Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གསང་བའི་དམག་སྡེའི་རྒྱལ་ཁ།

Posted on 2019-08-03 By ཁ་བརྡ 16 Comments on བོད་ཀྱི་གསང་བའི་དམག་སྡེའི་རྒྱལ་ཁ།

བྱམས་པ་ལྷུན་གྲུབ་ཀྱིས།
 
རྒྱ་གར་མངའ་སྡེ་ཨུཏྟ་རཱ་ཁཎྜ་ནང་ཡོད་པའི་རྒྱ་གར་དམག་ཁོངས་སུ་བོད་ཀྱི་གསང་བའི་དམག་སྡེ་ཞིག་ཡོད་ཅིང་། དམག་སྡེ་དེ་ནི་སྤྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་རྗེས་སུ་བཙུགས་པ་ཞིག་ཡིན། དེ་ཡང་སྤྱི་ལོ་༡༩༦༢ ཟླ་བ་ ༡༡ ཚེས་ ༡༤ ཉིན་དམག་སྡེ་དེ་དངོས་སུ་དབུ་བརྙེས་འདུག དེ་ནི་རྒྱ་གར་དམག་ཁོངས་སུ་ཡོད་པའི་གསང་བའི་དམག་སྡེ་གལ་ཆེ་གཅིག་ཡིན་ཡང་། དེའི་སྐོར་ད་ཆ་ཡང་ཤེས་མཁན་དཀོན་པོ་ཡིན།

དམག་སྡེ་དེ་ལ་བོད་ཀྱི་དམིགས་བསལ་དམག་མི་(Tibetan Special Force)ཞེས་འབོད་ཀྱི་ཡོད་འདུག་ལ། གསང་མིང་ལ་དམག་སྡེ་༢༢(Establishment 22)ཞེས་བཏགས་ཡོད་ཅིང་། ཕྱིས་སུ་དམིགས་བསལ་མདུན་རྒོལ་དམག་མི་(Special Frontier Force-SFF) ཞེས་བཏགས་འདུག དམག་སྡེ་དེས་རྒྱ་གར་གྱི་དམག་དོན་ལས་འགུལ་མང་དག་ཞིག་ནང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད།

དེ་ཡང་ཞབས་རྗེས་ཆེ་ཤོས་གཅིག་ནི་སྤྱི་ལོ་ ༡༩༧༡ ལོར་རྒྱ་གར་དང་པཱ་ཀཱིས་ཏཱན་གཉིས་བར་དམག་འཁྲུག་བྱུང་སྐབས། རྒྱ་གར་གྱི་དམག་དཔུང་རྣམས་དམག་སར་མ་ཐོན་གོང་། སྔོན་འགྲོར་དམག་སྡེ་དེའི་བོད་དམག་ ༣༠༠༠ ཙམ་ཤར་པཱ་ཀཱིས་ཏཱན་ནང་གཏོང་སྐབས། ཁོང་ཚོས་འཇབ་རྒོལ་གྱི་ཐོག་ནས་པཱ་ཀཱིས་ཏཱན་གྱི་དམག་དཔུང་རིམ་པ་དང་འཐབ་འཛིང་བྱས་ཏེ་ཕམ་ཉེས་ཆེན་པོ་བཏང་ཡོད་འདུག

དམག་འཁྲུག་དངོས་གཞི་དེ་ ༡༩༧༡ ཟླ་བ་ ༡༡ ཚེས་ ༣ ནས་ ༡༦ བར་ཏེ་ཁྱོན་ཉིན་གྲངས་༡༣ རིང་འཐབ་འཛིང་རྗེས།  པཱ་ཀཱིས་ཏཱན་ལ་ཕམ་ཉེས་ཆེན་པོ་ཐེབས་པས། མཐར་སྤྱི་ལོ་ ༡༩༧༡ ཟླ་བ་ ༡༡ ཚེས་ ༡༦ ཉིན་པཱ་ཀཱིས་ཏཱན་དམག་གིས་རྒྱ་གར་ལ་མགོ་བཏགས་ཞུས་པ་རེད། སྐབས་དེར་ཤར་པཱ་ཀཱིས་ཏཱན་གྱི་ཁོངས་གཏོགས་བྷཱངྒ་ལཱ་དེཤ་ཞེས་པའི་ལུང་པ་དེ་པཱ་ཀཱིས་ཏཱན་ལས་ཁ་ཕྲལ་ཏེ་རང་བཙན་རྒྱབ་ཁབ་ཅིག་ཆགས་པ་རེད།

རྒྱ་གར་གསར་ཁང་འདིས་བརྗོད་པ་ལྟར། སྤྱི་ལོ་༡༩༧༡ ལོར་རྒྱ་གར་ལ་དམག་འཁྲུག་དེའི་རྒྱལ་ཁ་ཐོབ་པར་ཞབས་རྗེས་གཙོ་བོ་འཇོག་མཁན་དེ་ནི་བོད་ཀྱི་གསང་བའི་དམག་སྡེ་དེའི་དམག་དཔུང་རྣམས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། དམག་འཁྲུག་དེའི་སྐབས་བོད་དམག་ ༤༩ ཙམ་གྲོངས་ཡོད་པ་མ་ཟད། ༡༩༠ ཙམ་ལ་རྨས་སྐྱོན་ཡང་ཕོག་ཡོད་འདུག

འོན་ཀྱང་དམག་སྡེ་དེ་ཆེས་གསང་བ་ཞིག་ཡིན་པས། དམག་འཁྲུག་ཐོབ་རྗེས་རྒྱ་གར་གཞུང་གིས་བོད་དམག་ ༥༨༠ ཙམ་ལ་མངོན་ཆུང་གི་ཐོག་ནས་ལེགས་གསོལ་དུ་དངུལ་རྔན་གང་འཚམས་རེ་ཕུལ་ཡོད་པ་མ་གཏོགས། ཡོངས་གྲགས་གཞུང་མང་གི་མདུན་སར་ཆེ་བསྟོད་དང་གཟེངས་རྟགས་ཕུལ་བ་བྱུང་མྱོང་མེད་འདུག མ་ཟད། གོ་གནས་མི་སྤར་བ་དང་། གླ་ཕོགས་ཉུང་བ། བགྲེས་ཕོགས་ཉུང་བའམ་མི་ཕུལ་བ་སོགས་ཀྱི་དབྱེ་འབྱེད་ཡོད་པའི་གནས་ཚུལ་ཡང་གླེང་སློང་གནང་འདུག

གསང་བའི་དམག་སྡེ་དེའི་བོད་དམག་ཚོས་ ༡༩༧༡ ལོར་དམག་འཁྲུག་གི་རྒྱལ་ཁ་བླངས་པའི་ཞབས་རྗེས་དེ་ཙམ་མ་ཟད། ད་དུང་ ༡༩༨༤ ལོའི་སྐར་སྔོན་འཐབ་རྒོལ་(Operation Blue Star)ཞེས་པའི་དམག་རྒོལ་དང་། ཀར་གྷིལ་དམག་འཁྲུག་སོགས་ཀྱི་སྐབས་ལ་ཡང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད། ཡང་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་པའི་སྐབས་མང་པོ་ལ་ཡང་བྱས་རྗེས་ཆེན་པོ་བཞག་དང་འཇོག་མུས་ཡིན་འདུག

དེར་བརྟེན་རྒྱ་གར་དམག་སྤྱི་ཆེན་པོ་ཨེས་ཨེས་ཨུ་བྷན་(SS Uban)ལགས་ཀྱིས་བོད་དམག་དེ་དག་འགོག་པ་མེད་པ་རེད་ཅེས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་གནང་མྱོང་འདུག དེ་བཞིན་སྤྱི་ལོ་ ༡༩༨༤ ལོར་རྒྱ་གར་སྲིད་བློན་ཨིཾ་དི་རཱ་གཱཾ་དྷཱི་བཀྲོངས་པའི་རྗེས་སུ། གཱཾ་དྷཱི་ཁྱིམ་ཚང་གི་སྐུ་སྲུང་འགན་ལེན་ཐོག་ལ་ཡང་མཛད་རྗེས་ཆེན་པོ་བཞག་ཡོད་པར་གྲགས།

གསར་ཁང་འདིས་སྙན་སྒྲོན་པས། སྤྱི་ལོ་ ༡༩༧༡ ལོའི་དམག་འཁྲུག་གི་རྒྱལ་ཁ་དེའི་ཆེ་མཐོང་ཡོངས་རྫོགས་བོད་ཀྱི་གསང་བའི་དམག་སྡེ་དེར་འབུལ་འོས་སྐོར་དང་། དམག་སྡེ་དེས་ཞབས་རྗེས་རླབས་ཆེན་དེ་འདྲ་བཞག་ཡོད་ཀྱང་། ཁོང་ཅག་མི་མངོན་པའི་དཔའ་བོའམ་ཡོངས་གྲགས་མེད་པའི་ཚུལ་དུ་བཞག་ཡོད་པ་དེ་ཕངས་པོ་ཡིན་སྐོར་སོགས་ཀྱང་གསུངས་འདུག མ་ཟད་རྒྱ་གར་གཞུང་མང་གཉིས་ནས་དམག་སྡེ་དེའི་མཛད་རྗེས་རྗེས་དྲན་དང་། བོད་དམག་རྣམས་ལ་ཆེ་མཐོང་དང་གཟེངས་བསྟོད་གནང་དགོས་པའི་དྲན་སྐུལ་ཡང་གནང་འདུག་ལ། བོད་དམག་རྣམས་ཀྱིས་བློས་བཏང་ཆེན་པོས་རྒྱ་གར་སྲུང་སྐྱོབ་ལ་མཛད་རྗེས་རླབས་བཞག་དང་འཇོག་མུས་ཡིན་པ་དེ་ནི། ནམ་ཡང་བརྗེད་དུ་མེད་པའི་དྲིན་ཆེན་ཡིན་སྐོར་དང་། ད་ལན་བརྙན་ཐུང་འདི་ཡང་བོད་དམག་རྣམས་རྗེས་དྲན་ཀྱི་ཆེད་བཟོས་གནང་བ་སོགས་ཀྱི་སྐོར་བཅས་གླེང་འདུག།

མཆན།
སྤྱི་ལོ་ ༡༩༧༡ ལོའི་དམག་འཁྲུག་དེའི་སྐབས། ད་ལྟའི་བྷཱངྒ་ལཱ་དེཤ་ཞེས་པའི་རྒྱལ་ཁབ་དེ་པཱ་ཀཱིས་ཏཱན་གྱི་ཁོངས་གཏོགས་ཡིན་ལ། དམག་འཁྲུག་གི་རྗེས་སུ་པཱ་ཀཱིས་ཏཱན་ལས་ཁ་བྲལ་ཏེ་རང་བཙན་རྒྱལ་ཁབ་ཆགས་པ་རེད། Operation Blue Star ཞེས་པ་དེ་ནི། རྒྱ་གར་ནང་ཡོད་པའི་སིཁ་ཆོས་ལུགས་པའི་ཤོག་ཁག་ཅིག་གིས་པཾ་ཇཱབྷ་མངའ་ཁོངས་སོགས་ལ་ཁ་ལཱིས་ཏཱན་ཞེས་པའི་རང་བཙན་རྒྱལ་ཁབ་དགོས་པའི་ཁ་བྲལ་རྩོད་ཅིང་། པཱ་ཀཱིས་ཏཱན་དང་འབྲེལ་བ་ཞུས་ཏེ་གོ་མཚོན་མཁོ་སྒྲུབ་དང་དམག་སྦྱོང་བྱས་ཏེ། རིམ་བཞིན་ཁ་བྲལ་ལས་འགུལ་དེ་རྒྱ་གར་ལ་ཉེན་ཚབས་ཆེན་པོར་གྱུར་པས། སྤྱི་ལོ་ ༡༩༨༤ ནང་སྲིད་བློན་ཨིཾ་དི་རཱ་གཱཾ་དྷཱི་ཡིས་བཀའ་མངགས་ལྟར། རྒྱ་གར་དམག་གིས་ ༡༩༨༤ ཟླ་བ་ ༦ ཚེས་ ༡ ནས་ ༨ བར་པཾ་ཇཱབ་ས་ཁོངས་ཀྱི་ཁ་བྲལ་བ་དེ་དག་འཛིན་བཟུང་དང་གཏོར་རྒོལ་བྱས་ཏེ་ཕམ་ཉེས་བཏང་བའི་འཐབ་རྒོལ་དེའི་མིང་ཡིན།

འོན་ཀྱང་རྒྱ་གར་སྤྱི་ཚོགས་ནང་འཐབ་རྒོལ་འདི་ནི་སྲིད་བློན་ཨིཾ་དི་རཱ་གཾདྷཱི་ཡིས་སྒེར་ལ་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཇུས་ངན་བཏིང་བའི་མི་གསོད་ཁྲག་སྦྱོར་གྱི་བྱས་ཉེས་ཞིག་ཡིན་པའི་སྐྱོན་བརྗོད་གནང་མཁན་ཡང་ཧ་ཅང་མང་པོ་ཡོད་ལ། དེང་སྐབས་ཀྱང་རྙོག་གླེང་ཆེ་ཤོས་ཀྱི་གནས་དོན་ཞིག་ཡིན།

འཐབ་རྒོལ་གྱི་དོན་དེའི་རྐྱེན་པས། ཁ་ལཱིས་ཏཱན་རང་བཙན་འཐབ་རྩོད་པ་རྣམས་སྲིད་བློན་ཨིཾ་དི་རཱ་གཱཾ་དྷཱི་ལ་ཞེ་འཁོན་ཧ་ཅང་ཆེན་པོར་གྱུར་པས། སྤྱི་ལོ་ ༡༩༨༤ ཟླ་བ་ ༡༠ ཚེས་ ༣༡ ཉིན་སྲིད་བློན་ཨིཾ་དི་རཱ་གཱཾ་དྷཱི་ལགས་སྒེར་གྱི་སྐུ་སྲུང་བ་ཡིན་པའི་པན་ཇཱབ་མི་གཉིས་ཀྱིས་མེ་མདའ་གཞུས་ཏེ་བཀྲོངས་པའི་ཆག་སྒོ་ཆེན་པོ་དེ་བྱུང་བ་རེད། མ་ཟད་ཁོང་མོ་བཀྲོངས་པའི་རྗེས་སུ། མི་མང་སྟོང་ཕྲག་པོས་རྒྱ་གར་རྒྱལ་ས་ལྡི་ལི་གཙོས་ས་གནས་མང་པོར་པ་ཇཱབ་གྲངས་ཉུང་མི་རིགས་རྣམས་རུབ་རྡུང་དང་། དམར་གསོད། ཅ་དངོས་གཏོར་བཅོམ་བཏང་བ་སོགས་ཛ་དྲག་གི་ཟིང་འཁྲུག་ཧ་ཅང་ཆེན་པོ་བྱུང་ཡང་། སྐབས་དེའི་གཞུང་འཛིན་ཚོགས་པ་ཀངྒ་རེས་གཞུང་གིས་ཉིན་ཤས་རྗེས་སུ་མ་གཏོགས་ཉེན་རྟོག་པ་བཏང་སྟེ་དོན་རྐྱེན་དེ་བཀག་འགོག་གནང་མེད་པས། རྒྱ་གར་བ་ཧ་ཅང་མང་པོས་ཀངྒ་རེས་གཞུང་གིས་ཨིཾ་དི་རཱ་གཱཾ་དྷཱི་བཀྲོངས་པའི་དགྲ་ཤ་ལེན་ཆེད། ཟིང་འཁྲུག་དེ་དུས་ཐོག་བཀག་འགོག་གནང་མེད་སྐོར་དང་། ཆེད་མངགས་མི་མང་ལ་སྐུལ་སློང་བྱས་ཏེ་ཉེས་མེད་པཾ་ཇཱབ་མི་མང་སྟོང་མང་པོར་རུབ་རྡུང་བྱེད་བཅུག་ཡོད་སྐོར་སོགས་ཉེས་འཛུགས་བྱས་དང་བྱེེད་མུས་ཡིན་ལ། ཟིང་འཁྲུག་གི་དོན་རྐྱེན་དེ་ནི་ཀངྒ་རེས་ཆབ་སྲིད་ཚོགས་པའི་ལོ་རྒྱུས་ནང་ནག་ཉེས་ཆེ་ཤོས་དང་རྙོག་གླེང་ཤོས་ཀྱི་གནས་དོན་ཞིག་ཡིན་པ་ཡང་ངོས་འཛིན་བྱེད་ཀྱི་ཡོད།།

གནས་ཚུལ་འདི་ནི། ཁེ་ཉིན་ནམ་སྤྱི་ལོ་ ༢༠༡༩ ཟླ་བ་ ༧ ཚེས་ ༢༩ ཉིན་རྒྱ་གསར་ཁང་ Deep Dive ཞེས་པ་དེས་སྤེལ་བའི་བརྙན་ཐུང་དེ་དང་ཡིག་ཐོག་འཁོད་པའི་གནས་ཚུལ་དེ་གཉིས་ལྟ་ཀློག་ཞུས་རྗེས། དེའི་སྙིང་དོན་བོད་བསྒྱུར་དང་སྐབས་འབྲེལ་ལོ་དུས་དང་དོན་གནད་འགའ་ཁ་སྣོན་བྱས་ཤིང་། མཆན་རྣམས་གསལ་བཤད་ཀྱི་ཆེད་གསར་སྣོན་ཞུས།                                བྱམས་པ་ལྷུན་གྲུབ་ཀྱིས་ ༢༠༡༩།༧།༣༡ ཉིན།

ལོ་རྒྱུས།

Post navigation

Previous Post: རྒྱ་གར་གློག་བརྙན་(Kabhi Kabhi) སྐབས་རེ་སྐབས་རེ་ཞེས་པའི་གླུ་ཞིག །
Next Post: བུ་མོ་རེ་བའི་མིག་ཆུ།

Comments (16) on “བོད་ཀྱི་གསང་བའི་དམག་སྡེའི་རྒྱལ་ཁ།”

  1. ཧོར་སྟོད་ཕུན་ཚོགས། says:
    2019-08-03 at 6:26 am

    གསང་དམག་དེ་ཊྲོག་ཊི་ཊྲོག༢༢རེད་འདུག་བ ཧཧ

  2. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-03 at 12:06 pm

    རྒྱ་གར་གྱི་དམག་སྡེ་ཨང་༢༢ དེ་གསང་བའི་དམག་གི་སྒྲིག་འཛུགས་
    ཤིག་ཡིན་པ་དང་རྒྱལ་ནང་གི་གསང་བ་ཕྱི་ལ་སྟོན་རྒྱུ་དེ་གནས་ཡུལ་
    རྒྱལ་ཁབ་ཀྱིས་ཁྲིམས་ལུགས་འོག་ནས་ཉེས་པ་ཕོག་མི་སྲིད་པ་མིན་ན་
    བསམ་ཡོད་ཚང་མས་ཟབ་ནན་གནང་དགོས་པའི་དུས་ལ་བབ་མི་འདུག་
    གམ།

  3. བྱམས་པ་ལྷུན་གྲུབ། says:
    2019-08-03 at 12:57 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས།
    རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རེད་དམ་གང་རེད།
    གནས་ཚུལ་འདི་སྤྱི་ཚེས་༢༩ ཉིན་རྒྱ་གར་གསར་ཁང་Deep Dive ཞེས་པ་དེས་བརྙན་ཐུང་དང་ཡིག་ཐོག་གི་གསར་འགྱུར་གཉིས་ཀའི་བརྒྱུད་བཏོན་ཏེ། རྒྱ་གར་བ་དང་། བོད་པ། དེ་མིན་ཕྱི་རྒྱལ་བ་ས་ཡ་མང་པོས་གཟིགས་ཟིན་པ་རེད། འདི་གསར་ཁང་དེའི་བསྟན་པ་དེ་གཞིར་བཞག་སྒེ་བསྒྱུར་སྤེལ་ཞུས་རེད་མ་གཏོགས།
    ང་ཚོས་དོན་མེད་སྤེལ་བ་མ་རེད་བ།

  4. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-03 at 7:12 pm

    རི་བོང་གནམ་རྡིབ་ཀྱིས་སྐད་ཆ་རེད་དམ་རྒྱུ་ཚན་ཡང་དག་གིས་
    སྐད་ཆ་རེད་རིམ་པས་ཉན་ནས་བསྡད་ན་གནས་ཚུལ་གསལ་པོ་
    གོ་ཡོང་གི་རེད།

  5. བྱམས་པ་ལྷུན་གྲུབ། says:
    2019-08-04 at 7:02 am

    བརྙན་ཐུང་དེར་གཟིགས་དང་ཤེས་ཡོང་།https://youtu.be/X9Myn8QmmGQ

  6. བདེ་འཇགས་ཕོ་ཉ། says:
    2019-08-04 at 7:27 am

    ད་ལོ་ཡང་བསྐྱར་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་རྒྱ་ནག་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས།

    ལོ་ན་ ༡༩ ཡིན་པའི་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་ད་ལོ་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས་ཡོད་པས། དཔྱད་འདེམས་པ་དང་ལྟ་མཁན་ཚང་མས་མོས་བླངས་པའི་གླུ་གཞས་ལ་ཤིན་ཏུ་དགའ་མོས་བྱེད་ཀྱིན་འདུག
    ན་ནིང་དང་གཞེས་ནིང་ལོར་བསྟན་འཛིན་ཉི་མ་དང་། བཀྲ་ཤིས་ཕུན་ཚོགས་གཉིས་ཀྱིས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ལ་ཞུགས་ཤིང་རྒྱ་ནག་རྒྱལ་ཡོངས་ནས་ཨང་དང་པོ་བླངས་ཡོད་པར་བརྟེན། རྒྱ་མི་མང་པོས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ནི་བོད་ཀྱི་སྐད་སྙན་གླུ་དབྱངས་འགྲན་བསྡུར་རེད་ཅེས་ཝི་པོ་དང་སྐད་འཕྲིན་སོགས་སུ་བྲིས་ཡོད་པ་རེད།
    https://www.youtube.com/watch?v=n77dJXLuKgE

  7. བདེ་འཇགས་ཕོ་ཉ། says:
    2019-08-04 at 7:30 am

    ད་ལོ་ཡང་བསྐྱར་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་རྒྱ་ནག་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས།

    ལོ་ན་ ༡༩ ཡིན་པའི་བོད་ཀྱི་བུ་མོ་གསེར་བསྟན་སྨན་འཚོ་ད་ལོ་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་དུ་ཞུགས་ཡོད་པས། དཔྱད་འདེམས་པ་དང་ལྟ་མཁན་ཚང་མས་མོས་བླངས་པའི་གླུ་གཞས་ལ་ཤིན་ཏུ་དགའ་མོས་བྱེད་ཀྱིན་འདུག
    ན་ནིང་དང་གཞེས་ནིང་ལོར་བསྟན་འཛིན་ཉི་མ་དང་། བཀྲ་ཤིས་ཕུན་ཚོགས་གཉིས་ཀྱིས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ལ་ཞུགས་ཤིང་རྒྱ་ནག་རྒྱལ་ཡོངས་ནས་ཨང་དང་པོ་བླངས་ཡོད་པར་བརྟེན། རྒྱ་མི་མང་པོས་ཀྲུང་གོའི་སྐད་སྙན་གླུ་དབྱངས་འགྲན་བསྡུར་ནི་བོད་ཀྱི་སྐད་སྙན་གླུ་དབྱངས་འགྲན་བསྡུར་རེད་ཅེས་ཝི་པོ་དང་སྐད་འཕྲིན་སོགས་སུ་བྲིས་ཡོད་པ་རེད། གཤམ་གྱི་དྲ་ཐག་བརྒྱུད་ནས་གསེར་བསྟན་སྨན་འཚོའི་གླུ་དབྱངས་ “རང་ཉིད་བོར་བ།”ཞེས་པ་དེ་བལྟ་ཐུབ།
    https://www.youtube.com/watch?v=n77dJXLuKgE

  8. སྟག་སྨྱོན། says:
    2019-08-05 at 9:15 am

    གཞས་མ་འདི་དག་གི་ཐོག་ནས་ཞེད་སྣང་ལངས་དགོས་པའི་གནས་ཚུལ་གཅིག་མཐོང་བ་ནི། བོད་ཀྱི་ཕྱི་རབས་རྣམས་རྒྱ་མི་རིགས་སུ་འགྱུར་ཚད་མྱུར་བ་དང་སྤུས་ཚད་མཐོ་བ་རེད། བོད་གཞིས་མི་མཐོང་བས་མ་འོངས་པར་བོད་ཟེར་བ་ཞིག་མེད་པར་འགྱུར་རྒྱུ་རེད

  9. རང་བྱུང་རིག་པའི་རྡོ་རྗེ says:
    2019-08-05 at 2:53 pm

    ང་ལ་ཅིག་འགྲིག་གི་ཡོད་ས་མ་རེད་ཀོ། ང་མོའི་གླུ་བཞེས་ལ་གཏན་ནས་དགའ་ཡི་མི་འདུག གྲུང་གོའི་བྱ་དགའ་ཨང་དང་པོ་ཐོབ་པ་ཞིག་ངས་གཏན་ནས་སྙན་མོ་མི་མཐོང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ང་ལ་གཅིག་འགྲིག་གི་ཡོད་ས་མ་རེད་ད། ཁྱེད་རང་ཚང་མས་མོའི་གླུ་བཞེས་ཧ་ཅང་གི་སྙན་པོ་མཐོང་གི་འདུག་གམ། །

  10. གཞུང་པ་ཚེ་དབང་བསོད་ནམས says:
    2019-08-05 at 10:23 pm

    བོད་མི་རིགས་ཀྱིས་ལས་དབང་བསོད་ནམས་ཉམས་ནས་རྒྱའི་གཞས་དང
    རྩེད་མགྲན་ནང་འཛུལ་ནས་མ་འོངས་བོད་མི་རིགས་འདི་རྒྱ་མིའི་ཁོངས་
    གཏོགས་སུ་སྒྲུབ་རྒྱུའི་ལོ་རྒྱུས་རྫུན་བཟོའི་འོག་བོད་མི་རིགས་ལངས་མི་
    ཐུབ་པ་བཟོ་འཆར་ཙམ་དང་བོད་མི་ཁ་ཤས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་
    དཔལ་འབྱོར་འཕེལ་རྒྱས་ལ་སེམས་པ་ཤོར་ནས་བོད་མི་རིགས་ཀྱིས་ཆོས་
    དང་རིག་གཞུང་སྣང་དུ་དཀྱུར་བཞིན་པ་དེ་ཚོ་ལ་ཞིབ་ཏུ་དཔྱད་སྐབས་ང་
    བོད་མི་རིགས་འདི་རྒལ་ཚིག་མེད་པའི་འབུ་སྲིན་དང་ཁྲག་རྩ་མེད་པའི་སྲོག་ཆག་ཕྲ་མོ་ཙམ་དུ་ཟད་པ་མ་རེད་དམ།

  11. ཉི་མ་རང་གྲོལ། says:
    2019-08-06 at 12:22 am

    བདེན་གི་

  12. ཨ་ཁུ་འབྲོག་པ། says:
    2019-08-06 at 8:45 am

    བོད་རྒྱ་གཉིས་ཕན་མཉམ་མཐུན་བྱས་ཏེ་མི་སྡོད་ཀ་མེད་ཀྱི་གནས་སྟངས་འདིའི་འོག རྒྱ་མི་རིགས་ལ་ཐོབ་ཐང་གང་ཡོད་པ་དེ་ཚོ་བོད་རིགས་ཚོས་ཀྱང་ལེན་ཐུབ་པ་དགོས། ཐོབ་ཐང་ཆུང་ཚགས་འདི་འདྲ་བོ་ནས་འགོ་བཙུགས་ཏེ། མི་རིགས་ནག་པོས་རེ་བ་གང་ཡང་མེད་པའི་སྐབས་ནས། I have a dream ཞེས་བརྗོད་པ་ནང་བཞིན་ཉིན་གཅིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་དེ། བོད་རིགས་ཤིག་གིས་བྱེད་དགོས་པའི་འཆར་སྣང་ངེས་ཅན་ཞིག་བཟུང་དགོས་པ་ལས། གུ་དོག་བྱེད་མི་ཉན་གི་མོ།

  13. བདེ་འཇགས་ཕོ་ཉ། says:
    2019-08-29 at 10:08 am

    ཁ་མཆུ་ཨང་ཉི་ཤུ་པ་འདི་རེད། https://www.youtube.com/watch?v=jCVNGtopHJU&t=37s

  14. བྱམས་པ་ལྷུན་གྲུབ། says:
    2020-09-11 at 9:00 pm

    ད་ལོར་གནས་དོན་འདི་གསལ་དུ་འགྲོ་སོང་།

  15. ཀརྡོ་རབ་འབྱམས་པ་ says:
    2020-09-11 at 11:36 pm

    ་་་་་་་་་་་་་་་་ དམག་སྡེ་དེ་ལ་བོད་ཀྱི་དམིགས་བསལ་དམག་མི་(Tibetan Special Force)ཞེས་འབོད་ཀྱི་ཡོད་འདུག་ལ། གསང་མིང་ལ་དམག་སྡེ་༢༢(Establishment 22)ཞེས་བཏགས་ཡོད་ཅིང་། ཕྱིས་སུ་དམིགས་བསལ་མདུན་རྒོལ་དམག་མི་(Special Frontier Force-SFF) ཞེས་བཏགས་འདུག དམག་སྡེ་དེས་རྒྱ་གར་གྱི་དམག་དོན་ལས་འགུལ་མང་དག་ཞིག་ནང་ཞབས་རྗེས་རླབས་ཆེན་བཞག་མྱོང་ཡོད། ་་་་་་་་་་་

  16. ཀརྡོ་རབ་འབྱམས་པ་ says:
    2020-09-11 at 11:44 pm

    བོད་ཀྱི་དམིགས་བསལ་དམག་མི་(Tibetan Special Force) འདི་ཐོག་མར་བོད་དོན་ཆེད་དུ་བཙུགས།
    གསང་མིང་ལ་དམག་སྡེ་༢༢(Establishment 22)two twoབཏགས་ཀྱང་། ཕྱིས་སུ་དམིགས་བསལ་མདུན་རྒོལ་དམག་མི་(Special Frontier Force-SFF) ཞེས་བཏགས་ནས ༦༢ དམག་སར་བོད་རིགས་དམག་མི་བཏང་ཡོད་རེད། བང་ལ་དེཤེ་དམག་བོད་རིགས་དམག་མི་༥༦གི་སྲོག་ཤོར་བ་དང་། མང་པོ་རྨས། དེ་བཞིན་འབྲོག་ལམ་དང་། ཀར་རྒྱིལ་དམག་ལ་ཡང་བོད་པའི་དམག་མིར་དཀའ་ངལ་མང་པོ་འཕྲད་ཡོད་རེད་སྙམ་ཡང་། ད་ལྟའི་བར་རྒྱ་གར་བོད་ལ་བཀའ་དྲིན་ཆེ་བས་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme