Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ལ་དོན་ངོ་མ་ཅི་ཞིག་མཁོ།  

Posted on 2020-01-04 By ཁ་བརྡ 9 Comments on བུད་མེད་ལ་དོན་ངོ་མ་ཅི་ཞིག་མཁོ།  

རྔ་བ་ཀུན་བཟང་།
 
ཁྱེད་ཅག་གི་འཚོ་བའི་ཁྲོད་ན་བུད་མེད་མཐོང་བ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་འདི་ཅི་ཡིན་ནམ། སྐྱེས་པ་ལ་ལ་ཞིག་ལ་ཚེ་གཅིག་གི་གཏན་གྲོགས་ཙམ་ཡང་མེད་པར་ཁེར་འགྲོ་ཁེར་འདུག་གི་འཚོ་བ་སྐྱེ་དོན་ཅི་ཡིན་ནམ།  ཡང་བུད་མེད་ལ་ལ་ཞིག་སྐྱེས་པ་རྣམས་མཐོང་མ་ཐག་འཇིགས་སྣང་དང་སྐྲག་སྣང་གི་རྣམ་པ་ཡོང་དོན་ཅི་ཡིན་ནམ།

དེ་ལྟར་འདད་ཞིག་བརྒྱབ་ན ། དོན་ངོ་མ་བུད་མེད་ལ་ཅི་ཞིག་མཁོ་བ་ཁྱེད་ཅག་གི་ད་བར་དུ་ཤེས་མེད་ལ། ད་དུང་ཡང་སྔར་བཞིན་འགྲོ་དང་འགྲོ་བཞིན་འདུག། སྔར་ཀྱི་རྐང་ལམ་ཐོག་ནས་ཨུ་ཚུགས་དང་ཨུ་ཚུགས་ཀྱི་སྐྲུན་པའི་ཁ་དོག་མེད་པའི་འཚོ་བ་ཞིག་ལ་མགོ་འཁོར།  ལྟོས་དང་། བུད་མེད་རྣམས་ཀྱི་ངལ་དུབ་དང་ཁྱིམ་ཚང་གི་དཀའ་ཁག་རྒྱབ་གང་ཁུང་འོང་སྟེ་རང་ཁྱིམ་གྱི་སྒོ་དྲུང་དུ་དབོག་ས་མེད་ལ། རང་ཉིད་ལ་དབང་བའི་འཇིག་རྟེན་ཆུང་ཆུང་འདི་ནས། ཅི་ཞིག་ལས་པའམ། ཅི་ལྟར་འཚོ་བའམ། གང་ན་འགྲོ་ཡང་མི་ཆོག་པའི་གཏན་ཚིགས་རིམ་པ་དགུ་ཡི་བཙན་འོག་ནས་སྐྱེས་པ་ཞིག་ལ་བརྩེ་དུང་ངོ་མ་ཞིག་བསྐྲུན་ཐུབ་བམ། དེ་ལྟ་བའི་འཚོ་བ་ཞིག་དོན་ངོ་མ་སུ་ལ་མཁོ། སུ་ཡི་བཟོད་། སུ་ཞིག་གི་འདོད།

ཡང་ཅིག་བཤད་ན། ཁྱིམ་ཚང་ནི་སྐྱེས་པ་དང་བུད་མེད་གཉིས་ཀྱི་ཆེས་བདེ་སྐྱིད་ལྡན་པའི་འཚོ་གནས་དང་པོ་ཡིན་ཟེར་ན་ཆོག། བྱིས་པ་ནི་ཁོང་གཉིས་ཀྱི་བརྩེ་དུང་གི་ས་བོན་ཆེས་ཐོག་མ་དེ་ཡིན། འོན་ཀྱང་། བུད་མེད་ཞིག་ལ་བྱིས་པ་ཡོད་ནས་བཟུང་། བུད་མེད་ནི་ཁྱིམ་ཚང་ཞིག་གཡོག་མོ་ལ་འགྱུར་བ་མ་ཟད་། སྐྱེས་པ་ཡི་མིག་གཟུང་ལ་ཧ་ཅང་ནུས་མེད་དང་། ཅི་ཡང་བཤད་ཆོག་པ། ཅི་ཞིག་ལས་ཆོག། ། ཅི་ལྟར་འགག་ཆོག་པ། ཅི་འདོད་གསུབ་ཀྱང་ཆོག་པའི་ཚོར་མེད་ཀྱི་བེམ་པོ་ཞིག་ལ་ངོས་འཛིན་བྱེད།  ཀྱེ་མ། བྱ་སྤྱོད་དེ་དག་གི་ཁྲོད་ན་དོན་ངོ་མ་བུད་མེད་རྣམས་ལ་བདེ་སྐྱིད་ཡོད་དམ། དགའ་སྐྱོད་ཡོད་དམ། དགོད་སྒྲོ་ཡོད་དམ། རྨི་ལམ་ཡོད་དམ། བསམ་གཞིགས་ཡོད་དམ། ངས་བལྟས་ན་གཏན་ནས་མེད། བདེ་སྐྱིད་ལས་སྡུག་བསྔལ་མང་། དགོད་སྒྲོ་ལས་མིག་ཆུ་མང་། བསམ་གཞིགས་ལས་གཅར་རྡུང་མང་། རྨི་ལམ་ལས་འཇིགས་སྣང་མང།

དེ་ཕྱིར། དོན་ངོ་མ་བུད་མེད་ལ་ཅི་ཞིག་མཁོ། མཛེས་རྟོག་གི་རྣམ་རིག་ཅི་ཡང་དགོས་དོན་མེད། དྲན་གདུང་གིས་མཆི་མ་ཡིན་ཟེར་བཏང་དགོས་མེད། ཐ་སྙད་ལ་སྒྲོས་ཉམས་ཀྱི་ཚིག་སྐམ་ཡང་བཤད་དགོས་མེད། ཨུ་ཚུགས་ཅན་གྱི་སྙན་ངག་གི་སྟོན་གླུ་འབྲིས་དགོས་མེད། གཏན་འཁེལ་མེད་པའི་ཚོར་ཤུགས་ཀྱི་བཟི་གཏམ་ཉན་འདོད་མེད། དམའ་འབེབ་དང་ཁ་མཆུ་རིགས་ཡང་དགོས་པ་མེད། ཐོབ་ཐང་དང་གོ་གནས་ཅན་དེ་བས་ཀྱང་དགོས་དོན་མེད། དགའ་དུས་གསོལ་འདོད་ཅིང་།  སྡུག་དུས་གསད་འདོད་པའི་ཆགས་སྡང་ཅན་གྱི་རིགས་ལ་ང་ཚོ་བུད་མེད་རྣམས་ཧ་ཅང་སྐྲག་གིན།

བུད་མེད་ལ་རང་ཉིད་ལ་དབང་བའི་འཇིག་རྟེན་རེ་ཡོད ། མ་ཟད་འཇིག་རྟེན་འདི་ན་རྨི་ལམ་ཡོད། དགོད་སྒྲོ་ཡོད། ཕུགས་བསམ་ཡོད། རེ་བ་ཡོད། བདེ་སྐྱིད་ཡོད ། ང་ཚོའི་མར་ལོ་གྲུ་བཞིའི་ཞིམ་མངར་རོལ་ས་དང་དགའ་སྐྱིད་དབྱངས་ཀྱི་ཞིང་ཁམས་ལ་དགོད་སྒྲའི་རྟ་ཕོ་ཞོན་སའི་ཐང་ཆེན་འདི་ནས། གཏན་ཚིགས་མེད་པའི་འགག་སྒྲ་ཡི་བཟི་གཏམ་བཤད་དོན་ཅི་ཡིན་ནམ། རེ་སྨོན་ཡོད་ཚད་ཀྱི་གཞུང་རྟ་སྨིན་ས་དང་ཡལ་འདབ་རྒྱས་ས་འདི་ནས།   ཁྱི་སྨྱོན་གྱིས་སོ་རྒྱབ་པ་ལྟ་བུའི་ས་བོན་ཡོད་ཚད་ཀྱི་རྩ་བ་གཅད་དོན་ཅི་ཡིན་ནམ། མདོར་ན། ཁྱེད་ཅག་ལ་བུད་མོད་མཁོ་ཡང་། བུད་མེད་ལ་ཅི་ཞིག་མཁོ་བའི་ཁྱིམ་གཞི་ངོ་མ་ཞིག་ཁྱེད་ཅག་ནམ་ཡང་བསྐྲུན་དཀའ།

རྔ་བ་ཀུན་བཟང་། ༢༠༢༠།༡།༣།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་གསོ་རིག་བདག་དབང་ལ་ཁ་ཡ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
Next Post: མཁས་པ་ཟེར་བ་དེ།

Comments (9) on “བུད་མེད་ལ་དོན་ངོ་མ་ཅི་ཞིག་མཁོ།  ”

  1. ལྷག་པ། says:
    2020-01-04 at 6:49 am

    རྔ་པ་ཀུན་བཟང་། བུད་མེད་ཀྱི་སྐོར་མདོ་སྟོད་སྨད་ཀྱི་མི་ལ་སློབ་གསོ་མང་ཙམ་རྒྱོབས། དབུས་གཙང་པ་ལ་དེ་འདྲའི་དཀའ་ངལ་མེད།

  2. མིག་མར་ says:
    2020-01-04 at 6:42 pm

    བོད་ནང་གི་སྤྱི་ཚོགས་སློབ་གསོ་བ་དེ་ཚོས་བུ་མེད་ཀྱི་སྐྱོན་སྦྱོད་པ་ལས་བུ་མེད་ཀྱི་ཐོབ་ཐང་ཚེད་ཧ་ཅང་དམའ་བོ་ཡིན་པ་སུ་གཅིག་གི་གསུངས་ཀི་མི་འདུག
    མི་རབས་གསར་བ་ཚོ་མ་འདྲ་ཆག་ཡོད་རྒྱུ་རེད།
    སྔག་པ་ཚོས་བུ་མོ་ཚོ་བེབ་སྤྱོད་གཞན་ཞིག་ལ་བཏོང་གི་འདུག་བསམ།

  3. ཆབ་བྲག་ཕོ་ཉ། says:
    2020-01-05 at 6:33 am

    བུད་མེད་ལ་གང་ཞིག་མི་མཁོ་དག་བསྟན་འདུག མུ་མཐུད་དུ་་་

  4. རྔ་བ་ཀུན་བཟང་། says:
    2020-01-05 at 11:42 am

    ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ། གཙོ་བོ་དེ་ངས་ ཞེས་པའི་རྩམ་སྒྲུང་ཞིག་ཀློག་པའི་མྱོང་བ་ཐུང་ཐུང་ཞིག་ཡིན།

  5. རྔ་བ་ཀུན་བཟང་། says:
    2020-01-05 at 11:44 am

    ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ། གཙོ་བོ་དེ་ངས་ ལོ་དེ་ལ་ཞེས་པའི་རྩམ་སྒྲུང་ཞིག་ཀློག་པའི་མྱོང་བ་ཐུང་ཐུང་ཞིག་ཡིན།

  6. བན་དེ་བ། says:
    2020-01-05 at 9:17 pm

    བཙན་བྱོལ་བོད་པའི་བུད་མེད་རྣམས་ལ་བོད་པའི་སྤྱི་ཚོགས་ནང་དུ་ཐོབ་ཐང་ཡག་པོ་ཡོད་རེད་ཟེར་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བཤད་སོང། ངས་ལྟས་ན་བོད་ཀྱི་བུད་མེད་རྣམས་གཅིག་ནས་རང་ཉིད་ཀྱིས་རང་ཉིད་ཀྱི་སེམས་དཔང་མི་བསྟོད་པར་གཉའ་ཞུམ་བྱེད་པ་དང། གཉིས་ནས་བོད་ཀྱི་ཆོས་ལུགས་ཀྱི་གདམས་པ་རྣམས་ནས་བུད་མེད་ལ་མཐོང་ཆུང་བྱེད་པ་མང་པོ་ཡོད་རེད། དེའི་རྐྱེན་གྱིས་བོད་པའི་བུད་མེད་རྣམས་ལའང་མཐོང་ཆུང་དང་ཁྱད་གསོད་གཉའ་གནོན་བྱས་དང་བྱེད་པ་ད་ལྟའང་བོད་སྟོད་སྨད་ཡོངས་ལ་ཡོད་བཞིན་རེད། གཏམ་དྲང་པོར་བཤད་དགོས་པ་རེད། ནང་ཆོས་ལ་དད་ཁུལ་གྱིས་ནང་ཆོས་ནས་བུད་མེད་ལ་དམའ་འབེབས་མི་བྱེད་ཚུལ། བུད་མེད་ལ་ཐོབ་ཐང་ཡོད་ཚུལ་མང་པོ་བཤད་ཀྱི་རེད། ཡིན་ནའང་བདེན་པ་མ་རེད། སྨོན་ལམ་གྱི་ཚིག་ནང་དུའང་བྲན་དང་བུད་མེད་དམག་དཔོན་གཤན་པ་དང་་་་སོགས་ཀྱི་ལུས་མི་ལེན་པའི་སྨོན་ལམ་མཐོང། དེ་བཞིན་མགོན་ཁང་སོགས་སུ་བུད་མེད་འགྲོ་མི་ཆོག་པའི་དགོན་སྡེ་མང་པོ་ཡོད་རེད། གང་ལྟར་ཕོ་མོ་འདྲ་མཉམ་ཡོད་པ་མ་རེད།

  7. བདེ་འཇགས་ཕོ་ཉ། says:
    2020-01-06 at 7:57 am

    བུད་མེད་ལ་མཁོ་བ་མཇེ་རེད་ཡ།

  8. བདེ་འཇགས་ཕོ་ཉ། says:
    2020-01-06 at 7:57 am

    བུད་མེད་ལ་དོན་ངོ་མ་མཇེ་ཞིག་མཁོ།

  9. འབྲོང་གི་བུ་བརྒྱུང། says:
    2020-01-08 at 1:06 pm

    བུད་མེད་ནི་མེད་དུ་མི་རུང་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme