Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་སྤུན་གསུམ་གྱི་སྒྲུང་།

Posted on 2021-06-18 By ཁ་བརྡ No Comments on བུ་སྤུན་གསུམ་གྱི་སྒྲུང་།

ཆབ་མདོ་ངག་ཕུན་གྱིས།

༄༅།། དེ་རིང་ངས་བུ་སྤུན་གསུམ་གྱི་སྒྲུང་ཞིག་བཤད་པར་འདོད། དེ་ཡང་སྔོན་མ་ལུང་པ་མདོ་ལུང་ཟེར་བའི་བཀོད་ལེགས་ཡིད་དུ་འོང་བ་ལུང་པ་ཞིག་ཡོད། དེར་གནས་པའི་སྤུན་མཆེད་གསུམ་ནི་ཆོས་དད་ཆེ་བ་ཙམ་ལས་སྲིད་ཕྱོགས་ལ་དོ་སྣང་དེ་ཙམ་ཞིག་བྱེད་ཀྱི་མེད། ཉིན་གཅིག་མདོ་ལུང་སྡེ་པའི་ས་ཆ་ལ་ནག་ཕྱོགས་སྡེ་པས་ངག་འཇམ་ཐོག་ནས་ང་ཚོ་གནས་འདིར་ཡོང་དགོས་དོན་ནི་རྣམ་པ་ཚོར་རོགས་རམ་བྱེད་དུ་ཡོང་བ་ཞིག་ལས་གཞན་པའི་ང་ཚོར་དམིགས་གཉིས་པ་གང་ཡང་མེད་ཟེར། དེ་དག་ལ་མདོ་ལུང་སྡེ་པའི་སྤུན་མཆེད་གསུམ་གྱི་ཡིད་ཆེས་བྱས་ཏེ་ནག་ཚོགས་སྡེ་པའི་མི་རྣམས་བསྡད་བཅུག་ཅིང་། མདོ་ལུང་སྡེ་པའི་སྤུན་མཆེད་གསུམ་ནི་ཆོས་ཕྱོགས་ལ་དོ་སྣང་ལས་སྲིད་ཕྱོགས་སུ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། མཐར་ནག་ཕྱོགས་སྡེ་པ་འདོད་བརྔམས་དང་། ཧམ་བཤད་ཆེ་རུ་ཕྱིན་ནས་མདོ་ལུང་སྡེ་པའི་རི་ལུང་ཐང་གསུམ་ཡོངས་སུ་རྫོགས་པ་དྲག་པོའི་བཙན་གྱིས་འཕྲོག 

དེ་ནས་མདོ་ལུང་སྡེ་པའི་སྤུན་མཆེད་གསུམ་གྱི་བྱ་ཐབས་གང་ཡང་མ་རྙེད་ནས་ལ་ལུང་མང་པོ་བརྒལ་ནས་ལུང་པ་གཞན་དུ་བཙན་བྱོལ་དུ་ཡོང་དགོས་བྱུང་། མདོ་ལུང་སྡེ་པའི་སྤུན་མཆེད་གསུམ་མི་ཡུལ་ངོ་ཤེས་པ་སུ་ཞིག་མེད་ཅིང་། དང་ཐོག་ཡུལ་གོམས་གཤིས་ལུགས་ལ་མ་འདྲིས་ནས་དཀའ་ངལ་རིམ་པ་འཕྲད་རུང་བློ་སྟོབས་གཅིག་ཏུ་སྤུངས་ནས་དཀའ་ངལ་ཁག་ལ་གདོང་ལེན་གནང་བས་མཐར་དཀའ་ངལ་ཁག་རིམ་གྱིས་སེལ་ཐུབ་པ་བྱུང་།

མདོ་ལུང་སྡེ་པའི་སྤུན་མཆེད་གསུམ་མི་ཡུལ་གནས་དགོས་བྱུང་རུང་། སྐྱིད་སྡུག་མཉམ་མྱོང་གིས་ལས་དོན་གནང་གི་ཡོད།  སྐབས་རེ་སྤུན་མཆེད་གསུམ་གྱི་བར་དུ་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་སྐབས་རེ་ཕན་ཚུན་རྩོད་གླེང་ཡོང་གི་ཡོད་མོད། དོན་དག་ཆེ་སར་སླེབས་དུས་སྤུན་མཆེད་གསུམ་པོ་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་དོན་གནང་གི་ཡོད་པས་འགྲུབ་འབྲས་རླབས་ཆེན་ཐོན་གྱི་ཡོད།

རིམ་པས་སྤུན་མཆེད་རྒན་པ་རྣམས་ཕྱི་མའི་ལམ་དུ་གཤེགས་པ་དང་། འཚར་ལོངས་ཡོང་བཞིན་པའི་སྤུན་མཆེད་གཞོན་ཚོ་ནི་དེང་རབས་ཀྱི་ལྟ་བ་གསར་པ་དང་། ལངས་ཕྱོགས་གསར་པ་ཡིན་མདོག་གིས་ནང་ཁུལ་གནས་ཚུལ་ཆུང་ཚག་ལ་འུར་སྒྲོག་ལ་དགའ་ཞིང་། སྐབས་རེ་གནས་ཚུལ་དེས་རྐྱེན་གྱིས་སྤུན་མཆེད་གསུམ་གྱི་བར་དུ་མི་མཐུན་གནས་ཚུལ་ཡོང་སྟེ་ཆིལ་སྒྲིལ་ལ་གནོད་སྐྱོན་འཐེབ་ཀྱི་ཡོད། ལྷག་དོན་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་དོན་པས་ལས་དོན་གནང་ཕྱོགས་ལན་ཟློས་གནང་ཁུལ་གྱི་སྤུན་མཆེད་ཕན་ཚུན་བར་བཤད་རེས་ཐུག་སྟེ་ཆབ་སྲིད་ནག་པོ་ཁྲབ་པ་བརྟེན་སྤུན་མཆེད་གསུམ་གྱི་མཐུན་སྒྲིལ་ལ་གནོན་སྐྱོན་སྐབས་གཏོང་གི་ཡོད།

འོན་ཀྱང་སྤུན་མཆེད་བགྲེས་སོང་འགའ་རེས་ང་ཚོ་གཞན་གྱི་ལུང་པར་གནས་ཚང་གཡར་ནས་བསྡད་ཡོད་ཅིང་། ང་ཚོ་བཙན་བྱོལ་ཡིན་བསམ་པ་ལས་རྒྱལ་ཁབ་ཡོད་པ་ནང་བཞིན་སྣང་བ་ཤར་ནས་ནང་ཁུལ་ཆབ་སྲིད་ཁྲབ་པའི་དུས་ཚོད་གཏན་ནས་མིན་ཞིང་། ང་ཚོའི་ནང་ཁུལ་ལྟ་བ་དང་། ལངས་མི་མཐུན་པ་བྱུང་ཚེ་ང་དང་ཁྱོད་ཅེས་རྩོད་པ་རྣོ་ངར་ཆེན་པོ་གནང་དགོས་དོན་དེ་ལས་ཀྱང་མེད། ང་ཚོའི་འཐབ་རྩོད་བྱེད་ས་ནི་ང་ཚོའི་གཅེས་པར་འོས་པའི་ཕ་ཡུལ་འཕྲོག་མཁན་དེར་རྩོད་ལེན་གནང་དགོས་པ་ལས་གོང་ཞུས་ལྟར་ང་ཚོ་ནང་ཁུལ་ཕན་ཚུན་རྩོད་གླེང་གནང་ན་ཕན་ཐོགས་གང་ཡང་མེད། ང་ཚོ་མཐུན་ལམ་མ་བྱུང་ན་སྤུན་མཆེད་གསུམ་ལ་གྱོང་རག་པ་ལས་གཞན་གང་ཡང་མེད། ང་ཚོ་སྤུན་མཆེད་གསུམ་ཁའི་སྤྱི་དོན་བསམ་བློ་གཏང་ནས་ལས་དོན་གནང་དགོས་པ་ཞིག་ལས་རང་ཉིད་ཀྱི་ཁེ་དབང་དོན་དུ་དུས་ནམ་ཡང་བསམ་བློ་གཏང་མི་ཉན་པ་དེ་རེད། རྫ་མ་ཆགས་ན་སྤྱི་གྱོང་དང་། ཕོར་པ་ཆགས་ན་སྒེར་གྱོང་ཞེས་པ་ལྟར་ང་ཚོ་སྤུན་མཆེད་གསུམ་ཁའི་སྤྱི་དོན་ལ་གྱོང་རག་གི་རེེད་ཅེས་བསླབ་བྱ་གནང་གི་ཡོད།

ཡིན་ནའང་ཁོར་ཡུག་གི་འཕོ་འགྱུར་དང་བསྟུན་ནས་མིའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། འགྱུར་བ་དེ་ནི་ཡག་རྟགས་ཤིག་ཡིན་ན་སྡུག་རྟགས་ཤིག་ཡིན་བཤད་ཚོད་ཐིག་ཁག་པོ་རེད། གང་བསྟར་སྤུན་མཆེད་གསུམ་ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ཅེས་པ་ལྟར་ང་ཚོ་ཚང་མ་ནང་མ་འགྲིགས་པ་ཡིན་ན་ལས་དོན་ནམ་ཡང་ལམ་ལྷོང་མི་ཡོང་བ་ནི་དངོས་ཡོད་གནས་ཚུལ་ཞིག་ཀྱང་ཡིན།   

མཐར་བསམ་ཡོད་སྤུན་མཆེད་མང་པོ་ཞིག་གིས་བསམ་ཚུལ་ལ་བརྟེན་སྤུན་མཆེད་གསུམ་དབུ་མའི་ལམ་གྱི་ཐོག་ནས་ཞི་འགྲིགས་བྱ་རྒྱུ་ཐག་གཅོད་བྱུང་དོན་ལྟར་སྤུན་མཆེད་གསུམ་ལྷན་འཛོམས་ཀྱིས་བཀའ་བསྡུ་རིམ་པ་བྱས་ཤིང་། ཁ་ནང་གི་རྨ་ཁ་ནང་དུ་སོས་ཐབས་བྱས་པས་མཐར་ནང་ཁུལ་གྱི་འགལ་བ་དེ་དག་སེལ་ཐུབ་པ་བྱུང་། དུས་དེ་ནས་བཟུང་སྟེ་སྤུན་མཆེད་གསུམ་གྱིས་ནུས་ཤུགས་གཅིག་ཏུ་སྤུངས་ནས་ལས་དོན་གནང་བས་འགྲུབ་འབྲས་རླབས་ཆེན་ཐོན་པ་དང་། དེ་ནས་བཟུང་སྟེ་ནང་ཁུལ་ལངས་ཕྱོགས་མི་མཐུན་པ་བྱུང་ན་ཕན་ཚུན་བསམ་ཤེས་དང་། བསམ་བློ་གུ་ཡངས་བྱ་རྒྱུ་གལ་ཆེན་ཡིན་པ་ཤེས་རྟོགས་བྱུང་བ་རེད་དོ། ། ཆབ་མདོ་ངག་ཕུན་གྱིས། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༧  ཉིན་མོར་ཕུལ།

བརྩམས་སྒྲུང་།

Post navigation

Previous Post: ༄༅།། བཙན་བྱོལ་བོད་མིའི་རིག་གཞུང་དང་ཤེས་ཡོན་ལ་རྟོག་ཞིབ།
Next Post: མང་པོ་ཉུང་ཉུང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme