Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག

Posted on 2010-07-01 By དབང་ཕྱུག་ 19 Comments on བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག

ཆབ་བྲག་ལྷ་མོ་སྐྱབས།

དབུས་མེད་ལྷན་ཚོགས་ནས་༸རྒྱལ་བའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་བཀའ་ཁྲིའི་སྔོན་འགྲོའི་འོས་གཞི་སུ་འོས་ལ་ཚོད་ལྟའི་འོས་ཤོག་བསྡུ་བའི་ལས་འགུལ་འདི་ནི་ངོ་མ་ཐབས་མཆོག་ཅིག་སྟེ། བུད་མེད་ཤེས་རབ་ཀྱི་རང་བཞིན་ཅན་ཟེར་བ་ཡང་དོན་དང་ལྡན་པར་མཐོང་ཞིང། འདི་ལྟའི་ལས་འགུལ་རིགས་སྤེལ་ཐུབ་ན་ངོ་མ་དུས་ཆེན་སྲུང་བརྩི་ཟེར་བ་ཡང་གཟི་བརྗིད་དང་ལྡན་པའོ། དེ་བས་བོད་མི་ཚང་མ་དུས་ཆེན་སྲུང་བརྩིའི་ལས་འགུལ་འདི་ལ་མཉམ་ཞུགས་ཀྱིས་རང་གི་སེམས་པ་དམར་རྗེན་དེ་སྟོན་རོགས་ཞུ།

འདི་དང་ལྷན་དུ་ད་དུང་བསམ་ཤོག་གཞན་ཞིག་ཀྱང་བསྡུ་གལ་ཆེ་བ་མཐོང་བས་བུད་མེད་ལྷན་ཚོགས་ནས་ཐུགས་བསམ་བཞེས་ངེས་ཀྱི་རེ་བས་ཐོགས་དྲངས་ཏེ་ཞུ་རྒྱུར།

ཚང་མས་མཁྱེན་གསལ་བཞིན་ད་ལྟའི་བཙན་བྱོལ་བོད་ཀྱི་གྲོས་ཚོགས་འཐུས་མིའི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་དེ་གལ་ཆེ་མིན་དང་དགོས་མི་དགོས་ཀྱི་གླེང་སློང་ཤུགས་ཆེན་བྱུང་དང་འབྱུང་བཞིན་པའི་སྐབས་ཤིག་ཡིན་ལ། སྤྱི་འཐུས་འོས་འདེམས་ཀྱི་དུས་ལའང་ཉེ་བས་གནད་དོན་འདི་ཐད་ལའང་རྒྱ་ཆེའི་སེར་སྐྱ་མི་དམངས་ཀྱི་དགོངས་ཚུལ་ཅི་ཡོད་ཚོད་ལྟ་ཞིག་གནང་དགོས་ངེས་པས། བསམ་ཤོག་འདི་ཡང་མཉམ་དུ་བསྡུ་ཐུབ་ན་དགེ་མཚན་ཆེའོ།

དེ་ཡང། ༡། ཆོས་བརྒྱུད་སྤྱི་འཐུས་ཉུང་དུ་གཏོང་འོས། ༢། ཕྱིར་བསྡུ་བྱས་ན་འོས། ༣། ད་སྔ་བཞིན་དགོས། ཞེས་པའི་བསམ་ཚུལ་གསུམ་གྱི་མང་ཉུང་ཞིག་བསྡུར་ན་འོས།

འདིའི་ཐད་ལ་བདག་གི་བསམ་ཚུལ་ཡང་ཅུང་སྨྲ་ན། དེ་སྔོན་ཞིག་ལ་མཁས་དབང་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་འཐུས་མིའི་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་བྱུང་བ་འདི་མ་འོས་ཚུལ་གསུངས་མྱོངས། དེ་ནི་ཆོས་སྲིད་ཟུང་འབྲེལ་ཟེར་བ་ཞིག་ཡོང་དཀའ་བའི་ཁོང་གི་དགོངས་ཚུལ་དང་འབྲེལ་བ་ཞིག་རེད། དེང་སང་གླེང་བཞིན་པའི་བསམ་ཚུལ་དག་དེ་དང་གཅིག་པ་ཡིན་པ་དང་མིན་པ་གཉིས་ཀ་ཡོད་པ་ངས་འདིར་བསྐྱར་གླེང་བྱེད་ཅི་དགོས།

སྤྱིར་ན་བོད་འདི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཅན་ཞིག་ཡིན་པས་དེ་ཉིད་ལེགས་བཅོས་དང་རྒྱུན་འཛིན་གྱི་ཆ་ནས་ཆོས་བརྒྱུད་སྤྱི་འཐུས་གལ་ཆེ་ཚུལ་གཅིག་དང། གཉིས་ནས་ཆོས་བརྒྱུད་ཁག་ལ་དོན་དམ་འདྲ་མཉམ་གྱི་ཐོབ་ཐང་ཞིག་ཡོང་ཆེད། གསུམ་ནས་ཆོས་ལུགས་དེ་ཉིད་སྤྱི་ཚོགས་ཁྲོད་གནས་བབ་མཐོར་གནས་དང་ཆབས་ཅིག་རང་གི་དགེ་མཚན་འདོན་རྒྱུ་བཅས་ཀྱི་དགོས་ཕན་ཞིག་ལ་དམིགས་ཡོད། འོན་ཀྱང་དེང་སང་ཉོག་དྲ་འདྲ་མིན་ཡོང་གིན་ཡོད་པས་དེའི་ལྡོག་ཕྱོགས་སུའང་འགྱུར་ཉེན་ཆེ། ངས་ནི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མེད་ཀྱང་གོང་གི་དགོས་ཕན་དག་མེད་པར་མི་འགྱུར་སྙམ།

དེའི་རྒྱུ་མཚན་ནི། གཅིག་ནས་འཛིན་སྐྱོང་བཀའ་ཤག་ནང་ལ་ཆོས་དོན་བཀའ་བློན་ཞིག་ཡོད་པ་དང། གཉིས་ནས་སྤྱི་འཐུས་རྣམ་པ་ཕལ་མོ་ཆེ་ཆོས་བརྒྱུད་གང་རུང་ཞིག་གི་ཁོངས་གཏོགས་ཡིན་པས་ཆོས་ལུགས་མི་སྣ་དམིགས་བསལ་བ་ཞིག་ལོགས་སུ་མི་མཁོ་བ། གསུམ་ནས་གྲོས་ཚོགས་ནང་དུ་ཆོས་བརྒྱུད་ཁག་གི་གནད་དོན་དམིགས་བསལ་བ་རིགས་ཐག་གཅོད་རྒྱུ་མེད་པའམ་ཐག་གཅོད་མི་ཐུབ་པ། (དཔེར་ན་ཇོ་ནང་བའི་གནད་དོན་བཞིན)བཞི་ནས་ཆོས་བརྒྱུད་ཁག་སོ་སོའི་གནད་དོན་སོ་སོའི་ཁོངས་ནས་ཐག་གཅོད་པའི་སྐུ་དབང་ཡོད་པ། ལྔ་ནས་ཆོས་ཀྱི་དབུ་ཁྲིད་རྣམ་པའི་དམིགས་བསལ་ཚོགས་ཆེན་བསྐོང་འཚོགས་ཀྱིས་ཆོས་ལུགས་འཛིན་སྐྱོང་གནང་གིན་ཡོད། དེ་བས་ཆོས་བརྒྱུད་སྤྱི་འཐུས་རྣམ་པས་ནམ་རྒྱུན་མི་སྐྱ་ཚོ་དང་ལྷན་དུ་འཐབ་ཅིང་རྩོད་ནས་མི་དམངས་ནང་ལའང་བག་ཆགས་དང་ཤུགས་རྐྱེན་ངན་པ་རེ་བཞག་དང་འཇོག་བཞིན་པ་འདི་དག་ལས་དམིགས་བསལ་འགན་ཁྲི་ཅང་མེད་པར་མཐོང།

རྒྱུ་མཚན་འདི་དག་གི་དབང་གིས་ཆོས་བརྒྱུད་སྤྱི་འཐུས་མེད་ཀྱང་ཆོག་ལ། མ་མཐར་ཡང་ཆོས་བརྒྱུད་སོ་སོ་ནས་རེ་རེས་མ་འཐུས་པ་ཅི་ཡང་མེད། ཆོས་སྲིད་ཟུང་འབྲེལ་ཟེར་བ་འདིའི་གོ་དོན་ངོ་མ་ནི་དེ་སྔའི་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞེས་པའི་དོན་ཡིན། དེང་སང་དེ་བཞིན་གྱི་འཛིན་སྐྱོང་ངོ་མ་ཞིག་དཀའ། ཡིན་ཡང་དགོས་དོན་གཙོ་བོ་ནང་ཆོས་འདི་ཉིད་མ་ཉམས་གོང་སྤེལ་གྱིས་རང་གི་མི་རིགས་དང་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་ཐུབ་སླད་ཡིན་པས། བཅའ་ཁྲིམས་ནང་མི་དམངས་ཀྱི་ཆོས་དད་རང་མོས་བཀོད་པ་དང་ཆོས་ཀྱི་བློན་ཆེན་བསྐོ་རྒྱུ་ཡོད་པ། དགོན་སྡེའི་འཛིན་སྐྱོང་ལམ་ལུགས་ཡག་པོ་ལྡན་པ་བཅས་བྱུང་ན་ཆོས་སྲིད་ལུགས་གཉིས་ཀྱི་རྣམ་གཞག་འཇིག་པར་མི་འགྱུར་རོ།

དེང་སང་བོད་མི་མང་པོ་ཡུ་རོབ་སོགས་སུ་སྐྱོད་ཀྱིན་པས་དེ་དག་གི་ནང་ལ་དགོས་དབང་གིས་སྤྱི་འཐུས་གྲངས་ཚད་མང་དུ་གཏོང་འོས།

མཐའ་དོན། བདག་ནི་སྤྱི་སེམས་ཆུང་ལ་ཤེས་འཇོན་དམན་པ་ཞིག་ཡིན་པས་འདི་ལྟར་བཤད་ན་མི་ཉུང་བ་ཞིག་གི་སྣང་བར་མི་འགྲོ་ན་ཡང་ད་ལྟའི་ཆར་སྤྱི་འཐུས་ལས་ཐོག་པ་ཞིག་གི་མིང་ཡོད་པས་སྒྲུབ་ཕོད་པ་ཆེར་མེད་ཀྱང་བསམ་ཕོད་པ་དང་བཤད་ཕོད་པའི་བརྟུལ་ཞུགས་འདི་འཆང་བཞིན་པ་ལགས་སོ།།

དོན་གྱི་དགོས་ཕན་མི་ཆེ་ཞིང། །ཉོག་དྲ་དག་ཀྱང་ཉུང་འགྱུར་ཕྱིར།
དགེ་འདུན་སྡེས་གཙོས་མི་དམངས་ཀྱིས། །བསམ་པ་དྲང་མོས་བསམ་གཞིགས་འཚལ།
འདི་ཐད་ཀློག་མཁན་རྣམས་ཀྱིས་ཀྱང། མཆན་བུ་མང་ཙམ་འདེབས་རོགས་ཞུ།
ཤེས་རབ་རང་བཞིན་བུད་མེད་ཚོས། ལྷག་བསམ་སྙིང་སྟོབས་སྐྱེད་ཅིག་གུ།
༢༠༡༠།༦།༣༠།

སྣ་ཚོགས།

Post navigation

Previous Post: བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གི་གསལ་བསྒྲགས།
Next Post: འཛམ་གླིང་རྐང་ཕོལ་བུམ་པའི་འགྲན་བསྡུར།

Comments (19) on “བུད་མེད་ཚོགས་པར་གལ་ཆེའི་རེ་སྐུལ་ཞིག”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-02 at 1:23 am

    རྒན་ལྷ་མོས་ད་ཕན་བྲིས་བ་ཚོའི་ནང་ནས། རྩོམ་འདིས་དོན་དག་གཙོ་བོར་བཤད་ཀྱི་འདུག
    དོན་དག་གཙོར་བོར་བཟུང་ནས་བྲིས་ན། དུས་ཚོད་བཏང་ནས་ྐློག་ན་ཡང་སྒེར་གྱི་དུས་ཚོད་འཕྲོ་བརླག་ལ་ཕྱིན་སོང་བསམ་པའི་འགྱོད་སེམས་དེ་མི་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 1:53 am

    ཤེས་རབ་རང་བཞིན་བུད་མེད་ཚོས། །
    ལྷག་བསམ་སྙིང་སྟོབས་སྐྱེད་ན་ཡང་། །
    ༧སྐུ་ཡི་འཁྲུངས་སྐར་ཉིན་མོ་ལ། །
    ཆབ་སྲིད་ཚོད་ལྟའི་འོས་བསྡུ་ཨེ། །

  3. ཁ་རུ་ཁ་ཐུག says:
    2010-07-02 at 2:21 am

    ཆོས་བརྒྱུད་ཀྱི་སྤྱི་འཐུས་མེད་ན་རྙོག་གྲ་མེད་པའི་གནས་ལུགས་ཤིག་ག་ནས་རག་བྱུང། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་སྔར་ཡོད་པ་ཞིག ད་གཞི་ནས་མེད་པ་བཟོ་རྒྱུ་ཟེར་ན། ཆོས་བརྒྱུད་རྣམས་ཀྱི་སྣང་བར་ཁྱོན་ནས་འགྲོ་གི་མ་རེད་ལ། དེའི་ཉིན་མོ་ནས་བཟུང་ཆོས་བརྒྱུད་རྣམས་ཀྱིས་རྙོག་གྲ་དེ་ལས་ཆེ་བ་ཞིག་སློང་གི་རེད། ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་ཆོས་བརྒྱུད་ཀྱི་གནད་དོན་ཐད་ལས་ཀ་ཞིག་བྱེད་རྒྱུ་མེད་པའི་དབང་དུ་བཏང་རུང་། རྙོག་གྲ་དེ་སྔོན་ལས་ཆེ་བ་ཞིག་ལངས་རྒྱུ་ཕལ་ཆེར་ཡོད་མ་རེད། དེར་བརྟེན་རང་འཇགས་བཞག་ཀྱང་གནད་འགག་མི་འདུག
    མ་ཞིག་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་ན། ཆོལ་ཁའི་སྤྱི་འཐུས་དེ་བས་མི་དགོས་ཟེར་རྒྱུ་རེད། གང་ཡིན་ཟེར་ན། དེ་གཉིས་ལ་ཁྱད་པར་ཞིག་མི་འདུག ད་དུང་རྙོག་གྲ་སློང་དགོས་ན་ཆོལ་ཁའི་སྤྱི་འཐུས་ཚོ་ལ་གྱོང་མི་འདུག
    མ་གཞི་ནས་བོད་པ་ཟེར་བ་འདི་ཆོས་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར་དེ་ལ་རྨོངས་དད་མཐུག་པོ་ཞིག་ཡོད་པ་ཡིན་དུས། ཆོས་བརྒྱུད་སྤྱི་འཐུས་མེད་པར་བཟོས་ཀྱང་གྲོས་ཚོགས་ནང་གི་རྙོག་གྲ་སེལ་འགྲོ་རྒྱུ་ཞིག་མེད་པར་འདོད་དོ།།

  4. ཨ་ནུ་ཐང་བསོད་ནམས། says:
    2010-07-02 at 2:46 am

    ཆབ་བྲག་ལགས། ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་བསམ་ཚུལ་གསུངས་བ་སྙིང་ཐག་པ་ནས་བཀའ་དྲིན་ཆེ། དེ་ནི་གནས་ལུགས་ཡོད་པ་ཞིག་ཏུ་མཐོང་།

  5. མདོ་ལྷ་ཁམས་པ། says:
    2010-07-02 at 4:08 am

    ཉམས་མྱོང་དང་རྣམ་དཔྱོད་ཟུང་དུ་སྦྲེལ་བའི་རྒན་ལྷ་མོའི་སྐད་ཆ་འདི་ལ་གནས་ལུགས་ཟབ་མོ་དང་རྒྱུ་མཚན་ཡང་དག་འདུག་སྙམ།
    དྲང་མོ་ཞུས་ན་ཆོས་བརྒྱུད་སྤྱི་འཐུས་དག་ནི་སྤྱི་ཚོགས་ནང་དང་སྤྱི་འཐུས་ནང་དུ་བསམ་སྤྱོད་གཉིས་ཐད་ནས་ཁ་མིག་ཡར་བལྟ་བྱེད་སའི་འཐུས་མི་ཅིག་ཡིན་དགོས་པ་ཤོད་མ་དགོས་ན་ཡང་། ད་སྔོན་གྱི་ཆོས་བརྒྱུད་སྤྱི་འཐུས་ཕལ་མོ་ཆེ་ཞིག་ནི་སྤྱོད་བཟང་གི་མིག་དཔེར་ལས་ལྡོག་ཏེ་སྤྱོད་ངན་གྱི་ཚབ་བྱེད་མཁན་གྱི་མིག་དཔེར་དུ་གྱུར་ཡོད། དེ་ལྟ་བུའི་སྤྱི་འཐུས་དག་གིས་སྤྱི་ཚོགས་ལ་ཕན་པ་བལྟ་ཞོག རང་རང་གི་ཆོས་བརྒྱུད་ལའང་ཕན་ལས་གནོད་ཆེ་བ་འདུག
    མི་མང་གིས་དཔྱད་ཞིབ་ཡག་ཐག་ཆོད་ཅིག་གནང་རྗེས་ཕན་ཐོགས་ཡོད་དང་གནོད་པ་ཡོད་བལྟ་དགོས་གི་རེད། གལ་སྲིད་ཆོས་བརྒྱུད་སྤྱི་འཐུས་དགོས་པའི་དབང་དུ་བཏང་ན་ཡང་། སྤྱི་འཐུས་ནང་ཁུལ་ནས་འདེམས་བསྒྲུག་བྱས་བའི་ཆོག ཟུར་དུ་དགོས་ངེས་ཤིག་མ་རེད། ཤེས་རབ་ཀྱི་རང་བཞིན། འཇིག་རྟེན་གྱི་ཨ་མ། བུད་མེད་ལྷན་ཚོགས།

  6. དུས་ཆར། says:
    2010-07-02 at 5:25 am

    ཆོས་བརྒྱུད་སྤྱི་འཐུས་རེ་འགའི་ངོ་གདོང་ལ་བལྟས་ནས་དེ་དགོས་མིན་ཐག་གཅོད་བྱེད་རྒྱུ་དེ་མིན་པར། མང་གཙོའི་ལམ་སྲོལ་འདི་བཞིན་ཚད་ལྡན་ཅན་དུ་ཕྱོགས་པར་དེས་ཕན་གནོད་ཀྱི་འབྲེལ་པར་ལྟ་དགོས་སྙམ།

  7. ཀརྡོ་རབ་འབྱམས་པ་ says:
    2010-07-02 at 7:27 am

    བཙན་བྱོལ་བོད་མིའི་ནང་ལ་ཉུང་མཐའ་ཡང་ཆོས་བརྒྱུད་སྤྱི་འཐུས་རེ་རེ་ངེས་པར་དུ་དགོས་ངེས་ཡིན་ཏེ། བོད་ནང་ལྟར་ཆོལ་གསུམ་སོགས་ས་གནས་སོ་སོར་དབྱེ་རྒྱུ་མེད་པའི་ཚབ་ལ་དགོས།

  8. རིག་བཟང་། says:
    2010-07-02 at 8:01 am

    ཆབ་བྲག་ལྷ་མོ་སྐྱབས་ཀྱི་གསུང་དེ་ཡང་དག་རིགས་པས་དཔྱད་པ་སྔོན་སོང་འདྲ་བ་ཞིག་འདུག་པས་རྒྱབ་སྐྱོར་ཡོད།

  9. མེ་ཏོག་དཀར་པོ། says:
    2010-07-02 at 11:21 am

    ཆོས་བརྒྱུད་སྤྱི་འཐུས། གྲྭ་པ་ལ་འོས་གཉིས་བླུགས་པའི་ཐོབ་ཐང་། ཨ་ཨ

    འོ་རེད། འབྲུག་ནང་གྲྭ་པ་འོས་མིར་ཞུགས་མི་ཆོག་པ་མ་ཟད་འོས་ཀྱང་བླུགས་མི་དགོས། རྒྱུ་མཚན་དེ་ལྟར་འོས་ཀྱི་ལས་སུ་ཞུགས་ན་དགེ་འདུན་གྱི་ཆེ་མཐོང་ཉམས་པར་འགྱུར་བར་འདོད།
    འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནི་གོ་ལྡོག་འདུག་ག

  10. ཆོས་རྒྱུད་སྤྱི་འཐུས་ནས། says:
    2010-07-02 at 11:29 am

    ཆོས་རྒྱུད་སྤྱི་འཐུས་མེད་ན་བཙན་བྱོལ་བའི་གཞུང་དང་། ཆོས་ལུགས་དང་ཆོས་རྒྱུད་ཀྱི་བར་ལ་འབྲེལ་བ་ཆེར་མི་ཡོང་ལ་ཆོས་ལུགས་སོ་སོ་རང་ཁར་རང་བསྟན་གཅེས་འཛིན་བྱེད་གྱིན་འགྲོ་བར་སྣང་། གང་ལྟར་རྩོམ་ཡིག་དེར་རྒྱབ་སྐྱོར་མེད།

  11. རིག་བཟང་། says:
    2010-07-02 at 12:37 pm

    དྲ་གྲོགས་འགའ་རེས་ཆོས་ལུགས་སྤྱི་འཐུས་ངེས་པར་དགོས་གལ་སྲིད་མེད་ན། ཆོས་བརྒྱུད་རྣམས་ཀྱི་སྣང་བར་ཁྱོན་ནས་འགྲོ་གི་མ་རེད་ལ། དེའི་ཉིན་མོ་ནས་བཟུང་ཆོས་བརྒྱུད་རྣམས་ཀྱིས་རྙོག་གྲ་དེ་ལས་ཆེ་བ་ཞིག་སློང་གི་རེད་ཟེར། དེ་འདྲའི་རྙོག་གྲ་སློང་མཁན་ཆོས་པ་དེ་ཆོས་པ་ཡིན་ཚོད་མ་རེད། ཆོས་པ་ཟེར་དུས་སྤྱི་ཚོགས་ནང་གི་རྙོག་གྲ་ཞི་བར་བྱེད་མཁན་དང་། དགེ་སྦྱོང་གི་ཆོས་བཞི་ལ་གནས་མཁན་ཞིག་ཡིན་དགོས་ནི་རེད། མ་ཏོགས་ཐོབ་དང་གོ་ས་བརྩད་ནས་རྙོག་གྲ་བཟོ་མཁན་ཞིག་ཡིན་ཚེ་ཆོས་པ་ཡང་དག་མིན་པར་མ་ཟད་དེ་འདྲའི་ཆོས་པ་སྤྱི་ཚོགས་ནང་མེད་ན་ཡག་པོ་ཡོད་རེད།

  12. རྭ་རྔ། says:
    2010-07-02 at 12:50 pm

    རྒན་ལྷ་མོ་ལགས་ལ་རྗེས་སུ་ཡིད་རངས་ཡོད།
    འོན་ཀྱང་རྒན་ལགས་སྔོན་མ་རྡ་སར་གནས་སྡོད་བྱ་སྐབས་རྩོམ་ཡིག་དེ་འདྲ་མི་སྤེལ་བའི་རྒྱུ་མཚན་གང་ཡིན།
    ཆོས་ལུགས་སྤྱི་འཐུས་ཚོར་ཏོག་ཙམ་སྐྲག་པ་མིན་ནམ།

  13. འབའ་པ་སྐལ་བཟང་འཕྲིན་ལས། says:
    2010-07-02 at 9:26 pm

    ཆོས་རྒྱུད་སྤྱི་འཐུས་ལ་རྙོག་དྲ་ཡོད་ན་ཆོས་ལུགས་སྤྱི་འཐུས་ལ་རྙོ་དྲ་ཡོད་ཡོད་པ་རེད། ད་བར་ཆོས་ལུགས་དང་ཆོས་ཁ་སྤྱི་འཐུས་གཉིས་ཀ་འཇོན་ན་འཇོན་མཉམ་མི་འཇོན་མཉམ་པ་ཡིན། གྲོས་ཚོགས་ནང་གི་རྙོ་དྲ་ལ་ཆ་མཚོན་ན་ཐོག་མར་འགོ་སློང་བར་དུ་དཀྲུག་ཐ་མར་ཐོར་པ་སོགས་ཚང་མ་བྱེད་མཁན་ཆོལ་ཁའི་སྤྱི་འཐུས་ཡིན།དེས་ན་སྐུ་ངོ་མཆོག་ལ་དྲང་བདེན་གྱི་བློ་མིག་ཅིག་ཡོད་ན་ཆོལ་ཁའི་སྤྱི་འཐུས་ཀྱང་མི་མཁོ་གསུང་རོགསཞ

  14. ཁ་རུ་ཁ་ཐུག says:
    2010-07-03 at 12:16 am

    དྲ་གྲོགས་འགའ་རེས་རྙོག་གྲ་སློང་མཁན་དེ་ཚོ་ཆོས་པ་ཡང་དག་པ་མིན་ཚུལ་གསུངས་འདུག དེང་སང་གི་ཆོས་པ་སུ་ཞིག་ཡིན་རུང་འཇིག་རྟེན་པའི་སྤྱི་ཚོགས་ལ་བརྟེན་མི་དགོས་པའི་ཆོས་པ་ཞིག་ཡོད་དམ།
    མ་གཞི་ནས་ཆོས་པ་ཕལ་ཆེ་བ་ཉོན་མོངས་དུག་གསུམ་རང་བརྒྱུད་ལ་ཚང་བསྡད་པ་རྐྱང་རྐྱང་ཞིག་མ་གཏོགས། ཉོན་མོངས་དུག་གསུམ་སྤངས་ཚར་བའི་ཆོས་པ་ཞིག་འཁྲིད་ཤོག་དཱ།
    ལུས་ལ་ཆོས་གོས་གོན་ཡང་རྒྱུད་ལ་ཉོན་མོངས་དུག་གསུམ་ཡོད་ཕྱིན་ཆད་རྙོག་གྲ་ཟེར་བ་དེ་ཚོ་ཡོད་པ་གཞི་གྲུབ་པ་རེད། དེར་བརྟེན་ཆོལ་ཁ་ཟེར་བ་དང་། ཆོས་བརྒྱུད་ཟེར་བ་དེ་ཚོའི་རྙོག་གྲ་དེ་དག་ཡོང་བསྡད་པ་རེད། མ་གཞི་ནས་མིའི་སྤྱི་ཚོགས་ནང་དུ་རྙོག་གྲ་རྩ་བ་ནས་མེད་ས་ཞིག་འགྲོ་ས་རག་གི་ཨེ་འདུག་ལྟོས་དང་། ཨེ་་་་་ངས་བལྟས་ན་ཁག་པོ་རེད།

  15. ཁ་རུ་ཁ་ཐུག says:
    2010-07-03 at 12:22 am

    མ་གཞི་ནས་ལྷ་མོ་སྐྱབས་ཟེར་བ་འདི་ཚོའི་གྲས་དེ་ཕར་ཕྱི་རྒྱལ་ཟིག་ལ་སོང་ནས། ཚུར་རྒྱ་གར་བོད་པའི་སྤྱི་ཚོགས་ལ་ཁ་བསློགས་ནས་རྩོམ་ཡིག་ཁེ་མཚར་འདྲ་འབྲི་ཁུལ་བྱེད་པ་འདི་སྣང་བ་ཁྱོན་ནས་འགྲོ་ཡི་མི་འདུག
    འཇོན་པོ་ཡོད་ན། སྔོན་མ་གྲོས་ཚོགས་ནང་དུ་གླེང་སློང་ཤུགས་ཆེན་པོ་ཞིག་མི་བྱེད་པ་ག་རེ་རེད། རྒྱང་རིང་ཞིག་ལ་ཕྱིན་ཚར་དུས་ཚུར་ཁ་བསྐོར་ནས་འུར་ཤོབ་མ་བཤད།
    སྤྱིར་བཏང་སྨྲ་བརྗོད་རང་དབང་ཡིན་པས་ག་རེ་བཤད་བཤད་ལྟ་བུ་རེད་དེ། བྱེད་སྟངས་འདི་འདྲའི་རིགས་དེ་མཚུངས་པོ་ཁྱོན་ནས་མི་འདུག
    ད་དུང་བསམ་ཕོད་པ་དང་བཤད་ཕོད་པ་ཡིན་ལུགས་བརྗོད་པ་འདི་ཚོར་གནས་ལུགས་ཤིག་འདུག་གམ།

  16. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-03 at 12:33 am

    དགོངས་ཚུལ་ཡག་པོ་ཞིག་གསུངས་འདུག འདི་ལ་དེ་བསྟུན་གྱིས་གླེང་སློང་ཤུགས་ཆེན་བྱེད་ཐུབ་ན་ཡག་པོ་འདུག གཙོ་བོ་ཆོས་བརྒྱུད་ཁག་སོ་སོས་འདིའི་ཐད་ལ་གླེང་སློང་བྱེད་དགོས་པར་འདོད།

  17. cnamkyal says:
    2010-07-03 at 10:52 pm

    ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་དེ་ཚོ་ཡག་རྟགས་ཞིག་ཁྱོན་ནས་ཡག་པོ་མ་རེད། སྤྱི་ཚོགས་སྟེང་ངོ་མ་སྙོག་ཁྲ་བཟོ་མཁན་རེད། ཇོ་ནང་ཁ་ལ་འཁྱེར་ནས་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་བ་ནི་ཇོ་ནང་ཁ་ལ་འཁྱེར་བ་ཙམ་རེད། ངོ་མ་ཁོ་ཚོའི་འཆར་གཞི་ཡག་པོ་མེད་པ་ཁོ་ཐག་རེད། མ་གཞི་ཇོ་ནང་དང་ས་སྐྱ་གཉིས་ཀྱི་རྙོག་འཛིང་ཐག་མ་ཆོད་པར་སྤྱི་འཐུས་དགོས་མིན་ཐག་ཆོད་སྔ་དྲག་མ་རེད་པས། ཆོས་ལུགས་སྤྱི་འཐུས་མི་དགོས་ན། གཞུང་ཞབས་དང་བཀའ་ཤག་སོགས་སྡེ་མཚན་ཚང་མར་སེར་མོ་རིགས་གཏན་མེད་བཟོ་དགོས་རེད་མ་གཏོགས་དགོས་ན་ཆོས་ལུགས་སྤྱི་འཐུས་ཡང་དགོས་ལ། མི་དགོས་ན་འགོ་བཀའ་ཤག་བཀའ་བློན་ནས་གཞང་ཞབས་སྡེ་མཚན་ཚང་མར་སེར་མོ་རིགས་གཏན་མེད་ངེས་པར་དུ་བཟོ་དགོས་རེད་མ་གཏོགས། གཏན་གཏན་སྙོག་ཁྲ་ཡོང་ཡོང་པ་རེད་ད། མ་གཞི་ང་ཚོ་ལ་ངོམ་རྒྱུ་ཞིག་ཡོད་པ་ནི་ཆོས་འདི་རང་རེད། འདི་མེད་ན་བོད་མི་ནི་རྒྱ་མི་མི་དང་གཅིག་པ་གཅིག་ཀྱང་རེད། ནང་ཆོས་ཁྱད་པར་ཅན་འདིས་དེང་སང་འཛམ་གླིང་ནང་བོད་ཞེས་ཚང་མས་དོ་སྣང་སྤྲད་ས་འདི་ཡང་ཆོས་ཀྱི་བཀའ་དྲིན་མ་རེད་པས། ནང་ཆོས་ནི་ངོ་མ་འཕགས་ཡུལ་གྱིས་ང་ཚོར་གནང་བའི་བྱིན་རླབས་རྩལ་ཆེན་ཞིག་ཡིན། བཀའ་དྲིན་ཡང་བསམ་ཤེས་རྟག་པར་བྱེད་དགོས། མདོ་དོན་བཤད་རྒྱུར་ཆོས་ལུགས་སྤྱི་འཐུས་མི་དགོས་ཟེར་མཁན་འདི་ཚོ་བོད་པའི་སྤྱི་ཚོགས་ཕྱི་དཀྲུགས་ནང་དཀྲུགས་བྱེད་ངོ་མ་རེད། སྔར་ཡང་འདི་ཚོགས་དཀྲུགས་དང་དཀྲུགས་བཞིན་ཡོད་ལ། ད་ཡང་དཀྲུགས་འགོ་རྩོམ་གིན་འདུག་པས། ཆོས་ལ་སྙིང་ནས་དད་གུས་དང་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ན་ཚར་ཏག་བཅོད་པའི་དུས་ལ་བབས་འདུག་བསམ།

  18. དམག་ལོགས་ says:
    2010-07-06 at 10:31 am

    རྙོགས་དྲ་ཅན་གྱི་སྤྱི་འཐུས་གྲོས་ཚོགས་ཀྱི་འོད་ལྡེར་དེ་མཐོང་ནས་ཆོས་བརྒྱུད་སྤྱི་འཐུས་རྣམས་མེད་ན་གཙང་གི་བསམ་མྱོང་།
    དེ་མིན་གྲྭ་པ་ལ་འོས་ཤོག་གཉིས་བླུགས་པའི་ཐོབ་ཐང་དེ་མང་གཙོའི་ལམ་ཞིག་མ་རེད། གལ་སྲིད་མང་གཙོའི་ལམ་ལུགས་ལོངས་སུ་སྤྱོད་པའི་སྤྱི་ཚོགས་ཞིག་ཡིན་ན་མི་རེ་ལ་ཐོབ་ཐང་གཅིག་ལས་ལྷག་གང་ཡོད།

  19. thargayl says:
    2010-07-06 at 11:56 am

    དེ་དངོས་གནས་རེད་བསམ་གི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme