Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ཐོབ་ཐང་སྐོར་གྱི་གསུང་རྩོམ་ཞིག

Posted on 2013-01-152013-01-16 By ཁ་བརྡ་ 5 Comments on བུད་མེད་ཐོབ་ཐང་སྐོར་གྱི་གསུང་རྩོམ་ཞིག

རྩོམ་པ་པོཿ Hillary Rodham Clinton   

སྒྱུར་མཁནཿ  རེབ་ཐོག་མདའ།།

 

ལོ་ཉེར་ལྔའི་གོང་ལ། བདག་གིས་བུད་མེད་དང་ཕྲུ་གུ ད་དུང་ཁྱིམ་ཚང་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ལས་གཞི་ཞིག་བསྒྲུབས་མྱོང་ཡོད། ཡིན་ཡང་། སྐབས་དེ་དག་ཏུ་བདག་གིས་བུད་མེད་ཀྱིས་ངེས་པར་དུ་འགྲན་རྩོད་ཀྱི་ཐོག་ནས་གདོང་ལེན་བྱེད་དགོས་པའི་སྐོར་ཀྱི་ཤེས་བྱ་མང་པོ་ཞིག་ཡང་ཡང་སྦྱངས་པའི་གོ་སྐབས་བྱུང་། བུད་མེད་ཀྱིས་འགྲན་རྩོད་བྱེད་དགོས་པའི་གནད་དོན་གཅིག་ནི། ཉམས་མྱོང་ཅན་གྱི་བུད་མེད་ལ་གདེང་འཇོག་མི་བྱེད་པ་དང་། བུད་མེད་ཀྱི་སྐད་ཆ་ལ་དོ་སྣང་མི་བྱེད་པ་ལ་དོ་སྣང་ཡོང་བར་འབད་བརྩོན་བྱེད་དགོས་པ་དེ་རེད། བུད་མེད་ཀྱིས་གཞུང་གི་འགོ་ཁྲིད་དང་། ལོ་རྒྱུས་རིག་པ། ད་དུང་ཚོང་ལས་སོགས་ཀྱི་ཐོག་ལ་བྱ་བཞག་ཅི་འདྲ་མང་པོ་ཞིག་བསྒྲུབས་ཀྱང་ཁོ་མོ་ཚོ་ལ་རིན་ཐང་མི་འཇོག་པ་དེ་རེད། དེར་བརྟེན། ང་ཚོ་སུ་ཞིག་ལ་བུད་མེད་ཀྱི་གནད་དོན་ཐོག་ཏུ་སྐད་ཆ་བཤད་པའི་གོ་སྐབས་གང་འདྲ་ཞིག་བྱུང་ཡང་། ང་ཚོས་འགནའཁུར་ཡོད་པའི་ཐོག་ནས་བུད་མེད་ཀྱི་ཆེད་དུ་སྐད་ཆ་བཤད་པ་གལ་ཆེན་པོ་ཡིན།

བདག་གིས་བུད་མེད་འདི་དག་གི་ཆེད་དུ་སྐད་ཆ་བཤད་པར་འདོད་པའི་རྒྱུ་མཚན་ནི། བུད་མེད་སུ་འདྲ་ཞིག་ཡིན་ཡང་། རང་ཉིད་ཀྱིས་འཚོ་བའི་ཁྲོད་དུ་ལུས་སེམས་གཉིས་ཀ་ཕྱི་ཕྱོགས་ཀྱི་བཙན་གནོན་ཀྱི་འཇིག་དངངས་། རང་ཁྱིམ་དུ་ཡང་བཙན་གནོན་མནར་གཅོད་མྱོང་དགོས་པ་མ་ཟད། བུད་མེད་ཀྱི་འཕྲོད་བསྟེན་དང་ཕྲུ་གུའི་འཕྲོད་བསྟེན་སོགས་ལ་ཁག་ཐེག་མེད་པ། ད་དུང་ཕྲུ་གུའི་འཚར་ལོངས་ཀྱི་ཆེད་དུ་བུད་མེད་མང་པོ་ཞིག་ལ་ཉུང་མཐར་ཡང་གླ་ཆ་ཡག་པོ་ཞིག་ཀྱང་རག་གི་མེད་པས་ཡིན། དེའི་རྐྱེན་ཀྱིས་བདག་གིས་ཉིན་ལྟར་བྲེལ་འཚུབ་ཀྱི་ཀློང་ན་རང་ཉིད་ཀྱི་

ཕྲུ་གུ་དང་ནང་མིའི་ཆེད་དུ་རང་ཉིད་ཀྱི་དུས་ཚོད་ཡོད་ཚད་ཉིན་མོ་ནང་ལས་དང་ཕྲུ་གུ་ལྟ་སྐྱོང་སོགས་ཀྱི་བྲེལ་བ། དགོང་མོར་སྨན་ཁང་ནང་དུ་ནད་གཡོག་དང་མགྲོན་ཁང་གི་ཞབས་ཞུ་མ། གཞན་གཏན་འཇགས་མིན་པའི་ལས་ཀ་སོགས་ལས་བཞིན་འཚོ་དང་འཚོ་བཞིན་པ་དག་གི་ཆེད་དུ་སྐད་ཆ་བཤད་འདོད་བྱུང་། བུད་མེད་མང་ཆེ་ཤོས་ནི་ཕྱི་ནང་གཉིས་ཀའི་ལས་ཀའི་ཁྲོད་ན་གནས་ཡོད་པ་དེ་སྤྱིའི་ཆ་ནས་མཁོ་ངེས་ཤིག་ཡིན་མོད། སྤྱི་འགྲོས་ལྟར་ན་། གང་ལྟར་བུད་མེད་ཀྱི་འཚོ་བ་ཇི་ལྟར་བསྐྱེལ་དགོས་པའི་སྐོར་ལ་སྣེ་ཁྲིད་དང་ལམ་སྟོན་བྱེད་མཁན་ཡང་མེད་པ་ན་། ང་ཚོས་བུད་མེད་རང་ཉིད་སོ་སོའི་དང་། ཁོ་མོའི་ནང་མའི་མི་ཚེ་བསྐྱེལ་སྟངས་ལ་ཁོ་མོ་ཚོས་འདམ་ཁ་ཅི་བྱས་ལ་བརྩི་བཀུར་ངེས་པར་དུ་བྱེད་དགོས་ལ། བུད་མེད་ཡོད་ཚད་ལ་ཡང་དཀོན་མཆོག་གིས་རང་ཉིད་ལ་སྤྲད་པའི་ལྐོག་གྱུར་གྱི་ནུས་སྟོབས་དེ་ངོས་འཛིན་བྱེད་པའི་གོ་སྐབས་ཐོབ་ངེས་ཡིན།

མ་ཟད་བུ་དང་བུ་མོ་སུ་ཡིན་ཡང་། ང་ཚོ་ཚང་མར་རང་ཉིད་ཀྱི་བདེ་སྲུང་གི་ཆེད་དུ་ཁོང་ཚོ་ཕྲུ་གུ་སྐྱེས་པར་གྲངས་ཀ་དང་བར་སྟོང་འཇོག་པར་རང་ཉིད་ལ་རང་དབང་གི་ཐོག་ནས་ཐག་གཅོད་པའི་ཁེ་དབང་དང་ཐོབ་ཐང་སོགས་ཀྱི་གོ་གནས་ངེས་པར་སྟེར་དགོས། གཞན་ཆོས་ལུགས་དང་། ཆབ་སྲིད་ཀྱི་བཙན་དབང་གིས་གནོད་འཚེ་དང་བཙོན་འཇུག།དམའ་འབེབས། ཡང་ན་མནར་གཅོད་སོགས་ཀྱི་ཞེ་སྣང་འོག་ཏུ་སུ་གཅིག་ཀྱང་ཁུ་སིམ་གནས་མི་ཆོག། ཡ་ང་བ་ཞིག་ནི། བུད་མེད་ལ་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་ཡང་མནའ་གཅོད་ཕོག་མཁནཆེས་མང་ཤོས་དང་། ཡང་དང་བསྐྱར་དུ་མྱོང་མཁན་གཅིག་པུ་དེ་ཡིན་པ་དང་། ཆབ་སྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་ཀྱང་བུད་མེད་ཕྱིར་འབུད་དང་། དམའ་འབེབས་། རྒོལ་རྡུང་དྲག་པོ་ཐེབས་ཀྱི་ཡོད་པས་སྐབས་ཀྱང་མང་། དེའི་རྐྱེན་ཀྱིས་བདག་གིས་བུད་མེད་ཀྱི་ཐོབ་ཐང་སྐོར་གྲོས་བསྡུར་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་དང་། སོ་སོས་སྐྱུར་ནས་འཇོག་ཐུབ་པའི་གནད་དོན་ཞིག་མིན་པར་འདོད།

 

༡ ཕྲུ་གུ་ཞིག་བུ་མོ་ཡིན་པར་ཤེས་ན་མངལ་དུ་སྦྲུམ་པའི་སྐབས་སུ་ཁོང་ཚོ་ཨ་མའི་ཁོག་ནས་ལས་སླ་བོའི་ངང་ནས་མེད་པར་བཟོ་བ་འམ་དབུགས་བསུབ་གཏོང་བ། ཆུ་ལ་འཕེན་པ། ཟ་མ་བཟའ་བར་ཚད་བཀག་བྱེད་པ་སོགས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

 

༢ བུད་མེད་དག་སྨད་འཚོང་མའམ་ཡང་ན་གཡོག་པོའི་ངོ་བོའི་ཆ་ནས་གཞན་ལ་ཚོང་སྒྱུར་བྱེད་སྐབས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

 

༣ གཉེན་སྟོན་ཆུང་ཆུང་དེ་ལ་ཁ་གཡར་ནས་རང་ཉིད་ཀྱི་ཁྱོ་ག་འཆི་བའི་རྗེས་སུ་བུད་མེད་དེར་ཡང་གསོན་པོར་རླངས་འཁོར་གྱི་སྣུམ་བླུགས་ཏེ་ཁྱོ་གའི་རྗེས་སུ་མེར་བསྲེགས་གཏོང་བའི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

༤

སྤྱི་ཚོགས་འདྲ་མིན་ནང་དུ་བུད་མེད་ལ་བརྙས་བཅོས་ངང་ནས་བཙན་གཡེམ་དང་། གཞན་བུད་མེད་སྟོང་ཕྲག་མང་པོར་དམག་འཁྲུག་ཁྲོད་དུ་བཙན་གཡེམ་བྱེད་པའི་སྐབས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

 

༥ ལོ་ན་བཅུ་བཞི་ནས་བཞི་བཅུ་ཞེ་བཞི་བར་གྱི་བུད་མེད་དག་ལ་བུད་མེད་ཟེར་བའི་མིང་བྱང་དེའི་རྒྱུ་རྐྱེན་ལ་བརྟེན་ནས། རང་ཉིད་ཀྱི་ནང་མིའི་གནོན་ཤུགས་དང་མཐོང་ཆུང་བྱེད་སྐབས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

 

༦ ལོ་ན་གཞོན་པའི་བུད་མེད་དག་རིམ་པ་དམའ་རུ་བཞག་ནས་མཚན་མ་གཅོད་འབྲེག་གི་ལག་ལེན་བསྟར་བ་དང་། གདུག་རྩུབ་ཆེ་བའི་མནར་གཅོད་གཏོང་སྐབས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཐང་ཡིན་ནམ།

 

༧

བུད་མེད་དག་གི་རང་ཉིད་ཀྱི་མ་འོངས་བའི་མདུན་ལམ་ཆེད་དུ་རང་ཉིད་ཀྱི་འདོད་འདུན་འགྲུབ་ཏུ་མི་འཇུག་པ་མ་ཟད་གཞན་གྱི་གནོན་ཤུགས་ཀྱིས་རང་ཉིད་ཀྱི་ཡོད་ཚད་ཐག་གཅོད་པའི་སྐབས་ཀྱི་བཙན་གནོན་དེ་འགྲོ་བ་མིའི་ཐོབ་ཡིན་ནམ།

 

དེའི་རྐྱེན་ཀྱིས་ང་ཚོས་བུད་མེད་དག་གིས་ངེས་པར་དུ་འཛམ་གླིང་ཁྱིམ་གཞི་འདིའི་ནང་གི་མི་བུ་ཚང་མས་ང་ཚོ་བུད་མེད་ལ་བརྩི་འཇོག་དང་། ང་ཚོ་བུད་མེད་དག་ཁྱད་དུ་འཕགས་པ་ཞིག་ཡིན་པར་དོ་སྣང་གསར་པ་ཞིག་སླེབས་ཐུབ་པའི་ལས་འགུལ་སྤེལ་དགོས་པ་དང་། བུ་དང་བུ་མོ་ཚང་མས་འདྲ་མཉམ་ཐོག་ནས་གཅིག་གིས་གཅིག་ལ་ལྟ་སྐྱོང་བརྩེ་བ་བྱེད་ཐུབ་པ། ང་ཚོ་འཛམ་གླིང་གོ་ལའི་སྟེང་གི་ཁྱིམ་གཞི་རེ་རེའི་མ་འོངས་པ་སྲ་བརྟན་གནས་ཐུབ་པའི་རེ་བ་ཡོད།

འགྱུར་རྩོམ།

Post navigation

Previous Post: རྒྱ་ནག་གཞུང་གིས་ཏྰ་ལའི་རུ་ཚོགས་དང་གཞོན་ནུ་ཚོགས་པས་སྐུལ་འདེད་བྱས་ནས་མེ་སྲེག་ལས་དོན་སྐུལ་སློང་བྱེད་མཁན་གྱོད་དོན་རྩད་ཆོད་དང་མི་བདུན་བཟུང་ཡོད་ཚུལ་བསྒྲགས་འདུག
Next Post: ང་དང་སྐར་མ་མཚོའི་ཐོལ་རྩོམ།

Comments (5) on “བུད་མེད་ཐོབ་ཐང་སྐོར་གྱི་གསུང་རྩོམ་ཞིག”

  1. རུ་ཤུལ་བུ་ says:
    2013-01-16 at 1:31 am

    རྩོམ་ཡིག་དེའི་དྲི་བ་བདུན་པོ་གང་ཡིན་ཀྱང་ཧ་ལམ་རོ་ཐོག་ཏུ་མདའ་སྣུན་པའི་དཔེ་ལས་མཐོང་མ་སོང་།
    དེང་སང་གི་དུས་ཚོད་འདི་ལ་ཕོ་མཆོག་མོ་དམན་གྱི་ལྟ་བ་ས་ཁུག་ལུང་དཀྱོག་འགའ་རེ་མ་གཏོགས་ས་གང་ནའང་ཡོད་ཚོད་མི་འདུག་སྙམ། ཅིག་བྱས་ན་ངས་མ་ཤེས་ནི་ཡིན་ཐང་། སྤྱིར་བུད་མེད་ཀྱི་ཐོབ་ཐང་ཟེར་བ་གཞན་གྱིས་ཁུར་ནས་འོང་རྒྱུ་ཞིག་དང་གཞན་གྱིས་གསོལ་རས་སུ་གནང་འཇོག་རྒྱུ་ཅང་ཨེ་ཡོད། གཙོ་བོ་བུད་མེད་རང་ཉིད་ཀྱི་འཇོན་ཐང་དང་བུད་མེད་རང་ཉིད་ཀྱི་བློ་སྤོབས་བུད་མེད་རང་ཉིད་ཀྱི་དཀྱེལ་ཡངས་པའི་བསམ་བློ་བུད་མེད་རང་ཉིད་ཀྱི་སྒེར་ཚུགས་སོགས་ལ་རག་ལས་པ་ཞིག་ཏུ་འདོད། དེ་མིན་ལ་ལས་བུད་མེད་ལ་བདག་དབང་དབང་དགོས་ཟེར་བ་དཔེར་ན་ཁྱོས་མ་ལས་ངས་ཀྱང་མི་ལས་ཁྱོས་ཆང་འཐུང་ན་ངས་ཀྱང་འཐུང་དགོས་དེ་རིང་ནུབ་ཚལ་ངས་བཟོས་ན་སང་ཉིན་གྱི་ཞོགས་ཇ་ཁྱོས་བཟོ་དགོས་ལྟ་བུ་ནི་བྱིས་བུས་རྩེད་མོ་དང་བྱབ་ཆུང་གི་བྱ་བ་ལས་མ་འདས། བུད་མེད་ལ་འཇོན་ཐང་དང་དཀྱེལ་ཡངས་ཀྱི་བསམ་བློ་ཡོད་ན་མི་སུས་ཀྱང་གུས་བཀུར་བྱེད། དཔེར་འབར་མའི་མཛངས་མ་ཨ་སན་སུ་སྐྱིད་ལྟ་བུ་དང་རང་རའི་མཛངས་མ་ཨ་མ་རྗེ་བཙུན་པདྨ་དང་རྒྱ་རི་སྒྲོལ་མ་སོགས་ད་དུང་ཕྱི་ནང་གང་ནའང་མང་མོད་རེ་རེ་བགྲངས་མི་དགོས་པ་བྱེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-16 at 2:48 am

    ་་་་་ མ་ཟད་བུ་དང་བུ་མོ་སུ་ཡིན་ཡང་། ང་ཚོ་ཚང་མར་རང་ཉིད་ཀྱི་བདེ་སྲུང་གི་ཆེད་དུ་ཁོང་ཚོ་ཕྲུ་གུ་སྐྱེས་པར་གྲངས་ཀ་དང་བར་སྟོང་འཇོག་པར་རང་ཉིད་ལ་རང་དབང་གི་ཐོག་ནས་ཐག་གཅོད་པའི་ཁེ་དབང་དང་ཐོབ་ཐང་སོགས་ཀྱི་གོ་གནས་ངེས་པར་སྟེར་དགོས། གཞན་ཆོས་ལུགས་དང་། ཆབ་སྲིད་ཀྱི་བཙན་དབང་གིས་གནོད་འཚེ་དང་བཙོན་འཇུག།དམའ་འབེབས། ཡང་ན་མནར་གཅོད་སོགས་ཀྱི་ཞེ་སྣང་འོག་ཏུ་སུ་གཅིག་ཀྱང་ཁུ་སིམ་གནས་མི་ཆོག། ་་་་ཟེར།

  3. གཡུ་བྲག་པ says:
    2013-01-16 at 9:30 am

    ཁྱོ་ག་གྲོང་སོང་ན་ཆུང་མ་ཡང་ས་སྣུམ་བླུག་ནས་མེར་སྲེག་གཏོང་བ་ཟེར་བ་འདི་ས་ཆ་གང་ཞིག་གི་ལུགས་སྲོལ་རེད། གནའ་དེང་མ་ཞིག་གི་སྐད་ཆ་ཡིན་ན་མ་གཏོགས་དེང་སང་དེ་འདྲ་ཞིག་གོ་མྱོང་མེད།

  4. རེབ་སྐྱིད་མཚོ says:
    2013-01-16 at 3:00 pm

    བུད་མེད་ལ་མནར་གཅོད་ཀྱི་སྡུག་བསྔལ་དྲག་པོ་དེ་ཁྱེད་མ་གཏོགས་སུ་ཡིས་མ་མཁྱེན་ལྟ་བུར་
    བཤད་ཀྱི་འདུག་མོད། ད་ག་རེ་ཡིན་ན་མིན་ན་བུད་མེད་ཚོ་ལ་ཡང་འགྲོ་བ་མིའི་ཐོབ་ཐང་
    ཡོད་དགོས་པ་ངེས་ཅན་རེད། བུད་མེད་མོ་རང་ཚོ་ཡང་དེ་བཞིན་སྒེར་ཚུགས་དང་གོ་ཡངས་
    སོ་སོའི་ལུས་སྟོབས་དཔག་པའི་བྱ་བ་གང་གྲུབ་བྱེད་དགོས་པ་ནི། འཇིག་རྟེན་མི་ཡི་འཚོ་བ་
    རོལ་ཐང་ཞིག་ཡིན་ཚོད་རེད།

  5. ལ་དྭགས་ངག་དབང་རྒྱ་མཚོ། says:
    2013-06-24 at 3:33 pm

    ཐེག་པ་ཆེན་པོའི་སྨོན་ལམ་ནང་དུ་བུ་མེད་རྣམས་ལ་གོ་ས་ཆེན་པོ་ཞིག་གནང་ཡོད། མ་རྒན་སེམས་ཅན་ཐམས་ཅད་ཅེས་འགྲོ་དྲུག་སེམས་ཅན་ཡོད་ཚད་རང་གི་མ་རྒན་ཡིན་པའི་རྒྱུ་མཚན་མང་པོ་ཡོད། བུ་མེད་བྱེ་བྲག་པ་ཉུང་ཤས་ཤིག་ལ་དཀའ་ངལ་ཡོད་པས་བུ་མེད་ཡོད་ཚད་ལ་དཀའ་ངལ་ཟེར་མི་ཐུབ། བུ་མེད་རེ་བཟུང་གིས་བུ་ལ་ཡང་དཀའ་ངལ་སྤྲོད་མཁན་མང་པོ་ཡོད། ང་ཚོ་ཕོ་དང་མོ་སུ་ཞིག་ཡིན་རུང་དཀོན་མཆོག་ལ་མཆོད་པ་འབུལ་བ་ནང་བཞིན་མཆོད་ལབས་ནས་ཐོབ་ཐང་སྤྲོད་མཁན་ཞིག་ལ་རེ་བ་བྱེད་ཀྱིན་སྡད་ན།དེ་ལྟ་བུ་ནི་གླེན་པའི་རེ་བ་ཡིན། ཐོབ་ཐང་སྔར་ནས་ཡོད་ཡོད་པ་ཡིན་ལ། རང་ལ་ཡོད་པའི་ཐོབ་ཐང་དེ་རང་གིས་བླང་མ་ཤེས་པས་ལུས་པ་ཡིན། ཐོབ་ཐང་རང་གིས་ལེན་ཐུབ་པའི་སྤོབས་པ་ཞིག་ལྡན་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme