Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོང་རྫིས་དོན་ཞོགས་གཉིས་ནི་རིག་གནས་ཀྱི་ཁྲམ་པ་གཉིས་རེད་ཟེར།

Posted on 2017-08-222017-08-24 By ཁ་བརྡ 3 Comments on བོང་རྫིས་དོན་ཞོགས་གཉིས་ནི་རིག་གནས་ཀྱི་ཁྲམ་པ་གཉིས་རེད་ཟེར།

ཡིག་འགོད་པ།   གླིང་ལོ་མ་སེར་པོ།

 
ད་སྐབས་བོད་ཀྱི་སྤྱི་ཚོགས་ནང་དུ་ལྟ་བ་མི་འདྲ་བ་ཕྱོགས་ཁག་གཉིས་སུ་གྱེས་ཡོད་རེད། དེ་ནི་སྔོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྐུ་ངལ་ཚད་མེད་གནང་བའི་འབྲས་བུ་ལོ་རྒྱུས་དང་རིག་གནས་དག་རིན་ཐང་རྟོགས་ནས་དེ་ལ་ཁ་སྣོན་ནུབ་ཕྱོགས་ཚན་རིག་གི་ལྟ་བ་རྒྱུན་འཛིན་བྱ་དགོས་འདུག་ཟེར་མཁན་དང་། ཡང་བོད་མི་རིགས་ནི་ཀླ་ཀློ་དང་། སྤྱི་ཚོགས་ནི་མུན་ནག་དང་གདུག་རྩུབ་ཅིག་རེད། དེ་ཡར་རྒྱས་འགྲོ་དགོས་ན་སྔོན་གྱི་གཤིས་ཀ་སྤྱོད་པ་སློབ་གསོ་བཅས་དོར་དགོས་འདུག་ཅེས་བཤད་མཁན་ཁག་ཅིག་རེད། དེ་ཚོས་བེད་སྤྱོད་གཏོང་རྒྱུའི་ཚིག་ནི། དགྲ་བོ། གྲོགས་པོ། གསར་བརྗེ་སོགས་རིག་གསར་གྱི་ཚིག་རྙིང་ཁ་ཤས་ཤིག་རེད། དེ་འདྲ་བཤད་མཁན་ལ་ལན་བརྒྱབ་དགོས་རེད་དམ་མ་རེད། གལ་སྲིད་ལན་བརྒྱབ་ན་གང་གི་སྟེང་ནས་བརྒྱབ་དགོས་རེད་ཅེ་ན། ཞོགས་དུང་དང་དོན་འགྲུབ་རྒྱལ་ལྟ་བུའི་བསམ་བློའི་ནང་སྔོན་ཆད་བོད་པ་ཡོད་ཚད་ཀླ་ཀློ་དང་བླུན་པོ་དགྲ་བོ་ཡིན་ཞེས་གསལ་པོར་བཤད་ཡོད་རེད། ང་ཚོ་དགྲ་བོ་ཡིན་ན་དགྲ་བོའི་སྐད་ཆ་བཤད་དགོས་རེད་མ་གཏོགས། ཁོ་ཅག་ལ་གྲོགས་པོའི་ངོས་ནས་སྐད་ཆ་བཤད་ན་བརྩི་མཐོང་མེད་པ་དང་རང་ཚུགས་མེད་པར་འགྱུར་རྒྱུ་རེད།

མི་དེ་དག་ལ་ཚིག་དང་བརྗོད་བྱ་གང་འདྲ་བེད་སྤྱད་ནས་སྐད་ཆ་བཤད་དགོས་རེད་ཅེ་ན། ཁོ་པ་ཚོའི་ཚིག་དང་ལྟ་བ་གསལ་འདོན་བྱ་རྒྱུ་དང་བོད་ལ་སྔོན་ཆད་ནས་དར་བའི་རིག་གཞུང་དང་ནུབ་ཕྱོགས་ཀྱི་ལྟ་གྲུབ་ཐོག་ནས་ལན་གདབ་དགོས་རེད། སྐད་ཆ་བཤད་ཡོང་དུས་ཁོ་ཚོ་ལ་སྡོམ་ཚིག་ཅིག་བཞག་དགོས་པས་ཁོ་ཅག་གི་ལས་ཀ་དང་སློབ་གསོ་སྐད་ཆ་བཤད་སྟངས་སོགས་གང་འདྲ་ཞིག་རེད་ཅེ་ན། ཁོ་ཚོས་སྐྱོན་ཆ་རི་འདྲ་བོ་ཞིག་བཞག་ནས་དེ་དག་ལ་དགག་བཞག་བྱེད་མཁན་དག་ལ་ཁྱེད་ཅག་གིས་ཤེས་ཀྱིན་མི་འདུག་མ་གཏོགས་དོན་འགྲུབ་རྒྱལ་དང་ཞོགས་དུང་ཡག་པོ་ཡོད་ཟེར་ནས་བཤད་ཀྱིན་ཡོད་རེད། དེ་ཚོ་ནི་དོན་ཞོགས་གཉིས་ཀྱི་ཕ་ཡུལ་དང་ལས་ཁུང་གཅིག་པ། ཡང་ན་སློབ་གྲོགས་གང་ལ་ཡང་འགན་ཁུར་མེད་མཁན་དོན་ཞོགས་གཉིས་ཀྱི་དཔེ་དེབ་མ་གཏོགས་མཐོང་མྱོང་མེད་མཁན་གྱི་རིགས་ཤིག་རེད།

ཁོ་ཚོས་མངོན་ལྐོག་གཉིས་ནས་གཞན་ཕྱོགས་ཕམ་པར་རྒྱག་རྒྱུ་ཡིན་ཟེར་བཞིན་ཡོད་རེད། དེ་ཚོ་ནི་རྩ་བ་ནས་ཡོང་རྒྱུ་མེད་པ་ཞིག་རེད། དེ་ལྟར་བྱུང་ན། བོད་མི་རིགས་བརྒྱ་ཆ་དགུ་བཅུའི་བསམ་བློ་དད་པ་ཤེས་རིག་ལས་འབྲས་བཅས་རྡོག་རྫིས་གཏོང་བ་རེད། དེ་འདྲ་བྱ་ཆོག་པ་ཞིག་མ་རེད། ད་རུང་ཁོ་ཅག་གིས་ཞོགས་དུང་ལ་ཕྲག་དོག་བྱེད་ཀྱིན་འདུག་བཤད་ཀྱིན་འདུག ང་ཚོས་ཞོགས་དུང་ལ་ཕྲག་དོག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག ཞོགས་དུང་ལ་ཅི་ཞིག་ཡོད་རེད། ཁོས་རང་ཉིད་ཀྱི་ཡིན་ཁུལ་བྱེད་པའི་རིག་གསར་གྱི་ཚིག་འགའ་སྒྲིག་ནས་དཔེ་དེབ་འགའ་པར་བསྐྲུན་བྱས་ནས་སྒོར་མོ་འགའ་ཐོབ་འདུག ཁོ་ལ་ཕྲག་དོག་ཅི་ཞིག་བྱེད་དགོས་རེད། ཕྲག་དོག་ནི། གཞན་ལ་ཡོད་པའི་ཡོན་ཏན་དང་སྙན་གྲགས་རྒྱུ་ནོམ་པ་སོགས་རང་ཉིད་ལ་ཐོབ་འདོད་པའི་བསམ་བློ་ཞིག་ལ་ཕྲག་དོག་ཟེར་གྱིན་ཡོད་རེད་མ་གཏོགས་གཞན་ལ་མེད་པ་ཞིག་ལ་ཕྲག་དོག་བྱ་སར་འགྲོ་རྒྱུ་མ་རེད།

དོན་གྱིས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་བསམ་བློ་སོགས་འགན་ཁུར་ཡོད་པའི་མི་དག་ལ་ཁོ་ཚོས་ཕྲག་དོག་བྱེད་ཀྱིན་ཡོད་རེད། ཤེས་ཡོན་ཡོད་མཁན་མང་ཆེ་བས་ཞོགས་དུང་གི་ལྟ་བ་ཤེས་ཀྱིན་ཡོད་རེད། གཞན་བོད་ནས་དགོན་པ་ནས་ཆོས་སྒྲུབ་མ་ནུས་མཁན་སློབ་གྲྭ་ནས་སློབ་སྦྱོང་མི་ཤེས་མཁན་དཔལ་འབྱོར་སོགས་གང་ཡང་བསྒྲུབ་མི་ནུས་མཁན་ཁ་ཤས་ཕྱི་རྒྱལ་ལ་ཡོང་ནས་ཞོགས་དུང་གི་ལྟ་བ་ཧ་ལས་པ་ཞིག་ཡིན་མདོག་སྟོན་བཞིན་ཡོད་རེད། དེ་དག་ཁ་ཤས་ལ་ལས་ཀ་ཡང་རག་གི་ཡོད་རེད། འགན་ཁུར་ཡོད་པ་དང་རིག་གཞུང་ཤེས་མཁན་དཀའ་ལས་རྒྱག་མཁན་དེ་འདྲ་མ་རེད། ཁོ་ཚོ་ལུས་ཡུལ་ལུང་འདྲ་མིན་ནང་དུ་ཡོད་ཀྱང་སེམས་རིག་གསར་ནང་མ་གཏོགས་ཡོད་མ་རེད། དེ་འདྲའི་མི་ཁ་ཤས་ཀྱིས་བོད་ཀྱི་རིག་ནས་རྩ་རྫོགས་བྱ་རྒྱུ་ཡིན་ཟེར་ན་འགྲིག་གིན་མ་རེད། ཁྱེད་ཅག་མ་དགའ་ན་ཡང་ང་ཚོས་བཤད་ཀྱིན་རེད། འབྲི་རྒྱུ་རེད། གཅིག་བྱས་ན་གློག་བརྙན་ཡང་བཟོ་རྒྱུ་རེད། བོད་ནང་ནས་མང་པོ་ཞིག་གིས་ཤེས་ཡོང་གིན་འདུག

ང་རང་སྒེར་ལ་ང་ཚོ་ནོར་བྱུང་ཟེར་ནས་ཡི་གེ་སྐུར་མཁན་དང་སྐད་ཆ་བཤད་མཁན་མང་པོ་ཡོང་གིན་འདུག ངས་བཤད་བཞིན་པའི་སྐད་ཆ་དག་བདེན་པ་རེད་དམ་མ་རེད། ཁྱེད་ཚོས་སློབ་སྦྱོང་དང་དཀའ་ལས་མ་བརྒྱབ་ན་ཡག་གཙོག་བཟང་ངན་ཅི་ཡང་ཤེས་མ་རེད། ནུབ་ཕྱོགས་ཀྱི་རིག་པ་ནི་ཁྱེད་ཚོས་ཤེས་ཀྱིན་མི་འདུག བོད་ཀྱི་རིག་གཞུང་ནི་ཁྱེད་ཚོས་མི་ཤེས། ཁྱེད་ཚོས་ཤེས་རྒྱུ་དོན་ཞོགས་གཉིས་ཀྱི་དཔེ་དེབ་འགའ་དང་སྐད་ཆ་ཡ་མ་ཟུང་ཁ་ཤས་མ་གཏོགས་ཅི་ཡང་ཤེས་ཀྱིན་མི་འདུག དོན་ཞོགས་གཉིས་རིག་གནས་ཀྱི་ཁྱི་རེད། གོ་བ་ལོག་མི་ཉན་པ་ཞིག་ལ་ངས་ཁོང་གཉིས་མྱི་ཁྱི་རེད་བཤད་ཀྱིན་མེད། རིག་གསར་གྱིས་ཁོ་གཉིས་ལ་ལྟོ་སྤྲད་པས་ཁོང་གཉིས་དེའི་རྗེས་སུ་འགྲངས་ནས་སྐད་ཆ་དེ་དག་བཤད་ཀྱིན་ཡོད་རེད། དེ་ཡིན་མིན་ངས་བཤད་པའི་སྐད་ཆ་དང་རྩོམ་ཡིག་ལ་ལྟོས་དང་ཤེས་རྒྱུ་རེད། དོན་ཞོགས་གཉིས་ཀྱིས་བོད་མི་རིགས་ཀྱི་མི་མང་ཕལ་བ་དགོན་པ་དང་གྲྭ་བ་སོགས་ཀྱིས་ཁོ་ཚོར་དགོངས་དག་ཞུ་དགོས་པ་འདྲ་པོ་བཤད་པ་རེད། ང་ཚོས་དུས་ནམ་ཡང་ཞུ་དགོས་མ་རེད། ང་ཚོས་བོད་མིའི་དད་མོས་ལ་དགག་རྒྱག་བྱས་མེད། བོད་ཀྱི་ཤེས་རིག་ལ་དགྲ་བོ་ལྟ་བུའི་འདུ་ཤེས་འཛིན་ནས་སྐྱོན་བརྗོད་བྱས་མྱོང་མེད། ཅི་ཞིག་གི་ཆེད་དུ་དགོངས་དག་ཞུ་དགོས་རེད། དེ་ཚོ་ཤེས་དགོས་རེད། ངས་དུས་རྒྱུན་གང་བཤད་ཀྱིན་ཡོད་ཅེ་ན། ཕན་པ་བཟོ་མ་ཐུབ་ན་ང་ཚོས་གནོད་སྐྱེལ་གྱིན་མ་རེད། ཁོ་ཚོས་གནོད་བསྐྱལ་གྱིན་ཡོད་རེད། དེ་དག་གི་ཐད་ལ་སྐད་ཆ་བཤད་རྒྱུ་ཡིན། འགོ་ཁོ་ཚོས་བརྩམ་པས་མཇུག་ངས་བསྐྱང་རྒྱུ་ཡིན།

ཞོགས་དུང་ཁྱེད་ཚོས་བོད་ཀྱི་མཁས་པ་ཡོད་ཚད་དང་ཤེས་རིག་ཡོད་ཚད་ལ་གུས་བཀུར་མེད་མཁན་ཞིག་ལ་ངས་བཤད་མི་ཆོག་པའི་རྒྱུ་མཚན་ཅི་ཡང་ཡོད་མ་རེད། བཤད་པ་དེ་དག་ཡང་རྒྱུ་མཚན་མེད་པ་བཤད་ཀྱིན་མེད། ཞོགས་དུང་གིས་ནོར་བ་དག་ལ་དགོངས་དག་ཞུ་ཐུབ་ན་ང་ཚོས་ཀྱང་དགོངས་དག་ཞུ་རྒྱུ་རེད།  དེ་ལྟར་མིན་པར་ཞོགས་དུང་གིས་བོད་ཀྱི་ཡོད་ཚད་ལ་དགག་རྒྱག་བྱེད་ཆོག་ན་ང་ཚོས་ཅིའི་ཕྱིར་ཁོ་ཚོ་ལ་དགག་བཞག་བྱ་མི་ཆོག་པའི་རྒྱུ་མཚན་ཡོད་རེད། ཅིའི་ཕྱིར་བཟོད་སྒོམ་བྱེད་ནས་འདུག་དགོས་རེད། དེ་དག་ལས་འབྲས་དང་མཐུན་མ་རེད་ལ་ངོ་ཚ་དང་བྲལ་བ་རེད། བོད་ཀྱི་རིག་གནས་སོགས་ཡོད་ཚད་དགག་རྒྱག་བྱེད་མཁན་བོད་མི་རིགས་ལ་མཐོང་ཆུང་བྱེད་མཁན་དག་ཡག་པོ་མ་རེད་བཤད་མཁན་རྣམས་ངན་པ་ཞིག་ཡིན་དགོས་པ་ཅི་ཞིག་རེད། དེ་བཟང་ངན་མི་ཤེས་པ་དང་ཁྲམ་པ་ཡིན་པའི་རྒྱུ་མཚན་ལས་གཞན་གང་ཡང་མ་རེད། དེ་དག་ལ་བསམ་བློ་ཡག་པོ་གཏོང་དགོས་རེད། གནས་སྐབས་དེ་ཙམ་ལས་མེད།།

བསམ་ཚུལ།

Post navigation

Previous Post: འཚོ་བ་འདི་བག་མར་བྱིན་ཚར། ༡
Next Post: བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ལ་བཅང་བའི་འདུན་པ།

Comments (3) on “བོང་རྫིས་དོན་ཞོགས་གཉིས་ནི་རིག་གནས་ཀྱི་ཁྲམ་པ་གཉིས་རེད་ཟེར།”

  1. ཀརྡོ་རབ་འབྱམས་པ་ says:
    2017-08-24 at 7:36 am

    ཡ་མཚན་དངོས་འབྱུང་།
    https://www.facebook.com/elijah.magezi.7/posts/238804483299119

  2. ཉི་མ། says:
    2017-08-31 at 2:47 am

    ཧ་ཧ་ཧ།

  3. ཨ་འབར་འཇིགས་དབང་། says:
    2017-09-16 at 12:07 am

    ༄༅། ག་དུས་ཡིན་ཡང་དྲང་པོ་དང་བདེན་པ་རྐྱང་རྐྱང་བཤད་མཁན་ཁོ་རང་ཆུ་ཚོད་
    ༢༤ ནང་སོ་སོའི་དྲང་པོ་དང་བདེན་པ་ག་ཚོད་བྱེད་ཀྱི་ཡོད་སོ་སོའི་སོ་སོར་དྲི་བ་བཏང་ན་ག་
    འདྲ་འདུག།
    སེམས་ལྡན་པ་ཞིག་ཡིན་ན་དང་པོ་བསམ་བློ་གཏོང་ནས་སྐད་ཆ་བཤད་དགོས་པ་ཡིན།
    མི་ཚང་མ་ལྐུགས་པ་མ་རེད་ དུས་རབས་་་ ༢༡ པའི་དུས་སྐབས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme