Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ཇི་ལྟར་དགའ་བར་བྱེད།

Posted on 2013-02-282013-02-28 By ཁ་བརྡ་ 9 Comments on བུད་མེད་ཇི་ལྟར་དགའ་བར་བྱེད།

འབའ་སྲས།

ཁྱོད་ཀྱི་སྐྱེ་གཟུགས་ཚིགས་དྲུག་སྨྱུག་མ་དང་།།
ཁྱོད་གདོང་ཟླ་བ་ལས་ཀྱང་མཛེས་སོ་ཞེས།།
ཁ་ཡག་ངོ་དགའ་བཤད་པའི་སྐད་ཆ་ཡིས།།
བུད་མེད་སེམས་གཏིང་དགའ་བ་འདྲེན་མི་ཐུབ།།

ཁྱོད་ནི་མེད་ན་ང་ཡང་མེད་པར་འགྱུར།།
ཁྱོད་དང་ང་ཡི་ཚེ་སྲོག་གཅིག་ལ་གཅིག །
འཆི་གསོན་མཉམ་གནས་ཐུབ་པའི་རྫིག་པོའི་གཏམ།།
སྨྲ་ཡང་བློ་ལྡན་མ་རྣམས་འགུག་པར་དགའ།།

བུད་མེད་སེམས་ཀྱི་འདོད་པ་དང་པོ་ནི།།
སྐྱོ་བའི་དུས་སུ་དགའ་བའི་འཛུམ་མདངས་ཅན།།
འགལ་བའི་དུས་སུ་མཐུན་སྒྲིག་བློ་གྲོས་ཅན།།
སུ་ཞིག་ཡིན་ན་དེ་ལ་དགའ་བར་བྱེད།།

བུད་མེད་རྣམས་ཀྱི་མ་འོངས་རྗེས་ལ་ལྟ།།
སྐྱེས་པ་དག་གིས་གནས་སྐབས་འཛིན་པར་བྱེད།།
སྐྱེས་པ་བུད་མེད་མི་ཚེ་ལྟ་སྟངས་ལ།།
ཁྱད་པར་མཆིས་པ་རྟོགས་པ་ཤིན་ཏུ་གལ།།

ཕྱི་ཡི་མཛེས་སྡུག་སྤྲད་ཀྱང་མི་འགུག་ལ།།
ནང་གི་འབྱོར་བ་ཕུལ་ཡང་མི་དགའ་བའི།།
བློ་ལྡན་བུད་མེད་ཇི་ལྟར་དགའ་བྱེད་པའི།།
ལེགས་བཤད་གསར་བ་བོད་པའི་བུ་ལ་འཆད།།

དང་ཐོག་བུད་མེད་དགའ་བར་བྱེད་པ་ལ།།
རང་ལ་དཀའ་ངལ་འཕྲད་ཚུལ་མང་མང་གླེང་།།
དཀའ་ངལ་ཇི་ལྟར་སེལ་བའི་ཐབས་རྣམས་ཤོད།།
མ་འོངས་ཅི་ཞིག་བྱ་བའི་འཆར་གཞི་བརྗོད།།

བཤད་པའི་ཚེ་ན་དགོད་ཁ་གཙོ་བོར་ཟུངས།།
གདོང་ལས་འཛུམ་མདངས་སྟོན་རྒྱུ་མ་བརྗེད་ཅིག །
དཀའ་སྡུག་གང་ལ་འཕྲད་ཀྱང་མི་ཞུམ་པའི།།
གསལ་བརྡ་ཡིན་པ་བུད་མེད་རྣམས་ཀྱིས་རྟོགས།།

ཉིན་གཅིག་དུས་གཅིག་དགའ་སྤྲོ་བྱས་པ་ཡིས།།
སྐྱེས་པ་ཕལ་ཆེར་འདོད་བློ་ཚིམས་པར་ངེས།།
འོན་ཀྱང་བུད་མེད་དེ་ལྟར་མ་ཡིན་ཏེ།།
མི་ཚེ་གཅིག་ལ་དགའ་བ་ཁོ་ན་བསམ།།

དེས་ན་ཉིན་གཅིག་སྤྲོ་དགའ་བྱས་པ་ཡིས།།
ཚུལ་རྣམས་བུད་མེད་རྣ་ལ་གླེང་མི་བྱ།།
ཚེ་གང་སྤྲོ་བ་བྱེད་པའི་འཆར་གཞི་དག །
གོང་བསྒྲིགས་བརྗོད་ན་བུད་མེད་མཆོག་ཏུ་དགའ།།

བུད་མེད་ཡ་ཆུང་སེམས་པ་ཆུང་ཆུང་སྟེ།།
ཆུང་བ་ཙམ་གྱིས་མིག་ལས་མཆི་མ་ལྷུང་།།
འོན་ཀྱང་མཆི་མ་རྡོག་གཅིག་ལྷུང་བ་ཡིས།།
མི་ཚེ་གཅིག་གི་རེ་བའི་རིན་ཐང་མཚོན།།

སྐྲ་རིང་བློ་ཐུང་ཟེར་ནས་སྨད་ན་ཡང་།།
མི་ཚེ་ལྟ་སྟངས་བུད་མེད་ཤིན་ཏུ་རིང་།།
མགྲིན་པ་ཡན་ཆད་ཙམ་གྱིས་སྐད་ཆ་ཡིས།།
བུད་མེད་སེམས་གཏིང་དགའ་བ་སློག་མི་ཐུབ།།

སྐྱེས་པ་ཕལ་ཆེར་གནས་སྐབས་ཙམ་ལ་དགའ།།
བུད་མེད་མང་ཆེ་མི་ཚེ་མཐའ་ལ་དགའ།།
མི་ཚེ་མཐའ་རུ་འཁྱོལ་པའི་སེམས་པ་ཞིག །
སུ་ལ་ཡོད་ན་བུད་མེད་དེ་ལ་དགའ།།

རྒྱུ་དང་འབྱོར་བར་མི་བལྟ་བུད་མེད་མང་།།
གཟུགས་དང་ཕོ་སྒོར་མི་བལྟ་བུད་མེད་མང་།།
བུད་མེད་མང་བོས་མི་ཚེ་སྐྱིད་པར་བལྟ།།
བུད་མེད་སྐྱིད་པའི་ལས་འགན་བུ་ལ་ཡོད།།

དཔེར་ན་བཟའ་ཚང་ཁ་རྩོད་ཤོར་བའི་རྗེས།།
ཆུང་མ་རྣམས་ཀྱིས་མིག་ཆུ་འདོན་པ་ལས།།
ཟླ་འགའ་ཕྱིན་ཡང་སྐྱེས་པར་ཁ་མི་གྲགས།།
འོན་ཀྱང་སྐྱེས་པའི་སྐད་ལ་ཉན་འདོད་ཆེ།།

སྐབས་དེར་སྐྱེས་པ་ཚོ་ནི་ཇག་རྐུན་བཞིན།།
ཕྱི་རུ་འཁྱམས་ནས་ཁྱིམ་དུ་ལོག་མི་ཡོང་།།
འོན་ཀྱང་ཆུང་མས་ནམ་ཡང་ཁྱོད་རང་ལ།།
ཁྱིམ་དུ་ལོག་ན་བསམ་པའི་རེ་བ་ཆེ།།

འདི་ནི་ཆུང་མའི་བརྩེ་བ་ངོ་མ་དང་།།
ཁྱོ་བོར་འཆིང་བའི་སེམས་ཁྲེལ་བདེན་པ་སྟེ།།
ཁྱོད་ལ་བཅིངས་པའི་བརྩེ་བ་མེད་གྱུར་ན།།
དོན་མེད་མི་ལ་མིག་ཆུ་ག་ལ་ལྷུང་།།

དེ་བས་བུད་མེད་རྣམས་ནི་དགའ་བྱེད་ན།།
རང་གི་རང་གཤིས་གཙོ་བོར་སྟོན་པ་གཙོ།།
བོང་བུས་གཟིག་ལྤགས་གྱོན་པའི་མདོག་བསྟན་ན།།
བུད་མེད་རྣམས་ནི་ནམ་ཡང་དགའ་མི་བྱེད།།

དགའ་སྡུག་ཇི་ལྟར་སེལ་བའི་ཐབས་ལམ་ཤོད།།
རང་གི་བདེ་སྐྱིད་ཅི་ཡིན་འགྲེལ་བཤད་དགོས།།
ཅི་ཕྱིར་དགའ་ཞེས་དྲིས་ན་ལན་འདེབ་དགོས།།
འདི་གསུམ་གཙོ་བོར་འཛིན་པའི་བུད་མེད་མང་།།

བུད་མེད་སྐྱོ་བའི་དུས་ན་གདོང་གྲོགས་དང་།།
བུད་མེད་སྡུག་པའི་དུས་ན་ཁེན་པའི་རྟེན།།
སྐྱེས་པ་ལས་ཞིག་གཞན་ན་ཡོད་མིན་པས།།
བུད་མེད་རྣམས་ཀྱིས་སྐྱེས་པ་མཆོག་ཏུ་ལྟ།།

དེ་བས་ཕྱིར་ན་སྐྱེས་པའི་སེམས་གཏིང་གི །
སྐད་ཆ་དག་ནི་དྲང་བོར་སྨྲ་བྱས་ཏེ།།
ན་སྡུག་གནམ་དང་ཐབ་ཁ་ང་ཡིན་ཞེས།།
བཤད་ན་བུད་མེད་རྣམས་ནི་དགའ་བར་འགྱུར།།

མདོར་ན་ཁྱོད་མཛེས་ང་དགའ་མི་བཤད་པར།།
རྒྱུ་དང་ཕོ་སྒོའི་ང་རྒྱལ་མི་སྟོན་པར།།
བུད་མེད་སེམས་ཀྱི་དགའ་བ་ཤེས་གྱུར་ནས།།
དེ་ཡི་མཐུན་ཕྱོགས་བརྗོད་པ་ཤིན་ཏུ་གལ།།

དེ་ལྟར་གྱུར་ན་བུད་མེད་ཀུན་ལས་མཆོག །
འགྲོ་བ་བཟང་མོ་འདྲ་ཞིག་ཁྱོད་ལ་དགའ།།
དེ་ལྟར་མ་བྱུང་བཀྲ་ཤིས་སྣ་ནག་མ།།
ཁྱོད་དང་འཕྲད་ནས་ས་དང་ལམ་ཡང་ནག །

སྙན་ངག

Post navigation

Previous Post: མེ་ལྕེ།
Next Post: ཀརྨ་པ། ཁྱེད་ཕེབས་ལམ་ན།

Comments (9) on “བུད་མེད་ཇི་ལྟར་དགའ་བར་བྱེད།”

  1. འདྲེ་རྐང་ཐོ། says:
    2013-03-01 at 12:07 am

    ཨ་སྲས་ཡ་་འབར་སྲས་་་་་ངས་བུད་མེད་ཅིག་ལ་ཁ་བརྡ་ཡེད་སྟངས་མ་ཤེས་ནས་ལྷག་བསྡད་ཡོད་་་་དེ་རིང་ནས་མོར་སྐད་ཆ་ཤོད་སྟངས་ཅུང་ཤེས་སོང་བ་་་་་བཀའ་དྲིན་ཆེ།

  2. རང་དབང་ཨ་རྡུ་མན། says:
    2013-03-01 at 12:13 am

    ཡག་པོ་ཞེ་དྲག་བྲིས་ཤག

  3. གནམ says:
    2013-03-01 at 12:35 am

    ཆང་ས་དྲ་བའི་ནང་ལ་ས་མིག་ཞིག་རག་མདོག་ཁ་བོ་རེད། དེ་མིན་སྙིང་དོན་དང་མན་ངག། ཉམས་དང་བྲོ་བ། ཀློག་བདེ་དང་བརྗོད་བདེ་སོགས་ཅི་གང་མེད་ཀི། བཙན་བསྒྲིགས་དཔྱང་མོ་དཔྱང་མོ་འདིས་ཅིག་ཅིག་མིན་ན་ངའི་སྒྲའི་སྐྱེས་གནས་ཚང་མ་འཕྲོ་བརླག་ལ་བཏང་སོང་། རྗེས་མ་ང་ཚོ་ཀློག་པ་བོའི་ངག་གི་སྒྲའི་བདེ་འཇགས་ལ་ཡང་བསམ་ཤེས་རེ་ཡོད་ནི་བྱོས།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-03-01 at 3:19 am

    བུད་མེད་དགའ་བར་བྱེད་པའི་འབེལ་གཏམ་ཅིག །
    འབའ་སྲས་ཁ་བརྡར་དྲངས་པ་ཚོད་ལྟ་གྱིས། །

  5. མིག་གསུམ་པ་ནས says:
    2013-03-01 at 6:42 am

    རྒན་བསམ་གཏན་ལགས་གི་སྙན་ངག་ཧ་ཅང་གི་སྙན་སོང་། ང་ཁྱོད་ཀྱི་གསོག་སློབ་གི་སློབ་ཟུར་ཞིག་ཡིན། དེ་རིང་རྒན་ལགས་ལ་ཐུགས་རྗེ་ཆེ་ཞུ། རེབ་ཐོག་མདས

  6. ཁྱུང་དཀར says:
    2013-03-01 at 9:34 am

    བསམ་གཏན་ཀིས་སྙན་ངག་འབྲི་ཀི སྙན་ངག་བྲིས་ན་དགེ་ཆོས་སྤྲུལ་སྐུ་རེད་ཟེར་ནའང་མི་ཆོག་རྒྱུ་མེད་ཀི བསྟོད་བསྔགས་བྱས་པ་མིན་སྐད་ཆ་དངོས་གནས་ཡིན།

  7. འབའ་སྲས། says:
    2013-03-01 at 10:33 am

    ལྷན་སྐྱེས་ངག་ལ་གྲུབ་པ་མ་ཡིན་ཞིང་།།
    བཙན་གྱིས་བཙུར་ཏེ་བསྒྲིགས་པའང་མ་ཡིན་པའི།།
    ཅུང་ཟད་ལྷོད་ཀྱིས་བཞུར་བའི་སྙན་ངག་དག །
    མི་དམན་ལེགས་པར་སྦྱོར་བའི་འབྲས་བུ་ཉིད།།

  8. རྡ་སའི་གླུ་བ། says:
    2013-03-01 at 10:51 pm

    དོན་གྱི་གནས་ལུགས་སྲང་དང་མདོ་ནས་བཙལ།།
    ཚིག་གི་སྦྱོར་བ་རིག་པའི་ལམ་ནས་བསྒྲིགས།།
    སྨྲ་བའི་མགྲིན་པ་ཁ་བརྡའི་ངོས་ནས་ཕྱེས།།
    བུད་མེད་དགའ་བའི་དངོས་སྦྱོང་ལན་གཅིག་བྱས།།

  9. ཤར་པ་ says:
    2013-04-25 at 6:40 am

    བྷ་ག་ལྕེ་ཡིས་རེག།
    མྱོས་བུམ་སོར་ལྔས་རེག།
    བྱ་མགོ་སྣ་ཡིས་རེག།
    ནང་དུ་ཤུགས་ཀྱིས་རེག། མདོར་ན་བོད་ཀྱི་གཡག་གིས་བྱེད་པ་བཞིན་བྱེད་ན་མོ་མོ་དགའ་བར་ངེས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme