Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གསར་འགོད་པ།

Posted on 2012-10-272012-10-27 By ཁ་བརྡ་ 7 Comments on བོད་ཀྱི་གསར་འགོད་པ།

ནམ་མཁའ།

དེང་སང་འཛམ་གླིང་སྟེང་གསར་འགྱུར་ལས་ཁུང་དང་གསར་འགོད་པ་ཚོས་ཕན་ཚུན་བར་འགྲན་བསྡུར་གྱིས་གནས་ཚུལ་གསར་བ་གང་མགྱོགས་དང་ཚ་བོ་བཟོ་ཐབས་ལ་འབད་བཞིན་ཡོད།
ཡིན་དང་ཡིན་དེང་སང་འཛམ་གླིང་འདི་འཕྲུལ་ཆས་ཀྱི་འཇིག་རྟེན་ཞིག་ཡིན་སྟབས།འཛམ་གླིང་ཆུང་རུ་འགྲོ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཁོང་ཚོའི་ལས་ཀའི་ངོ་བོ་དེ་ཡང་ཚོང་ལས་ལྟ་བུ་ཞིག་ཏུ་གྱུར་ནས་སུས་ཚོང་འགྲེམས་ཆེ་བ་དང་བལྟ་མཁན་དང་ཀློག་མཁན་ཉན་མཁན་མང་པོ་ཡོད་མེད་ཀྱི་དབང་གིས་འགྲན་བསྡུར་རང་བཞིན་གྱིས་སླེབས་ཡོད།

ང་ཚོའི་བཙན་བྱོལ་གཞུང་ན་ཡང་གསར་འགྱུར་འགོད་མཁན་མང་པོ་ཞིག་ཡོད། གསར་ཤོག་དང་རླུང་འཕྲིན་བརྙན་འཕྲིན་གསར་འགོད་པ་སོགས་མང་པོ་ཡོད་མོད།འོན་ཀྱང་དཔེར་ན་བྱང་ཨ་རི་ནས་བཟུང་རྡ་སའི་རི་སྒང་ཆུང་ཆུང་དེའི་བར་མང་པོ་ཞིག་ཡོད་པས་དེའི་ནང་ནས་གསར་འགྱུར་ལས་ཁུང་དང་།གསར་འགོད་པ་ཚོས་ཕྱི་ལོགས་སུ་སོང་སྟེ།མི་དཀྱུས་མ་དང་འགོ་ཁྲིད་མཐོ་དམན་སོགས་ཀྱི་ཁྱད་པར་མེད་བཅར་འདྲི་བྱས་ཏེ་བསམ་ཚུལ་བསྡུ་ལེན་བྱེད་མཁན་ག་ཚོད་ཞིག་ཡོད་དམ།

དཔེར་ན་ཀུན་གླེང་དང་རང་དབང་རླུང་འཕྲིན་ནོར་ཝེ་སོགས་ཀྱི་བོད་ཀྱི་གསར་འགོད་པ་ཚོས་ཁ་སང་དེ་རིང་གི་བོད་ཀྱི་གནས་སྟངས་དངོས་མ་དག་ཨ་རིའི་མི་དཀྱུས་མ་མགོ་སེར་ཚོར་མེ་བསྲེགས་ཀྱི་འདྲ་པར་བསྟན་ཏེ། ཁོང་ཚོར་བསམ་ཚུལ་ག་རེ་ཡོད་མེད་སོགས་ཀྱི་དྲི་བ་ཙམ་ཡང་གོ་ཐོས་མེད་དོན་ཅི་ཡིན་ནམ།གསར་འགོད་པ་ཆ་ཚང་ལས་ཁུང་ནང་དུ་འཛུལ་ནས་དྲ་ཐོག་ན་ག་རེ་ཡོད་མེད་བཙལ་ནས་གསར་འགྱུར་འགོད་པ་འདི་ནི་བོད་ཀྱི་གནད་དོན་ཕྱི་ལོགས་སུ་ཁྱབ་བསྒྲགས་སུ་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་འདོད། ནུབ་ཕྱོགས་པ་ཚོས་གསར་འགྱུར་ལས་ཁུང་ནང་རྩོམ་སྒྲིགས་པ་ལྟ་བུ་ཉུང་ཤས་ཞིག་མ་གཏོགས་མི་སྡོད་པར་ཕྱི་ལོགས་ནས་གསར་འགྱུར་བསྡུ་སྒྲིགས་བྱེད་ཀྱི་ཡོད་པ་གསལ་བོ་རེད།
ང་ཚོའི་བོད་ཀྱི་གསར་འགོད་པ་ཚོས་བཅར་འདྲི་ཙམ་བྱེད་ཚེ་ཡང་།ཁོང་ཚོའི་ལས་ཁུང་ནང་ཁུལ་གྱི་མི་དང་ཁོང་ཚོའི་ངོ་ཤེས་ཙམ་མ་གཏོགས་བྱེད་ཀྱི་མེད་པ་འདི་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད།
ཀུན་གླེང་དང་རང་དབང་རླུང་འཕྲིན་ཆ་ཚང་གིས་ཁོང་ཚོའི་ལས་ཁུང་དང་རྡ་སའི་ཚོགས་གཙོ་ལྟ་བུ་སོགས་ལ་བཅར་འདྲི་རེ་བྱེད་ཀྱི་འདུག་མོད།དེ་ཡང་དྲི་བ་དང་གསལ་བྱེད་གཉིས་ཀྱི་གང་ཡིན་མི་ཤེས་བར་བཅར་འདྲི་བྱེད་ཀྱི་ཡོད་པས་སྐབས་རེ་བཅར་འདྲི་བྱེད་ཡུལ་གྱི་མི་དེས་མགོ་བོ་འཐོམ་སྟེ་ལན་འདེབས་མ་ཤེས་བར་འདུག
ཕྱོགས་གཞན་ཞིག་ནས་བཤད་ན།དེང་སང་བོད་པ་ནང་ཁུལ་ལས་ཕྱི་ལོགས་ཀྱི་མི་རིགས་དཀྱུས་མ་སོགས་ལ་རང་ལུས་མེ་བསྲེགས་ཀྱི་འདྲ་པར་སོགས་དངོས་སུ་བསྟན་སྟེ་དྲི་བ་དྲིས་ཚེ།ཁོང་ཚོའི་སེམས་གཏིང་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་མེད་ཤེས་སྲིད་ལ།མ་ཟད་ཁྱབ་བསྒྲགས་ཡང་ཆེན་པོ་འགྲོ་སྲིད།ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་བོད་ཀྱི་ཕྱི་ལོགས་ཀྱི་གསར་འགོད་པ་ཚོ་ཡང་རང་དབང་མེད་པ་བཞིན་ནམ་ཡིན་ཡང་དྲ་ཐོག་ནས་གདོང་པ་ལག་པས་སྐྱོར་ཏེ།གསར་འགྱུར་བསྡུ་སྒྲིགས་བྱེད་པ་འདི་ནི་ཅི་འདྲའི་ཐབས་སྐྱོ་བ་ཞིག་རེད།

ཁོང་ཚོ་ཕྱི་ལོགས་སུ་སོང་སྟེ་གསར་འགྱུར་བསྡུ་སྒྲིགས་ཀྱི་གོ་སྐབས་ནི་༧གོང་ས༧་མཆོག་ཨ་རི་དང་ཡོ་རུབ་སོགས་ལ་ཕེབས་ཚེ་ཁོང་ཚོ་ཡང་ཕྱི་རུ་ཕྱིན་སྟེ་གསར་འགྱུར་འདྲ་བཤད་ཁུལ་འདུག
འདི་ནི་ལོ་གཅིག་ལ་ཐེངས་ག་ཚོད་གཅིག་རེད།དེ་ཡང་ཕྱི་རྒྱལ་གྱི་མི་རིགས་ལ་བཅར་འདྲི་བྱེད་ཐུབ་ན་ཤིན་ཏུ་ལེགས་སྙམ།

ཁོང་ཚོས་གསར་འགྱུར་གཅིག་ཉི་མ་འགའ་བཤད་དགོས་བས་རྒྱུ་མཚན་ཡང་གསར་འགྱུར་བསྡུ་སྒྲིགས་བྱེད་མ་ཐུབ་པས་སྐྱོན་རེད་འདོད།གལ་སྲིད་གསར་འགྱུར་གཅིག་ཉི་མ་འགའ་བཤད་ཚེ་དེའི་གནས་ཚུལ་གསར་འགྱུར་ཟེར་བའི་མིང་ཚིག་ནང་འདིའི་ནང་ནས་ཕྱི་ལ་ཕྱིན་ཚར་བ་རེད། དེ་ནི་གསར་འགྱུར་མ་རེད་འདོད།

ཀུན་གླེང་དང་རང་དབང་རླུང་འཕྲིན་ཁང་སོགས་གསར་ཤོག་མ་ཡིན་པའི་ལས་ཁུང་གི་གསར་འགོད་པ་ཚོས་རང་དབང་གླེང་མོལ་གྱི་བཅར་འདྲི་བྱེད་ཡུལ་གཏན་འཁེལ་བྱས་བ་ལྟ་བུ་ཞིག་རེད། གལ་སྲིད་ད་རུང་ཡང་འདི་ལྟར་གསར་འགྱུར་གྱི་གནས་ཚུལ་བསྡུ་སྒྲིགས་བྱས་ཚེ།ཁ་སང་དེ་རིང་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་མེད་པ་བཞིན།བོད་དོན་ཁྱབ་བསྒྲགས་ཡང་འགྲོ་མི་སྲིད་པ་རེད།
ང་ཚོ་ཆ་ཚང་གིས་ཤེས་གསལ་ལ་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་གནས་ཚུལ་བོད་མི་རིགས་ཁོ་ནའི་ནང་ཁུལ་གྱི་གསར་འགྱུར་དུ་གྱུར་ཡོད་པ་གསལ་བོ་རེད། ཨ་རི་ལྟ་བུ་རང་དབང་ལུང་པ་ནས་མི་རིགས་འདྲ་མིན་ལ་འདྲ་པར་དངོས་སུ་བསྟེན་ཏེ་བཅར་འདྲི་བྱེད་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།ཁོང་ཚོས་དབྱིན་ཡིག་ཡག་པོ་ཤེས་ཀྱི་ཡོད་པ་རེད་འདོད།
མི་རིགས་འདྲ་མིན་ལ་བཅར་འདྲི་བྱས་རྗེས་དེས་ག་རེ་བཤད་པ་བོད་སྐད་ཐོག་བསྒྱུར་ཏེ་གསར་འགྱུར་སྒྲོགས་སྦྱངས་བྱས་ཚེ། བོད་དོན་ལ་ནུས་པ་དང་ཁྱབ་བསྒྲགས་ཆེན་པོ་འགྲོ་བ་ཐེ་ཚོམ་ག་ལ་དགོས།
འདི་ལྟར་བྱས་ཚེ་ཨ་རིའི་ཁྲིམས་དང་འགལ་ཡོད་ཀྱི་མ་རེད། འོན་ཀྱང་གསར་འགྱུར་ལས་ཁུང་གི་འགོ་ཁྲི་ཚོ་ཡང་འཕྲུལ་ཆས་ཀྱི་མི་བཞིན་མཛུབ་མོས་མནན་ཚེ་འགུལ་བསྐྱོད་བྱེད་པ་གཅིག་མཚུངས་སུ་གྱུར་འདུག་སྙམ། བསམ་བློ་བཏང་སྟེ་གསར་འགྱུར་ཚ་བོ་དང་འབྲེལ་བོད་དོན་ཁྱབ་བསྒྲགས་སུ་ག་འདྲ་བྱས་ཏེ་གཏོང་ཕྱོགས་བསམ་བློ་ཙམ་ཡང་མི་འཁོར་བ་འདི་ནི་ཅི་ཞིག་ཡིན་ནམ།གང་ལྟར་ཕྱི་ལོགས་སུ་སོང་སྟེ་སྲང་ལམ་ནས་མི་རིགས་གཞན་ཚོར་བཅར་འདྲི་བྱེད་ཐུབ་པའི་རེ་བ་ཡོད།
༢༧/༡༠/༢༠༡༢ལ་བྲིས།

སྣ་ཚོགས།

Post navigation

Previous Post: རང་རིགས་སྤུན་ཟླ་མང་པོས་རང་ལུས་མེར་བསྲེགས་གྱིས་རྒྱ་དམར་ལ་ངོ་རྒོལ་བྱེད་བཞིན་པ་ནི་ལག་གཉིས་ཐལ་མོ་སྦྱར་ནས་་་་་་་་་་་་་་་་
Next Post: ང་ལ་མིག་ཆུ་མི་འདུག –ཞར་བཀོད་གཉིས།

Comments (7) on “བོད་ཀྱི་གསར་འགོད་པ།”

  1. རིན་ཆེན says:
    2012-10-27 at 12:16 pm

    ཁྱེད་ཀྱི་བསམ་ཚུལ་དེ་འཐད་པ་ཡོད།དྲ་ཐོག་གི་གསར་འགྱུར་ཁོ་ན་ལས་མི་རིག་གཞན་ལ་བཅར་འདྲི་དང་གླེང་མོལ་བྱེད་ཐུབ་ན་ལེགས་སྙམ་མོ།

  2. རུ་ཤུལ་བུ་ says:
    2012-10-27 at 1:37 pm

    བདེན་པ་རེད། འདི་ལྟར་བྱེད་ཐུབ་ན་དགེ་མཚན་ལོས་ཡོད་འདོད། འོན་ཀྱང་འུ་ཅག་གི་གསར་འགོད་པ་དག་གིས་བོད་ནང་ཁུལ་དུ་བྱུང་བའི་གསར་འགྱུར་ཞིག་ཡིན་ན་ཚང་མས་ཧམ་འཕྲོག་བྱས་ཏེ་རང་གི་མིང་གི་ཐོག་ནས་རླུང་འཕྲིན་བརྙན་འཕྲིན་སོགས་བརྒྱུད་ནས་བོད་པ་ནང་ཁུལ་དུ་རྒྱང་སྒྲོགས་བྱེད་པ་ལས་གཞན་ཨེ་ཡོད་སྙམ།

  3. lhamotsering says:
    2012-10-27 at 3:57 pm

    བོད་ཀྱི་གསར་འགོད་པ་ཚོ་བཤད་ན་དགའ་ནི་མ་རེད་ར།དྲང་མོ་བཤད་ན་དབྱིན་ཅི་ཡག་པོ་ཞིག་མ་ཤེས་དུས་ཨ་རིའི་སྲང་ལམ་ནས་མི་རིགས་གཞན་ལ་བཅར་འདྲིའི་ནུས་པ་ཞིག་གང་ན་ཡོད།གོང་གི་བཤད་པ་དེ་གནས་ལུགས་འདུག་ནང་ཁུལ་ཁོ་ན་བཅར་འདྲི་བྱས་ན་ཁྱབ་བསྒྲགས་འགྲོ་ཐུབ་མེད།ངོ་མ་པར་བསྟན་ཏེ་སྐད་ཆ་འདྲི་ཡ་དུས་སླེབས་འདུག ཡིན་ཡང་སྲང་ལམ་ནས་ཡར་སྒྲིགས་མཁན་ཚོ་གསར་འགོད་ཀྱི་ཉམས་མྱོངས་མེད་པའི་རྟགས་གསལ་བོ་ཤར་ཡོད།ཡིན་ཡང་ང་རྒྱལ་གྱི་ལྒང་བུས་གནམ་ལ་འཕུར་ཁད་ཡོད།

  4. པདྨ་མ་འཕྲིན་ལས། says:
    2012-10-27 at 7:07 pm

    གོང་གི་བསམས་ཚུལ་ལྡན་པ་རེད། བོད་གྱི་གསར་འགོད་པ་ཚོ་ཆ་རྐྱེན་ཚང་མེད་པ་གསལ་པོ་རེད། ལྷག་པར་དུ་ཨ་རི་རླུང་འཕྲིན་ཁང་དང་ཨ་ཤ་ཡ་རླུང་འཕྲིན་ཁང་གཉིས་ཀྱི་དྲིལ་བསྒྲིགས་བ་ཚོ་དེ་ལས་ཀྱང་ཆ་རྐྱེན་ཚང་མེད་པ་ཚང་མ་རང་གི་ནང་མི་དང་སྤུན་ཉེ་སྐྱང་རེད། རྣམ་རྒྱུན་ཁོང་ཚོས་ཁ་ནང་དུ་ཁོང་ཚོ་ནི་གསར་འགོད་པ་ཡིན་ཟེར་གྱིན་ཡོད་མོད། འོན་ཀྱང་མི་རིགས་གཞན་གྱི་གསར་འགོད་གནང་བཞིན་ལས་ག་འཇོན་གྱི་མེད་པ། ཨ་རི་རླུང་འཕྲིན་ཁང་དང་ཨ་ཤ་ཡ་རླུང་འཕྲིན་གཉིས་ཀྱི་ལས་བྱེད་རྣམས་དྲ་རྒྱ་ཡི་ནང་གི་དྲིལ་བསྒྲགས་པ་རེད་མ་གཏོགས་གསར་འགོད་གང་ཡང་མ་རེད། དྲ་རྒྱའི་ནང་དུ་གསར་འགོད་པ་ཞིག་དགོས་དོན་མི་འདུག། ལས་ཁུང་གཉིས་ལ་ལས་བྱེད་བདུན་བཅུ་ཙམ་ཡོད་ཚོལ་འདུག་ཚང་མ་རང་གི་ནང་མི་རྐྱང་རེད། ལོ་རེ་ལ་ཨ་རི་གཞུང་གི་བཙལ་བྱོལ་གཞུང་ལ་ཨ་སྒོར་ས་ཡ་བཅུ་དྲུག་ཙམ་གནང་གི་ཡོད་པ་རེད་དེས་ནང་ནས་ས་ཡ་བདུན་ཙམ་རླུང་འཕྲིན་ཁང་གཉིས་ཀྱི་འགྲོ་གྲོན་རེད། དེ་ནས་ས་ཡ་བདུན་ཙམ་ལོ་ལྟར་ཨ་རི་ནང་དུ་བོད་པའི་སློབ་ཕྲུག་བཅུ་དྲུག་ནས་བཅུ་བདུན་བར་གྱི་སློབ་ཕྲུག་གི་འགྲོ་གྲོན་རེད། དེ་ནས་ལྷག་མ་རྣམས་བཙན་བྱོལ་བོད་གཞུང་ལ་རེག་གི་ཡོད་པ་རེད་། དེ་ནི་ང་ཚོའི་ཚང་ཤེས་པའི་ཨ་རི་གཞུང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ལོ་རེ་རེ་ཨ་སྒོར་ས་ཡ་གཉིས་ཀྱི་རོགས་རམ་རེད།

  5. ནོར་བུ་ says:
    2012-10-28 at 5:58 am

    དྲ་གྲོགས་ནམ་མཁའི་གསུང་ནང་བཞིན་རེད་ ང་ཚོ་བོད་གྱི་གསར་འགོད་པ་དེ་ཚོའི་གཞན་ནས་གསར་འགྱུར་བསྡུ་རུབ་བྱེད་རྒྱུ་ཕར་ཞོག། གཞན་གྱི་བསྒྲགས་ཚར་པའི་རྗེ་བཟློའི་ཀྱང་ཐུབ་གི་མི་འདུག་སེམས་ཕམ་པ་ཞིག་ལ།

  6. ནོར་བུ་ says:
    2012-10-28 at 6:03 am

    དྲ་གྲོགས་ནམ་མཁའི་གསུང་ནང་བཞིན་རེད་ ང་ཚོ་བོད་གྱི་གསར་འགོད་པ་དེ་ཚོའི་གཞན་ནས་གསར་འགྱུར་བསྡུ་རུབ་བྱེད་རྒྱུ་ཕར་ཞོག། གཞན་གྱི་བསྒྲགས་ཚར་པའི་རྗེས་བཟློས་ཀྱང་ཐུབ་གི་མི་འདུག་སེམས་ཕམ་པ་ཞིག་ལ།

  7. ཐུབ་བསྟན says:
    2012-10-28 at 7:07 am

    བོད་སྐད་གསར་འགྱུར་ཨ་རིའི་གློག་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་གསར་ཁང་འདི་གཉིས་ནང་བཞུགས་མཁན་གསར་འགོད་འདི་ཚོའི་ག་དུས་ཡིན་ན་བསྐྱར་བཟློས་དང་མི་དམངས་ལ་ཕན་ཐོག་མེད་པའི་འགྲོ་གླིང་མ་གཏོགས་གང་ཡང་ཡོད་མ་རེད་དེ་མ་བྱས་རང་བྱས་རེད་གང་ཡིན་ཟེར་ན་ཁོ་ཚོ་་ལས་ཀ་གསར་འགྱུར་བསྡུ་སྒྲིགས་བྱེད་ཐུབ་ཀྱི་ཡོད་མ་རེད། ཁོང་ཚོ་བོད་མི་དམངས་ལ་ཕན་སེམས་བྱས་ནས་ལས་ཀ་བྱེད་གི་ཡོད་མ་རེད་སོ་སོ་རྒྱག་པ་ཆགས་ཡག་ཆེད་དུ་རེད་ཁོ་ཚོ་སྒེར་སེམས་མ་གཏོགས་སྤྱི་སེམས་རྩ་བ་ནི་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme