Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གཞོན་སྐྱེས་ཚོའི་སྐྱབས་གནས།

Posted on 2012-09-18 By ཁ་བརྡ་ 17 Comments on བོད་ཀྱི་གཞོན་སྐྱེས་ཚོའི་སྐྱབས་གནས།

ཨོ་རྒྱན་ཉི་མ།

དེང་སང་བོད་ཀྱི་གཞོན་ སྐྱེས་ཚོའི་ངག་དང་། ཞེ་ན་མཛའ་བ་ནི་ནུབ་ཕྱོགས་པའི་མཚན་ཉིད་སྨྲ་བ་དང་། སྐྱེ་དངོས་སྨྲ་བ། དངོས་གཙོ་སྨྲ་བ། སེམས་ཁམས་སྨྲ་བ་ཚོ་རེད། དེ་དག་གིས་བཤད་པ་དང་། སྒྲུབ་པ། བསམ་པ་ཡོད་ཚད་ཡང་དག་ཅིག་དང་། དོན་མཐུན་ཞིག ད་དུང་ཚད་མ་ཞིག་ཏུ་འཛིན་བཞིན་པར་མ་ཟད། དེ་དག་གི་གཏམ་དང་། རྣམ་འགྱུར་ཡོད་ཚད་དཀོན་མཆོག་ཏུ་འཛིན་ཅིང་། གཞན་ལ་ངོམ་རིན་ཡོད་པ་དང་། རང་གི་བདག་སྐྱོང་བྱ་རིན་ཡོད་པ་ནི་ནུབ་ཕྱོགས་པའི་རིག་གཞུང་དང་། དེའི་བྱེད་ལས། དེའི་ནུས་མཐུ་དག་རེད། རིག་གསར་ལ་དགའ་བ་ཚོས་བཤད་སྟངས་ལྟར་ན་སྤྱི་ཚོགས་རྙིང་པ་དང་། ལམ་ལུགས་རྙིང་པ་ནི་བྲན་གཡོག་དང་། བཀོལ་སྤྱོད། རང་དབང་གི་མུན་ནག་ཅེས་འབོད་སྲོལ་དུ་མ་ཡོད་ཀྱང་། དོན་དངོས་ཀྱི་ཆ་ནས་གཞལ་ན་སྤྱི་ཚོགས་གསར་རྙིང་གཉིས་ལ་སྐྱོན་དང་ཡོན་ཏན་གཉིས་ སུ་ཡོད་ཀྱང་། སྤྱི་ཚོགས་གསར་བའི་སྐྱོན་ལས་ཆེ་བ་ཞིག་རྙིང་པ་ལ་ཡོད་པར་མི་འདོད་ཅིང་། བྲན་གཡོག་པ་ཚོས་གསོན་པོ་བཀོལ་སྤྱོད་ཀྱི་གཉའ་གནོན་བྱས་ཡོད་ཀྱང། རིག་གསར་བ་ཚོས་རྙིང་ཞེན་པ་ཕལ་ཆེ་བ་སྲོག་ཐོག་ཏུ་བཏང་ཡོད། སྔོན་གྱི་དུས་སུ་གྲི་དང་མདུང་གིས་བསྣུན་ཏེ། མི་རེ་རེ་ནས་སྲོག་ལ་བརྒོལ་ཏེ། ཇི་ལྟར་མང་ཡང་བརྒྱ་ཕྲག་ཁ་ཤས་ཀྱི་སྲོག་གི་དབང་པོ་འཕྲོག་ཡོད་སྲིད་པ་རེད། རིག་གསར་བ་ཚོས་དམག་ཆེན་དང་པོའི་སྐབས་སུ་མི་ས་ཡ་དགུ་བསད་པ་དང་། དམག་ཆེན་གཉིས་པའི་སྐབས་སུ་ས་ཡ་བདུན་ཅུ་བསད་པ་རེད། རྗེས་ནས་དམག་ཆེན་གསུམ་པ་ལང་སོང་ན་སྲོག་ག་ཚོད་འཆོར་ས་རེད། ཚང་མས་ལེགས་པར་སོམས་དང་། བྲན་གཡོག་ལམ་ལུགས་དང་། མིང་གིས་སྙན་པའི་སྤྱི་ཚོགས་ལམ་ལུགས་གཉིས་འགྲོ་བ་མིའི་རིགས་གཙོར་བྱས་པའི་མི་ རིགས་དང་། དུད་འགྲོའི་རིགས་ཏེ། སྐྱེ་འགྲོ་ཡོད་དོ་ཅོག་ལ་ཕན་གནོད་གང་ཆེ་ས་རེད། གནའ་བོའི་དུས་ཀྱི་སྤྱི་ཚོགས་དང་དེང་སང་སྤྱི་ཚོགས་གཉིས་ཀྱི་ཕན་གནོད་བསྡུར་ དགོས་པ་ལས། དེང་རབས་སྨྲ་བ་ཚོས་གང་བཤད་ཡིད་ཆེས་པ་དང་། གང་བཟོས་ལ་ཡིད་སྨོན་འཆོར་བསྡད་ན་དུས་ནམ་ཞིག་གི་ཚེ་ཡོད་ཚད་བརླགས་ངེས་རེད། ཁྱེད་ཚོས་འཆར་སྣང་རིང་ལུགས་དང་། རྟོག་སྒྲུང་། སྐྱོ་སྣང་རིང་ལུགས། རྟོག་བཏགས་རིང་ལུགས་སོགས་ཇི་ལྟར་བཤད་ཀྱང་། སྲོལ་རྒྱུན་པའི་སྒོ་གསུམ་གྱི་སྤྱོད་པ་དང་། བསམ་བློ་ཡོད་ཚད་འཁོར་ཡུག་སྲུང་བ་དང་། རྒྱལ་ཁབ་དང་། མི་རིགས་ཀྱི་བདེ་དོན་ཆེད་དུ་བྲིས་པ་དང་། བཤད་པ། བསྒྲུབས་པ་རྐྱང་རྐྱང་རེད། དཔེར་ན་རྡོ་གཉན་གཅོག་པ་དང་། ཤིང་གཉན་བཅད་པ། ཆུ་གཉན་དཀྲུག་ན་མི་འདོད་པའི་གོད་ཆག་འབྱུང་བར་བཤད་པ་ལ་བརྟེན་ནས་གང་བྱུང་ འཁོར་ཡུག་ལ་གཏོར་བརླག་ཏུ་མི་གཏོང་བ་དང་། མི་དང་མིའི་འདོད་འདུན་རང་གི་ཤེས་འཇོན་དང་བསྟུན་དགོས་པ་ལས། ཧ་ཅང་གི་འདོད་རྔམ་ཆེ་མི་རུང་བར་བཤད་པ་འདིས་ཀྱང་འགྲོ་བ་མིའི་རིགས་ཀྱི་སེམས་ ཁམས་སྲུང་ཡོད་པའང་སྨོས་མ་དགོས་པ་ཞིག་རེད། དེ་ཕྱིར་དེང་རབས་སྨྲ་བ་ཚོས་མིག་མཐོང་ལག་ཟིན་མ་བྱུང་ན་ཁེ་མི་ལེན་ཞེས་པ་དང་། རང་གི་དབང་པོ་སྒོ་ལྔ་ལས་གཞན་པའི་ཚད་མ་ཞིག་མེད་པར་འདོད་པའི་ཉེར་ལེན་ལ་བརྟེན་ ནས། འདོད་ཡོན་ལྔ་པོས་བསྐང་མ་ཐུབ་པའི་རེ་འདོད་དང་། སེམས་མུག ཡིད་ཆད་ཀྱི་ནད་མང་པོ་ཞིག་སླེབ་བཞིན་པ་རེད། སྐྱེ་བོ་རང་རྒྱུད་པ་ཚོས་དཀའ་ངལ་ཆེན་པོ་ཞིག་མ་བསླེབ་པར་སྐྱབས་གནས་ཤིག་འཚོལ་ མི་སྲིད་པ་དང་། སྐྱབས་འཚོལ་བྱ་དེ་ཡང་འཇིག་རྟེན་པའི་གང་ཟག་མི་དང་། མི་མིན་གང་རུང་རང་ལས་གཞན་པ་དག་ལ་སྐྱབས་སུ་བཟུང་བ་ལས། སྡུག་བསྔལ་ཀུན་གྱི་གཉེན་པོ་ཆོག་ཤེས་ཞེས་པ་དང་། བྱམས་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་དག་ཡོད་པར་ཐོས་མ་མྱོང་ཞིང་། གལ་སྲིད་གོ་ཐོས་ཙམ་ཡོད་ཀྱང་དེའི་དོན་ལ་སེམས་ཤིང་། རང་གཞན་གཉིས་ཕན་གྱི་བྱ་བ་བརླབས་ཆེན་གྱི་ཐོག་མཐའ་བར་གསུམ་ལ་བརྩོན་མཁན་ཉུང་ ཉུང་རེད། དེ་ཕྱིར་མིག་དང་རྣ་བ་སོགས་ལས་འདས་ཤིང་། ཚུར་མཐོང་གི་ར་བ་ལས་བརྒལ་བའི་ཚད་མ་ཞིག་དང་། དོན་དངོས་པོ་གནས་ཚུལ་ལས་མི་འགོང་བའི་ལྟ་བ་དང་། སྒོམ་པ། དེ་གཉིས་ཀྱིས་དྲངས་པའི་སྤྱོད་པ་དུ་མ་ཞིག་ཡོད་པ་ནི་སྔོན་བྱོན་གྲུབ་ཐོབ་གོང་ མའི་རྣམ་ཐར་དང་། དེ་དག་གིས་གསུངས་པའི་དམ་ཆོས། དེ་ལ་བསམ་གཞིགས་ཡང་ཡང་བྱས་པའི་མྱོང་བ་གསུམ་གྱིས་ཡོད་པར་མཐོང་བས། ཚུར་མཐོང་གི་ར་བ་ལས་བརྒལ་བའི་ཆོས་ལ་ཐོས་བསམ་གྱིས་སྒྲོ་འདོག་གཅོད་ཅིང་། སྒོམ་པས་མྱོང་བ་གསོན་པོ་རང་རྒྱུད་དང་འདྲེས་སུ་འཇུག་པ་དེ་གལ་ཆེན་པོ་ཡིན་པར་ མཐོང་། དེང་སང་ཆོས་ལུགས་པ་ཙམ་དུ་མ་ཟད། ཆོས་མེད་སྨྲ་བ་ཚོས་ཀྱང་འགྲོ་བ་མིའི་རིགས་ཀྱི་ཚད་གཞི་ལས་འགོང་བའི་བློ་གཏོད་ ས་ཞིག་དང་། སྐྱབས་གནས་བཟུང་ས་ཞིག་ཡོད་དགོས་པའི་བསྐུལ་མ་བྱེད་མཁན་མང་པོ་རེད། ཡིན་ན་ཡང་བོད་པའི་གཞོན་སྐྱེས་ཐུན་མོང་གི་རིག་གནས་ཙམ་ལ་སྦྱང་པ་བྱས་ཤིང་། ཐུན་མིན་གྱི་གནས་ལུགས་ཁོང་དུ་མ་ཆུད་པ་ཚོས་ལུས་ངག་ཡིད་གསུམ་པོ་ནུབ་ཕྱོགས་ པའི་ལྷ་མེད་སྨྲ་བ་དང་། དངོས་གཙོ་སྨྲ་བ། འཇིག་རྟེན་འདི་ཕུང་ལ་སྦྱོར་མཁན་གྱི་རིག་གསར་བ་ཚོར་བཅོལ་ཞིང་། དེ་དག་གིས་སྐད་ཆ་ཚིག་གཅིག་བཤད་པ་དང་། བཟོས་པའི་བཅའ་ལག་གཅིག་མཐོང་བ་དང་ཧ་ལས་ཧོན་འཐོར། དེ་དག་གི་ཡོན་ཏན་བརྗོད། སྐྱོན་ལ་སྐྱོན་དུ་མ་གོ་བའི་སྨྱོ་གཏམ་ལུང་པ་གང་བཤད་དེ་རང་གིས་རང་ཉིད་ལོག་ པའི་ལམ་དུ་བརྫང་མཁན་མང་པོ་རེད། བོད་ཀྱི་མཁས་པ་ཚོས་ཙག་སྒྲ་དང་། གཙང་ཆབ། ཚ་དེམ་བཟོ་མ་ཤེས་རུང་། འཇིག་རྟེན་འདིའི་གོང་ནས་ཞབས་འདྲེན་སྔར་ཡང་ཞུས་མི་འདུག་ལ། གཞུག་ནས་ཀྱང་ཞུ་མདོག་ཁག་པོ་མ་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་དང་། མི་རིགས། རྒྱལ་ཁབ་ཀྱི་གཟི་བརྗིད་བསྐྱེད་བསྲིང་བྱ་བ་དང་། འཇིག་རྟེན་འདིའི་སྟེང་དུ་ད་དུང་གསོན་པོར་གནས་འདོད་ན་རྙིང་ཞེན་ཆེ་དགོས་པར་ འདོད། །

སྣ་ཚོགས།

Post navigation

Previous Post: ལོ་རྒྱུས་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་།
Next Post: དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ།

Comments (17) on “བོད་ཀྱི་གཞོན་སྐྱེས་ཚོའི་སྐྱབས་གནས།”

  1. སྦྲ་དཔལ་ལྡན། says:
    2012-09-18 at 5:41 am

    ཡག་པོ་འདུག་ ཐེགས་ཤིག་བཀླགས་ཡིན

  2. སྦྲ་དཔལ་ལྡན། says:
    2012-09-18 at 5:41 am

    བསམ་ཚུལ་ཞིག་འབྲི་དགོས་བསམ་མོད་འཛིན་གྲྭར་འགྲོ་རན་སོང་།

  3. གསེར་འབྲུག་སྡེར་ལྔ་ says:
    2012-09-18 at 7:18 am

    མི་འདིས་ཆེས་གཡོལ་དུ་མེད་པའི་དུས་ཀྱི་འགྱུར་བ་རང་བཞིན་ཅན་དང་མིའི་བསམ་པའི་དཔལ་ཡོན་སོགས་འགོག་ཐབས་མེད་པའི་འགྱུར་བ་རང་བཞིན་ལ་ངོས་ལེན་མེད་པའ་འདྲ། ཡང་ན་ཉིད་རང་གདོད་མའི་སྤྱི་ཚོགས་སྐྱར་ལོག་ལ་རེ་དགོས་པ་རེད་ལ། ཡང་གཅིག་མིན་ན་ཁ་བྲག་ཕུག་ལ་གཏད་དེ་འཚོ་བ་ཟ་སྔོ་ལ་བརྟེན་དགོས་པ་རེད།

  4. དགའ་སྐུ་ says:
    2012-09-18 at 7:31 am

    འདི་ནི་གཞོན་སྐྱེས་ཚོར་ཁག་མེད། གཏམ་དཔེར་ other side grass is greener than this side. ཟེར་བ་ལྟར་རེད། ཡིན་ཡང་སྐྱོན་མེད་སྙམ། སྔ་མོ་ངའི་ངོ་ཤེས་ཡི་ཤུའི་སློབ་གྲྭར་འགྲོ་མཁན་ཞིག་ནས་གོང་ལྟར་བཤད་ཀྱིས་ཡོད། ལྷག་པར་དུ་ནང་ཆོས་ལ་ཡིད་ཆེས་མེད་རབས་དང་དེ་དོན་མ་རྟོགས་པའི་རྒྱུ་མཚན་ལྟར་སྣང་དུ་མ་བཤད་ནས་ཡི་ཤུ་ཆོས་ལུགས་ཡག་རབས་སོགས་བཤད། ངོ་མཚར་བ་ཞིག་ལ་ཁོང་སློབ་གྲྭ་ནས་ཐོན་རྗེས་ཕྱི་རྒྱལ་ལ་སོང་ནས་ཡུན་མི་རིང་བར་ནང་ཆོས་བྲོ་བ་སྔ་བས་མྱོང་ནས་ནང་ཆོས་ལས་ལྷག་པ་ཞིག་གང་ན་ཡོད་ཟེར་བཞིན་དངོས་སུ་ཉམས་ལེན་ལ་སྦུང། མི་ཚེ་ཁོ་རང་ཤ་མེད་ཟས་ལ་རོལ། རང་གི་ཆུང་མ་དང་བུ་བུ་མོ་རྣམས་ལ་ཡང་ནང་ཆོས་བསྐོར་ངོ་སྤྲོད་གང་ལེགས་གནང་གི་འདུག། གཞོན་སྐྱེས་ཚང་མར་དེ་འདྲ་བུའི་གོ་སྐབས་ཡོད་མེད་ནི་སོ་སོའི་བསོད་ནམས་ལ་རག་ལས་པར་སེམས།

  5. བསེ་རུ། says:
    2012-09-18 at 8:27 am

    འདི་ནའང་བསམ་བློ་གཏོང་རིན་ཡོད་པའི་སྐད་ཆ་དམར་རྗེན་ཁག་ཅིག་བཤད་འདུག
    བློ་ཕྱི་བལྟས་ཀྱི་ཤེས་པའི་རྗེས་སུ་འགྲོ་མང་དྲགས་ན། དེ་ཡང་ཉེན་ཁ་ཞི ག་རེད།
    ཡང་བློ་ནང་བལྟས་ཀྱི་ཤེས་པའི་རྗེས་སུ་འགྲོ་དྲགས་ནའང་དེ་ཡང་ཉེན་ཁ་ཞིག་རེད།

    ད་ཉེན་ཁ་དེ་ལས་གཡོལ་བའི་ཐབས་ལམ་གསུམ་པ་དེ་གང་ཡིན་ནམ།

    སྤྱི་ཚོགས་ཀྱི་སྣང་ཚུལ་བདེན་བདེན་འདྲ་ཞིག་འདིར་གསུངས་འདུག བསམ་བློ་གཏོང་རིན་འདུག

  6. བསམ་འཕེལ། says:
    2012-09-18 at 8:41 am

    གསར་རྙིང་གཉིས་ཀར་ཁ་ལག་ཆ་སྙོམ་མེད་པ་གཅིག་མཚུངས་རེད་ལ། ནང་ཆོས་ཉམས་ལེན་པ་ཚོར་ཡང་དེ་བཞིན་ནོ། འཇིག་རྟེན་གྱི་མི་ཚང་མར་ཁྱི་ལོ་ཕག་ལོ་ཡིན་པར་ཤེས་པར་བྱོས།

  7. གནམ says:
    2012-09-18 at 9:39 am

    ཡ། ང་ལྟ་བུའི་རང་བཞིན་ཟ་སྐྱིད་དང་འཐུང་སྐྱིད། ཀུན་ལ་དགའ་ཞིང་དམངས་ལ་དུངས་བའི་མི། དེ་རིང་བྱུང་ན་དེ་རིང་དང་སང་ཉིན་བྱུང་ན་སང་ཉིན་པ་ཞིག་ལ་མཚོན་ན་ནང་ཆོས་ཟེར་བའི་དོན་ཟབ་ཞིང་གཏིང་མི་དཔག་པའི་ཆོས་ལུགས་འདི་དེ་འདྲའི་ཕན་ཐོག་པོ་ཞིག་རེད་མི་འདུག་ཡ། འཇིག་རྟེན་ཁྱིམ་པའི་འཚོ་བ་ལ་ཕན་པའི་རིགས་གནས་རྐང་གཅིག་ཀྱང་མི་འདུག་ཟེར་ན་མ་ཆོག་པ་འདྲ་པོ་མི་འདུག། མཐའ་ན་བོད་ཁ་བ་ཅན་གྱི་རྩམ་པ་ཙམ་ཡང་བཟའ་སྟངས་ལབ་ཡོད་ས་མ་རེད། དེ་ལས་མི་རིགས་གཞན་གྱིས་སྐྱག་པ་གཏོང་ཚུལ་ཚུན་ཆད་ལ་ལམ་སྟོན་ཡོད་པའི་ཤེས་བྱ། ཉིན་རེར་འཚོ་བའི་ཁྲོད་ལ་དགོས་དངོས་ཀྱི་ཤེས་བྱའི་ལམ་ལ་ཞུགས་ན་ད་གཟོད་ང་ཚོ་འདྲ་མཉམ་དུ་འགྲོ་སྲིད་པ་ཞིག་རེད་ལ། ད་དུང་སྡེ་བས་སྐྱིད་ཀི་རྟ་བོ་ཞོན་དུས་རང་དགས་སྡུག་གི་བོང་བུ་ཞོན་མི་དགོས་བ་དང་། དགྲ་བོས་བཙན་པོའི་དཔའ་གཏམ་བསྒྲགས་དུས་རང་དགས་སྡར་མའི་སྤར་མོ་ཀུམ་མི་དགོས་བ་དང་། ད་དགེ་མཚན་མང་གི་ཡ། ཨོ་རྒྱན་ཉི་མ་ལགས།

  8. ལུང་རྟོགས། says:
    2012-09-18 at 3:24 pm

    དེང་རབ་དང་གསོལ་རྒྱུན་གཉིས་ཀའི་མཐའ་ལ་མ་ལྷུང་བ་ཞིག་དགོས་རྒྱུ་གལ་ཆེ།

  9. རྣ་བ་བརྒྱདཔ་ says:
    2012-09-18 at 5:46 pm

    འཇིག་རྟེན་འདིའི་སྟེང་དུ་ནང་ཆོས་དང་རིགས་གཞུང་སོགས་གནས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྙིང་བའི་ལྟ་གྲུབ་དང་དེའི་དགའ་ཕྱོགས་གྱི་གཙོ་བོ་འདོར་མི་རུང་བའི་ཁར། དིང་གི་ཚན་རིགས་ཡང་དགོས་བར་སེམས། འོན་ཀྱང་ངེས་བར་འདོར་དགོས་པ་ཞིག་ནི་རང་གི་རྒྱལ་ཁབ་དང་མི་རིགས་ཐ་ན་རང་གི་དཔལ་འབྱོར་དང་སྙན་གྲགས་སོགས་བསྐྲུན་པ་ལ་རང་གི་འབད་རྩོལ་གྱི་ནུས་པ་མི་འདོན་པར་རྟག་དུ་གཞན་ལ་རེ་བའི་བསམ་པ་རྙིང་བ་དེ་ནི་ངེས་པར་འདོར་དགོས་ཤིང། དེ་ནི་གྲོང་བ་དང་བསླབ་གྲྭ་སོགས་གྱིས་ཤུགས་སྣོན་རྒྱབ་དགོས་པར་སེམས་སོ།

  10. དབང་འདུས། says:
    2012-09-18 at 11:06 pm

    དངོས་གནས་དོན་དང་མཐུན་པའི་སྐད་ཆ་བཤད་འདུག ཡིན་ནའང་ང་ཚོའི་སྤྱི་ཚོགས་རྙིང་ཞེན་པའི་རིག་གཞུང་ལ་བརྟེན་ནས་དཔལ་འབྱོར་ལེགས་པོ་ཞིག་འཚོལ་སྒྲུབ་བྱེད་མ་ནུས་པར་བརྟེན་གཞོན་སྐྱེས་ཚོའི་གློ་སྙིང་བྲང་གསུམ་ནུབ་ཕྱོགས་པའི་རིག་གཞུང་གི་བྲན་གཡོག་ཏུ་གྱུར་པ་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 11:21 pm

    ་་་་་ དཔེར་ན་རྡོ་གཉན་གཅོག་པ་དང་། ཤིང་གཉན་བཅད་པ། ཆུ་གཉན་དཀྲུག་ན་མི་འདོད་པའི་གོད་ཆག་འབྱུང་བར་བཤད་པ་ལ་བརྟེན་ནས་གང་བྱུང་ འཁོར་ཡུག་ལ་གཏོར་བརླག་ཏུ་མི་གཏོང་བ་དང་། མི་དང་མིའི་འདོད་འདུན་རང་གི་ཤེས་འཇོན་དང་བསྟུན་དགོས་པ་ལས། ཧ་ཅང་གི་འདོད་རྔམ་ཆེ་མི་རུང་བར་བཤད་པ་འདིས་ཀྱང་འགྲོ་བ་མིའི་རིགས་ཀྱི་སེམས་ ཁམས་སྲུང་ཡོད་པའང་སྨོས་མ་དགོས་པ་ཞིག་རེད། ་་་་་ཟེར།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-09-18 at 11:25 pm

    བོད་ཀྱི་མཁས་པ་ཚོས་ཙག་སྒྲ་དང་། གཙང་ཆབ། ཚ་དེམ་བཟོ་མ་ཤེས་རུང་། འཇིག་རྟེན་འདིའི་གོང་ནས་ཞབས་འདྲེན་སྔར་ཡང་ཞུས་མི་འདུག་ལ། གཞུག་ནས་ཀྱང་ཞུ་མདོག་ཁག་པོ་མ་རེད། དེ་ཕྱིར་བོད་ཀྱི་རིག་གཞུང་དང་། མི་རིགས། རྒྱལ་ཁབ་ཀྱི་གཟི་བརྗིད་བསྐྱེད་བསྲིང་བྱ་བ་དང་། འཇིག་རྟེན་འདིའི་སྟེང་དུ་ད་དུང་གསོན་པོར་གནས་འདོད་ན་རྙིང་ཞེན་ཆེ་དགོས་པར་ འདོད། ། ཟེར།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-09-19 at 12:42 am

    ཨོ་རྒྱན་ཉི་མའི་སྐྱབས་གསར་འདི། །
    དུས་སུ་སྨིན་པའི་ཆར་དང་མཚུངས། །
    སྲོལ་རྒྱུན་ཡ་རབས་ཤེ་ཡོན་སྲུངས། །
    དེང་དར་ཡ་རབས་ཚན་རིག་སྤྱོད། །

  14. གསེར་འབྲུག་སྡེར་ལྔ་ says:
    2012-09-19 at 5:00 am

    བོད་ཀྱི་མཁས་པ་ཚོས་ཙག་སྒྲ་དང་། གཙང་ཆབ། ཚ་དམ་ཕན་ནས་བཟོ་མ་ཐུབ་ཙང་རང་ཡུལ་དེ་གཞན་ལག་ཏུ་བསྐྱལ་བ་མ་རེད་པས། མ་ཟད་གོ་ལ་ཧྲིལ་པོ་རྫས་འཕྲུལ་དང་མཚན་རྩལ་གྱི་ཉི་མ་ཤར་ཡོང་དུས་བོད་འདི་རྙིང་ཞེན་གྱིས་མུན་པས་བཏུམས་ནས་བཞག་པ་མ་རེད་པས། བྱས་ཙང་འཇིག་རྟེན་འདིའི་སྟེང་ཞབས་འདྲེན་གོང་ན་མེད་པ་འདི་ལས་ལྷག་གཅིག་ཡོད་མདོག་ཁ་པོ་མ་རེད། བོད་འདི་ལྷ་ཆོས་རིང་ལུགས་ཀྱི་ལྟ་གྲུབ་ཁོ་ན་བསྲུང་སྐྱོབས་བྱས་ཡོད་ཟེར་ན་ཆོག། འོན་ཀྱང་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་ཆབ་དཔལ་རིག་གསུམ་མཚོན་པའི་རྒྱལ་ཁབ་སྐྱོང་བའི་བྱ་གཞག་ལ་བྱས་རྗེས་སྣ་གཅིག་བཞགས་མེད་པ་ནི་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་འབྱུང་འགྱུར་གནས་སྟངས་ཀྱིས་ཁ་བསྒྲགས་ཡོང་གི་འདུག།

  15. གསེར་འབྲུག་སྡེར་ལྔ་ says:
    2012-09-19 at 5:58 am

    རེད་ཡ། ད་དུང་རང་བྱུང་ཐོན་ཁུངས་ཕུན་གསུམ་ཚོགས་པོ་དེ་ཚོ་བེད་སྤྱོད་བྱེད་པའི་ནུས་པ་མེད་པར་འཁོར་ཡུག་གཅེས་ཉར་བྱས་ཡོད་ཟེར་ན་འདྲ་ཆག་ཆག་འདྲ་སྣང་ཡང་། གལ་ཏེ་གཅེས་ཉར་བྱས་དབང་དུ་བཏང་ན་དེ་ནི་གུང་ཁྲན་ལ་འབུལ་རྟེན་དུ་གཅེས་ཉར་བྱས་པ་ཞིག་རེད། དེའི་མིང་ལ། དཀའ་ལས་སྐྱ་བས་བརྒྱབ། ལོངས་སྤྱོད་ཟ་རུས་འཁྱེར། ཟེར་བ་དེ་ལས་མ་འདས་སོ།

  16. གསེར་འབྲུག་སྡེར་ལྔ་ says:
    2012-09-19 at 5:58 am

    རེད་ཡ། ད་དུང་རང་བྱུང་ཐོན་ཁུངས་ཕུན་གསུམ་ཚོགས་པོ་དེ་ཚོ་བེད་སྤྱོད་བྱེད་པའི་ནུས་པ་མེད་པར་འཁོར་ཡུག་གཅེས་ཉར་བྱས་ཡོད་ཟེར་ན་འདྲ་ཆག་ཆག་འདྲ་སྣང་ཡང་། གལ་ཏེ་གཅེས་ཉར་བྱས་དབང་དུ་བཏང་ན་དེ་ནི་གུང་ཁྲན་ལ་འབུལ་རྟེན་དུ་གཅེས་ཉར་བྱས་པ་ཞིག་རེད། དེའི་མིང་ལ། དཀའ་ལས་སྐྱ་བས་བརྒྱབ། ལོངས་སྤྱོད་ཟ་རུས་འཁྱེར། ཟེར་བ་དེ་ལས་མ་འདས་སོ།

  17. རང་དབང་། says:
    2012-09-19 at 6:20 pm

    ཚན་རིག་ལ་བརྟེན་ནས་ཁ་ཚོད་ཤི་ཡོད་པ་ལས་ག་ཚོད་སྐྱབས་ཡོད་པ་དེ་ཤེས་མེད་པ་འདྲ། སྔོན་འགོག་གི་སྨན་རེ་རེས་མི་ས་ཡ་ག་ཚོད་སྐྱབས་ཡོད་པ་ཤེས་མེད་པ་འདྲ། བླ་མ་རང་རེད། རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཅིག་བཤད་བཞག་ན་ཉན་གྱི་བསམས་ན་ནོར་བ་རེད། སྔོན་མའི་བོད་དེ་མ་རེད། དེང་སང་བོད་དེ་བཞིན་བླ་མས་གར་བཞག་གི་གཏོར་མ་མ་རེད་དོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme