Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུད་མེད་ཀྱི་ཐོབ་ཐང་དང་ང་ཚོའི་རིག་གཞུང་།

Posted on 2011-01-222011-01-22 By ཁ་བརྡ་ 68 Comments on བུད་མེད་ཀྱི་ཐོབ་ཐང་དང་ང་ཚོའི་རིག་གཞུང་།

162681_112310065507662_100001860087946_96809_7066271_n
ཞིང་པའི་བུ
རྣམ་པ་ཚོས་གཟིགས་དང་། ཅི་ཞིག་མཐོང་གི་འདུག སྤྱིར་ཚན་རྩལ་གྱི་འོད་རླབས་གོ་ལ་ཧྲིལ་པོ་འདིར་མ་ཆུད་པར་ཟླ་བའི་སྟེང་དུ་ཐོན་ཟིན་པའི་སྐབས་འདིར། མིག་ཡོད་ཚད་ཀྱིས་ཕུར་ཚུགས་སུ་བལྟ་ས་དང་། རྣ་བ་ཡོད་དོ་ལྕོགས་ཀྱིས་ཀྲོག་ཀྲོག་བྱས་ནས་ཉན་ས།
ཁ་འཕྲད་ལ་དོད་ཚད་ཀྱིས་གླེང་བཞིན་པ་ནི། ཕོ་མོ་དབྱེར་མེད། ཐོབ་ཐང་འདྲ་མཉམ། བརྩི་ཐང་གཅིག་གྱུར། ནུས་པ་ཁྱད་མེད་སོགས་དགོས་ཞེས་འབོད་བཞིན་པ་འདི་ལ། དགོས་ངེས་ཡིན་པར་སྨོས་མ་དགོས་ནའང་། གོ་དོན་དང་། ངོ་བོ། རང་བཞིན། མཚན་ཉིད། སྒྲ་དོན། ངེས་ཚིག་དེ་འདི་འདྲ་ཞིག་ཡིན་ནམ།

tibet-beauty
ཕྱོགས་གཞན་ཞིག་ནས་གླེང་ན།
དགྲ་དམར་གཞུང་ནས་ང་ཚོར་དུས་རབས་ཕྱེད་ལྷག་ཙམ་རིང་ཐབས་ཤེས་དང་ནུས་པ་ཡོད་ཚད་བཏོན་ནས། བོད་གངས་ཅན་པའི་སྐད་ཡིག རིག་གཞུང་། མི་རིགས་བཅས་མིང་གི་ལྷག་མ་ཙམ་དུ་བསྒྱུར་འདོད་ཀྱི་ཧམ་སེམས་བཅངས་དང་འཆང་བཞིན་བཙན་དབང་། བྱུས་ངན། གཡོ་སྒྱུ། སོགས་ཀྱིས་འོག་ཏུ་ང་ཚོའི་ཡོད་ཚད་དབང་མེད་དུ་ཚུད་ནས་གཉན་འཕྲང་ཅན་དུ་གྱུར་ཟིན་པར་བརྟེན། རྩམ་གཟན་པ་ཡོངས་ཉིན་མོ་ཟས་ཀྱི་བཅུད་མེད་ཅིང་མཚན་མོ་ཉལ་བའི་གཉིད་མི་ཡོང་བའི་ད་ལྟའི་སྐབས་འདིར་ང་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། རིག་གཞུང་རྒྱུན་འཛིན་ཐོག་མི་རིགས་ཡུན་གནས་ལ་གཞིས་བྱེས་གཉིས་ནས་འབད་འབུངས་དགོས་ཞེས་འབོད་བསྐུལ་དང་། སེམས་ཤུགས། བརྩོན་འགྲུས། ལས་འགུལ་སོགས་བྱས་དང་བྱེད་བཞིན་པའི་སྐབས་འདིར། ང་ཚོས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་བྱེད་སྟངས་འདི་འདྲ་ཞིག་ཡིན་ནམ། གཅིག་ཤོད་རོགས།

སྣ་ཚོགས།

Post navigation

Previous Post: ངས་ཁྱེད་ལ་དགོས་པའི་དྲིས་ལན་ཁ་ཤས་འཁོ་འདོན་བྱ་རྒྱུ་ཡིན།
Next Post: ང་ཡི་ཚེ་སྲོག་ཁྱེད་ཀྱི་ལུས་ལ་འཐིམ་པར་ཤོག

Comments (68) on “བུད་མེད་ཀྱི་ཐོབ་ཐང་དང་ང་ཚོའི་རིག་གཞུང་།”

  1. བཀྲ་ཤིས། says:
    2011-01-22 at 3:14 pm

    དེང་རབས་སྤྱི་ཚོགས་ལ་དེང་རབས་སྤྱི་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་མ་འདྲ་རེ་ཡོད།དེ་ལྟར་འགྲོ་མ་ཐུབ་ན་རྗེས་ལུས་དང་མུན་འཐོམས་རེད།གལ་ཏེ་ཁྱོད་དབྱིན་ཇིའི་སྤྱི་ཚོགས་ཚན་རིག་དང་ཆབ་སྲིད་ཚན་རིག་གི་དཔེ་དེབ་ཁག་ཀློག་མཁན་ཞིག་ཡིན་ཚེ་ད་གཟོད་རིག་གཞུང་(culture)ཟེར་པ་དེ་གཏན་ནས་འགྱུར་ལྡོག་འགྲོ་ཡ་མེད་པ་དེ་འདྲ་ཞིག་མིན་པ་གསལ་བོ་ཧ་གོ་ངེས་ཡིན།culture can be modefied with the pace of time but on the basis of existing
    culture that should be kept in mind.

  2. གཙང་རིགས says:
    2011-01-22 at 3:53 pm

    དེ་ནི་འཛམ་གླིང་སྤྱིའི་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་འགྲོ་སྟངས་ཞིག་རེད།   དེ་བོད་ཀྱི་ཐུན་མིན་ཀྱི་རིག་གཞུང་གང་ལ་ཡང་གནོད་པ་མེད་སྙམ།

  3. cjigme says:
    2011-01-22 at 4:11 pm

    དཔར་དེ་འབྲུག་ཡུལ་དུ་རྒྱབ་པ་རེད་དམ།

  4. རྨ་ཆུའི་སྐལ་བཟང། says:
    2011-01-22 at 4:26 pm

    མོ་རང་ཚོའི་བླ་ངོ་རློན་བ་མི་བཟོ་ན་ང་ཚོར་ཇེས་གཏོགས་ཅི་ཡོད།
    ཡག་པོ་རེད་དེ་ང་ཚོའི་རིག་གཞུང་ལ་གང་ཡང་གནོད་གི་མ་རེད་ལོ།།

  5. རྩམ་དགའ། says:
    2011-01-22 at 4:44 pm

    བུ་མོ་འདི་ཚོ་ལ་ཁག་མེད་་་་་་སྐྱིན་སྐྱག་ཤོར་ན་སངས་རྒྱས་སྟོང་གིས་མི་ཁོག་ཟེར་ནི་རེད་་་་་མིག་ལ་མཛེས་བོ་དེ་ཙམ་རང་མེད་ནའང་་་་བོད་རིགས་གཞུང་ལ་གནོད་ཀི་ཡོད་མེད་གང་ཤེས།

  6. ཆུ་སྐྱེས་སྒྲོལ་མ། says:
    2011-01-22 at 5:52 pm

    ཐོབ་ཐང་རྩོད་སྟངས་དེ་འདྲའི་ཐབས་སྐྱོ་བ་ལ་ཨང༌། བུ་ཚོས་གཅིན་པ་ལང་ནས་བཏང་ན་བུད་མེད་ཚོས་དེ་ལྟར་བྱེད་ཟེར་ན། རྩེད་སྟངས་དེ་སྨྱོན་སྟངས་རྟགས་མ་འདས།

  7. གཙང་རིགས says:
    2011-01-22 at 6:58 pm

    བུ་མོ་གསུམ་གྱིས་ཕོའི་ཆབ་ཁང་བུ་མོ་ཚོས་བེད་སྦྱོད་བྱས་ན་ཇི་འདྲ་འདུག་ཚོད་ལྟ་བྱེད་བཞིན་པ་འདྲ།  ཧཧཧ

  8. གཞོན་ནུ་ཟླ་མེད། says:
    2011-01-22 at 7:13 pm

    ཁོང་ཚོ་གསུམ་གྱིས་ཚོད་ལྟ་བྱས་ན་ཡང་ཇི་བཞིན་གཏོང་ཐུབ་ཀྱི་མི་འདུག རྒྱུད་པ་གུག་གུག་ཆགས་འདུག བུ་དེ་ཚོས་བཏང་པ་ཡིན་ན་ཉྭ་གུག་གུག་དེ་འདྲ་བྱེད་དགོས་པ་མ་རེད། རྐང་པ་ཁ་ཐུག་ལ་ལངས་ནས་གཏོང་ཐུབ་པར་མ་ཟད། ད་དུང་ལངས་བསྡད་ཡོད་དུས། མགོ་ནས་མར་མནན་དེ་བཏང་ན་མ་གཏོགས། རྩིག་པའི་ངོས་ལ་ཡར་འཐོར་འགྲོ་གི་རེད། ད་ཁོང་ཚོས་ཉྭ་གུག་གུག་བྱེད་ནས་མ་གཏོགས་གཏོང་ཐུབ་ཀྱི་མི་འདུག འདྲ་མཉམ་ལ་ཚོད་ལྟ་བྱེད་བཞིན་ཡོད་ན། ཉྭ་གུག་གུག་མ་བྱས་པར་རྐང་པ་ཁ་ཐུག་ལ་ལངས་ནས་ཐོངས་དང་། དེ་ནས་བལྟ་རྒྱུ་འདུག ཧཧཧ

  9. གཞོན་ནུ་ཟླ་མེད། says:
    2011-01-22 at 7:23 pm

    ཁོང་ཚོས་འབྲུག་པའི་བུ་མོ་ཚོས་གཏོང་སྟངས་དེ་ཤེས་མི་འདུག འབྲུག་པའི་བུ་མོ་དེ་ཚོས་གཅིན་པ་ལངས་ནས་བཏང་ན་ཡང་ཉྭ་གུག་གུག་བྱེད་མི་དགོས་པར། ངོ་ནས་བུ་ནང་བཞིན་གཏོང་ཐུབ་ཀྱི་འདུག་ཀ ཁོང་ཚོ་གཅིན་པ་ལངས་ནས་གཏོང་མ་ཤེས་ན་འབྲུག་ལ་གཅིན་པ་ལངས་ནས་གཏོང་པའི་སློབ་གྲྭར་འགྲོ་དགོས་པ་རེད། དེ་ནས་བུ་ནང་བཞིན་གཏོང་ཐུབ་ཀྱི་རེད། ད་གད་མོ་ལངས་ཀི་འདུག

  10. ཀུན་གསལ says:
    2011-01-22 at 8:19 pm

    འབྲུག་པའི་བུ་མོ་ལ་གཅིན་པ་གཏོང་ལུགས་མི་འདྲ་བ་ག་རེ་ཡིན་ནམ།

  11. མེ་ཏོག་དཀར་པོ། says:
    2011-01-22 at 8:43 pm

    མོས་ལང་གཅིན་དང་ཕོ་མོ་ཐོབ་སྟངས་འདྲ་མཉམ་དེ་ཙམ་འབྲེལ་བ་མིན་འདུག ཡིན་ནའང་ཉིན་ཤས་སྔོན་གྱི་གཅིན་པའི་རྩོམ་ཐུང་ཞིག་ཁ་བརྡ་བཀོད་འདུག་པ་འདི་དང་པར་འདི་འབྲེལ་བ་ཆེན་པོ་འདུག
    བོད་མོ་མེ་ཏོག་གི་མོ་མཚན་གྱི་དབྱིབས་ཇི་བཞིན་པ་གསར་པོར་སྣང་བ་འདི་སྙིང་རྗེ་ལ། དེ་མིན་ཞུ་རྒྱུ་མེད།

  12. གཞོན་ནུ་ཟླ་མེད། says:
    2011-01-22 at 8:48 pm

    ཨ་ལ་ལ་ལ། མེ་ཏོག་དཀར་པོའི་མིག་འདི་ད་རྣོ་གི ཁྱོད་ཀྱི་མིག་དེ་འདྲ་ཡོད་ན། རྗེས་མ་བོད་ཀྱི་མཁའ་དམག་གི་དཔོན་པོ་ལ་ཁྱོད་འཇོག་དགོས་ས་རེད་འདུག

  13. མེ་ཏོག་དཀར་པོ། says:
    2011-01-22 at 8:50 pm

    ཧ་ཧ་་ད་ཟླ་མེད་འདིས་ཀྱང་གནད་དགག་དེ་མཐོང་ཡོད་ན་ཐང་།

  14. ཞིང་པའི་བུ། says:
    2011-01-22 at 10:16 pm

    བཀྲ་ཤིས་ལགས།
    ཕོ་མོ་ཐོབ་ཐང་འདྲ་མཉམ་རྩོད་ན་གཅིན་པ་ལོང་ནས་གཏོང་དགོས་པ་ཡིན་ནམ།
    བོད་ཀྱི་རིགས་གཞུང་འགྱུར་གཏོང་ན་མང་ཚོགས་ལ་མཚན་མ་སྟོན་དགོས་པ་ཡིན་ནམ།
    པར་འདི་༢༠༡༠ ལོའི་བོད་ཀྱི་མཛངས་མ་འགྲན་བསྡུར་སྐབས་ཀྱི་པར་རེད་མི་འདུག་པས།

  15. བོད་ཀྱི་ཕོ་གསར། says:
    2011-01-22 at 11:43 pm

    འགྱུག་སོབ་སོབ་ཀྱི་སྦུ་གུ་ཞིག་ལག་ཏུ་ཉར་ཉར་པ་ཡིན། གཅིན་པས་བརླ་ངོ་རློན་པ་མ་བཟོ་བ་མ་ཚད། གཅིན་དྲི་མི་ཁ་ལ། བརླ་ཤའི་མདངས་མི་ཉམས་ན་ཐང། ཧཧཧཧཧ། བུད་མེད་ཟེར་བ་ནི་ཕྱིར་ལ་བུད་མེད་པས་ཟེར་མཁན་ཚོའང་བུད་ཡོད་ཟེར་དགོས་པ་ཆགས་ཀྱི་རེད། ཧཧཧཧ།

    རྩེད་མོ་ཡིན། ཐོབ་ཐང་རྩོད་སྟངས་དེ་འདྲ་ཨེ་ཡིན།

  16. བོད་ཀྱི་ཕོ་གསར། says:
    2011-01-22 at 11:54 pm

    ཡིན་་་ན་ཞིག་སྦྱར་རོགས།

  17. ཟླ་མཚོ་ says:
    2011-01-23 at 1:30 am

    ངོ་ཚོ་བུད་མེད་ཚོས་རྐང་པ་ཐད་ཀ་བཤིབས་ནས་ཡར་ལངས་ཏེ་གཅིན་པ་གཏོང་ཐུབ་ཀྱི་མེད་ན་ཡང་ཐོབ་ཐང་འདྲ་མཉམ་མེད་པའི་ངེས་པ་གཏན་ནས་མེད། ཧ་ཧ་ཧཧ།

  18. རང་བཙན་ལྡེའུ་ says:
    2011-01-23 at 3:07 am

    བོུ་འདི་ཚོ་ཅིན་པ་ཤོར་ཁར་ བསང་སྤྱོད་ནོར་ཏེ་ཕོ་རྒོད་ཀྱི་བསང་སྤྱོད་ནང་འཛུལ་ནས་ཅིན་པ་ལང་ནས་གཏོང་དགོས་བྱུང་ལེ་འདྲ་ ཨ ལ ལ ཧོ་་་ ཅིན་པ་གཏོང་ཞི་མེད་ན་ནི་ ཕོ་རྒོད་པོ་དྲན་པའི་དྲན་བྱ་བྱེད་ཞི་ཡོད་ལེ་འདྲ་ ཧཧཧ
    མེ་ཏོག་ལྷ་མཛེས་ཀྱི་བུ་གའི་བཟོ་དབྱིབས་དེ་ མེ་ཏོག་དཀར་པོའི་མགོ་བོའི་བཟོ་དབྱིབས་དང་འདྲ་ལེ་ལ་ མེ་ཏོག་དཀར་པོ་ཁྱོད་བུ་ག་དེ་མགོ་ལ་གྱོན་ན་ ཁྱོད་མེ་ཏོག་དཀར་པོ་མི་ཚད་ དམར་པོ་ཞིག་ཀྱང་ཆགས་ཐུབ་ལེ་རེད་ ཁོ་རེ་།

  19. གཡག་རྒོད། says:
    2011-01-23 at 5:49 am

    སྔ་མ་ཞིག་ལ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་སྐོར་གླེང་སློང་བྱེད་སྐབས།་ཕོ་རྒོད་མཁས་པ་ཞིག་གིས་ཕོ་མོ་འདྲ་མཉམ་ཡིན་ན།་གཅིན་པ་ལངས་ནས་གཏོང་ཤོག་ཅེས་ལབ་ཡོད་པ་དྲན་སོང།
    གོང་གི་འདྲ་པར་འདི་ལ་ལྟོས་ན་བེུད་ཀྱིས་ཀྱང་གཅིན་པ་ལངས་ནས་གཏོང་ཐུབ་པ་མངོན་གསལ་ཆགས་པ་རེད།ད་ཡིན་ན་ཕོ་མོ་འདྲ་མཉམ་མིན་པའི་རྒྱུ་མཚན་བཤད་རྒྱུའི་ལེའུ་རྦད་དེ་མཇུག་བསྡུས་སོང།བོད་ལ་དགེ་སློང་མའི་སྡོམ་རྒྱུན་སྤེལ་རྒྱུའི་སྐྱ་རེངས་ཤར་པ་འདྲ།

  20. ཀརྡོ་རབ་འབྱམས་པ་ says:
    2011-01-23 at 6:43 am

    གཞིས་བཞུགས་བུད་ཚོ་ལ་སློབ་སྦྱོང་རྗེས་ལུས་སོགས་ཀྱི་དཀའ་ངལ་འགའ་ཞིག་ཡོད་ཀྱང་། བཙན་བྱོལ་བུ་མོའི་གཅིན་པ་ལངས་ནས་གཏོང་བ། གཞིས་བཞུགས་ཨ་མ་དང་བུ་མོ་ཡ་རབས་ཚོས་མཐོང་ན། ངོ་ཚ་བགྱིད་མ་རེད་པེ། ད་དུང་རྒྱལ་བ་རིན་པོ་ཆེ་སོགས་བླ་ཆེན་རྣམས་ལ་ངོ་མི་ཚ་ཡང་། བོད་ཀྱི་ནང་ཆོས་གཅིག་འགྱུར་བ་ཧི་མ་ལའི་མི་རིགས་དང་། སོགས་པོ་སོགས་ལའང་ངོ་ཚ་དགོས་པ་དང་ཞབས་འདྲེན་ཡང་རེད། བོད་མོ་དེ་ཚོའི་མཉམ་དུ་ཆང་ས་མ་རྒྱོབས་ཞེས་པའི་མིང་ཆད་ངན་པ། དཔར་ན་ཡོད་པའི་བོད་པའི་བུ་མོ་ཚོའི་ཡ་རབས་པའི་མི་ཚེ་མདུན་ལམ་ཡང་། ཁེགས་པར་མཐོང་བས་དེའི་རིགས་གཟབ་དགོས།

  21. ཀརྡོ་རབ་འབྱམས་པ་ says:
    2011-01-23 at 6:49 am

    ཡང་ཤོད་དགོས་པ་ཅིག་བརྗེད་འདུག ང་ཡང་ཕོ་མོ་འདྲ་མ་མཉམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་ཀྱང་། ་་་་་་་་་ལབ་འདོད་བྱུང་།

  22. གཅན་བཟོད་རྒྱམ། says:
    2011-01-23 at 9:10 am

    རྩོམ་ཡིག་དང་མཆན་བུ་ཚང་མ་བཀླགས་མ་ཚར་བར་མ་གད་མོས་རིལ་སོང་། ངའི་གྲོགས་པོ་ཚོ་འདི་འདྲ་རྐྱང་ཡིན་ཡ། ཟླ་མེད་དང་མེ་ཏོག་དཀར་པོ། ཀ་རྡོ་དང་རྩམ་དགའ་འདི་ཚོའི་ཁ་ལག་གཉིས་ན་དགོད་སྤྱད་མ་གཏོགས་མི་འདུག
    དངོས་གནས་དགོད་སྤྱད་རང་འདུག འོན་ཀྱང་ངའི་སེམས་པ་འདི་མེ་དང་འདྲ་བའི་ལྕགས་ཐག་དམར་པོ་ཞིག་གིས་བཅིངས་ཡོད་ཀྱང་བུ་མོ་མེ་ཏོག་ལྷ་མཛེས་པའི་མེ་ཏོག་དེ་བརྗེད་ནུས་ས་མ་རེད། གཞོན་ནུ་ཟླ་མེད་ཀྱིས་བཤད་པ་བཞིན་དམག་དཔོན་ལ་འཇོག་གི་ཡིན་ན་ང་ཡང་འཇོག་རོགས།
    མེ་ཏོག་ལྷ་མཛེས་ཀྱི་མེ་ཏོག་གན་འཆི་ཁར་ཡང་མིག་ལམ་ནས་ཡལ་ས་མ་རེད།

  23. ལ་སྟོད་བུ། says:
    2011-01-23 at 9:40 am

    ཨ་མ་མ་མ་མ་མ།
    དེ་རིང་ངས་ཁ་བརྡའི་དྲྭ་རྒྱའི་སྒོ་ཕྱེས་མ་ཐག་ཏུ་མཆན་བུའི་བང་རིམ་ནང་དུ།
    བུད་མེད་ཀྱི་ཐོབ་ཐང་དང་ང་ཚོའི་རིག་གཞུང་།
    ཞེས་པ་ཞིག་མཐོང་མ་ཐག་ཏུ་ངས་དེར་བལྟས་པ་ཡིན།
    དེ་མ་ཐག་ཏུ་བོད་མོ་འགའ་ཞིག་གིས་གཅིན་པ་ལང་ནས་གཏོང་བ་དང་ཡང་གཅིག་གིས་ཕལ་ཆེར་གཅེར་ཧྲེང་དུ་ཡོད་པའི་པར་ཞིག་མཐོང་མ་ཐག་ཏུ་ང་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང།
    སེམས་ལ་བསམ་པའི་ཚོར་བ་དེ་ཚིག་ཏུ་བརྗོད་ན་་་་་་་་ལྟས་ངན།་་་་་་ཞེས་པ་དེ་རེད།
    འཇིག་རྟེན་སྲིད་པའི་ཆགས་རབས་དང་ལས་དབང་ལས་སོགས་ཐམས་ཅད་རྡོག་རོལ་དུ་བཏང་བ་ཞིག་རེད།
    ད་ངོ་མ་མི་ཡུལ་འདིར་འདི་སྲིད་དང་མི་སྲིད་བརྗོད་ཤེས་ས་མ་རེད།
    དེ་ནི་བུད་མེད་ཀྱི་ཐོབ་ཐང་ཞིག་མ་རེད།
    སྐྱེས་པར་ཡོད་པ་ཐམས་ཅད་ཁོང་ཚོར་ཡོད་དགོས་པ་དང།
    སྐྱེས་པས་བྱེད་ལུགས་ཐམས་ཅད་ཁོང་ཚོས་བྱེད་དགོས་པར་ཤོད་ཀྱི་ཡོད་དམ།
    དེ་ལྟར་ན་ཁོང་ཚོའི་ཁ་ལ་ཁ་སྤུ་བཙུགས།
    ཁོང་ཚོའི་བྲང་གི་ནུ་མ་ཆེན་པོ་དེ་བཏུབ།
    ཁོང་ཚོའི་འགྲམ་པའི་གཡས་གཡོན་དུ་རྒྱ་བཙུགས།
    ཁོང་ཚོའི་མ་ལེར་ཨོག་ཚོམ་བཙུགས།
    ཁོང་ཚོའི་ལག་ཚིགས་ཕྲ་མོ་དེ་དག་སྦོམ་པོ་བཟོས།
    ཁོང་ཚོའི་རྐང་པ་ཆུང་ངུ་དེ་དག་ཆེན་པོར་བཟོས།
    ཁོང་ཚོའི་སྐད་ཕྲ་མོ་དེ་དག་སྦོམ་པོར་བཟོས།
    ཁོང་ཚོའི་བ་གར་རླིག་པ་གར།
    འདི་ཚོ་ཁྱོད་ཚོར་དགོས་སམ་མི་དགོས།
    དེ་དག་ཐམས་ཅད་སྐྱེས་པར་ཡོད་པ་རེད།
    བུད་མེད་ལང་གཅིན་གཏོང་བ་དེ།
    དེ་ཡི་ལྟས་ངན་གཏོར་མས་བཟློག
    བུད་མེད་གཅེར་བུར་ཁྲོམ་རྒྱུགས་དེ།
    དེ་ཡི་ལྟས་ངན་གཏོར་མས་བཟློག

  24. མིག says:
    2011-01-23 at 9:49 am

    ངུ་མ་དགོད་ཀྱིས་འཚོ་བ་ཞིག་གིས་མཇུག་བསྡུ་བྱས།

  25. ཞིང་པའི་བུ། says:
    2011-01-23 at 9:49 am

    བུ་མོ་མེ་ཏོག་ལྷ་མཛེས་ཀྱི་པར་འདི་ ༢༠༡༠ ལོའི་རྡ་སར་བོད་ཀྱི་མཛངས་མའི་འགྲན་བསྡུར་སྐབས་བརྒྱབ་པ་ཞིག་ཡིན་པ་རེད།
    ངས་ཡ་ཧོ་ཨི་མེ་གྷི་ནང་ནས་བླངས་པ་ཡིན།
    ཁྱེད་རྣམས་པས་ཡག་པོར་གཟིགས་དང་།
    མདུན་དེ་ནས་མི་ཞིག་གི་བརྙན་པར་ལེན་ཆས་ཞིག་ཇི་འདྲའི་གཟབ་གཟབ་བྱས་ནས་མོ་ཡི་མེ་ཏོག་གསར་པ་གསར་རྐྱང་དེའི་བརྙན་པར་ལེན་གྱི་འདུག

  26. གཞོན་ནུ་ཟླ་མེད། says:
    2011-01-23 at 10:13 am

    ཡ་ཡ། ད་བཟོད་རྒྱམ་ནས་བཤད་པ་ལྟར་ཁྱོད་ཚོ་འཆི་ཁ་ཡང་མེ་ཏོག་ལྷ་མཛེས་ཀྱི་མེ་ཏོག་མིག་ལམ་ལ་ཤར་བསྡད་ན། ངས་བར་དོ་ངོ་སྤྲོད་འདི་ལྟར་བྱེད།

    གསོན་ཅིག་ཚེ་འདས་རིགས་ཀྱི་བུ།།
    ད་ནི་སྲོག་དབུགས་འགག་ཟིན་པས།།
    ཚེ་འདིར་སྣང་བ་བློས་ཐོངས་ལ།།
    ཕྱི་མའི་ཡུལ་ཏུ་རྒྱང་སེ་སོང་།།

    སྣང་བ་དམར་ལམ་ཤར་བ་ན།།
    མིག་གི་མདུན་དུ་མངོན་པ་ཡི།།
    ལྟ་མཛེས་མེ་ཏོག་གསོལ་བཏབ་ནས།།
    མེ་ཏོག་དམར་བོའི་ནང་དུ་སོང་།།

    དེ་ན་ལྷ་མཛེས་མེ་ཏོག་ཡོད།།
    ཁྱོད་ཀྱི་ལག་ནས་འཇུས་ནས་ནི།།
    གཤིན་རྗེ་ཆོས་རྒྱལ་མདུན་དུ་འགྲོ།
    ལས་མཁན་རྣམ་ཀྱང་ཁ་གདངས་ནས།།
    ལྷ་མཛེས་འོག་གི་མེ་ཏོག་ལ།།
    བལྟས་ནས་མིག་གཉིས་བཙུམ་མི་ཐུབ།།
    ཐར་དང་མི་ཐར་པོ་ཞན་ཡིན།།
    ཆོས་རྒྱལ་སྐུ་ངོས་མིག་ཤེལ་འོག།
    འོག་མྱིག་ལིང་སེ་བལྟ་ནི་རེད།།
    དེ་དུས་མེ་ཏོག་བ་སྤུ་ལ།།
    འཇུས་ནས་སོང་ན་ཐར་བ་ཡིན།།

  27. གཞོན་ནུ་ཟླ་མེད། says:
    2011-01-23 at 10:21 am

    བཟོད་རྒྱམ་དང་མེ་ཏོག་དཀར་བོ་གཉིས་ཀས་འགན་བླང་དེ། མེ་ཏོག་ལྷ་མཛེས་ལ་ཨམ་འདྲ་ཧབ་པན་གཅིག་ཉོ་རོགས། འགྲོ་སོང་དེ་མིག་རྣོ་ན་ཡང་ཁ་ནས་ཐོན་མི་ཐུབ་པའི་ཚོགས་པས་ནར་གཏོང་བྱེད་ངེས།

  28. ཞིང་པའི་བུ། says:
    2011-01-23 at 10:43 am

    དེ་འདྲ་མ་རེད་གཞོན་ནུ་ཟླ་མེད་ལགས། དེང་སང་ཡུན་རིང་ང་ཚོས་བཀའ་ཁྲི་དང་སྤྱི་འཐུས་སོགས་མ་པོ་གླེང་དྲག་པས་ཐང་ཆད་སོང་། བྱས་ཙང་འདི་ན་ང་ཚོས་ཁ་མཚར་འགས་བཤད་འདོད་འདུག
    ཁྱེད་ཀྱི་གསུངས་པ་ལྟར་ལས་གཞན་ཡང་།

    གཟོང་རྒྱམ་མ་ཡེངས་ཚུར་ལ་གསོན།།
    ཚེ་འདིའི་སྣང་བ་ནུབ་ཟིན་ཅིང་།།
    ཕྱི་མའི་སྣང་བ་མ་ཤར་བའི་།།
    བར་དོའི་གནས་སུ་གྱར་ཡོད་པས།།

    མིག་གཉིས་བཙུམས་ནས་མེ་ཏོག་བསྒོམ།།
    གཉིས་སྦྱོར་ཁུ་བ་ནམ་ཕྱུང་ལྟོས།།
    ནོར་བུ་མཉམ་དུ་ནང་ལ་འཛུལ།།
    ནོར་བུ་མཉམ་དུ་ཕྱིར་མ་དོན།།

    ཟླ་དགུ་ངོ་བཅུ་མཚམས་ལ་བཞུགས།།
    དེ་ནས་ག་ལེར་མཚམས་གྲོལ་ནས།།
    སླར་ཡང་ཁ་བརྡ་དྲྭ་གནས་སུ།།
    མེ་ཏོག་གསར་པ་འཚོལ་དུ་ཤོག

  29. མེ་ཏོག་དཀར་པོ། says:
    2011-01-23 at 10:45 am

    འདི་ནང་གཡོན་ཐལ་ཆེ་བའི་མི་འགའ་ཞིག་འདུག དེ་ནི་ངའི་གྲོགས་པོ་ཞིང་བུ། ལ་སྟོད། མིག ཀ་རྡོ་བཅས་རེད། ཁོང་རྣམ་པའི་ཐུགས་ལ་བོད་ཀྱི་བུ་དང་བུ་མོ་ཚང་མ་དགོན་པ་ཞིག་གི་གྲྭ་བ་དང་ཨ་ནེ་ལྟ་བུ་དགོས་པའི་དགོངས་ཚུལ་འདུག

    ད་ནི་དུས་རབས་ཉི་ཤུ་པ་ཡོངས་སུ་འཇུག་བསྡུས་ཟིན་ནས་ཀྱང་ལོ་རབས་བཅུ་འདས་ཐལ།
    ད་དུང་དེ་འདྲའི་སྣང་ཚུལ་ཞིག་ལ་ཧ་ལས་ནས་སྡད་ན་རྗེས་ལུས་ཀྱི་རྗེས་ལུས་སུ་མི་འགྲོ་བའི་ངེས་པ་མིན་འདུག

    ངས་གོང་གི་དེ་ཚོར་ལེགས་པོ་རེད་ཟེར་བའི་དོན་དུ་མ་གོ་རོགས། དེ་ཙམ་མོ།།

  30. གཞོན་ནུ་ཟླ་མེད། says:
    2011-01-23 at 10:55 am

    བདེན་པ་རེད་ཡ། དགོན་པའི་གྲྭ་བ་ཡིན་ན་ཡང་སྔོན་ཆད་བན་དེ་ཆུང་ཆུང་ཡིན་པའི་སྐབས་སུ་བླ་རྒན་ཚོས། ད་ཁྱོད་བན་དེ་བྱས་ཟིན་པས་གཅིན་པ་ལངས་ནས་གཏོང་ཉན་ནི་མ་རེད་ཟེར་ན། ཀྱག་ཀྱག་བྱས་ནས་གཅིན་པ་ལངས་ནས་བཏང་། ད་རུང་རྩིག་པའི་ངོས་སུ་བཏང་ནས་ས་དོང་ཅི་ཙམ་བརྐོ་ཐུབ་མིན་ལ་འགྲན་བསྡུར་བྱས་ན་བཏང་ནི་རེད། ད་སྡེ་ཞི་མོ་ཆུང་ཆུང་ཚོ་ལངས་ནས་བཏང་ན་དེ་ཚོ་ཚོད་ལྟ་རེད། འགྲིག་བསྡད་ཡོད་ཀི ད་ལོ་ཉི་ཤུ་སླེབས་སོང་ན་ཉྭ་གུག་གུག་བྱས་ནས་བཏང་ན་ཡང་ལངས་ནས་གཏོང་ཐུབ་རྒྱུ་མ་རེད། གཏོང་ས་བོ་དེའི་ཁ་ཐད་ཐད་འདྲ་བོ་ཆགས་འགྲོ་རྒྱུ་རེད། དེ་ནས་ལངས་ནས་ཐོང་དང་ལྟད་མོ་ཡོད་ཀྱི་རེད་ཡ།

  31. ཞིང་པའི་བུ། says:
    2011-01-23 at 11:24 am

    མེ་དཀར་ལགས།
    ངས་འདི་འགོད་དོན་ནི། དེང་གི་སྐབས་སུ་ང་ཚོས་བཀའ་ཁྲི་འོས་མི་ཚོའི་བར་ཤ་འཐེན་པགས་འཐེན་བྱས་ནས་བཤད་བཤད་བསྡད་པས་ཐང་ཆད་ཡོད་རྒྱུ་རེད།
    དེས་ན་ངས་བར་སེང་འདྲ་ཆེད་དུ་ཁ་བརྡ་ཚང་ལ་འདི་བསྐུར་བ་ཡིན།
    མ་མཚར་འདྲ་བརྩེ་རོགས།
    བོད་པའི་གཞོན་སྐྱེས་ཚོ་ལ་ཧ་ཅང་འདི་མི་ཆོག་དེ་མི་ཆོག་ཅེས་པའི་ཁྲིམས་ཡོད་རྒྱུ་མ་རེད།
    འོན་ཀྱང་འཛམ་གླིང་གི་མཛངས་མའི་འགྲན་བསྡུར་སྐབས་སུའང་མཚན་མ་སྟོན་དགོས་པ་འདྲ་མཐོང་མ་སོང་།
    བོད་ཀྱི་མཛངས་མའ་འགྲན་བསྡུར་སྐབས་ངེས་པར་དུ་སྟོན་དགོས་པ་ཡིན་ནམ།
    ཞར་བྱུང་ཡིན།
    ཁྱད་ཞེ་དྲག་མི་འདུག

    འདོམས་ཁེབས་མ་གོན་ན་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  32. ལ་སྟོད་བུ། says:
    2011-01-23 at 11:49 am

    གཡས་ཐལ་མེ་ཏོག་ལགས།

    བུད་མེད་ཀྱི་མཚན་ཉིད།

    ཕྱི་ནི་ལྷ་ཁང་འདྲ་བ་ནི།
    ནང་ནི་དུར་ཁྲོད་ར་བས་རྩོག
    ཁ་གསག་བྱ་བས་མཛའ་ན་ཡང།
    སྙིང་ཁོང་ཁྲོ་བོ་གླང་བས་རྨོངས།
    ཁ་ཡི་སྦྱིན་པས་དགུང་བས་ཡང།
    ལག་པའི་སྦྱིན་པ་རྨུག་བས་དོག
    འགོ་ལ་ལྷ་མོ་འཛུམ་མཁན་འདྲ།
    བར་དུ་མི་མོ་ངོ་ནག་མོ།
    ཐ་མ་བདུད་མོ་ཡེ་འཕྲོག་ཟེར།
    དེ་ནི་དུག་ཟ་མེ་ཏོག་ཁ།
    རང་གི་དགའ་བ་མ་ཡིན་པ།
    བུ་ཁྱོད་གཅིག་ལས་ས་རྡོ་མེད།
    དེ་ནི་ནག་པོ་མེ་ཏོག་ཁ།
    རང་གི་བྱན་མོ་དེ་འདྲ་བས།
    ཉེ་མཛའ་རྣམས་ལ་བློ་ཐུབ་མེད།
    སྔར་གྱི་ལུང་སྙིང་པ་ཞིག་ནས་བཤུས་པས་དགོངས་འགལ་མེད་པ་ཞུ།

  33. མིག says:
    2011-01-23 at 12:25 pm

    ཚ་དྲོད་ཀྱི་མེ་འབར།
    བདེ་དྲོད་ཀྱིས་ལུས་ཁྱབ།
    ཡོད་ཚད་ཀྱི་སྙིང་པོ་འཕྲོགས།
    ཁ་རྐུབ་གཉིོས་ལ་དབྱེ་བ་མེད།
    སྤྱོད་ཤེས་ཐམས་ཅད་བདེ་བའི་སྙིང་པོ།
    ད་དུང་ཟག་མེད་ཀྱི་བདེ་བ་ལ་ཟད་མཐའ་བྲལ།

    ཡོད་ཚོད་བཙོང་བའི་འདི་ཚོ་མཐོང་དུས་སྙིང་རྩ་འཁྲུགས།

  34. BBC says:
    2011-01-23 at 12:29 pm

    ནམ་རྒྱུན་བུད་མེད་ཚོས་གཟབ་སྤྲོས་གྱོན་ནས་བྱེད་བཟོ་བྱེད་སྐབས་སེམས་ཤོར་གྱི་མེད་ཀྱང་ཡིད་ཀྱི་ཀུན་རྟོག་གཡོ་བ་ཙམ་ཞིག་ཡོད་ཀྱང་། ད་ལན་གོང་གི་བུད་མེད་དམར་ཧྲེང་མ་འདིའི་དཔར་མཐོང་སྐབས་སྐྱུག་མེར་གཏིང་ནས་ལངས་སོང། ཁྱོད་ཚོས་ལྟོས་དང། མོ་ཅི་འདྲའི་མདོག་ཉེས་པ་ལ་ཨང་། མོ་ནི་ཅི་འདྲའི་གདོང་པགས་མཐུག་པ་ལ་ཨང། མོས་འདི་ལྟར་བྱེད་པ་གང་ཞིག་གི་དོན་དུ་ཡིན། ཨ་ཁ། ངོ་ཚ་བ་ལ། མོའི་ཚོང་རྫས་ཚང་མ་བཤམས་ཚར་འདུག ད་གང་ལྷག་ཡོད། ད་ལྟ་མོ་ནི་སྒྲེན་མོ་ལག་སྟོང་ལོག་པ་འདྲ། ཞེས་པའི་འཆི་བ་མི་རྟག་པ་དྲན་གསོ་གཏོང་བྱེད་ཀྱི་རྐྱེན་ཙམ་ཞིག་ཏུ་སྣང། འོན་ཀྱང་་མོས་གཅིན་པ་ལངས་ནས་གཏོང་གི་མི་འདུག དེ་གང་ཡིན་ནམ། ཁྱོད་ཚོས་ཤོད་དང། གལ་ཏེ་མོས་གནས་བབ་འདིའི་སྟེང་ནས་གཅིན་པ་ལངས་ཏེ་བཏང་ཡོད་ན་འདི་འཛམ་གླིང་གི་ལྟད་མོ་ཆེ་ཤོས་སུ་འདྲེན་ཆོག་ལ། མོ་ལ་ཡོང་འབབ་ཀྱང་ཅུང་མང་བ་རག་སྲིད། འོན་ཀྱང་བློ་བཟང་དབང་རྒྱལ་གྱི་དབང་བསྐུར་གྱི་འཆར་གཞི་འཁྲུག་སྲིད། ད་གྲངས་རྒྱོབས་དང་། བློ་བཟང་དབང་རྒྱལ་གྱིས་ད་བུ་མོ་ག་ཚོད་ལ་དབང་བསྐུར་ཚར་ཡོད་པ་རས། ངས་ལྟས་ན་ཤིན་ཏུ་མང་ཀྱང་ཁོས་མིའི་ཤུལ་ལ་དྲི་སྣོམ་བྱས་པ་ཤ་སྟོག་ཡིན་གྱི་རེད། གསར་པ་དྲི་མས་མ་གོས་པ་ཞིག་ས་འདིར་རྩ་བ་ནས་ཡོང་མི་སྲིད། ཚང་མ་གཞུང་གི་སྤྱི་སྤྱོད་རླངས་འཁོར་འདྲ་པོ་ཤ་སྟག་ཡིན་སྲིད། མི་ཚང་མས་འཚང་ཆོག

  35. ཞིང་པའི་བུ། says:
    2011-01-23 at 12:47 pm

    ང་ཞིང་པའི་བུ་ནས་ལག་གཉིས་ཐལ་མོ་སྦྱར་ནས་བི་བི་སི་ལ་ཞུ་བསྐུལ་འབུལ་རྒྱུ།
    མོ་རང་ལ་བརྙས་སྨོད་ཀྱི་ཚིག་དེ་འདྲ་བེད་སྤྱོད་མ་གནང་རོགས།
    སྐུ་མཁྱེན།
    གསུང་མཁྱེན།
    ཐུགས་ཀྱང་མཁྱེན་ནོ།།

  36. མིག says:
    2011-01-23 at 12:52 pm

    bbcལགས། མོས་གནས་བབ་འདིའི་སྟེང་ ནས་གཅིན་པ་ལངས་ཏེ་བཏང་བ་ཡིན་ན། མདུན་གྱི་གློག་བརྙན་པར་བ་དེའི་ཁ་ནང་འཐོར་ནས་རོ་མངར་ཁྱད་པ་ཅན་ཞིག་མྱོང་རྒྱུ་རེད་དེ།
    པར་ཆས་དེ་འཕྲོ་བརླག་འགྲོ་དོགས་ཀྱིས་མ་བཏང་བ་ཡིན་རྒྱུ་རེད།
    མོ་ངན་འདིའི་གཅིན་པ་བཏང་བ་ཡིན་ན། རྟ་རྒན་མ་གཅིན་པ་བཏང་བ་དང་འདྲ་བ་ཤོར་ཤོར་ཤོར་ཞེས་ཤོར་སྒྲས་མདུན་གྱི་པར་པའི་རྣ་བ་འང་སྐྱོན་བཏང་རྒྱུ་རེད་ཡ།

    ང་ཚོས་དམིགས་བསལ་དོ་སྣང་བྱ་དགོས་ས་ཞིག་ནི་མདུན་གྱི་པར་པ་དེ་སུ་རེད། མི་འདི་དེ་འདྲའི་ཨུ་ཙུགས་ཆེ་བ་ལ།

  37. ཞིང་པའི་བུ། says:
    2011-01-23 at 12:58 pm

    མཆན་བུ་བ་ཚོས་ཚིག་ངན་རྩ་བ་ནས་མེད་པར་གནང་རོགས།
    བརྩེ་མཚར་གསུངས་རོགས་གྱིས།
    ང་ཚོས་ཆབ་སྲིད་དང་། ཆོས་ལུགས་སོགས་བསམ་ཚུལ་མི་མཐུན་པའི་ཆ་རྐྱང་རྐྱང་བཤད་འདུག་པའི་སྐབས་བར་སེང་ཡིན།

  38. མིག says:
    2011-01-23 at 1:10 pm

    ཨུ་ཙུགས་ཆེ་བའི་མདུན་གྱི་པར་པ་དེ་སུ་རེད། དེ་འདྲེའི་སྙིང་རུས་ཆེ་བ་ལ། རྒྱབ་ཀྱི་ཕྱི་གླིང་བ་དེ་ཁོ་ལ་བལྟས་ནས་ཧང་སང་འདུག

  39. ལ་སྟོད་བུ། says:
    2011-01-23 at 1:16 pm

    ཨ་རྩི་ཆེ་ཆུང་གི་དབྱིབས་ནི་རྟ་རྒོད་མའི་དང་མཚུངས་པ་ཞིག་ཡོད་འདུག

  40. གཅན་བཟོད་རྒྱམ། says:
    2011-01-23 at 2:08 pm

    ད་ཁྱོད་ཚོས་ཅི་བཤད་ལ་ངས་མི་ཉན། ལྷག་པར་དུ་ཟླ་མེད་དང་ཞིང་པའི་གཉིས་ཀྱི་བར་དོ་མེ་ཏོག་ལྷ་མཛེས་མི་འགྲོ་བའི་སྨོན་ལམ། ངས་ཀྱང་མེ་ཏོག་ལྷ་མཛེས་འདི་གཅིག་མི་རེག་གི་མ་གཏོགས། ཡུམ་ཁྱོད་གཉིས་ཀྱིས་མིགས་མཐོང་ས་ནས་མི་འདུག ད་དུང་ང་ལ་དབང་དང་ནུས་པ་རེ་ཡོད་ན་ཨ་ཁུ་ཆོས་རྒྱལ་གྱི་མཐོས་ཐོས་ཡོད་ས་ཞིག་ནས་གཡོལ་ནས་འགྲོ་ངེས་ཡིན།
    ཁྱོད་ཚོས་མེ་ཏོག་ལྷ་མཛེས་ཀྱི་མེ་ཏོག་ཡོད་ས་དེར་མིག་ལྡིར་ནས་གཅིག་ལྟོས་དང་། ཉམས་མྱོང་ཡོད་མཁན་ཚོའི་སེམས་སུ་མྱོང་བ་ངོ་མ་རེ་འཆར་ངེས་ལ། ཉམས་མྱོང་ཅི་ཡང་མེད་པའི་གཞོན་ནུ་ཟླ་མེད་ལྟ་བུར་ནག་ཐོམ་མེ་འདུག་རྒྱུ་དང་། ཡང་ན་ཧྭོང་སེ་རེར་བལྟས་མྱོང་བ་ལས་འདི་འདྲ་ཡིན་ནམ་སྙམ་པ་རེ་འཆར་སྲིད། ང་ལ་ནི་བཟོད་མི་ནུས་པའི་ཚོར་བ་ཞིག་གིས་ད་ལྟ་རང་མེ་ཏོག་ལྷ་མཛེས་འཚོལ་དུ་རྒྱུགས་དང་ན་འདོད་ཀི་ཡ།

  41. ཀརྨ་ཡེ་ཤེས། says:
    2011-01-23 at 6:42 pm

    དྲ་གྲོགས་རྣམས་ལ་མཚར་རྩེད་ཀྱི་ཚུལ་ངས་གོང་གི་བུ་མོ་གསུམ་ནས་ཁ་ཕར་ཕྱོགས་ནས་ལང་གཅིན་བྱེད་པ་དང་། བུ་མོ་གཅིག་གིས་ཁ་ཚུར་ཕྱོགས་ནས་མོ་མཚན་བསྟེན་པ་རྣམས་བཟློག་པ་ཞིག་བྲིས་ཡོད་པས་ཁྱེད་རྣམ་པས་མཉམ་དུ་ཚར་གཅིག་གསུང་རོག་ཞུ།

    ཧཱུ྆་བྷྱོ། དུས་རབས་ཉེར་གཅིག་མ་འཐའ་འདིར།
    མི་རྣམས་ཆས་གོས་ཡ་མ་རླ།
    སྤྱོད་པ་ཁྲེལ་མེད་ངོ་ཚ་བོར།
    དེ་ཡང་བཟློག་པའི་ཕྲིན་ལས་མཛོད།

    བུ་མོ་གསུམ་གྱིས་ཁ་ཕར་ཕྱོགས།
    རྒྱབ་དུ་འགྲན་སེམས་བསྐྱལ་པ་ཁུར།
    སྒྱིད་པ་འདར་ནས་ལང་གཅིན་བྱེད།
    དེ་ཡང་བཟློག་པའི་ཕྲིན་ལས་མཛོད།

    མདུན་གྱི་བུ་མོ་ཁྲོ་གཉེར་ཅན།
    ང་རྒྱལ་མགོ་བོ་གྱེན་དུ་གཏེགས།
    འདོད་ཆགས་བྷ་ག་རབ་ཏུ་རྒྱས།
    དེ་ཡང་བཟློག་པའི་ཕྲིན་ལས་མཛོད།

    ཞེ་འདོད་མིང་བྱང་ཕྲག་ཏུ་བཀལ།
    གཏི་མུག་རལ་པ་གཡས་སུ་འཕྱངས།
    ངོ་ཚའི་གོས་བྲལ་གཅེར་བུར་རྒྱུ།
    དེ་ཡང་བཟློག་པའི་ཕྲིན་ལས་མཛོད།
    ཅེས་པ་འདིའང་ཁོ་བོ་གཏེར་སྟོན་བུ་མོ་རྡོར་རྗེས་རང་བྱུང་ཀློང་ཡངས་ཆེན་པོའི་ངོས་སུ་བརྡ་རིས་སུ་ཕབས་པས་བོད་རིགས་ཡོངས་ནས་ལན་གཅིག་བཀླག་ན་དུས་འཁྲུགས་ལྟས་ངན་ཟུར་གྱི་སྣ་འདྲེན་མ་མོའི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ།
    ས་མ་ཡཱ། རྒྱ་རྒྱ་རྒྱ།
    ཧ་ཧ་ཧ་ཧ་ཧ་ཧ་། འདི་ནི་མཚར་རྩེད་ཀྱི་ཚུལ་དུ་ཕུལ་བ་ལས་དོན་དུ་མིན་པས་དོ་བདག་བུ་མོ་རྣམ་པ་དང་གསར་གཏོད་དང་གསར་རྐྱང་ལ་དགའ་བའི་དྲ་གྲོགས་རྣམ་པ་ངས་རྩོམ་གྱི་མདའ་མོ་འདི་ཁྱེད་ཀྱི་སྙིང་ལ་མི་ཕོག་པར་ཞུ།

  42. གཅན་བཟོད་རྒྱམ། says:
    2011-01-23 at 11:33 pm

    བུ་མོ་མེ་ཏོག་ལྷ་མཛེས་ཀྱི་མེ་ཏོག་གིས་རྩ་ཚང་མ་སྦིར་བསྡད་ཡོད་དུས་ཡང་ཀརྨ་དགེ་ལེགས་ཀྱི་སྣོན་མ་འདེབས་ཀི ད་ང་མས་ཉི་མས་བཀའ་བཀྱོན་གནང་དང་མ་གནང་མི་འདུག ངས་ནི་མེ་ཏོག་ལྷ་མཛེས་འདི་ནམ་ཞིག་གང་དུ་འཕྲད་ན་འཆོར་གི་མི་འཇུག་ཁོ་ཐག་ཡིན།

  43. ཕ་ལམ་སྔོན་པོ། says:
    2011-01-24 at 1:01 am

    བོད་མོ་ལང་གཅིན་དང་བོད་ཀྱི་རིག་གཞུང་འགལ་ཟེར་ན།
    བོད་བུ་ཙོག་གཅིན་དང་བོད་ཀྱི་རིག་གཞུང་ཡང་འགལ་གི་རེད་དམ་ཟེར་དགོས་ཐུག་ས་རེད།
    འོ་ན། བོད་ཀྱི་བླ་མ་གྲ་བ་ཚང་མས་གཅིན་པ་ཙོག་ནས་གཏོང་ཡོད་པ་དེར་ག་རེ་ཟེར་ག
    བོད་ཀྱི་རིག་གཞུང་དང་འགལ་གི་མེད་ན་ཡང་། ཕོ་མོ་ཐོབ་ཐང་འདྲ་འདྲ་འགྲན་པ་རེད་པས། ཡང་ན་བུ་མོ་ཚོས་གཅིན་པ་ཙོག་ནས་གཏོང་ན་ང་ཚོས་ཀྱང་ཙོག་ནས་གཏོང་གི་ཡིན་ཟེར་བ་འདྲ་བོ་རེད་དམ། ཧཧཧ ཞིང་པའི་བུ་ལགས། དེར་གསལ་བཤད་ཅིག་གནོང་དང་།

    དེ་ལས་་་་མེ་ཏོག་ལྷ་མཛེས་ལགས་ཀྱི་པད་མའི་མེ་ཏོག་ལ་ཐེངས་གཅིག་ལག་པས་མ་རག་ནོ་ད་ལྟ་གྱོང་རག་ཤག གཅན་བཟོད་རྒྱམ་གཅིན་པ་ཤོར་བྲབ་བྱས་པར་ཁེག་མི་འདུག་གོ

  44. ཞིང་པའི་བུ། says:
    2011-01-24 at 1:07 am

    ཕ་ལམ་སྔོན་པོ་ལགས།
    ངས་འདིར་ཁ་བརྡ་དྲྭ་ཚིགས་ཀྱི་མཆན་འགོད་པ་རྣམས་ལ་བར་སེང་འདྲ་པོ་ཞིག་ཨེ་ཡོང་སྙམ་ནས་འགོད་པ་ལས།
    གཅིན་པ་ལང་ནས་གཏོང་བ་དང་། འདུག་ནས་གཏོང་བ། ཉལ་ནས་གཏོང་བ་བཅས་ལ་ཁྱད་ཆེན་པོ་གང་མཐོང་མ་སོང་།

    ང་ཚོའི་རྩ་དོན་གཙོ་བོ་དེ་སྐད་ཡིག་གཉིས་ལ་ཐུག་ཡོད་རེད།
    དེ་བདག་པོ་ཧྲག་ཐག་ཐག་གཅིག་བརྒྱབ་རོགས་བྱས་ན་འགྲིགས་ཀྱི་འདུག

  45. ཕ་ལམ་སྔོན་པོ། says:
    2011-01-24 at 1:17 am

    ཨོ་ཡ། རེད་རེད་རེད། ཞིང་བུ་ལགས། ཀུ་རེ་ཡིན་དྭ
    ཨོ་ན།
    ཞིང་པའི་བུ་ཡིས་ཞིང་སར་བདག་སྐྱོང་མཛོད། །
    འབྲོག་པའི་བུ་ཡིས་རྩྭ་སར་བདག་སྐྱོང་མཛོད། །
    བོད་པའི་བུ་ཡིས་བོད་ཡིག་བདག་སྐྱོང་མཛོད། །
    འདི་གསུམ་བུ་ཡི་བདག་སྐྱོང་མཛད་ཚུལ་ཡིན། །

    རེད་པས།

  46. ཞིང་པའི་བུ། says:
    2011-01-24 at 1:27 am

    ཕ་ལམ་སྔོན་པོ་ལགས།
    བུ་མོ་གསུམ་གྱི་བྱིན་པ་འགུག་བྱས་པ་འདི་དང་། མེ་ཏོག་ལྷ་མཛེས་ཀྱིས་གསང་ཁེབས་ཅུང་སྲབ་དྲག་པ་འདི་གཉིས་ཅུང་ཟད་སྟབས་མ་བདེ་པ་འདྲ་པོ་མི་འདུག་པས།
    ཧ་ཧ།

  47. ཕ་ལམ་སྔོན་པོ། says:
    2011-01-24 at 2:02 am

    ཞིང་བུ་ལགས།
    ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། དེ་ནི་འབྲས་བུ་སྨིན་པའི་རྒྱུ། ཟེར་བ་མ་རེད་དམ།
    མི་ཚང་ཆུང་ཆུང་ཞིག་གིས་རང་ཞིང་ས་དེ་ལེགས་པར་འདེ་ས་དགོས་ན་་་དུས་ཚིགས་དང་མཐུན་པ་བྱས་ནས་ཞིང་འདེབས་དགོས་གི་རེད་ཟེར་བ་རེད། དུས་ཚོད་དང་མ་མཐུན་ན་འབྲས་བུ་ཡག་པོ་ཞིག་སྨིན་གི་མ་རེད་ཟེར་བ་རེད།
    དེ་དེ་བཞིན་དུ་དེང་དུས་གི་འཛམ་བུ་གླིང་གི་དུས་ཚོད་དང་སྤྱི་འགྲོས་ལ་འགྲོ་གང་ཐུབ་བྱེད་དགོས་གི་རེད། རིགས་སྣ་སྒོ་མོ་ནས་ཚོད་བལྟ་བྱ་དགོས་གི་རེད། རིག་གཞུང་ཟེར་བ་དེ་ག་དུས་ཡིན་ན་ཡང་འགྱུར་བ་འགྲོ་བསྡད་གི་རེད།
    ཞིང་བུ་ལགས། ཅིག་བྱས་ན་སྐད་ཆ་འདི་ཚོ་ཁྱེད་ལ་་་་སངས་རྒྱས་ཀ་ཁ་ཡིན་སྲིད། ཧེཧེཧེ

  48. རྩམ་དགའ། says:
    2011-01-24 at 3:43 am

    ཡིད་འོང་ན་ཆུང་བུ་མོ་འདི་ཚོས་ཡར་ལ་ལངས་ཏེ་གཅིན་པ་བཏང་བའི་པར་རས་གསར་བ་འདིར། །
    ཨ་ཁུ་འབྲོག་རྒན་ལྕགས་མདངས་ཅན་དང་ཞིང་བའི་མ་རྒན་ཐལ་མདོག་ཅན་གྱིས་ཧོར་ཏེ་མཐོང་བ་ན། །
    མགོ་བོའི་ཀླད་པའི་རྩ་ལམ་དག་ལ་ལྷ་ཀླུ་འདྲེ་གསུམ་ཞིག་གི་སྣང་བརྙན་འདྲ་མིན་ཤར་སྲིད་ཀྱང་། །
    ན་ཆུང་མིག་ཡངས་འཁྱམ་པོ་དག་དང་སྨྱུག་འཛིན་པ་ཚོས་གླེང་རིན་ཡོད་པ་ཁོ་བོས་མཐོང་མ་ལགས། །

  49. ལ་སྟོད་བུ། says:
    2011-01-24 at 4:17 am

    ཕ་ལམ་སྔོན་པོ་ལགས།
    བོད་བུ་ཙོག་གཅིན་དང་བོད་མི་ལང་གཅིན་གཏོང་བ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ།
    བོད་གྲྭ་ཙོག་གཅིན་གཏོང་མི་རུང་བ་ནི་འདུལ་བའི་ལུང་གིས་ཟིན་པས་བོད་ཀྱི་རིག་གཞུང་དང་མི་འགལ་བ་མ་ཟད།
    གྲྭ་བས་ཙོག་གཅིན་གཏོང་བ་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད།
    རྒྱུ་མཚན་ནི་གྲྭ་བས་ལང་གཅིན་བཏང་ན་ནོར་བུ་ལག་པས་ཟིན་དགོས་པས་དེས་ན་ནོར་བུ་ལག་པས་ཟིན་མི་དགོས་པའི་དབང་དུ་བཏང་བ་དང།
    བུད་མེད་ལང་གཅིན་གཏོང་བ་ནི་འཇིག་རྟེན་སྲིད་པའི་ལུགས་དང་འགལ་བས་དང།
    གཅིན་པ་ཉྭ་གདོང་དང་གོས་ཐུང་སོགས་ལ་འབོ་བའི་ཕྱིར་དང།
    དེས་ན་ལྷམ་དཔེ་ཞྭ་ལ་མི་འགེབ་པར་བྱའོ།
    ཉ་ཡི་ཆོས་བྱ་ཡིས་བྱེད་ན་འཚུབ་སྟེ་ཤི་བ་ལས་མེད་དོ།

  50. ལ་སྟོད་བུ། says:
    2011-01-24 at 4:18 am

    བོད་མོ་ལང་གཅིན་ཅེས་བཅོས་རོགས།

  51. ལ་སྟོད་བུ། says:
    2011-01-24 at 4:20 am

    བོད་གྲྭ་ཙོག་གཅིན་གཏོང་བ་ཞེས་བཅོས་རོགས།

  52. ཕ་ལམ་སྔོན་པོ། says:
    2011-01-24 at 5:56 am

    རེད། ལ་སྟོད་པ་བདེན་གི
    ཡག་ཙོག་བལྟས་མེད་ཀྱིས་རྒྱུ་མཚན་ཤོད་དགོས་བྱུང་ན་་་ཕ་གསོད་གི་བུ་ལ་ཡང་རྒྱུ་མཚན་ཤོད་རྒྱུ་ཡོད་མདོག་ཁ་བོ་རེད།
    ས་ཡ་སྟོང་ཕྲག་མང་པོའི་མི་རིགས་གཞན་དག་གིས་བོད་པའི་བུ་འགའ་ཤས་ཤིག་ཙོག་ནས་གཅིན་པ་གཏོང་བཞིན་པ་མིག་གིས་མཐོང་ན་ག་འདྲ་བསམ་ཡོང་ངམ།
    མིག་ལ་མི་རན་པ་འདྲ་འདྲ་ཡིན་སྲིད། ཡིན་ན་ཡང་བོད་བུ་ཚོར་ལུགས་སྲོལ་དེ་གོམས་ཚར་རེད།

  53. ཁ་རུ་ཁ་ཐུག says:
    2011-01-24 at 7:05 am

    སྐྱེས་པ་ཕོ་དང་འདྲ་བར།།
    གཅིན་པ་ལངས་ནས་གཏོང་དུས།།
    བརླ་ཤ་རློན་པ་བཟོས་ཀྱང།།
    འགྱོད་པ་ཡོང་ས་མ་རེད།།

  54. ཀརྡོ་རབ་འབྱམས་པ་ says:
    2011-01-24 at 7:38 am

    གཅིན་པ་ཙོག་པུར་གཏོང་བ་དང་། །
    ལངས་ནས་བཏང་ཡང་ཁྱད་ཆེར་མེད། །
    རང་གི་ལུས་གོས་རླན་བཙོག་དང་། །
    གཞན་སྣང་མིག་ངོར་མི་མཛེས་སྡོམས། །

  55. བཀྲ་ཤིས། says:
    2011-01-24 at 10:19 am

    ཨ་རོགས་ཞིང་པའི་བུ།་ྲྲྲའདྲི་རྒྱུ་ཞིག་ལ་གཅིན་་པ་ལངས་ནས་གཏོང་མཁན་གྱི་བུད་མེད་འདི་ཚོ་དངོས་ནས་བོད་པའི་བུ་མོ་རྐྱང་རྐྱང་ཨེ་རེད།མེ་ཏོག་ལྷ་མཛེས་ཀྱི་པར་དེ་ངོ་མ་བོད་པའི་སྤྱི་ཚོགས་ཀྱི་བསམ་བློའི་ས་ཁྱོན་ལས་ཡོངས་སུ་བརྒལ་འདུག་ད་ྲྲྲྲྲདེ་ཡང་དགེ་ཆོས་ཀྱི་ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།་ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བ་ཉིད།།གསུངས་པ་བཞིན་སྐྱོན་བརྗོད་བྱེད་མཁན་དེ་ཚོ་ཡང་བརླ་གཉིས་དབར་གྱི་མེ་ཏོག་གི་ཕོ་བྲང་ལ་སྙིང་གི་དཀྱིལ་ནས་དགའ་བ་ཐག་གིས་ཆོད།

  56. གཞོན་ནུ་ཟླ་མེད། says:
    2011-01-24 at 11:13 am

    འབྲོག་པའི་བུ་མོ་ཚོས་གོས་དང་རྒྱན་ཆ་བཏགས་ན་བོད་གཞུང་དང་ཚོགས་པ་ཁག་ནས་མང་པོ་གསུངས་ཡ་འདུག བཙན་བྱོལ་བུ་མོ་ཚོ་དམར་ཧྲང་མར་བུད་ན་བོད་གཞུང་དང་ཚོགས་པ་ཁག་ཁུ་སུམ་སུམ་རེད་འདུག ད་འབྲོག་པའི་བུ་མོ་ཚང་མ་ཡང་དམར་ཧྲང་སང་སང་ལ་ཕྱི་ལོག་ནས་འགྲོ་དགོས་པ་འདྲ་འདུག

  57. མིག says:
    2011-01-24 at 1:10 pm

    ལངས་ནས་གཅིན་པ་མཉམ་གཏང་བྱེད། །
    ལངས་ནས་འཁྲིག་བདེ་མཉམ་མྱོང་བྱེད། །
    ལངས་ནས་ཕུགས་དང་རིང་ཐུང་བལྟ། །
    ལངས་ནས་རྐུབ་དང་ལྷིག་པ་འཕུར། །

  58. བརྩོན་རྒྱམ་ says:
    2011-01-25 at 12:35 am

    ང་ཚོས་བུད་མེད་ཀྱི་ཐོབ་ཐང་ཟེར་བ་ཡར་ལངས་ནས་གཅིན་པ་གཏང་ཆོག་པ་ལྟ་བུ་ཞིག་མ་ཡིན། བུད་མེད་ལ་འཇོན་ཐང་ཡོད་ན་ད་སྐབས་བཀའ་ཁྲི་ཞིག་མཁོ་འདུག་ཐུགས་རྗེ་ཆེ་ཕེབས་རོགས་ཞུ།  ད་སྐབས་ཚང་མས་བུད་མེད་ཀྱི་ཐོབ་ཐང་ཟེར་རྒྱུ་འདུག་ངོ་མ་གལ་ཆེན་རེད་ཁོང་ཚོ་ལ་ཐོབ་ཐང་སྤྲོད་དགོས་པ་རེད་བདེན་པ་རེད་ཡིན་ཡང་། ད་སྐབས་བུད་མེད་འགའ་ཤས་ཞིག་གི་གཅིན་པ་ཡར་ལངས་ནས་གཏོང་གི་ཡོད་པ་དེ་འཇོན་པོ་དང་ནུས་པ་ཅན་ཞིག་དངོས་འཛིན་གྱི་ཡོད་དམ།  དེ་ངས་དངོས་འཛིན་ཐུབ་ས་མ་རེད།  དེ་མིན་འབུར་ཐོན་གྱི་ནུས་པ་ཡོད་ན་ཕེབས་ཤོག་དགའ་བསུ་ཡོད། མཐོང་མ་སོང་ངོ་མ་མཐོང་མ་སོང་། ཡོད་ད་སྐབས་འི་ཚོ་ལ་བཀའ་ཁྲི་ཞིག་དགོས་འདུག་ཕེབས་ཤོགས་ཐུགས་རྗེ་ཆེ་གཞན་བུད་མེད་ལ་ཐོབ་ཐང་མི་འདུག་མ་གསུང་རོགས་ཞུ།

  59. སྐལ་བཟང་དོན་འགྲུབ། says:
    2011-01-25 at 11:57 am

    ཐོབ་ཐང་རྩོད་ན་བརྩོད་སྟངས་མི་ཤེས།།
    གཅིན་པ་གཏོང་ན་གཏོང་ལུགས་མི་ཤེས།།
    འཇོ་སྒེགས་སྟོན་ན་སྟོན་སྟངས་མི་ཤེས།།
    བུ་མོ་འདི་ཚོ་བག་རེ་ཞན།།

  60. BBC says:
    2011-01-25 at 12:07 pm

    བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུའི་ཐད་ཧ་ལས་ཧང་ཡང་སངས་སོང། བུད་མེད་ཀྱིས་དགེ་སློང་མའི་ཐོབ་ཐང་རྩོད་པ་དང། ད་དུང་དགེ་བཤེས་མ། དགའ་ལྡན་ཁྲི་པ་མ་སོགས་རིམ་པས་རྩོད་རྒྱུ་ལྷག་ཡོད། དོན་འདི་ལ་བསམས་ནས་ལོ་བཅོ་ལྔའི་ཡར་སྔོན་དུ་ངས་འདི་འདྲ་ཞིག་བྲིས་མྱོང། བཙུན་དགོན་བྱང་ཆུབ་གླིང་གི། །ཉམས་བཟང་ཡ་ལ་གཟིགས་དང། །དགེ་སྐོས་བཞུགས་ཁྲིའི་སྟེང་ན། །སྐྱེ་ཟུག་བརྒྱབ་ནས་བཞུགས་འདུག ། དངོས་གནས་ང་ལ་དུས་ཚོད་མེད། དེ་མིིན་མང་པོ་བྲི་རྒྱུ་ལྷག་ཡོད།

  61. སྐལ་བཟང་དོན་འགྲུབ། says:
    2011-01-25 at 12:11 pm

    བུད་མེད་ཐོབ་ཐང་དང་པོ་ནུབ་ནས་དར།།
    བུད་མེད་བྲན་གཡོག་དང་པོ་ནུབ་ནས་ཚུགས།།
    བུད་མེད་ཁྱིའུ་ཚབ་ཏུ་ནུབ་ནས་བྱས།།
    བུད་མེད་བག་ལེབ་རེ་ཡི་ཕོ་རྗེས་ནུབ་ན་འབྲང་།།

    བུད་མེད་བྱེའུ་རྐང་མ་དེ་ཤར་ནས་དར།།
    ཁྱོ་པོ་ཤི་རྗེས་ཆང་མ་དེ་རྗེས་ཤི་བ་ཤར་ནས་དར།།
    བུད་མེད་མེ་ཏོག་ཡིན་མིན་ལྟ་བ་ཁ་ཆེ་ལུགས།།
    མདོ་ན་བུད་མེད་འབག་གཙོག་ཨ་རི་དང་རྒྱ་ནག་རྒྱ་གར་རེད།།

    དེ་ནས་བོད་ལ་རྒྱ་གར་བའི་ཤུགས་རྐྱེན་ཕྲན་བུ་ཐེབས།།
    བོན་པོའི་བསང་གསོལ་སྐབས་སུ་བུད་མེད་ཁྱི་གཉིས་གཅིག་པ་བརྩིས།།
    དདདདདདདཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  62. ལ་སྟོད་བུ། says:
    2011-01-25 at 12:58 pm

    ངས་ཨ་ཁུ་བེ་རི་འཇིགས་མེད་ལགས་ལ་གུགས་ནས་བསྡད་ཡོད་འོན་ཀྱང་ཁྱེད་ཞལ་བཙུམས་ནས་བཞུགས་ཕོད་དམ།
    གོང་གི་བོད་མོ་ལང་གཅིན་གཏོང་བཞིན་པའི་འདྲ་པར་དེ་ནི་བེ་རི་འཇིག་མེད་ནས་སྔོན་མ་ཞིག་ལ།
    ཕོ་མོ་འདྲ་མཉམ་རྩོད་ན་གཅིན་པ་ལང་ནས་གཏོང་ཤོག
    ཅེས་པ་ཞིག་བྲིས་སོང་སྙམས།
    དེས་ན་ད་བོད་མོ་ཚོས་ལང་གཅིན་བཏང་ཡོང་དུས་ཁྱེད་ནས་ཞལ་མི་བཙུམས་པར་ངེས་པར་དུ་ལན་ཞིག་འདེབས་དགོས་སྙམས།
    དེ་མིན་ཁྱེད་ཀྱིས་བྲིས་པ་དེ་ལ་ནུས་པ་མེད་པར་བརྩི་ངེས།

  63. རྡོ་རྗེ་གྲགས་པ། says:
    2011-01-29 at 4:08 pm

    ད་རྡོ་གྲགས་ལ་ཡིག་ནོར་མང་ཡང་། ཡང་སྐྱ་སྒྲོང་ཅིག་བཤད་འདོད་སོ། རྒྱབ་ནས་བརྟན་པའི་བུ་མོའི་གཟིག་བརྙེན་གསུམ་པོ་དེ། དིས་དངོས་ལ་ཕོ་མཚན་དང་བདན་པ་ཡིན་པ་ཐག་ཆད། ག་ཡིན་ཟེར་ན། ངའི་གྲོག་པོ་ཅིག་ཡོད། ཁང་ཉི་མ་གཅིག་བུ་མོ་སྙན་རྗི་པོ་ཅིག་ཐུག་བྱ། ཁང་གི་ནང་དུ་ཁྲད་ནས་ཨོ་སྐྱ་འཕུལ་འཕུལ་བཏང། ཨེ་འབྲེན་ཅན་ནས་མཐའ་མ་ཉལ་མོ་མཚན་ནང་དུ་ཕོ་མཚན་ཅིག་ཟེར་དིས། ཁང་ལ་ཡང་ཕོ་མཚན་ཆེ་ཐ་ཆད་ཅིག་ཁུ་ཡ་འདུག་ཟེར་འུ་འདུག སོ་ཙ། ཁང་ཞན་པ་བཏིང་ནས་ལོག་འདག ཧཧཧཧཧཧདེ་འ་རིང་རིད།

  64. BONPO says:
    2011-01-29 at 8:16 pm

    སྐལ་བཟང་དོན་འགྲུབ་ནས་བྲིས་པ། ༼བོན་པོའི་བསང་གསོལ་སྐབས་སུ་བུད་མེད་ཁྱི་གཉིས་གཅིག་པ་བརྩིས།།༽ བོན་པོ་རྣམས་ཀྱིས་འདོན་བཞིན་པའི་བསང་གསོལ་ནང་དུ། བུད་མེད་ཁྱི་གཉིས་གཅིག་པ་བརྩིས་པ་ཞིག་རྩ་བ་ནས་མཐོང་མ་བྱུང་བས། དེ་འདྲ་བའི་བོན་པོའི་བསང་གསོལ་དེ་ཁྱེད་ཀྱིས་ག་བ་ནས་བཏོན་ཡོང་བ་ཡིན་ནམ། ཡང་མིན་ན་རང་སྣང་གང་ཤར་གྱིས་བྲིས་པ་ཡིན་ནམ། དེ་མིན་ན་བོན་པོའི་གྲུབ་མཐའ་ཁྱད་གསོད་བྱེད་ཀྱི་ཡོད་དམ།

  65. རྡོ་རྗེ says:
    2011-01-31 at 12:54 pm

    ཕྲན་གྱི་བསམ་ཚུལ་བྱས་ན་བུ་མོ་འཛངས་མ་ཞེས་པ་དེ་ངོ་ཚ་ཁྲེལ་ཡོད་པ་དགོས་ཀྱི་རེད་བསམ་འདུག །

  66. གོང་པ་རྡོ་རྗེ says:
    2011-01-31 at 8:34 pm

    ང་ཚོས་སྤྱི་ཚོགས་ནང་ལ་བུ་མེད་མཐོང་ཆུང་རྩ་བ་ནི་བྱེད་མི་ཉན་ཨ་མ་ཞེས་པ་དེ་ཚང་མའི་གལ་ཆེན་པོ་ཞིག་རེད། ཡིན་ནའང་སོ་སོའི་རིག་གཞུང་ཚང་མའི་གུས་བཀུར་ཞུ་དགོས་གི་རེད་བསམ་འདུག །བོད་ཀྱི་བུ་མོ་འཛངས་མ་ཡིན་ཟེར་ནས་ངོ་ཚ་ཁྲེལ་མེད་ལས་ཀ་བྱས་ན་འཛངས་མ་ཨེ་ཡིན་ན།

  67. གོང་པ་རྡོ་རྗེ says:
    2011-02-01 at 12:39 pm

    དྲྭ་གྲོགས་རྣམས་བུ་མོ་འཛངས་མ་ཞེས་པ་དེ་མཚན་ཉིད་ག་འདྲ་ཞིག་ཚང་དགོས་གི་འགྲེལ་བ་ཞིག་གནང་རོགས་ཞུ།

  68. དོམ་ཁྲ། says:
    2011-07-03 at 2:56 pm

    ཕོ་མོ་འདྲ་མཉམས་ཀྱི་ཐོབ་ཐང་ལེན་ཡ་ལ་གཅིན་པ་ལང་ནས་གཏང་ཡ་དེ་དོན་མེད་ཀྱི་ལས་ཀ་རང་རེད། གལ་སྲིད་ཕྱོགས་ཐམས་ཅད་ནས་འདྲ་བ་ཞིག་བྱེད་དགོས་བསམ་ན་དེ་ཡོང་ཡ་མེད་པ་ཞིག་ཡིན་ཙམ་སེམས་ལ་དཀའ་ལས་ཁ་རོག་ལས་ཅི་ཡོད་རྒྱུ་མ་རེད་བུ་མོ་ཚོ་ཧ་ཧ་ཧ། ཡ་ད་འོ་ན་ཁྱོད་ཚོས་ཨ་ཕ་གང་འདྲ་བྱེད་དེ་བྱེད་ཐུབ་ས་ཨི་་རེད་བྱེད་མ་ཐུབ་ན་ཕོ་ཡི་ནུས་པ་ཆ་ཚང་བ་དེ་མོ་ལ་མ་ལྡན་པའི་རྟགས་རེད་ཟེར་ན་གང་འདྲ་བྱེད་ཡ་ཡིན། མ་གཞི་སྔོན་མ་ནས་ངས་བོད་པའི་སྤྱི་ཚོགས་ནས་བྱུང་བའི་དེ་ཚོའི་དཀོར་གྱི་ཡིག་ཆ་འགའ་ཤས་བལྟས་མྱོང་ཁ་ཤས་ཀྱིས་ཟེར་ན་ནང་ལས་དེ་ཚོ་བུ་མོ་ཁོ་ནས་བྱེད་དགོས་ཀྱི་འདུག་པས་དེ་ཡང་ཡོང་གི་མི་འདུག་བུས་ཀྱང་ནང་ལས་དེ་ཚོ་བྱེད་དགོས་ཀྱི་འདུག་ཟེར་མཁན་འདུག དེ་ཚོ་ནོར་བ་རེད་བསམ་གྱི་ཡོད་དེ་ཚོས་སྐད་ཆ་ཆཱུང་ཆུང་དེ་འདྲ་བཤད་ཡོང་དུས། བོད་ཀྱི་སྔ་མོའི་ལོ་རྒྱུས་ཐོག་ངུ་ཤོར་བའི་གཏམས་རྒྱུད་མང་པོ་ཡོད་པ་དེ་ཚོ་ད་ལྟ་གཏན་མེད་མེད་དུ་སོང་ཟིན་པ་རྟོགས་ཡོང་དུས་སྤོབས་པ་ཡང་སྐྱེ་སྨྱོང་། འོན་ཀྱང་ད་དུང་སྔོན་ཐོན་ཅན་གྱི་རྒྱལ་ཁབས་ཁ་ཅིག་གི་བསམ་བློ་ནང་བཞིན་ང་ཚོ་ལ་མེད་པ་ཡིན་ཙམ་ལེགས་བཅོས་བྱེད་དགོས་པ་དུ་མ་ཡོད་ན་ཡང་མགོ་སེར་ཚོས་གང་བྱེད་ཐམས་ཅད་ཡག་པོ་ཡིན་པའི་ཁྱབས་པ་མེད་དུས་བླང་དོར་ཤེས་དགོས་ས་མང་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme