Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོ་ཇོ་གཉིས་དང་མི་ཆེན་ཁྱིམ་རྒྱུད་གཉིས་དབར་གྱི་ལས་དབང་།

Posted on 2015-09-192015-09-19 By ཁ་བརྡ 5 Comments on བོ་ཇོ་གཉིས་དང་མི་ཆེན་ཁྱིམ་རྒྱུད་གཉིས་དབར་གྱི་ལས་དབང་།

རྩིབས་རི་རྒོད་ཕྲུག

 
མི་ཆེན་ཁྱིམ་ཚང་གི་གཏམ་རྒྱུད་དེ་གོ་དུས་ནི་དབྱར་དུས་སུ་ཡིན་ཞིང་སྐབས་དེར་ང་གནས་ཆེན་རྩིབས་རིའི་ལྷོ་ངོས་ན་ལུག་རྫིའི་འཚོ་བར་རོལ་བཞིན་ཡོད། དེ་ནི་ལོ་ངོ་བཅུ་ཕྲག་འགའི་གོང་དུ་རེད། ཉིན་མོ་དེར་ངས་གཏམ་རྒྱུད་དེ་ངའི་རྫི་རོགས་ཀྱི་ས་ནས་གོ་ཞིང་། དུས་སྐབས་དེར་ངའི་སེམས་ལ་དེ་ལྟ་བུའི་གཏམ་རྒྱུད་དང་ཆ་འདྲ་བ་ཞིག་མི་ལོ་དུ་མའི་རྗེས་ཀྱི་དེ་རིང་དྷ་རམ་ས་ལ་ནས་མཐོང་ཐོས་ཀྱི་ཡུལ་དུ་འགྱུར་ཡོང་བསམ་པ་ག་ནས་ཤར། འོན་ཀྱང་ངའི་ཨ་མས་ང་ལ་ཆུང་དུས་ནས་མི་ཞེས་པ་དེ་ས་ཆ་གང་དུ་སླེབས་མིན་དང་། ག་རེ་གོ་མིན། སུ་ལ་རེ་དགོས་མིན་བཤད་ཚོད་དཀའ་བས། བྱ་བ་ཐམས་ཅད་ལ་དོ་སྣང་བྱེད་དགོས་ལ། མི་སུ་གཅིག་ལ་ཡང་རེ་མི་དགོས་སྙམ་པ་གཏན་ནས་བྱ་མི་རུང་ཞེས་སློབ་གསོ་བཏང་མྱོང་བ་དག ཁ་སང་དེ་རིང་བོ་དོང་པ་དང་། ཇོ་ནང་པའི་རྗེས་འབྲངས་པས་གཙོས་མིག་སྔའི་གནས་ཚུལ་སྣ་མང་གིས་ཨ་མའི་གཏམ་དེར་བདེན་ཁ་སྦྱིན་འོང་གི་འདུག

མི་ཆེན་ཁྱིམ་ཚང་ནི་དེ་སྔོན་ལྷ་སའི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཡིན་ཞིང་། མི་ལོ་དུ་མའི་རིང་བོད་གཞུང་ལ་བྱས་པ་ཅན་གྱི་ཁྱིམ་རྒྱུད་རྙིང་གྲས་ཤིག་ཡིན། འོན་ཀྱང་ཕྱིས་སུ་སྐུ་དྲག་ཁྱིམ་ཚང་དབར་གྱི་འགལ་ཟླའི་རྣོ་ངར་ཁྲོད། གོད་ཆག་བྱུང་བའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་གྱུར་ཡོད། མི་ཆེན་ཁྱིམ་ཚང་གི་ཕ་བློ་བཟང་གིས་རང་གི་ཕ་གཞིས་སླར་གསོའི་ཆེད་ལས་ལ་བརྩོན་ཞིང་། དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་རྒྱུན་དུ་བོད་གཞུང་ལ་ལྷག་བསམ་རྣམ་དག་དང་། སྐུ་དྲག་གཙོ་དྲས་རྣམས་ལ་འཁོན་སེམས་དོར་ཏེ་སྔར་ལས་ཀྱང་འབྲེལ་འདྲིས་དམ་ཟབ་བཅངས་ནས་རང་གི་ཕ་གཞིས་སླར་གསོ་ཡོང་ཐབས་བྱས་ཡོད།

དེ་ལྟ་ནའང་ཕ་བློ་བཟང་གི་བུ་ཕག་སྐྱག་གིས་ཁྱིམ་ཚང་གི་གནས་བབ་དེ་ལྟ་བུའི་དུས་སྐབས་ལ་ཡང་། ཕ་ལ་བསམ་ཤེས་མ་བྱས་པར། ཕས་རང་གི་ཕ་གཞིས་སླར་གསོའི་ཆེད་དཀའ་སྤྱད་དུ་མས་བསགས་པའི་དངོས་ནོར་ཅུང་ཟད་ཡོད་པ་དེ་དག་ཀྱང་རང་ལ་དབང་ཚུལ་གྱིས་ཧམ་བཤད་ཐོག་ཕ་བློ་བཟང་གནས་བཟོད་མི་བདེ་བ་སྣ་ཚོགས་བཟོས་ཡོད། ཕ་བློ་བཟང་གིས་བུ་ཕག་སྐྱག་ལ་ད་ལྟ་ང་ཚོ་མི་ལོ་དུ་མའི་བྱས་རྗེས་ཡོད་པའི་རང་གི་ཁྱིམ་ཚང་འདི་སླར་གསོ་བྱ་བའི་དུས་ཚོད་ཡིན་པ་ལས། རྒྱུ་ནོར་ཕ་བུ་ས་ལ་བདག་མིན་རྩོད་པའི་དུས་མིན་པས། བུ་རང་ཁོག་རྒྱ་ཆེ་ཙམ་བྱོས། བུ་ཀླུ་སྲས་ལ་ག་རེ་ཡོད་པ་བཞིན་ཁྱེད་ལ་ཡང་ཡོད་པ་བྱས་ཆོག་ཅེས་སློབ་གསོ་བཏང་མྱོང་།

འོན་ཀྱང་བུ་ཕག་སྐྱག་གིས་དེ་ལས་ཟློག་སྟེ། ཁྲོམ་གཞུང་གི་ཚོང་པ་རྣམས་ལ་ཕ་བློ་བཟང་ཡག་པོ་མེད་ཚུལ་གྱིས་སྒྲོ་སྐུར་ཅི་རིགས་བྱས་ཏེ་ཕ་བློ་བཟང་གི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། གནས་ཚུལ་དེ་མི་ཆེན་ཁྱིམ་ཚང་གི་གཉེན་ཉེ་ཚོས་གོ་དུས་བུ་ཕག་སྐྱག་ལ་ཁོང་ཁྲོ་ལངས་ཡོད་པ་མ་ཟད། གནས་ཚུལ་དེས་གཞན་ལ་ངོ་ཚ་ཁ་སྐྱེངས་པ་སོགས་ཀྱང་བྱུང་ཡོད། མི་ཆེན་ཁྱིམ་ཚང་དང་འཁོན་འགྲས་ཡོད་པའི་སྐུ་དྲག་དེ་ཚོ་ནི་དེ་ལས་ཟློག་སྟེ་རྒྱབ་ནས་གད་མོ་དགོད་བཞིན་ཁྱིམ་ཚང་དེས་འབྱུང་འགྱུར་འཁོན་ལན་སློག་ཡོང་བསམ་པའི་སེམས་ཁྲལ་ཡོད་པ་དེ་ཡང་དོན་མེད་ཡིན་པ་ཤེས་ཡོད།

མཚམས་འདིར་ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། ཕ་བློ་བཟང་གི་བུ་ཕག་སྐྱག་ཟེར་བ་དེ་ད་ལྟའི་ཇོ་ནང་པའི་རྗེས་འཇུག་ངོ་རྒོལ་པ་རྣམས་དང་ཧ་ཅང་མི་འདྲ་འམ། ཕ་བློ་བཟང་གིས་སྟོང་ལ་ཉེ་བའི་རང་གི་མི་ཆེན་ཁྱིམ་ཚང་གི་གནས་བབ་བསྐྱར་བཟོ་ཡོང་ཐབས་ལ་དཀའ་སྤྱད་སྙིང་རུས་བསྟེན་ཡོད་པ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་དེ་ལྟར་རྒྱ་ནག་དམར་པོའི་མེ་འོབ་ཀྱི་ཀློང་ན་འཇིག་བཞིན་པའི་བོད་ཀྱི་གནས་བབ་དེ་བསྐྱར་བཟོ་ཡོང་ཐབས་བྱེད་ཀྱི་ཡོད། འོན་ཀྱང་བུ་ཕག་སྐྱག་གིས་ཕ་ལ་བསམ་ཤེས་མ་བྱས་པར་ཕས་བསགས་པའི་དངོས་ནོར་ཅུང་ཟད་ཡོད་པ་དེ་དག་རང་ལ་དབང་ཚུལ་བརྩད་ཡོད་པ་ལྟར། ཇོ་ནང་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་དེ་བཞིན་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་གཅིག་དགོས་གཉིས་དགོས་ཞེས་བདག་དབང་རྩོད་གླེང་བྱེད་ཀྱི་ཡོད།

བུ་ཕག་སྐྱག་གི་བྱ་སྤྱོད་དེས་མི་ཆེན་ཁྱིམ་ཚང་གི་གཉེན་ཉེ་ཚོ་ངོ་ཚ་ཁ་སྐྱེངས་བཟོས་ཡོད་པ་བཞིན། ཇོ་ནང་པའི་རྗེས་འཇུག་པ་རྣམས་ཀྱིས་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ལ་ཤ་ཚ་ཡོད་མཁན་ཚོ་གཞན་གྱི་མདུན་སར་ངོ་ཚ་ཁ་སྐྱེངས་དང་ཁོང་ཁྲོ་ལངས་དུ་བཅུག་ཡོད། མི་ཆེན་ཁྱིམ་ཚང་གི་གནས་ཚུལ་དེ་འཁོན་འགྲས་ཆེ་བའི་སྐུ་དྲག་ཚོས་གོ་དུས་རྒྱབ་ནས་གད་མོའི་དགོད་སྒྲས་གནམ་ས་གཡོ་བར་བྱས་ཡོད་པ་བཞིན། རྒྱ་ནག་གི་དཔོན་རིགས་རྣམས་ཀྱང་ཇོ་ནང་པའི་ལས་ཚུལ་འདི་ལ་རྒྱབ་ནས་བལྟས་ཏེ་གད་མོ་དགོད་བཞིན་ཡོད་ལ། འབྱུང་འགྱུར་བོད་ཀྱི་མཐུན་སྒྲིལ་གཏོར་བར་འདི་ནི་ལག་ཆ་གཞན་ཞིག་རེད་སྙམ་པའི་རེ་སེམས་ཀྱང་འཆང་གི་ཡོད།

ཕ་བློ་བཟང་གིས་བུ་ཕག་སྐྱག་ལ་བུ་ཀླུ་སྲས་ལ་ག་རེ་ཡོད་པ་ཁྱོད་ལ་ཡང་ཡོད་པ་བྱས་ཆོག་ཅེས་བརྗོད་ཡོད་པ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཐུན་འགྱུར་ག་རེ་དགོས་ནའང་། དེ་སྔོན་སྦྱར་ཡོད། མ་འོངས་པར་ཡང་སྦྱར་གྱི་ཡིན། སྤྱི་འཐུས་མ་རག་པའི་རྒྱུ་མཚན་གྱིས་ཇོ་ནང་པའི་ལུང་རྟོགས་བསྟན་པ་ལ་ཉམས་རྒུད་འགྲོ་བ་གང་ཡང་མཐོང་གི་མེད།[1] ཅེས་བརྗོད་ཡོད། འོན་ཀྱང་བསམ་ཤེས་མ་མཐོང་བའི་བུ་ཕག་སྐྱག་གིས་ཕའི་ཁ་ལ་མ་ཉན་པར་ཁྲོམ་གཞུང་དུ་འུར་སྒྲོག་བྱས་ཡོད་པ་བཞིན་ཇོ་ནང་པའི་རྗེས་འཇུག་ཚོས་ཀྱང་མ་ཉན་པར་སྲང་ལམ་དུ་ཟས་བཅད་ངོ་རྒོལ་བྱེད་བཞིན་ཡོད།

ཁྱེད་ཀྱིས་བུ་ཕག་སྐྱག་གི་བྱ་སྤྱོད་ལ་བསམ་གཞིགས་ཤིག་བྱོས་དང་། བུ་ཕག་སྐྱག་གིས་དེ་ལྟར་སྲ་ཐག་ཐག་མ་ཆགས་པའི་མི་ཆེན་ཁྱིམ་ཚང་ལ་གཡས་རོགས་གཡོན་རོགས་བྱེད་རྒྱུའི་ཚབ་ཏུ་ཁྱིམ་ཚང་གི་དངོས་ནོར་གྱི་བདག་དབང་རྩོད་གླེང་བྱས་ཡོད་པ་དེ་འགྲིག་པ་རེད་དམ། བུ་ཕག་སྐྱག་ལ་མི་ཆེན་ཁྱིམ་ཚང་གི་དངོས་ནོར་བདག་དབང་རྩོད་གླེང་བྱེད་དབང་ཡོད་རུང་། དེ་དུས་ལ་བབ་འདུག་གམ། དེ་དང་ཕྱོགས་མཚུངས་མི་རིགས་ཀྱི་བདག་དབང་གཞན་ལ་ཤོར་ཡོད་ཅིང་། རང་གི་བདག་དབང་བསྐྱར་གསོའི་ཆེད་གཞན་ཡུལ་ན་གཞན་བརྟེན་ཁོ་ནས་འཚོ་བའི་དབུས་བོད་མིའི་སྒྲིག་འཛུགས་ལ་ཇོ་ནང་པའི་རྗེས་འཇུག་ཚོས་དེ་ལྟར་རང་གི་ཐོབ་ཐང་རྩོད་གླེང་བྱེད་བཞིན་པ་འདི་འགྲིག་པ་རེད་དམ། ཐོབ་ཐང་རྩོད་དབང་ཡོད་རུང་། ད་ལྟ་དུས་ལ་བབ་འདུག་གམ། ཁྱེད་རང་ཕ་བློ་བཟང་ཡིན་ན་ཁྱེད་ཀྱིས་བུ་ཕག་སྐྱག་བསམ་ཤེས་ཐུབ་མཁན་ཞིག་དང་། རྣམ་དཔྱོད་ཡོད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཐུབ་བམ།

འཁོར་འདས་ཀྱི་ཆོས་རྣམས་ལྟོས་གྲུབ་ཀྱི་ཆོས་ཉིད་ལས་མ་འདས་སྟབས། མུན་པ་ཡོད་ས་ནས་འོད་སྣང་གི་རིན་ཐང་ཤེས་འོང་ལ། དཀའ་སྡུག་གི་ཀློང་ནས་བདེ་སྐྱིད་ཀྱི་རིན་ཐང་ཤེས་འོང་བ་བཞིན་མི་ཆེན་ཁྱིམ་ཚང་གི་ཕ་བློ་བཟང་ལ་བུ་ཕག་སྐྱག་གིས་བཟོས་པའི་དཀའ་སྡུག་དེས་ད་གཟོད་བུ་ཀླུ་སྲས་ཀྱི་རིན་ཐང་ཤེས་རྟོགས་ཐུབ་རྒྱུར་སྔར་ལས་ཀྱང་ཕན་ཐོགས་བྱུང་ཡོད། བུ་ཀླུ་སྲས་ནི་ཁུ་སིམ་ཞིང་སྙམ་ཆུང་པ། ཁོག་རྒྱ་ཆེ་ལ། དྲང་ཚུགས་ལྡན་པ། ཁྱིམ་ཚང་གི་གནས་སྟངས་སྤྱི་ལ་བསམ་ཤེས་ཐུབ་མཁན་ཞིག་ཡིན། ལྷག་པར་དུ་ཕ་བློ་བཟང་གི་ཁ་ལ་ཉན་ཞིང་། ཕ་བློ་བཟང་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཀྱང་ཡིན།

རྒྱུ་མཚན་དེའི་དབང་གིས་བུ་ཀླུ་སྲས་ལ་གཉེན་ཉེ་ཙམ་མིན་པར་མི་ཚོས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ལ། མི་ཆེན་ཁྱིམ་ཚང་ལ་འཁོན་འགྲས་ཡོད་མཁན་ཚོ་ནི་དེ་ལས་ལྡོག་སྟེ་བུ་ཀླུ་སྲས་ལ་ཞེ་སྡང་དང་ཁོོའི་བྱ་སྤྱོད་ལ་དོགས་གཟོན་བྱེད་དགོས་པ་ཞིག་ཀྱང་ཆགས་ཡོད། བུ་ཀླུ་སྲས་ཀྱིས་ཕག་སྐྱག་གིས་རྩོད་གླེང་བྱེད་པ་བཞིན་ཁོ་པར་ཐོབ་ཐང་ཡོད་པ་ཤེས་རུང་། དེ་ལས་ལྡོག་སྟེ་ཁྱིམ་ཚང་གི་གནས་སྟངས་སོགས་ཕྱོགས་མང་པོར་གཞིགས་ཏེ་རྩོད་གླེང་བྱེད་སེམས་ཙམ་ཡང་མ་བཅངས་པར་རྩོད་གླེང་མིན་པའི་རང་གིས་བྱེད་དགོས་པ་དང་བྱེད་ཐུབ་པ་དག་ལ་སྔར་ལས་ཀྱང་ཧུར་བརྩོན་བྱས་ཡོད།

མི་ཆེན་ཁྱིམ་ཚང་གི་བུ་ཀླུ་སྲས་ཀྱི་ཀུན་སྤྱོད་དེ་བོ་དོང་པའི་རྗེས་འཇུག་རྣམས་དང་ཧ་ཅང་འདྲ་སྟེ་བུ་ཀླུ་སྲས་ནི་ཁོག་རྒྱ་ཆེ་བ་དང་སྙམ་ཆུང་ཡོད་པ་བཞིན་བོ་དོང་པའི་རྗེས་འཇུག་རྣམས་ཀྱང་དེ་དང་མཚུངས་ལ། བུ་ཀླུ་སྲས་ཀྱིས་ཕག་སྐྱག་གིས་ཕ་ལ་རྩོད་གླེང་བྱེད་པ་བཞིན་ཐོབ་ཐང་ཡོད་པ་དེ་ཤེས་རུང་། དེ་ལས་ལྡོག་སྟེ་རྩོད་གླེང་བྱེད་སེམས་ཙམ་ཡང་མ་བཅངས་པར་ཕ་ལ་སྐྱིད་སྡུག་མཉམ་མྱོང་བྱས་ཡོད་པ་བཞིན། བོ་དོང་པའི་རྗེས་འཇུག་རྣམས་ཀྱིས་ཀྱང་ཆོས་བརྒྱུད་ཀྱི་ཐོབ་ཐང་གཅིག་མཚུངས་ཡོད་པ་ཤེས་རུང་ཕྱོགས་མང་པོར་གཞིགས་ཏེ་ཐོབ་ཐང་རྩོད་སེམས་ཙམ་ཡང་མི་བྱེད་ཅིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཤར་བསྐྱོད་བྱས་དང་བྱེད་བཞིན་ཡོད། བུ་ཕག་སྐྱག་གིས་བྱ་སྤྱོད་དེས་ཕ་བློ་བཟང་ལ་བུ་ཀླུ་སྲས་ཀྱི་རིན་ཐང་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད་པ་བཞིན། བོད་རིགས་མི་མང་ལ་ཡང་ཇོ་ནང་པའི་རྗེས་འཇུག་པ་རྣམས་ཀྱི་བྱ་སྤྱོད་དེས་བོ་དོང་པའི་རྗེས་འཇུག་རྣམས་ཀྱི་རིན་ཐང་ཤེས་རྟོགས་ཐུབ་རྒྱུར་ཁེ་ཕན་བྱུང་ཡོད།

བུ་ཀླུ་སྲས་ཀྱི་བྱ་སྤྱོད་དེས་ཕ་བློ་བཟང་དགའ་དགོས་པ་བཟོས་ཡོད་པ་མ་ཟད་མང་ཚོགས་ཚོ་ཡང་དགའ་དགོས་པ་བཟོས་ཡོད་པ་བཞིན། བོ་དོང་པའི་རྗེས་འཇུག་ཚོའི་བསམ་ཤེས་དང་ཁོག་རྒྱས་རང་གཞན་མགུ་བ་སྐྱེ་དགོས་པ་དང་དང་བ་སྐྱེ་དགོས་པ་ཞིག་བཟོས་ཡོད། བུ་ཀླུ་སྲས་ཀྱིས་རང་གིས་བྱེད་དགོས་པ་དང་བྱེད་ཐུབ་པ་དག་ལ་སྔར་ལས་ཀྱང་ཧུར་བརྩོན་བྱས་ཡོད་པ་བཞིན། བོ་དོང་པའི་རྗེས་འཇུག་ཚོས་ཀྱང་རང་གི་བྱེད་དགོས་པ་དང་བྱེད་ཐུབ་པ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ལ་སྔར་ལས་ཀྱང་ཧུར་བརྩོན་བྱེད་བཞིན་ཡོད།

མདོར་ན་བུ་ཕག་སྐྱག་གིས་ཕ་ལ་བསམ་ཤེས་དང་ཁྱིམ་ཚང་གི་གནས་བབ་ལ་འགན་མ་འཁུར་བའི་མཇུག་འབྲས་ནི་རང་དོན་མི་བསྒྲུབ་པའི་ཁར་དགྲ་དགའ་གཉེན་སྡུག་གི་གནས་སུ་བསྐྱལ་ཡོད་པ་མ་ཟད། རང་གི་མཚན་གནས་ལ་ཡང་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡོད། འོན་ཀྱང་བུ་ཀླུ་སྲས་ཀྱི་བྱ་སྤྱོད་དེས་རང་ལ་གྱོང་གུད་ཕོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་རང་སྐྱིད་མི་སྨོན་བྱུང་བ་ཙམ་དུ་མ་ཟད། ཕྱིས་འབྱུང་གི་མི་རབས་གསར་པ་དུ་མས་ཁ་མིག་ཡར་ལྟ་བྱེད་སའི་མི་སྣ་ཞིག་ཏུའང་གྱུར་ཡོད་དོ། །

དེ་ལྟར་མི་ཆེན་ཁྱིམ་ཚང་གི་གཅེན་གཅུང་གཉིས་དང་བོ་ཇོ་གཉིས་ཀྱི་རྗེས་འབྲངས་པའི་དབར་འདྲ་བའི་ཆ་མང་དུ་མཆིས་སྟབས། ཁྱེད་ཀྱིས་བུ་ཕག་སྐྱག་གི་བྱ་སྤྱོད་ལ་ལྟ་སྟངས་ཇི་འདྲ་ཞིག་བཟུང་བ་དེས་ཇོ་ནང་པའི་རྗེས་འཇུག་ངོ་རྒོལ་པ་རྣམས་ལ་ཡང་དེ་བཞིན་དུ་ལྟ་སྟངས་བཟུང་ཡོད་པ་མཚོན་ཐུབ་ཅིང་། བུ་ཀླུ་སྲས་ལ་ཁྱེད་ཀྱིས་ལྟ་སྟངས་ཇི་འདྲ་ཞིག་བཟུང་ཡོད་པ་དེས་བོ་དོང་པ་སོགས་ཆོས་བརྒྱུད་ཀྱི་ཐོབ་ཐང་མི་རྩོད་ཅིང་། ཁུ་སིམ་མེར་བྱེད་དགོས་པའི་ཐོས་བསམ་སློབ་གཉེར་ལ་བརྩོན་བཞིན་པ་དག་ལ་ཡང་དེ་བཞིན་དུ་ལྟ་སྟངས་བཟུང་བ་མཚོན་ཐུབ་བོ། །

བརྩམས་སྒྲུང་།

Post navigation

Previous Post: དོགས་འཆར་དང་་དཔྱད་ཞིབ།
Next Post: ཧོ་ལན་ཌི་རྒྱལ་ཁབ་ནང་གི་བོད་ཀྱི་ཟ་ཁང་ཁྱད་པར་ཅན་ཞིག

Comments (5) on “བོ་ཇོ་གཉིས་དང་མི་ཆེན་ཁྱིམ་རྒྱུད་གཉིས་དབར་གྱི་ལས་དབང་།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-19 at 4:43 pm

    ཡ་ཡ་་་་འོ་་་སྒྲུང་སྙན་མོ་འདུག་ཀྱང་ཉན་མཁན་དཀོན་པོ་རེད་ཤག་་་་་་

  2. ཚེ་བསྟན། says:
    2015-09-19 at 4:54 pm

    ཁ་ཕྱི་འཁོར་ཞིག་རེད། རྒྱུ་མཚན་མ་ཤེས་ན་དེ་འདྲ་མེད། མིག་གིས་མཐོང་ཚད་དང་སེམས་ལ་ཤར་ཚད་བྲིས་ན་་་ཕན་ལས་གནོན་ཆེ་ཟེར་བ་འདིའི་འདྲའི་རིགས་རེད།

  3. ཁུ་བྱུག says:
    2015-09-19 at 5:13 pm

    ཁ་བརྡ་ཚང་གིས་༼ཅོ་རི་ཉི་མ་སུ་རེད་༽ཅེས་པའི་རྩོམ་ལ་སུའང་མ་གནོད་པའི་བར་གནས་མཆན་ཞིག་བཏབ་ཀྱང་མ་བཀོད་ཐལ། འདིར་ཚོད་བལྟའི་ཚུལ་གྱིས་སླར་མཆན་ཞིག་འདེབས་རྒྱུ་ཡིན།
    སྒྲུང་འདི་བ་གནད་ཅིག་ལ་བཙན་གྱིས་ནད་སློང་བ་དང་མཚུངས་ཤིང་། གང་ལའང་ཕན་རེ་མིན་འདུག

  4. ཁུ་བྱུག says:
    2015-09-19 at 5:15 pm

    དགོངས་དག ༼སུ་ལའང་༽ ཅེས་བཅོས་གནང་།

  5. བེ་རེ་གདོང་ནག says:
    2015-09-20 at 12:11 am

    རྩོམ་རྙོག་ལུང་པ་གང་བྲིས་འདུག དོན་རྡོག་རྡོག་བྱས་ན་ང་ཚོ་བོང་དོང་བའི་ཆོས་རྒྱུད་ཟེར་བ་ཇོ་ནང་དང་འདྲ་བ་ཞིག་ཡོད་ཀྱང་སྤྱི་འཐུས་རྩོད་ཀྱིན་མེད་ཟེར་ཀི་ཡོད་པ་འདྲ། གང་ལྟར་རྙོགས་དྲྭའི་མ་རྩ་ད་དུང་མང་པོ་ཡོང་ཆོག་ཆོག་ཡོད་པས་ཉེས་བརྡ་ལྟ་བུ་ཞིག་མཐོང་གིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme