Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ཅིག་གི་སྨྲེ་སྔགས།

Posted on 2016-11-242016-11-24 By ཁ་བརྡ་ 2 Comments on བུད་མེད་ཅིག་གི་སྨྲེ་སྔགས།

ལྷ་དཔལ་སྐྱིད།

 
མི་རིགས་ཤིག་གི་དར་རྒུད་ཁྲོད་ན་ཁྱིམ་ཚང་ཞིག་གི་བདག་མོ་བྱེད་པའི་ཨ་ཅེ། དུས་རབས་ཤིག་གི་འཁྱུག་འགྲོས་ཁྲོད་ན་བུ་རབས་ཤིག་གི་ཨ་མ་བྱེད་པའི་ཨ་ཅེ་། ཡོད་ཚད་བུ་རབས་ཚ་རྒྱུད་ལ་མཆོད་འབུལ་བྱེད་པའི་རླབས་ཆེན་མ། གང་ལྟར། གོམས་གཤིས་ཤིག་གི་མཐུ་འོག་དུ་ཤོར་བའི་ལས་དབང་ནི་ཁྱེད་དང་ངས་ཟློག་ཐབས་བྲལ་ལ། དེ་ལས་ཀྱང་རྒོལ་ཐབས་བྲལ་བ་ནི་གདོད་མའི་སྤྱི་ཚོགས་ཀྱི་གཅོང་ནད་དྲག་པོ་དང་བྲན་གཡོག་ལམ་ལུགས་ཀྱི་མལ་ས་རྫོབ་པོ། བཀས་བཀོད་རྒྱུད་འཛིན་གྱི་རྫིང་དྲི་རྔམ་པོ་དང་ཕོ་མཆོག་མོ་དམན་གྱི་ལྟ་བ་མཐུག་པོ་དེ་ཡིན། གོམས་སྲོལ་རྙིང་བའི་མཐོ་སྒང་བུད་མེད་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཏེ། ང་རང་བརྒྱུད་མྱོང་བའི་ལང་ཚོའི་ཐེམ་སྐས་ན་། འཕྲེད་དུ་བཞག་པའི་མདུན་སྐྱོད་ཀྱི་བཀག་རྡོ་ཡིན། འབྲོག་པའི་ལྷས་འདབས་ནས་འཚར་ལོངས་བྱུང་ཞིང་གོམས་གཤིས་ཀྱི་བག་ཆགས་ཁྲོད་སྙོམས་ལག་རྒྱས་པའི་བདག་ནི་ལོ་རྒྱུས་ཀྱི་ནད་རྙིང་ལ་ཅེར་ནས་ཁེར་ལབ་བྱས།

བུད་མེད་ངས་ལྗིད་ཏིག་ཏིག་གི་སེམས་འདུན་འཁྱེར་ནས་མཐོ་སྒང་ན་འཚོ་ཞིང་གནས་པའི་བུད་མེད་སྤུན་མཆེད་ཡོངས་ལ་སྐྱོ་སྡུག་འདྲེས་མའི་སྙིང་གཏམ་ཅིག་བཤད་ན་འདོད། འདི་ནི་ང་དང་ང་འདྲ་བའི་ཨ་ཅེ་དག་གི་གནས་བབ་ཡིན། ཆུང་ཆུང་བྱིས་པ་ཡིན་དུས་དྲིན་ཕ་མ་མགོ་འཛོམས་ཆོས་འཛོམས་ཡིན། སྐབས་དེ་དུས་རྩེད་རོགས་མེ་ཏོག་སེར་ཆེན་ཡིན། ཉི་མས་ཞག་དེད་པ།ཟླ་བས་ལོ་དེད་པ་དང་བསྟུན་ནས། བཅུ་དྲུག་གི་ལང་ཚོ་རྫོགས་པའི་སྐབས་དེར། མ་བུ་མོའི་འགྲོ་ས་གནས་ཡིན་ཟེར་ནས་བག་མར་སྐྱེལ་མ་བྱེད་པ་ཡིན། ཕ་མ་རྣམས་ཀྱིས་བུ་མོའི་ལས་དབང་འབྲི་ཐུལ་མོའི་ལས་དབང་དང་བརྗེ་བ་ཡིན། བོས་ན་མིང་མེད་པ་དང་བགོས་ན་སྐལ་མེད་པའི་ཨ་ཅེ་ནི་སྨྲ་བརྗོད་ཀྱི་རང་དབང་ཆུང་ལ་ཐག་གཅོད་ཀྱི་དབང་ཆ་དེ་ལས་མེད།

འཚོ་བ་དངོས་ཀྱི་ཁྲོད་དུ་ཡང་བུད་མེད་ཚོས་ལྟ་སྟངས་འགའ་རེ་བརྗོད་དུས། མ་བཤད་ན་བུ་མོ་ལྐུགས་མ་ཟེར། བཤད་ན་བུ་མོའི་འཕེར་ཤ་ཟེར། ད་དུང་སྤྲོ་སྐྱིད་དང་འཆམ་འཆམ་བྱེད་དུས་རྒན་མོ་དང་བོང་བུའི་སྐྱིད་མི་ཐེགས་ཟེར། ཞིབ་ཀྱིས་ལོ་རྒྱུས་ལ་ཕྱིར་མིག་ཅིག་འཕངས་ན། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཁོད་སུམ་ཅུ་སོ་དྲུག་ལས་བཀའ་གྲོས་ཆེན་པོ་དྲུག་གི་ནང་དུ་མོ་བཙུན་གྱི་བཀའ་ལ་མི་གདགས་པ། ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་བཙུན་མོ་ཚེ་སྤོང་བཟའ་དང་སྣ་ནམ་བཟའ་གཉིས་ཀྱིས་བཙན་པོའི་སྲིད་འཕྲོག་རྩོད་ལ་གཡོ་སྒྱུ་ཁྲམ་གསུམ་གྱི་ཐབས་སྣ་ཚོགས་བཀོལ་བ་དང་། ཆོས་སྲིད་གཉིས་ཀྱི་འགལ་འདུ་དང་ཁྱིམ་རྒྱུད་གཉིས་གྱི་དབང་ཆ་རྩོད་ལེན་ཁྲོད་ཡུམ་ཚེ་སྤུང་བཟས་སྲས་མུ་ནེ་བཙན་པོ་དུག་དྲངས་ནས་བཀྲོངས་བ་ཡིན། འདི་ནི་ལོ་རྒྱུས་ཤིག་གི་ངེས་མཁོའི་ཆེད་དུ་ཁྱེད་ཤི་ང་གསོན་གྱི་བསམ་བློའི་སྙིང་བཅུད་ཡིན་ལ། འདི་ནི་བགས་ཆགས་ཤིག་གི་རླབས་རྒྱུན་ཁྲོད་ན་མི་བུ་ཞིག་གི་བསམ་བློར་འཐིམས་པའི་བག་འཁུམས་ཀྱི་བློ་རྩི་ཡིན།

གང་ལྟར། གཞན་གྱིས་སྣང་ངོར་བཞག་པའི་མཐོ་སྒང་བུད་མེད་ཚོའི་བཅོས་མེད་ལས་ཀྱི་བགོས་ཐོབ་ནི། ཁོ་མོར་ཚོར་བསྒྱུར་དུ་མེད་པའི་ལས་དབང་གི་ཚོད་འཛིན་ཡིན། ཡིན་ན་ཡང་། ཁུ་སུམ་མེར་སྡོད་པའི་མཐོ་སྒང་གི་ཨ་ཅེས། བླ་མེད་བྱས་རྗེས་ཀྱི་རིན་ཐང་དང་སྐྱོ་སྡུག་གི་ལས་དབང་བརྗོད་དགོས་པ་མ་ཟད། ཀྱག་ཀྱོག་དང་སྐྱོ་སྡུག་འདྲེས་མས་བརྒྱུད་ཡོང་བའི་མི་ཚེའི་ཤུལ་ལམ་རིང་མོའི་ཁྲོད། ཡུན་རིང་མནན་པའི་སེམས་གཏིང་གི་རེ་འབོད་དེ་སྐད་ཤུགས་དྲག་པོས་བསྒྲག་ན་འགྲིག་། བུད་མེད་ཚོ་་་་་་ད་སད་རན་ཡིན། ལོ་རྒྱུས་ཀྱི་བརྒྱུད་རིམ་དེའི་ཁྲོད་དུ་བོད་རིགས་བུད་མེད་ཚོས་བཞག་པའི་བྱས་རྗེས་དང། བརྒྱུད་པའི་མཛད་བཟང་གི་ཟིན་ཐོ་ཉུང་བ་ནི་མ་གཞི་ནས་དོ་མི་མཉམ་པའི་མི་ལུས་ཐོབ་ཐང་གི་མཚོན་རྟགས་ཤིག་ཏུ་གྱུར་ཞེས་འཁོད་ཡོད།

གཞན་ཡང་ལྗོངས་རྒྱུ་བ་ཞིག་གིས་བཤད་དོན། བོད་རིགས་མི་དམངས་ནི་རང་རྒྱལ་གྱི་ལྷ་ས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ནུབ་རྒྱུད་ས་ཁུལ་དུ་འདུས་སྡོད་བྱས་ཡོད་ཅིང་། མདོ་དབུས་མཐོ་སྒང་ནི་མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་རྨིད་བཞི་སྟོང་ལྔ་བརྒྱ་ཡས་མས་ཡིན། ཕྱི་རོལ་གྱི་མི་རྣམས་ཡོང་དུས་དབྱང་དབུགས་ཀྱི་དབུགས་ཚབ་ལ་བརྟེན་དགོས་པ་གང་མང་ཡིན་མོད། གནས་དེ་ནས་ཁོ་ཚོས་མི་རིགས་རང་ཉིད་ཀྱི་མཚར་སྡུག་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་རིག་གཞུང་ཆེས་ཆེར་བཀོད། བདེ་སྡུག་བསྣོལ་མའི་ལོ་ཟླ་ཡི་བཞུར་རྒྱུན་ཁྲོད། བུད་མེད་ཚོའི་ཐོན་པའི་བླ་མེད་ཀྱི་ནུས་སྟོབས་ཡོད་ཚད་ནི། གཞན་ལ་མེད་པའི་མི་ལུས་དང་ལང་ཚོ་ཡི་མཆོད་འབུལ་རེ་རེ་ཡིན། མི་ལ་ལས། བུད་མེད་ཚོ་དྭངས་གཙང་གི་ཆུ་མིག་ཡིན་ཞེས་བསྟོད་ར་བྱེད་མོད། ང་ཚོ་མཐོ་སྒང་ན་གནས་པའི་བུད་མེད་ཚོའི་ལང་ཚོ་ཞིང་མཐའ་ནས་ཟད་ཅིང་། ཕུགས་འདུན་ལྷས་ར་ནས་བོར། ཤུལ་དུ་ལུས་ཡོད་པ་ནི་ཁོ་མོ་ཚོའི་གྱད་ཅིང་སྤོམ་པའི་ཡན་ལག་གི་བྱད་གཟུགས་མི་བདེ་བ་དེ་ཡིན་མོད། སྙིང་སྟོབས་དང་བློ་ཁོག་ཡངས་མོ་ཕྱེས་ནས་སྒང་བ་བོད་པ་ཚང་གི་བདེ་ཁོད་མི་སྙོམས་པའི་ལས་དབང་གི་ཁུར་པོ་ལྗིད་པོ་གང་མང་ཞིག་འདྲུད་ཅིང་ཁུར། བུད་མེད་ཚོས་ཨ་ཕ་མེད་ཤུལ་ཁྱིམ་གཞིས་སྐྱོང་བ་དང་ཁྱོ་ག་འཁྱམ་རྗེས་ཁྱིམ་ཐབ་གཉེར་ནས་འཚོ་བ་གཉེར་བ་ཡིན།

ད་དུང་བུད་མེད་ཚོ་སྐྱེས་པ་དང་བསྡུར་ན་ལུས་ཁམས་སྐྱེ་འཕེལ་དང་། འཕྲོད་བསྟེན་དོ་སྣང་སོགས་ཀྱི་ཐད་བདག་སྐྱོང་དང་ལྟ་རྟོགས་བྱེད་དགོས་མོད། ང་ཚོར་དེའི་ཐད་ཀྱི་ལྟ་རྟོགས་མི་ཐོབ་པར། ཟླ་མཚན་བྱུང་དུས་དང་མངལ་སྤྲུམ་པའི་སྐབས། བུ་ཕྲུག་བཙས་མ་ཐག་ཏུ་ཡང་། ལུས་པོ་ངལ་གསོ་དང་གཉོར་སྐྱོང་བྱེད་པའི་ཐུགས་ཁུར་མི་ཐོབ་ལ། བལྟ་རྟོག་ཀྱང་གང་ནས་ཐོབ། ཁ་སང་ཚེ་རིང་སྒྲོལ་མའི་བྱིས་པ་ལྷས་འདབས་ནས་བཙས་པ་དང་། དེ་རིང་མཁའ་འགྲོ་མཚོའི་ཟླ་མཚན་བཞུར་དྲགས་པས་ཞིང་ནང་དུ་དྲན་མེད་དུ་བརྒྱལ་ཅེས་པའི་སྨེ་ངག་རེ་དྲི་བཞོན་གྱི་འགྲོས་དང་བསྟུན་ཐོས་འཛིན་རྣ་བའི་སྒོར་ཐོན་པ་ཡིན། ལོ་རྒྱུས་ཀྱི་ཤུལ་ལམ་ན་བུད་མེད་ཚོའི་མཛད་རྗེས་མི་གསལ་ལ་སྲོལ་རྒྱུན་གྱི་ལམ་ལུགས་ཁྲོད་བུད་མེད་ཚོར་ཚོད་འཛིན་གང་མང་ཐེབས་ཀྱིན་ཡོད།

གང་ལྟར། མི་རིགས་འདིའི་མཚར་སྡུག་གི་སྲོལ་རྒྱུན་མགོ་རྟིང་སློག་འདོད་པའི་བསམ་པ་མེད་ལ། ཕོ་མོའི་བར་ལ་ཕྲ་མ་འཕེན་པའི་འདུན་པ་ཡང་ག་ལ་ཡོད། འོན་ཀྱང་། ང་ཚོ་ལ་དུངས་སེམས་དང་བརྩི་མཐོང་དགོས་ལ། རང་དབང་དང་འདྲ་མཉམ་ལོས་དགོས། ང་ཚོ་དུད་འགྲོ་ཕྱུགས་ལྟར་རི་སྒང་ལུང་དོག་ན་གཏན་སྡོད་བྱེད་པའི་འགན་འཁྲི་ཡོད་པ་ཡིན་ནམ།
ཞིང་མཐའི་ཐོ་ལྟར་ཨུ་ཚགས་སྒོས་གཞི་རིམ་གྱི་ལས་ཀ་བསྒྲུབ་རྒྱུའི་གན་རྒྱ་ཡོད་པ་ཡིན། འབྱུང་འགྱུར་གྱི་སྤྱི་ཚོགས་ཁོར་ཡུག་རྙོག་འཛིང་གི་ནང་དུ། བུད་མེད་ཀྱི་ཐོབ་ཐང་ལ་བརྩི་སྲུང་བྱེད་པ་ནི། མི་རིགས་འཕེལ་རྒྱས་ལ་རྨང་གཞི་འདིང་བའི་གལ་ཆེའི་དོན་སྙིང་ཡིན། དེ་བས། གནམ་འོག་གི་འགྲོ་བ་མིའི་རིགས་ཀྱིས་ཁོ་མོ་ཚོའི་བདེ་སྡུག་རྟོགས་ཅིང་། རིགས་མཐུན་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཁོ་མོ་ཚོའི་དགོས་དབང་དང་རིན་ཐང་རྙེད་དེ། ཚང་མས་ཤ་ཁྲག་རུས་པའི་གཏིང་ནས་མདོ་དབུས་མཐོ་སྒང་གི་བུད་མེད་ཡོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། བརྩི་མཐོང་དང་རང་དབང་སྟེར་དགོས། རྒྱུ་མཚན་ནི་ཁོ་མོ་ཚོའི་རང་ཉིད་བློས་གཏོང་ཕོད་དེ་མེད་ན། དེ་རིང་གི་ཁྱོད་དང་ང་ཡང་ཡོད་ག་ལ་སྲིད།

རྩོམ་རིག

Post navigation

Previous Post: ཕ་ཡུལ་ན་དགའ་ལྡན་ལྔ་མཆོད་འཚོག་བཞིན་འདུག
Next Post: རྗེ་ཙོང་ཁ་བའི་བསྟོད་པ་སྔོན་མེད་གསེར་གྱི་ཕྲེང་བ།

Comments (2) on “བུད་མེད་ཅིག་གི་སྨྲེ་སྔགས།”

  1. ཀརྡོ་རབ་འབྱམས་པ་ says:
    2016-11-25 at 1:31 am

    ་་་་་་་་ བུད་མེད་ཚོས་ཨ་ཕ་མེད་ཤུལ་ཁྱིམ་གཞིས་སྐྱོང་བ་དང་ཁྱོ་ག་འཁྱམ་རྗེས་ཁྱིམ་ཐབ་གཉེར་ནས་འཚོ་བ་གཉེར་བ་ཡིན། ་་་་་་་
    ཡང་།
    ་་་་་་་་ ཚང་མས་ཤ་ཁྲག་རུས་པའི་གཏིང་ནས་མདོ་དབུས་མཐོ་སྒང་གི་བུད་མེད་ཡོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། བརྩི་མཐོང་དང་རང་དབང་སྟེར་དགོས། རྒྱུ་མཚན་ནི་ཁོ་མོ་ཚོའི་རང་ཉིད་བློས་གཏོང་ཕོད་དེ་མེད་ན། དེ་རིང་གི་ཁྱོད་དང་ང་ཡང་ཡོད་ག་ལ་སྲིད། ་་་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2016-11-25 at 1:48 am

    ཨ་མའི་ན་ཟུག་མེད་ན་ཕྲུ་གུ་མེད་པ་བདེན། །
    ཕོ་མོ་ཕ་མ་འདྲ་མཉམ་དགོས་པའང་བདེན།
    འོནད་ཀྱང་།
    འབྲོག་མོའི་སྡུག་བསྔལ་རྒྱ་སར་མ་ཤོད་ཅིག །
    འབྲོག་མོའི་བདེ་བ་རྒྱ་སར་ག་ལ་ཡོད། །
    ་
    ཞིང་པའི་སྡུག་བསྔལ་གྲོང་འཁྱེར་ལ་མ་ཤོད། །
    ཞིང་པའི་ཕྱུག་སྙམ་གྲོང་འཁྱེར་ལ་ཡོད་མིན་། །
    ་
    བཙུན་མའི་བདེ་སྡུག་བག་མར་མ་ཤོད་ཅིག །
    བག་མས་བཙུན་མའི་ཆེ་བསྟོད་བློར་མི་ཤོང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme