རྒྱ་གར་བའི་ལག་ནས་འཕྲོག་སྟེ་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་མངའ་འོག་ཏུ་མཚན་གནས་འགོད་ཐབས་མཛད་དང་། དེ་ལྟར་བྱས་ཐུབ་ན་ཁྱོད་རང་ཕོ་ཁྱོ་ག་ཡིན།
    འབྲུག་ལ་བོད་ཀྱི་རིག་གཞུང་ལས་ཐ་དད་དུ་གྱུར་པ་ཞིག་མེད་པ་བདེན་མོད། འོན་ཀྱང་འབྲུག་ལ་དར་ནས་ལོ་མང་པོ་སོང་ཙང་འབྲུག་པའི་རིག་གཞུང་རེད་ལབ་ཡ་ལ་ངོ་གནོང་དགོས་པ་ག་རེ་འདུག། གལ་ཏེ་འབྲུག་ལ་དར་ནས་ལོ་མང་པོ་སོང་ན་ཡང་དེ་ལ་འབྲུག་པའི་རིག་གཞུང་རེད་ཅེས་ལབ་མ་ཆོག་ན་བོད་ཀྱི་གསོ་བ་རིག་པས་གཙོས་བོད་ཀྱི་རིག་གཞུང་དེ་ཚོ་ཡང་རྒྱ་གར་ནས་དར་བ་ཡིན་པས་བོད་ཀྱི་རིག་གཞུང་མ་རེད་ལབ་ཡ་ཡིན་པས།
    འབྲུག་པ་ཚོས་བོད་ལ་མི་དགའ་བ་བྱེད་དོན་ཡང་མེད་ལ་བྱེད་ཀྱང་བྱེད་ཀྱི་མེད། ཨུར་ཏི་རྒྱབ་དགོས་དོན་ནི་བོད་པ་ཡིན་པས་མིན་པར་ཨུར་ཏི་ཞུ་མཁན་དེ་ཚོ་སོ་སོས་ལན་པ་ཡིན་གྱི་རེད་མ་གཏོགས། གལ་སྲིད་བོད་པ་ཡིན་པས་བོད་པ་ཡིན་ཚད་ལ་ཨུར་ཏི་རྒྱབ་ཡོད་ན་དེ་རིང་སང་ཉིད་འབྲུག་ལ་བོད་རིགས་རྩ་བ་ཉིད་ནས་མེད་དགོས་ཀྱང་ད་ལྟ་འབྲུག་ཡུལ་གྱི་ས་གནས་གང་སར་བོད་རིགས་ཀྱིས་ཁྱབ་ཡོད་པ་མ་ཟད། དེ་བས་ཀྱང་འབྲུག་ཡུལ་གྱི་རྒྱལ་ས་ལྟེ་བས་གཙོས་གྲོང་ཁྱེར་ཆེ་ཆུང་ཚང་མའི་ནང་དུ་ཚོང་ཁང་ཆེ་ཤོས་ཡོད་མཁན་བོད་རིགས་ཡིན་པས་དེ་ལྟར་མིན་པ་གསལ་གསལ་དིང་དིང་རེད།
    འབྲུག་པ་བོད་རིགས་མིན་པ་དེང་སང་འུར་བསྒྲགས་བྱས་པ་ངས་གོ་ཐོས་མེད་ཀྱང་ཁྱེད་ཀྱིས་གོ་ཐོས་བྱུང་འདུག་པ་དེ་ནི་དངོས་ནས་ཡ་མཚན་པ་ཞིག་རེད། གང་ལྟར་འབྲུག་པ་ཡོད་ཚད་ཚང་མ་བོད་རིགས་རེད་ལབ་ན་དེ་ནི་ཁྱེད་རང་ལྐུགས་རྟགས་སྟོན་པ་ལས་གཞན་ཅི་ཡང་མ་ཡིན་པས་ལན་གྱི་ངལ་བ་བྱེད་དགོས་དོན་མ་མཐོང་ན་དེ་ལུགས་དགོངས་མངའ་ཡོང་བར་ཞུ་ཞུ།

  12. ཁྲི་རལ་པ་ཅན་ says:
    2015-06-01 at 10:58 am

    འབྲུག་རྒྱལ་ཁབ་ནི་ཧ་ཅང་གིས་ཡག་པོ་རེད།གང་ལྟར་བོད་ཀྱི་རིག་གཞུང་གཏིང་ཟབ་ནི་ཉམས་བཞིན་པ་ཡིན་པས།ད་རིག་གཞུང་དེ་བདག་ཐུབ་མིན་འབྲུག་རྒྱལ་ཁབ་རང་བཙན་ཡོད་པ་དེར་ཐུག་ཡོད་པ་རེད།དཔལ་ལྡན་འབྲུག་པ་རྒྱལ་ལོ།།

  13. ཁ་བའི་འདབ་མ། says:
    2015-06-01 at 11:10 am

    བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་རེད།གསོ་བ་རིག་པ་ཟེར་བའི་ཐ་སྙད་དེ་བོད་སྐད་རེད་ཟེར་བ་ཙམ་ལ་མགོ་འཁྲུལ་ན་ནོར་བ་རེད་བསམ།

  14. ཚེ་བཀྲ། says:
    2015-06-01 at 11:48 am

    འབྲུག་པ་གཡུ་འབྲུག་གྱིས།

    ༡། རྒན་ཚེ་བཀྲ་ལགས། འབྲུག་པ་ཚོས་ནང་པའི་སྨན་ཟེར་ནས་ཡར་བསྟོད་ར་བྱེད་དུས་གཅིག་གཅིག་གཉིས་གཉིས་ལབ་ག་བྱས། ད་རྒྱ་གར་པས་བོད་ཀྱི་མ་རེད་ལབ་ནས་ཁྱེར་འགྲོ་དུས་གང་ཡང་བྱེད་ཕོད་ཀྱི་མིན་འདུག་ག།

    ལན། རྒྱ་གར་པས་འབྲུག་པ་ནང་བཞིན་ཉིན་མོའི་འཇག་པའི་ཚུལ་དུ་རིག་གཞུང་རྐུ་མ་རྒྱབ་མེད། དེའི་དོན་ནི། བོད་ཀྱི་མ་རེད་ཅེས་ལབ་མེད། ཅི་སྟེ། དེ་ལྟར་ལབ་པའི་དབང་དུ་བཏང་ནའང་ང་ཚོས་བོད་པས་གང་ཡང་བྱེད་མི་ཕོད་པ་མིན། རྒྱལ་ཁབ་ཡོད་པའི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་འོག་ཏུ་ཡོད་པའི་གཞིས་ལུས་བོད་ཀྱི་ཚོས་རྒྱལ་སྤྱིའི་རིག་རྙིང་སྲུང་སྐྱོབ་ཁང་དུ་བོད་ཀྱི་གསོ་བ་ངོས་ལེན་སྲུང་སྐྱོབ་ཡོང་བའི་ལས་ཀ་གཉེར་ཟིན་ཡོད། བོད་པ་ཚང་འབྲུག་པ་ཁྱེད་ཀྱི་མཐོང་བ་ལྟར་ལས་སླ་པོ་མེད་པ་ཤེས་པ་བྱེད།

    ༢། འབྲུག་ལ་དར་ནས་ལོ་མང་པོ་སོང་ཙང་འབྲུག་པའི་རིག་གཞུང་རེད་ལབ་ཡ་ལ་ངོ་གནོང་དགོས་པ་ག་རེ་འདུག། གལ་ཏེ་འབྲུག་ལ་དར་ནས་ལོ་མང་པོ་སོང་ན་ཡང་དེ་ལ་འབྲུག་པའི་རིག་གཞུང་རེད་ཅེས་ལབ་མ་ཆོག་ན་བོད་ཀྱི་གསོ་བ་རིག་པས་གཙོས་བོད་ཀྱི་རིག་གཞུང་དེ་ཚོ་ཡང་རྒྱ་གར་ནས་དར་བ་ཡིན་པས་བོད་ཀྱི་རིག་གཞུང་མ་རེད་ལབ་ཡ་ཡིན་པས།

    ལན། འབྲུག་པ་དར་ནས་ལོ་མང་ཕྱིན་ཙང་འབྲུག་པའི་རིག་གཞུང་ཡིན་ཟེར་ན་ཧམ་པ་ཚ་དྲག་མེད་འགྲོ། སོ་སོའི་རིག་གཞུང་ཡིན་ཟེར་བར་རང་གི་ཁོར་ཡུག་དང་བསམ་བློ་གཤིས་ཀ་འདྲེས་དགོས། སྐབས་བབས། བོད་ཀྱི་གསོ་བ་རིག་པ་ནི་རྒྱ་གར་ནས་དར་བའི་རིག་གཞུང་གཏན་ནས་མ་རེད། དེ་ནི་བོད་ཀྱི་མེས་པའི་ཞང་ཞུང་གི་གདོད་མའི་གསོ་རིག་གི་རྨང་གཞིའི་ཐོག་དུས་རབས་རིམ་པའི་ཞིབ་འཇུག་བྱས་མཐར་བོད་པ་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱུད་བཞི་བརྩམས་པ་ལས་བྱུང་བའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འཁྲུལ་མེད་ཅིག་རེད།

    ༣། འབྲུག་པ་ཚོས་བོད་ལ་མི་དགའ་བ་བྱེད་དོན་ཡང་མེད་ལ་བྱེད་ཀྱང་བྱེད་ཀྱི་མེད། ཨུར་ཏི་རྒྱབ་དགོས་དོན་ནི་བོད་པ་ཡིན་པས་མིན་པར་ཨུར་ཏི་ཞུ་མཁན་དེ་ཚོ་སོ་སོས་ལན་པ་ཡིན་གྱི་རེད་

    ལན། བོད་པ་ཡིན་པས་འབྲུག་པས་སྡུག་པོ་བཏང་བ་ནི་ལོང་བས་མཐོང་ཐུབ་པའི་རྒྱལ་ཁམས་ཀྱི་དཔེ་ལྟར་རེད། འབྲུག་ཏུ་ས་སྐྱེས་རྡོ་སྐྱེས་ཀྱི་བོད་པ་དག་ལ་འཛམ་གླིང་རྒྱལ་ཁམས་གཞན་ལྟར་ཁྲིམས་ཀྱི་དབང་ཆ་མི་སྤྲད་པ་དང་མི་སེར་གྱི་ཐོབ་ཐང་མ་སྤྲད་པ་སོགས་ལས་ཤེས་ཐུབ།

    ༤། འབྲུག་ཡུལ་གྱི་རྒྱལ་ས་ལྟེ་བས་གཙོས་གྲོང་ཁྱེར་ཆེ་ཆུང་ཚང་མའི་ནང་དུ་ཚོང་ཁང་ཆེ་ཤོས་ཡོད་མཁན་བོད་རིགས་ཡིན་པས་དེ་ལྟར་མིན་པ་གསལ་གསལ་དིང་དིང་རེད།

    ལན། དེ་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་རིགས་ཀྱི་འཇོན་ཐང་ལས་བྱུང་བ་ཞིག་རེད། དེ་ནི་འབྲུག་ཙམ་མ་རེད། ཡངས་ཤིང་རྒྱ་ཆེ་བའི་བོད་པ་རྣམས་སྐྱབས་བཅོལ་པའི་ངོ་བོར་ཡོད་ཀྱང་། རྒྱལ་ཁབ་ཡོད་ཟེར་མཁན་འབྲུག་པ་སོགས་ལས་གནས་སྟངས་བརྒྱ་བསྒྱུར་གྱིས་ཕྱི་ནང་གི་གནས་སྟངས་ཡག་པ་ཡོད་པ་མ་ི་མཐོང་ངམ། དེ་ནི། ང་ཚོ་རྒྱལ་པོའི་ཁྱིམ་ཚང་ཆེད་དུ་དཀའ་ལས་རྒྱབ་མི་དགོས་པར་༧གོང་ས་མཆོག་ཡོད་པས་སོ།

    ༥ འབྲུག་པ་བོད་རིགས་མིན་པ་དེང་སང་འུར་བསྒྲགས་བྱས་པ་ངས་གོ་ཐོས་མེད་ཀྱང་ཁྱེད་ཀྱིས་གོ་ཐོས་བྱུང་འདུག་པ་དེ་ནི་དངོས་ནས་ཡ་མཚན་པ་ཞིག་རེད།

    ལན། དངོས་གནས་ཡ་མཚན་ལྡན་པའི་གནས་ཚུལ་ད་དུང་མང་པོ་ཡོད་རེད། དེའི་ཕྱིར། ཨ་ཁུ་འབྲུག་པ་ཡ་མཚན་ཅན་ཟེར་རོ།

  15. ཁྱུང་སེ། says:
    2015-06-01 at 12:18 pm

    འབྲུག་པ་ཚོས་རང་ཡུལ་དུ་གནའ་ནས་དར་བའི་རིག་གཞུངནདེ་ཚོར་བདག་གཅེས་ཡོང་བའི་རེ་བ་ཡོད་་་་དེ་མིན་ཁ་ཆེ་ནང་བཞིན་བཀའ་བརྒྱུད་དང་རྙིང་མ་མ་་གཏོགས་དར་མི་ཆོག་སྤེལ་མི་ཆོག་ཚུལ་བཤད་པ་ཐོས་པས་བདེན་པ་ཡིན་ཚེ་ཁ་ཆེ་བ་དང་གཅིག་མཚུངས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme