Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ།

Posted on 2015-08-282015-08-28 By རེབ་གོང་བཀྲ་ཤིས། 45 Comments on བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ།

བགྲོ་གླེང་།

Post navigation

Previous Post: ཚངས་གསར་བླ་མ་ཀརྨ་དཔལ་འབྱོར་གྱི་ཞེན་པ།
Next Post: སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཕྱོགས་བསྐྱོད་གནང་བ།

Comments (45) on “བོད་ཀྱི་གནའ་རབས་ལོ་རྒྱུས་བདམས་བཏུས་གངས་ལྗོངས་འོད་འབུམ།”

  1. ལྷུན་གྲུབ་སྐལ་བཟང་། says:
    2015-08-28 at 1:14 am

    ཝཱ་ར་ཎ་སིའི་བོང་གུ་ཁོ། །ཉི་ཧོང་ཡུལ་དུ་སློབ་དཔོན་ཆགས།
    རྒྱ་ནག་ཡུལ་དུ་དགེ་ཆེར་གྱུར། །དེ་ནི་བཞད་གད་མིན་ན་གང་།།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-08-28 at 2:22 am

    ཆོས་དད་མེད་བཞིན་ཆོས་བསྒྱུར་བྱས། །
    རྒྱལ་རབས་མི་ཤེས་ཧམ་བཤད་མང་། །
    ཁྱོད་ཀྱི་ཤེས་པའི་ཤེས་རྒྱ་ནི། །
    མངོན་པའི་དོན་ལ་མཁས་པ་ཙམ། །

  3. ཅོ་རི་ཉི་མ། says:
    2015-08-28 at 2:59 am

    མི་འདིས་སྐད་ཆ་གསར་པ་ཞིག་བཤད་འོང་གི་འདུག་ག རྒྱལ་མཆོག་དར་མ་བཀྲོངས་མཁན་ལྷ་ལུང་དཔའ་རྡོ་མ་རེད་ཅེས་བཤད་བཞིན་འདུག སྤྱི་ཚོགས་ཡོངས་གྲགས་དང་འགལ་བའི་སྐད་ཆ་རེད་ཏེ་དཔྱོད་གཞི་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། ཁོང་ལ་ཁུངས་ལུང་འདྲ་མང་པོ་བཤད་ཀྱི་འདུག་ག

  4. ཅོ་རི་ཉི་མ། says:
    2015-08-28 at 3:20 am

    ཧམ་བཤད་ལོག་བཤད་བྱས་ཡོད་ན་འདི་དང་དེར་ནོར་འདུག་ཅེས་མཛུབ་མོ་བཙུགས་པ་དགོས་པ་ལས་དོན་མེད་ཚིག་ངན་ཙམ་གྱིས་ས་རྒྱ་ཅང་ཆོད་ཀྱི་མ་རེད་་་ཀརྡོ་ལགས།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-08-28 at 3:31 am

    སྲོང་བཙན་ཆོས་དད་མེད་འདོད་རང་མདོག་བསྟན། །
    ཁྲི་རལ་ནད་གཅོང་ཆིངས་ཞིག་བཞག་ཞེས་འགལ། །
    ལྷ་ལུང་རྒས་པས་མི་གསོད་མི་ཐུབ་ཟེར། །
    དར་མས་བསྟན་ལ་མ་གནོད་མངོན་སུམ་སྨྱོ། །
    འདི་དག་ཅོ་རི་ཉི་མས་རྗེས་འབྲངས་སམ། །

  6. ཅོ་རི་ཉི་མ། says:
    2015-08-28 at 3:41 am

    རྒྱལ་མཆོག་དར་མར་བཀྲོངས་སྐབས་ལྷ་ལུང་དཔའ་རྡོ་ལོ་རྒན་བརྒྱད་ཅུར་བསླེབས་མེད་པའི་དཔང་རྟགས་དང་ཡིག་ཆ་ཁྱོད་ལ་ཡོད་པེ། ང་ལ་ནི་དཔང་རྟགས་འདྲ་ཅང་སྟོན་ཡ་མེད། ཁང་དཀར་ཚུལ་ཁྲིམས་ལགས་ཀྱིས་བཀའ་མོས་ཀྱི་ཁུངས་ཏུན་ཧོང་ཆ་ལ་གཏུགས་ཡོད་ཟེར་གྱི་འདུག་ག

    ཁྲི་རལ་པ་གཅོང་ནད་ཀྱིས་བཀྲོངས་སོང་མིན་པའི་དཔང་རྟགས་ཡོད་པེ། ཡོད་ན་ནི་ཀརྡོ་ཁྱོད་མཁས། མེད་ན་ནི་དོན་མེད་གཞན་ལ་ཚིག་ངན་ལབ་ན་ལུགས་མཐུན་མ་རེད་ད།

  7. ལྷ་མོ། says:
    2015-08-28 at 3:46 am

    བཙན་བྱོལ་ནང་དུ་མཁས་པའི་རྣམ་དཔྱོད་ལ་ཉན་གི་མ་རེད། དེ་ལས་ཁྲམ་པ་དང་ཇག་རྐུན། བླུན་བསྒྱུར་མཁན་སུས་འཇོན་ན་དེར་ཁེ་ཟ་དང་གོ་ས་རག་གི་རེད། མཁས་པ་ཁོ་ལ་ཡང་གནོད་ཤུགས་སྤྲད་ཡོད་རེད།

  8. ཞོལ་གཡག་འབྲོང་རྒྱུད། says:
    2015-08-28 at 3:49 am

    ཞིབ་འཇུག་པ་དང་ཉམས་ཞིབ་པ་ལོ་སྒྱུས་སྨྲ་བ་ཟེར་ན་འདི་འདྲ་རེད། ལྷ་སྒྲུང་དང་རྟོགས་སྒྲུང་ལ་ཡིད་ཆེས་བློ་གཏད་བཅོལ་མཁན་དག་གི་ཁ་ནང་ལ་ཐལ་བ་ཞིག་བཏབ་འདུག་ག། བྱས་ཙང་བོད་རྒྱལ་ཁབ་དང་བོད་མི་རིགས་འདི་དངོས་ཐོག་བདེན་འཚོལ་དང་འགལ་བའི་ལྷ་ཡུལ་དང་ལྷ་རུ་གྲུབ་པའི་རྟོགས་བཟོ་འདིའི་འོག་ནས། བོད་བཙན་པོའི་ཆབ་དཔལ་རིག་གསུམ་དང་རྒྱལ་སྲིད་དམག་གསུམ་གྱི་ནུས་ཤུགས་རྩ་བརླག་ཏུ་བཏང་ནས་ད་ལྟའི་ཆག་ཆེ་ཉམས་ང་འདི་མགོ་ཐོག་ཏུ་ལྷུངས་བར་བྱས་ཡོད། ད་དུང་དད་པ་ལོག་སྤྱོད་པ་དང་ཆོས་ལུགས་དབང་བསྒྱུར་རིང་ལུགས་པའི་ཤོག་ཁག་འདི་ཚོས་ངོ་རྒོལ་བྱས་ཡོང་གི་འདུག་ག། འདི་ཚོ་ད་དུང་ལྟོ་བ་འགེངས་པའི་དུས་ཤིག་མི་འདུག་ག།

  9. ཅོ་རི་ཉི་མ། says:
    2015-08-28 at 3:58 am

    གལ་སྲིད་ཁང་དཀར་ཚུལ་ཁྲིམས་ལགས་ཀྱིས་བཤད་པ་ལྟར་ཆ་ཡིག་ཁུངས་ལྡན་ཡིན་ན་བོད་ཀྱི་རྒྱལ་རབས་ལ་གསར་བརྗེ་ཞིག་སླེབས་འོང་བཞིན་འདུག་ག གནད་དོན་འདི་དག་དགའ་དགོས་པའི་གནད་དོན་ཡིན་པ་ལས་ཚིག་ངན་ལབ་དགོས་པའི་གནད་དོན་མ་རེད། དཔྱོད་གཞི་ཡག་པོ་འདི་འདྲ་གསུངས་མཁན་ལ་དགའ་བསུ་མི་ཞུ་པར་ཁ་ངན་ཚིག་ངན་གྱིས་དགག་ཚིག་འཕེན་ན་གསར་བརྗེ་ཟེར་བ་དུས་ནམ་ཡོང་ཡང་མི་སྲིད་པ་རེད་དོ། གསར་བརྗེ་དང་གསར་གཏོད་མེད་ན་ཡར་རྒྱས་ཀྱི་མདུན་ལམ་མེད་ངེས་རེད།

  10. ཞོལ་གཡག་འབྲོང་རྒྱུད། says:
    2015-08-28 at 3:59 am

    ད་བྱེད་དུས་ལྷ་ལུང་དཔལ་རྡོས་ནང་པའི་དམག་དཔོན་རྫུན་མ་ཞིག་ཐོན་ཡོད་པ་འདྲ། མ་གཞི་ཆོས་ལུགས་ཀྱིས་ཀླད་པ་དཀྲུས་ཟིན་པའི་མི་དག་གིས་ག་དུས་ཡིན་ན་ཡང་ལྷ་ཆོས་རིང་ལུགས་ལ་དོ་ཕོག་ཏོག་ཙམ་སོང་ན་གནམ་ས་ཁེངས་པའི་བྱས་ཉེས་བསགས་རབས་ཀྱི་ལམ་ལུགས་འདིའི་འོག་ནས། ཕ་རོལ་པོ་རྩ་མེད་བཟོ་བའི་ངན་ཇུས་བཤམས་ཀྱི་རེད་ལ། བྱས་རྗེས་རྫུན་མ་འཇོག་མཁན་གྱི་སེར་མོ་བའི་དམག་དཔོན་མང་པོ་ཐོན་ཡོང་གི་ཡོད་པའི་ནང་ནས་ལྷ་ལུང་དཔལ་རྡོ་གཅིག་རེད། འདི་ནི་གཞན་གང་ཡང་མིན་པར་སེར་མོ་བའི་ལྟོ་འཕོར་རྒྱུན་གནས་ཐུབ་པའི་ཆེད་དུ་གཅིག་པུ་དེ་རེད།

  11. ཞོལ་གཡག་འབྲོང་རྒྱུད། says:
    2015-08-28 at 4:04 am

    བྱས་ཙང་ཁོང་གིས་ཁོང་གིས་ཞལ་གསལ་པོའི་ཐོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཅིག་མཐུན་ཡོང་བར་བོད་ཀྱི་ལོ་རྒྱུས་མཁས་པ་ཚོ་འཛོམས་ནས་གྲོ་གླེང་ལྷུག་པོ་བྱེད་དགོས་པ༷་ལས། བླ་མ་ཁ་ཤས་ཀྱི་དབང་བསྒྱུར་འོག་ཐག་གཅོད་མི་འགྲོ་བ་བྱས་ནས་ད་གཟོད་གཅིག་མཐུན་གྱི་ལོ་རྒྱུས་ཞིག་བཟོ་ཐུབ་ཀྱི་རེད་ཞེས་གསལ་པོ་གསུངས་སོང་།

  12. འཕྲུལ་གྱི་བཙན་པོ། says:
    2015-08-28 at 4:56 am

    དི་རིང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ལ་བཅར་འདྲི་གནད་ལ་འཁེལ་བ་ཁ་ཤས་དྲིས་པ་ཉན་པའི་གོ་སྐབས་བྱུང་། ཐུགས་རྗེ་ཆེ།

  13. རིན་ཆེན་དོན་གྲུབ། says:
    2015-08-28 at 6:10 am

    བོད་ཀྱི་ལོ་རྒྱུས་ཙམ་མ་ཡིན་པར་བཅུ་ཕྲག་རིག་པར་སྨྲ་བའི་དབང་ཕྱུག་སློབ་དཔོན་ཁང་དཀར་ཚུལ་ཁྲིམས་ལགས་ནས་གང་གསུངས་པ་དེ་ཚོར་མི་འགྲིག་པ་ཡོད་ན། ངེས་པར་དུ་རྒྱུ་མཚན་ལྡན་པའི་ཐོག་ནས་དགག་ལན་བྱས་ཚེ། ང་ཚོ་ཚང་མར་ཕན་ཐོགས་ཡོང་ངེས་ཀྱང་། དེ་ལས་ལྡོག་ཏེ་འདིར་རྨོངས་ཞེན་ཁོ་ནས་ཚིག་རྩུབ་སྨྲ་མཁན་ཙམ་ལས་མཐོང་རྒྱུ་མེད་པ་ནི་བློ་ཕངས་པོ་རེད། གཅིག་བྱས་ན། ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་རིང་དུ་ལྷ་སྒྲུང་དང་ཀླུ་སྒྲུང་། ད་དུང་དེས་ཀྱང་ག་ལ་ཚད། འདྲེ་ཡི་གཏམ་རྒྱུད་སོགས་ཀྱིས་ཡོངས་སུ་རྨོངས་ནས་བསྒྲིབས་ཟིན་པའི་མི་རིགས་ཤིག་གིས་ཐ་ན་རང་ཉིད་མི་ཞིག་ཡིན་པའང་བརྗེད་ཟིན་པ་ལྟ་བུར་གྱུར་ཟིན་ཡོད་ན། སློབ་དཔོན་ཁང་གསར་ལྟ་བུས་ལོ་མང་རིང་ངལ་བ་ཁྱད་དུ་བསད་ནས། ཚན་རིག་དར་རྒྱས་ཆེ་ཤོས་ཀྱི་རྒྱལ་ཁབ་ཉི་ཧོང་ནས་བརྩམས་པའི་བོད་བཙན་པོའི་རྒྱལ་རབས་ལོ་རྒྱུས་ཞིབ་འཇུག་གི་ཡིག་ཆ་རིན་ཐང་ཅན་དེ་རིགས་ཀྱི་དགེ་མཚན་མཐོང་བ་དང་། ཡིད་ཆེས་ཡོང་རྒྱུར་ད་དུང་ཡང་། ལོ་ངོ་ཁྲི་སྟོང་ཁ་ཤས་ཤིག་འགོར་་རྒྱུར་ཧ་ལམ་ཐེ་ཚོམ་མེད་པ་ལྟ་བུར་ཝ་ལེར་སྣང་ངོ་།

  14. དམུ་ཐག་གི་བུ་རྒྱུད། says:
    2015-08-28 at 10:56 am

    ཞིབ་འཇུག་པའི་སྐད་ཆ་འདི་འདྲ་དད་པ་ཅན་ཚོས་ཉན་ན་སྙིང་ན་བ་ཞིག་ཡིན་ངེས། འོན་ཀྱང་རྒྱུ་མཚན་དང་ཁུངས་ལུང་རྐྱང་འདེད་བྱས་ཡོང་དུས་མ་རེད་ཟེར་ནས་སྨྱོ་ལ་ཁད་བྱས་ཀྱང་ཅི་ཕན། དེ་བས་དད་པའི་རྗེས་འབྲང་ལས་རིགས་པའི་རྗེས་འབྲང་བྱས་ན་བཟང་ངོ་།

  15. གཡུ་ཐོག་རྒྱལ་པོ། says:
    2015-08-28 at 11:03 am

    གང་ཟག་མི་རྟེན་ཆོས་ལ་རྟེན། ཟེར་བ་ལྟར། ད་རེས་ང་ཚོས་ཁོང་གིས་གསུངས་པའི་དོན་ལ་བལྟ་དགོས་རེད་མ་གཏོགས། ཁོང་ལྟ་ལོག་རེད་ཟེར་བ་ཙམ་གྱིས་རང་ཉིད་ཀྱི་མདོག་སྐྱ་བསྟན་པ་ལས། གནད་འགག་ཡོད་པའི་སྐད་ཆ་ཞིག་མ་རེད། ལྷག་པར་དུ། ཁོང་གིས་གསུངས་པའི་བཀའ་མོལ་མི་ཉུང་བཞིག་གསར་པ་རེད། ཉོབ་ཏོ་མ་རེད། དེའི་ཁར་བཀའ་མོལ་གསར་པ་དེ་རིགས་ལ་ལུང་རིགས་ཀྱི་རྒྱབ་བརྟེན་བྱས་ནས་གསུངས་སོང་། དེར་བརྟེན། དངོས་ཐོག་བདེན་འཚོལ་ཟེར་བར་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཕྱིན། ལམ་སེང་ཁ་བརྡུང་གཏོང་རྒྱུའི་ཚབ་ཏུ། ཁོང་གི་གསུང་ལ་ཞིབ་འཇུག་བྱས་ན་ཡག་གི་ེད། དེ་རེས་ཅོ་རི་ལགས་ཀྱིས་གསུངས་པར་བདེན་པ་འདུག

  16. ནམ་མཁའ says:
    2015-08-28 at 11:23 am

    འདིར་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དྲི་བ་གནད་ལ་བཟུང་སྟེ་དྲིས་སོང་། ཡིན་ཡང་ཁང་དཀར་ལགས་ཀྱི་ཞལ་བདེ་བོ་རང་མེད་པ་འདྲ་བོ་འདུག་པས་ལན་ཡིད་ཚིམ་པ་ཞིག་བྱུང་མ་སོང་། འོན་ཏེ་གླང་དར་བཀྲོངས་མཁན་དང་དེ་མིན་སྔོན་བཤད་སྟངས་མི་མཚུངས་པ་འགའ་ཡོད་པ་དག་གསལ་བཤད་གསལ་བོར་གནང་ཐུབ་མ་སོང་།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-08-28 at 1:31 pm

    # 6 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    August 28th, 2015 at 3:41 AM
    རྒྱལ་མཆོག་དར་མར་བཀྲོངས་སྐབས་་་་་་་་་་་་་་་་
    དར་མ་སྡིག་ཆེན་དེ་། རྒྱལ་མཆོག་ཡིན་སྟངས་ཤོད་དང་། དེ་ནས་རྩོད་གཞི་ནས་ཆོག་བགྱིད་རེད། ཅོ་རི་ལགས།

  18. སྟག་སེང་ཁྱུང་འབྲུག says:
    2015-08-28 at 6:52 pm

    རྒད་པོ་གཟི་བོ་ཞིག་མ་རེད། ཉོག་བཤད་ལབ་ན་རྫུན་བཤད་མང་པོ་འདུག བསམ་ཡས་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་གླང་དར་བསད་མེད་ཅེས་བཤད་སོང་། དེ་ནི་ཕྱོགས་ལྷུང་གི་གཏམ་ཁོ་ན་རེད། དཔལ་རྡོར་སུ་ཡིན་ཟེར་ན། ཁོས་ལན་ཇི་ལྟར་འདེབས་ན། མི་བསད་ན་སྐྱོན་ཐལ་གངཆེ་བ་སོགས་ཁོས་ཞེ་འདོད་རེད།

  19. མངོན་སུམ་སྨྲ་བ། says:
    2015-08-28 at 7:19 pm

    མི་རྒན་འདིས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་མོ་ཟབ་མོ་བྱས་མེད་པ་འདྲ་མ་གཏོགས་སྲོང་བཙན་སྒམ་པོའི་མཛད་རྗེས་དེ་ཚོ་འདྲོངས་སྟངས་གཅིག་པོས་ཀྱང་ཧ་གོ་ཡི་མི་འདུག་གམ།

  20. དམུ་ཐག་གི་བུ་རྒྱུད། says:
    2015-08-28 at 11:14 pm

    སྲོང་བཙན་གྱི་ལོ་རྒྱུས་དེ་ཚོ་ཡིག་རྙིང་གཞི་ལ་བཞག་ནས་བཤད་ཀྱི་འདུག ཡིག་ཆ་གསར་པའི་ནང་གི་སྐད་ཆ་སྣ་ཚོགས་པ་དེ་ཚོར་ཆ་འཇོག་དེ་ཙམ་བྱེད་ཀྱི་མེད་པ་འདྲ།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 6:10 am

    གླང་དར་མགོ་ལ་རྭ་མེད་པ་བདེན་ན་ཡང་། གླང་དར་གྱིས་ནང་ཆོས་ལ་གནོད་པ་དེ་དངོས་གནས་རེད།
    ལྷ་ལུང་གིས་བཀྲོངས་སྟངས་དེ་མི་བདེན་ཡངསྲིད་ཀྱང་་། ཁོང་གིས་བཀྲོངས་པ་དེ་ཁོང་འཛིན་བཟུང་མ་ཐུབ་པ་དེས་ཤེས།
    ཁྲི་རལ་ཁོང་ལ་ནད་ཕོག་པའི་དུས་སྲིད་ཡང་། སྲིད་བསྐྱངས་མི་ཐུབ་པ་བཤད་པ་དེ་རྫུན་རེད།
    ཁྲི་སྲོང་དེ་དཀྱིལ་དུ་བྲིས་ན་མི་འོས་པ་མེད་ན་ཡང་། ཁང་དཀར་གྱིས་བླ་སློབ་འགྲོ་སྟངས་བརྗེད་ཚར་བས་རེད།
    སྲོང་བཙན་དུས་སུ་ཆོས་བསྒྱུར་མེད་པ་བཤད་པ་མི་བདེན་ཡང་། བོད་ཀྱི་མོ་བཙུན་གསུམ་གྱི་མིང་འབོད་མི་ཐུབ་པ་བློ་ཕམ་རེད།

  22. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 6:57 am

    ལྷ་ལུང་དཔལ་རྡོར་གྱིས། དར་མ་བཀྲོང་དུས་ལྷ་ལུང་དགུང་ལོ་རེ་གཅིག་ཡིན་པ་དང་། མཐར་ཁོང་རང་ཉིད་གྲོང་དུས་དགུང་ལོ་བརྒྱད་བཅུ་སླེབས་ཡོད་པ་དེ་གཉིས་ཁང་དཀར་གྱིས་དབྱེ་འབྱེད་མ་ཐུབ་ནས་འཁྲུལ་པ་རེད།

  23. ཅོ་རི་ཉི་མ། says:
    2015-08-29 at 7:09 am

    ཀརྡོ་་་སྲོང་བཙན་སྒམ་པོའི་བོད་ཀྱི་བཙུན་མོ་གསུམ་པོའི་མིང་ཅི་རེད་དམ། ཁུངས་དག་ལུང་དག་ཞིག་གསུང་རོགས་བྱོས། སོ་སོའི་རྒྱལ་པོ་ལ་གླང་མིང་འབོད་བྱེད་ཀྱི་མཚམས་ཞོག རྒྱའི་གོང་མ་ལྷ་མིང་འབོད་ཀྱི་མཚམས་ཞོག ཕྱི་ནང་ངོ་ཤེས་པར་བྱོས། རྒྱལ་ཞེན་གྱི་འདུ་ཤེས་རྒྱུད་ལ་སྐྱེས་ཐབས་བྱོས། བོད་མིའི་མཚན་ཉིད་ཚང་ཐབས་བྱོས། བོད་བཙན་པོའི་གདུང་རྒྱུད་ལ་གུས་བཀུར་བྱོས།

  24. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 7:10 am

    ་་་་་་་་་ དེ་ནས་མངའ་བདག་ཁྲི་རལ་བ་ཅན་དགུང་ལོ་སོ་དྲུག་ཏུ་སོན་པ་ལྕགས་མོ་བྱ་། སྤྱི་ལོ་ ༩༠༡ པར་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒྱུན་ཆང་མྱོས་པར་གསོལ་ཏེ་གསེར་ཁྲི་ལ་གཟིམ་པ་ལ། དབས་སྟག་སྣ་ཅན་དང་། ཅོག་རོ་ལྷ་ལོད་དང་། ལེགས་ཤུགས་བཙན་ཏེ་སྡིག་བློན་གསུམ་གྱིས་དབུ་ལྟག་པར་བསྐོར་ནས་བཀྲོངས། ་་་་་་ ཞེས་སོགས་གསུངས་འདུག

  25. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 7:12 am

    གྲི་གུམ་དང་། དར་མ་གཉིས་ལ་གུས་བཀུར་ཞུ་ཐུབ་པ་མི་འདུག་གོ།

  26. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 7:19 am

    ཆོས་རྒྱལ་སྲོང་བཙན་སྒམ་པོའི་བོད་བཟའ་འམ། བོད་ཀྱི་བཙུན་མོ་གསུམ་གྱི་མཚན་ནི། མི་ཉག་རོང་བཟའ་དང་གཅིག ཞང་ཞུང་བཟའ་ལི་ཐིག་སྨན་དང་གཉིས། མོང་གཟའ་ཁྲི་མོ་གཉན་ལྡོང་དང་གསུམ་རེད།

  27. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 7:29 am

    བློན་པོ་དབས་སྟག་ནས། རྒྱལ་པོ་ཁྲི་རལ་མ་བཀྲོང་གོང་ལ། རྒྱལ་པོ་ནང་མི་ལྷ་སྲས་གཙང་མ་མོན་ཕྱོགས་སུ་སྤྱུགས། བཙུན་མོ་ངང་ཚུལ་མ་རང་ཤི་བརྒྱབ་ཏུ་བཅུག བྲན་ཁ་ཆེན་པོ་བྲོས་བྱོལ་དུ་ཕེབས་དགོས་པ་དང་། མཐར་རྙེད་ནས་དམར་གསོད་བཏང་བ་རེད་དོ།།

  28. ཀརྨ་བློ་གསལ་ says:
    2015-08-29 at 7:30 am

    སྲོང་བཙན་གྱི་བཙུན་མོ་ཚོར་ལྟ་སྐབས། རྒྱལ་སྲིད་བརྟན་ལྷིང་དམིགས་བྱ་དང་པོར་བཟུང་འདུག མི་ཉག་རོང་བཟའ་ནི་ཁམས་ཕྱོགས་ནས་རེད། ཞང་ཞུང་བཟའ་ལི་ཐིག་སྨན་ནི་སྟོད་མངའ་རིས་ནས་རེད། མོང་བཟའ་ཁྲི་མོ་གཉན་ལྡོང་ནི་མོན་ཡུལ་ནས་མིན་འགྲོ། ཡིག་རྙིང་དུ་མོན་ལ་མོང་འབྲིའམ།

  29. ཀརྡོ་གཉེར་ཕྱག་པ་ says:
    2015-08-29 at 7:32 am

    ད་དུང་ཉན་འདོད་དམ། ཅོ་རི་ལགས།

  30. ཅོ་རི་ཉི་མ། says:
    2015-08-29 at 7:53 am

    སློབ་དཔོན་ཆེན་མོ་ཀརྡོ་མཆོག་ལ་ཡོན་ཏན་ཡོད། རྒྱལ་ཞེན་གྱི་འདུ་ཤེས་ཏོག་ཙམ་ཡར་རྒྱས་གཏོང་ཐུབ་ན་བོད་ཀྱི་ཆེད་དུ་བྱ་བ་བཟང་པོ་ཞིག་འགྲུབ་ངེས་རེད། བརྩོན་འགྲུབ་ཁྱོད་ལ་ཡོད། བློས་བཏང་ཁྱོད་ཀྱིས་བྱེད་ཐུབ། སྔོན་མར་མ་སིང་རིའི་གསར་འབྱོར་བའི་སློབ་མ་དེ་དག་རྒྱང་ཕུད་གཏོང་དུས་ཁྱོད་ཀྱིས་འགྲོ་མགྲོན་གཏོང་གི་ཡིན་ཟེར་བར་ངས་བརྗེད་མེད་ད། ཧཧཧ

    ད་་་གཞན་ཉན་འདོད་ཟེར་ན་ཅང་མེད། རེ་སྒུག་ཞིག་ཡོད། དེ་ནི་ཏང་ཞེན་དོར་ནས་རྒྱལ་ཞེན་ཡིན།

  31. དམུ་ཐག་གི་བུ་རྒྱུད། says:
    2015-08-30 at 2:01 am

    ཁོང་གིས་ལོ་རྒྱུས་ཡིག་ཆ་གསར་པ་དེ་ཚོ་བགྲང་གི་ཡོད་པ་མ་རེད། ཡིག་རྙིང་ནང་དུ་གང་གསལ་པ་དེ་དག་གཞི་རྩར་བཞག་ནས་བཤད་ཀྱིན་འདུག དྲི་བ་ཐད་གར་འདྲི་རྒྱུའི་གོ་སྐབས་འདྲ་བྱུང་ན་ད་དུང་གསལ་ཁ་གཏོད་རྒྱུ་ཡོད་ངེས་རེད།

  32. བཀྲ་ཤིས། says:
    2015-09-01 at 5:50 pm

    བསམ་ངན་ཁོག་ལ་བཅང་ནས་སྟེ་བཤད་གིས་མེད་འགྲོ། ཡིན་ཀྱང་ང་ཚོ་རྙིང་མ་པའི་མཐོང་ཚུལ་ཐད་ཀར་བཤད་ན་རྒད་པོ་ཁོ་རང་ལོ་གྲངས་དུས་གྲངས་བརྩིས་ཤེས་ཙམ་དང་ཏུན་ཧོང་ཡིག་རྙིང་ལས་དཔེ་བཤུས་བྱ་ཐུབ་ཙམ་ལས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ལ་དཔྱད་པའི་རྣམ་དཔྱོད་གྱི་རྩལ་གང་ཡང་མེད་པ་ཞིག་རེད། རྒད་ནས་འཆི་ལ་སླེབས་དུས་བསམ་པ་དཀར་པོ་དགེ་བའི་ཕྱོགས་ལ་འཁོར་ཐུབ་ན་ཁེ་སང་ཆེ་ཡོང། ལྷག་བསམ་རྣམ་དག་ཡིན་ནོ།

  33. ཀརྡོ་གཉེར་ཕྱག་པ་ says:
    2015-09-09 at 6:14 am

    མཁས་དབང་ཁང་དཀར་ཚུལ་ཁྲིམས་ལགས་ཀྱིས།

    http://www.rfa.org/tibetan/

  34. ཀརྡོ་གཉེར་ཕྱག་པ་ says:
    2015-09-09 at 12:37 pm

    བོད་ཀྱི་རྒྱལ་རབས་འཆད་འཁྲིད་འབྲི་རྩོམ་གནང་མཁན་ནང་ལ། རང་ཚུགས་ཤོར་བའི་མཁས་པ་དང་། རང་ཚུགས་མ་ཟོར་བའི་མཁས་པ་གཉིས་ཀྱི་དབྱེ་འབྱེད་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་དུ་མཐོང་ལགས།

  35. ཀརྡོ་གཉེར་ཕྱག་པ་ says:
    2015-10-07 at 5:34 am

    ཇི་སྐད་དུ་སྔར་གྱི་བོད་ཀྱི་བསྟན་བཅོས་ལས།
    ་་་་་་་། མགྲོན་བཙུན་དེས་རྩ་བརྒྱད་དེ་སོར་མོའི་ཁ་ལ་ཙེན་ཏེ་བཏེགས་ནས། དེ་བས་ཀྱང་འདི་ངོ་མཚར་མི་ཆེའམགསུངས། དེར་གྲུབ་ཐོབ་ཏུ་འདུག་པ་དགོངས་ནས། རྒྱལ་པོ་༼སྲོང་བཙན་༽རང་གི་དབུ་ལ་འོད་དཔག་མེད་ཀྱིས་བརྒྱན་པ་གཅིག་ཡོད་པ་དེ་བསྟན། དེ་བས་ཀྱང་འདི་ངོ་མཚར་མི་ཆེའམ་གསུངས་པས་མགྲོན་བཙུན་དེས་དུག་པོའི་གསེབ་ནས་སྤུ་གྲི་བཏོན་ནས་བྱང་ཁོག་བཤགས་པའི་ནང་ནས་དཔལ་གསང་བ་འདུས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཞུགས་པ་བསྟན་ནས། དེ་བས་ཀྱང་འདི་ངོ་མཚར་མི་ཆེབའ་གསུངས་པར། རྒྱལ་པོས་བཙུན་པ་གསར་པ་བཟང་པོ་སྣང་བ་འདི་རྣམས་ལ་ཡོན་ཏན་ཅི་ཡོད་མི་ཤེས་པར་འདུག་གསུངས་ནས་བོད་འབངས་མངའ་རིས་སུ་གཏོགས་པ་རྣམས་ལ་རབ་ཏུ་བྱུང་བ་ན་བཟའ་སེར་པོ་མནབས་པ་ཡན་ཆད་ལཕྱག་འཚལ་ཞིང་བླ་ཡི་མཆོད་གནས་སུ་བསྐུར་༼བཀུར་༽བའི་ཁྲིམས་བཅས་པ་ཡིན་ཚོད་འདུག ་་་་ཞེས་གསུངས་འདུག

  36. ཀརྡོ་གཉེར་ཕྱག་པ། says:
    2015-10-07 at 5:58 am

    མ་ཎི་ཡིག་དྲུག་གི་ངོ་རྒོལ་ཐོབ་པ།
    http://www.rfa.org/tibetan/sargyur/mani-xining-10062015171510.html

  37. དྲི་མེད་ལྷག་བསམ། says:
    2015-10-07 at 11:06 am

    ཁང་དཀར་ཚུལ་ཁྲིམས། ཁྱིམ་རྒྱུད་ཀྱི་ལོ་རྒྱུས་དང་ཁོ་རང་ཡང་ངཽ་ཤེས། སྟོད་པ་ཉ་ལམ་པ་རེད། ཁོའི་སྤུན་དོན་གྲུབ་ལྷག་བསམ་ལ་རྒྱ་ཅན་རེད། ཁང་དཀར་ལ་བཅུ་ཕྲག་རིག་པ་ཟེར་ན་ཁྱི་ལ་སྐར་མ་བསྟན་པ་རེད། ལོ་རྒྱུས་རོབས་ཙམ་ཤེས་པ་བདེན་པ་རེད། ནང་ཆོས་ཀྱི་སྐོར་ལ་ཁྲི་བྱང་རིན་པོ་ཆེའི་སྒྲ་ཐག་མང་པོ་ཕབས་ལེན་ཐུབ་པ་དང་།ནང་ཆོས་ཀྱི་ཞིབ་འཇུག་ཡིག་ཆ་དེ་དག་ཉི་ཧོང་གི་མཁས་པ་རྣམས་ཀྱིས་བརྩམས་པ་བོད་བསྒྱུར་ཙམ་དུ་ཟད། བརྩོན་འགྲུས་ཆེན་པོ་ཡོད་པར་གུས་པ་དང་རྗེས་སུ་ཡི་རང་ཞུ། མཁས་པ་ཟེར་ན་ཉི་ཧོང་སྐད་ལ་མཁས་པས་སོ་ཟེར་དགོས། །སློབ་དཔོན་ཆེན་མོ་ཡིན་པར་གུས་པ་ཡོད། བཅུ་ཕྲག་རིག་པར་མཁས་པ་ཆེ་སྟོད་རེད། །བོད་རིག་མཁས་པ་ཡིན་པ་བདེན་པ་རེད། །གྲོགས་པོ་ཁང་དཀར་སྐུ་ཁམས་བདེ་བར་སྨོན། །

  38. ཀརྡོ་གཉེར་ཕྱག་པ་ says:
    2015-10-08 at 2:34 am

    ཆོས་འབྱུང་ལས། ་་་་་་་་་གཉིས་ཁབ་ཏུ་བསུས། འཕྲུལ་སྣང་གི་གཙུག་ལག་ཁང་བརྩིགས་པར་མི་མ་ཡིན་གྱི་འཚེ་བ་ལ་བརྟེན། སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ཕོ་བྲང་མ་རུར་གྲགས་པར་རྒྱལ་པོ་ཡབ་ཡུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྺ་བསྒྲུབས་པས་གྲུབ་སྟེ། ལུང་བསྟན་ལྟར་སྲིན་མོ་གན་རྐྱལ་བསྐྱེལ་བའི་ས་གནད་རྣམས་སུ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས་་་་་་་་་

  39. ཀརྡོ་གཉེར་ཕྱག་པ་ says:
    2015-10-08 at 2:55 am

    ཁྲི་སྲོང་བཙན་གྱིས།
    ་་་་་་་་་་ བང་སོ་མི་འབྲུ་བ་བསྣན་པས་ཁྲིམས་ཆེན་དྲུག་གམ་བདུན་དུ་གྲགས་ཤིང་། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ། ཕ་མ་ལ་ཕ་མར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་བ། བྱས་པ་དྲིན་དུ་བཟོ་བ། གཞན་ལ་ངན་གཡོག་སྤོང་བ་སྟེ་ལྔ་པོ་བསྣན་པས་ཆོས་ཁྲིམས་བཅོ་ལྔར་གྲགས་སོ།། ་་་་་་་་་་

  40. སྤོབས་པ་མཐའ་ཡས། says:
    2015-10-08 at 3:42 am

    ཁང་དཀར་ཚུལ་བསྐལ་གྱིས་བཤད་སྟངས་ལ་ཅུང་ཟད་ཡར་རྒྱས་སོང་འདུག ངོ་སོ་བསྟོད།

  41. སྤོབས་པ་མཐའ་ཡས། says:
    2015-10-08 at 3:48 am

    ཁང་དཀར་ཚུལ་བསྐལ་གྱིས་ཁོ་ལྷ་སྒྲུ་ལ་ཡིད་མི་ཆེས་ཟེར་ཞོར་ལ་སྐད་ཆ་ཁ་ཤས་ལྷ་སྒྲུང་ལ་གཞི་བཅོལ་ཡོང་གི་འདུག དཔེར་ན། ལྷ་སའི་ཇོ་བོ་ཟེར་བའི་ལྷ་སྐུ་འདི་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་ཚུལ་འདི་ཐང་ཡིག་དང་ཏུན་ཧོང་ཡི་གེ་གཉིས་ཀ་ན་མི་འདུག་མོད་ཁང་དཀར་གྱིས་རྒྱ་བཟས་ཁྱེར་ཡོང་ཚུལ་བཤད་སོང་།

  42. ཀརྡོ་གཉེར་ཕྱག་པ་ says:
    2015-10-14 at 1:58 pm

    བལ་རྒྱལ་བལ་བཟའི་ཡབ་ཀྱིས།

    ཀྱེ་མ། ང་ཡི་མིག་འབྲས་འདྲ་བའི་བུ་མོ་ཚུར་ཉོན་ཅིག །
    བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ། །
    ་་་་་་་་་་་་་
    གྲོགས་མཆོག་དགེ་འདུན་མེད་དེ་གཏན་གྲོགས་སྤྲུལ་པའི་རྒྱལ་པོ་ཡིན།
    ་་་
    ་

    ཨེ་མ། གཅེས་པའི་བུ་མོ་ཁྲི་བཙུན་ཁྱོད་ལ་ནི།།
    ་་་་་་་
    ་
    དེ་ཕྱིར་བུ་མོ་བོད་ཡུལ་དབུས་སུ་སོང་། །
    སྤྲུལ་པའི་རྒྱལ་པོའི་སེམས་བཟུང་ཞབས་ཏོག་གྱིས། །
    ་་་་་་ཞེས་སོགས་སོ།།

  43. ཀརྡོ་གཉེར་ཕྱག་པ་ says:
    2015-10-20 at 12:40 pm

    ཆོས་རྒྱལ་སྲོང་བཙན་སྒམ་པོས།
    ཕྱི་བླ་མ་སྣང་བ་འཛིན་མེད་ཞེན་པ་རང་གྲོལ། ནང་སེམས་ཉིད་བླ་མ་ནི། སེམས་མ་བཅོས་མ་བསླད་རང་བྱུང་དུ་བཞག་པ་ལས་འགྲུབ། ནང་རང་རིག་བླ་མ་ནི། རིག་པའི་རྩལ་སྣ་ཚོགས་སུ་འཆར་བ་འདི་རང་བྱུང་གི་ཡེ་ཤེས་རང་ཤར་དུ་འདུག་པས་སྤྲུལ་པའི་སྐུར་ངོ་ཤེས་པར་བྱའོ།། ཞེས་གསུངས།

  44. ཀརྡོ་གཉེར་ཕྱག་པ་ says:
    2015-10-21 at 8:51 am

    ཡང་།
    བཀའ་ཆེམས་ཀ་ཁོལ་མར།
    ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོ།
    དང་པོ། མོང་བཟའ།
    གཉིས་པ། མི་ཉག་བཟའ།
    གསུམ་པ། ཞང་ཞུང་བཟའ།
    བཞི་པ། འ་ཞ་བཟའ།
    ལྔ་པ། བལ་བཟའ།
    དྲུག་པ། རྒྱ་བཟའ་བཅས་ཡིན་པར་བཤད།

  45. ཀརྡོ་གཉེར་ཕྱག་པ་ says:
    2015-10-22 at 3:42 am

    ཁང་དཀར་ལགས་ཀྱིས། གང་དར་གྱིས། ནང་ཆོས་མ་སྣུབ་པར་འདོད་ན། བསྟན་པ་ཕྱི་དར་ཞེས་པའི་ལོ་རྒྱུས་དེ་ཡང་ནག་བསུབ་བཏང་བ་རེད་དོ།། འདིར་གསན་དང་།
    https://www.youtube.com/watch?list=PL0DZvuAAO7n-z_vblzu939i84BF8gwMdR&v=EIgpGbb5v5c

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme