Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོང་རྣ་དང་གསེར།

Posted on 2015-10-042015-10-04 By ཁ་བརྡ No Comments on བོང་རྣ་དང་གསེར།

འཇམ་གཅེས།

 
དེང་སྐབས་འོས་བསྡུ་དང་འབྲེལ་བའི་བསམ་ཚུལ་གླེང་བའི་སྐབས་སུ། འགའ་ཤས་ཀྱིས་དད་པ་དམ་ཚིག་དང་འབྲེལ་བའི་སྐད་ཆ་བཤད་མི་ཆོག་སྟེ་མང་གཙོའི་རང་དབང་ལ་ཕོག་ཐུག་བཏང་བ་ཡིན་ཚུལ་དང་། ལྷག་པར་དུ་༸གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ན་མི་འགྲིག་སྟེ་ཆོས་དང་ཆབ་སྲིད་སོ་སོ་ནས་ཡིན་རབས་ཟེར། ངས་དེ་རིང་རྒྱས་བཤད་མང་པོ་མི་དགོས་པར་ཐད་ཀར་བརྗོད་གཞི་དེ་གཉིས་དང་འབྲེལ་ནས་གླེང་འདོད་པ་ནི་ཅིའི་ཕྱིར་དེ་དག་གིས་མང་གཙོའི་རང་དབང་ལ་ཕོག་ཐུག་འགྲོ་མིན་སོགས་ཡིན།

ཁྱེད་ཅག་གིས་ནུས་པས་གང་ལྕོགས་ཀྱིས་དུས་ཀུན་ཏུ་༸རྒྱལ་བའི་བཀའ་དྲིན་ལོག་འཇལ་གྱི་ཐོག་ནས་གཞི་མེད་པའི་སྒྲོ་སྐུར་ཅི་རིགས་པ་བྱས་དང་བྱེད་བཞིན་པ་དེ་དག་གིས་མང་གཙོའི་རང་དབང་ལ་ཕོག་ཐུག་འགྲོ་གི་མེད་ན། དད་པ་དམ་ཚིག་དང་འབྲེལ་བའི་སྨྲ་བརྗོད་དང་། ༸གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་པ་དེ་ཡང་སྐབས་དུས་སོ་སོར་སྐྱེ་བོ་མི་རེ་ངོ་རེ་ལ་མང་གཙོས་སྤྲད་པའི་ཁེ་ཕན་དང་། བདག་དབང་། འོས་འགན། སྨྲ་བརྗོད་རང་དབང་སོགས་ཅིའི་ཕྱིར་མིན།

ལྷག་པར་དུ་ཁྱེད་ཅག་གིས་འདོད་མོས་ལྟར་སྐབས་དུས་གང་བྱུང་ལ་༸གོང་ས་མཆོག་ལ་ཟུར་ཟ་དང་གཞི་མེད་པའི་སྒྲོ་སྐུར་གང་འདོད་ཞུས་ཆོག་པ་དང་། ༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་ཡོད་མཁན་དག་གིས་མིག་མཐོང་ལག་ཟིན་གྱིས་ཁོང་གི་བཀའ་དྲིན་དང་མཛད་རྗེས་དག་ལ་རྒྱབ་སྐྱོར་གྱི་ཕྱིར་དུ། ཁོང་ཉིད་ཀྱི་མཛད་འཕྲིན་དང་མཚན་སྙན་ལ་སྙིང་ན་མཁན་དག་གི་སྣ་ཁུང་ཅིའི་ཕྱིར་བརྡུང་མི་ཆོག་པའི་གཏན་ཚིགས་ཅི་ཞིག་ཡོད་དམ།

དངོས་ཡོད་གཞིར་བཅོལ་ནས་བདེན་གཏམ་སྨྲ་བའི་སྐབས་སུ་ཁྱེད་ཚོའི་ཁ་ལ་རང་བཞིན་གྱིས་རྡོ་རྗེའི་རྒྱ་གྲམ་རེ་ཐེབས་འགྲོ་བ་ནི་བདེན་རྫུན་གྱི་གནས་ལུགས་དང་། རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་ལས་མ་འདས་པས་སྡུག་སྐད་དག་ལ་གཟུར་གནས་སུ་ཞིག་གིས་ཁྱེད་ཚོ་ལ་བདེན་ཁ་སྦྱིན།

ལར་ནས་བོད་མིའི་རྩ་དོན་འདི་བཞིན་ཆོས་ལུགས་དང་ཆབ་སྲིད་གཉིས་ཀ་ལ་འབྲེལ་བ་ཡོད་པ་ཡིན་སྟབས་ཕྱོགས་རིས་དང་ཕྲག་དོག་ལས་ཅི་ཡང་མི་ཤེས་མཁན་གྱི་མི་ལྡོམ་དང་། གྲྭ་ལྡོམ། གྲྭ་གཟུགས་དག་གི་བློ་ལ་འཐད་མིན་ཇི་ལྟར་ཡང་དུས་ནམ་ཡང་གླེང་དགོས་ངེས་རེད་ལ་ནམ་ཡང་མཚམས་འཇོག་མི་སྲིད།

དད་པ་ལོག་སྤྱོད་པ་ཟེར་བའི་སྐད་ངན་དེ་ལེགས་བཤད་དུ་རློམ་ནས་རི་བོང་ཅལ་རྗེས་སུ་རྒྱུག་བཞིན་པའི་སྐབས་འཚོལ་རིང་ལུགས་པ་ཉུང་ཤས་དང་། དོལ་ཚོགས་ཀྱིས་མཚོན་པའི་མི་ལྡོམ་ཉུང་ཤས་ལས། གཞིས་བྱེས་བོད་མིའི་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་ཙམ་གྱིས་༸གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཡོད་པ་ནི་ས་རིས་ཐང་གསལ་ཡིན་པ་ལྡོམ་པོ་ཁྱོད་ཚོས་ངོ་ཤེས་པའི་སྒོ་ནས་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་། མང་གཙོའི་ཁེ་དབང་། བཀའ་དྲིན་ངོ་ཤེས་ཀྱི་བཟང་སྤྱོད་ལ་ཕོག་ཐུག་བཏང་དང་གཏོང་བཞིན་པ་དག་མཚམས་འཇོག་གྱིས་ཤིག

ཁྱེད་ཚོས་༸གོང་ས་མཆོག་ལ་ཟུར་ཟ་དང་། རྒྱལ་བཙོང་བ་འབོད་མཁན་ལ་མཐེ་བོང་བསྒྲེངས་ནས་༸གོང་ས་མཆོག་དང་། ཁོང་ཉིད་ཀྱི་རྗེས་འཇུག་པ་དག་ལ་རང་སྣང་གང་ཤར་གྱི་ཐལ་ཚིག་སྒྲོག་བཞིན་པ་དེ་དག་མང་གཙོའི་རང་དབང་དང་འགལ་ཟླ་ཆགས་ཀྱི་མེད་ན། ཅིའི་ཕྱིར་གཅིག་ཤོས་ལ་འགལ་ཟླ་ཆགས་ཀྱི་ཡོད་དམ།

གཞན་ཡང་ཉེ་ཆར་དགོན་སྡེ་དང་སློབ་གྲྭ་ཁག་མང་པོས་ཀླུ་བྱམས་ཀྱི་གཏམ་བཤད་ལ་མོས་མཐུན་མ་བྱས་པ་དེ་མང་གཙོ་དང་འགལ་བ་ཡིན་ཞེས་འུར་རྒྱག་གིན་འདུག་པས། ཡང་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། རྒྱུན་ལས་ཀྱིས་ཐག་གཅོད་ཡོངས་རྫོགས་མང་གཙོ་དང་འགལ་བར་བརྗོད་དགོས། ཅིའི་ཕྱིར་ཞེན། ཁོང་ཚོས་གནད་དོན་མང་པོ་ཞིག་ལ་མང་མོས་ཀྱིས་ཐག་བཅད་པ་ལས་སྤྱི་མོས་ཡོང་གི་མེད་པས་སོ།།

དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་ལྷན་ཁང་སོ་སོའི་བཀའ་བློན་ཚོས་ཀྱང་རང་ཉིད་ཀྱི་གོ་གནས་ལ་དཔག་པའི་དབང་ཚད་ཀྱི་ལམ་ནས་གནད་དོན་མང་པོ་ཞིག་ཐག་གཅོད་གནང་གི་ཡོད་པས་དེ་དག་ཐམས་ཅད་བོད་མི་ཡོངས་རྫོགས་ཀྱི་མངོན་འདོད་དང་མཐུན་པ་ཡིན་ནམ།

མ་གཞི་ནི་ཁྱེད་ཅག་གིས་མང་གཙོ་ཟེར་བ་དེ་གང་ཞིག་ལ་ངོས་འཛིན་གྱི་ཡོད་དམ། མི་མང་གིས་འོས་འདེམས་བྱས་པའི་མི་མང་གིས་འཐུས་མིས་ཐག་གཅོད་བྱེད་པའི་ལུགས་སྲོལ་དེ་དག་ཁྱེད་ཚོས་འདོད་པའི་མང་གཙོའི་ལམ་ལུགས་ནང་དུ་མེད་པ་ཡིན་ནམ།
ཡང་ན་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཚད་ལྡན་གང་གི་མང་གཙོའི་ཁྲིམས་ལུགས་སམ་ཁེ་དབང་སོགས་དང་འགལ་གྱི་ཡོད། མང་གཙོ་ཟེར་བའི་ལམ་ལུགས་དེ་བཞིན་མང་ཉུང་གཉིས་དབྱེ་བའི་ནང་ནས་མང་ཤོས་ཀྱི་འདོད་མོས་དང་མཐུན་དགོས་པ་དེ་ཤེས་ཀྱི་ཡོད་དམ།

གལ་སྲིད་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དགོས་ཚེ་ཆབ་འབངས་ཡོངས་རྫོགས་འདུ་འཛོམས་ཀྱིས་ཐག་གཅོད་དགོས་པ་ལས། སྐྱེ་བོ་སྒེར་དང་། སྒྲིག་འཛུགས། ལས་ཀྱི་སྣེ་མོ་བ། ཚོགས་སྡེ་བྱེ་བྲག་པ་གང་ལའང་ཐག་གཅོད་བྱ་རྒྱུའི་དབང་ཚད་མེད་པ་ཡིན་ནམ།

འདི་དག་ནི་དྲི་བའི་ཚུལ་དུ་བརྡ་ལན་རེ་ཡང་ཡིན་པས་ཁྱེད་ཅག་གི་ངོ་གདོང་ལྕགས་འབག་འདྲ་མིན་དེ་དག་མར་ཙམ་ཕུད་ནས་གཟུར་གནས་ཀྱི་བློ་གྲོས་ལ་འཇུག་པ་རེ་ཨེ་ནུས་བརྩོན་དང་དགེ་མཚན་ལོས་ཡོད། མ་གཞི་ནི་བོང་རྣ་དང་གསེར་གྱི་དཔེ་ལྟར་གྱུར་སོང་མོད་བདེན་གཏམ་ནི་ནམ་ཡང་བདེན་གཏམ་རང་ཡིན་ནོ།། །།

བསམ་ཚུལ།

Post navigation

Previous Post: རྩེད་རའི་ནང་གི་ཚེ་གྲོགས།
Next Post: ཀླུ་མཁར་བྱམས་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme