Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་རྒྱུད་ལ་བོད་ཡིག་གི་ཁ་ལྕེ་མེད་པའི་བོད་མི་ཡི་གེ་བ།

Posted on 2015-10-072015-10-07 By ཁ་བརྡ 8 Comments on བུ་རྒྱུད་ལ་བོད་ཡིག་གི་ཁ་ལྕེ་མེད་པའི་བོད་མི་ཡི་གེ་བ།

མེ་རོ། ༼བོད་འབྱོར།༽

 
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྐ་ཕུག་ཕག་མོ་ཚེ་བརྟན་ལགས་ཀྱིས། བོད་སྐད་ཡིག་རིག་གནས་ཀྱི་ཆེད་དུ་རང་གི་བུ་ཟི་ལིང་ནས་ཕྱིར་བོད་ཡིག་ཡོད་སའི་གཞི་རིམ་སློབ་གྲྭར་བསྐྱལ་བའི་གནས་ཚུལ་མཐོང་རྗེས། དགེ་རྒན་ཁོང་ལ་གསལ་ཆ་མེད་ཀྱང་དགའ་དད་བླ་ལྷག་ཅིག་སྐྱེས་སོང་། མ་ཟད་ཁོང་གིས་བུ་ཕྱིར་གཞི་རིམ་སློབ་གྲྭར་བསྐྱལ་དགོས་པའི་བསམ་བློ་དེས། བོད་ཀྱི་རིག་གནས་ལ་ངེས་པ་དོན་གྱིས་འགན་འཁུར་བ་མཚོན་པར་མ་ཟད། ཁོང་བོད་ཀྱི་དགེ་རྒན་ཆེན་མོ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གནས་ལ་ཤ་ཚ་སྟངས་རྣལ་མ་ཞིག་ཀྱང་རེད་འདུག
ཁོང་གིས་གསུངས་དོན་ “ང་བོད་ཡིག་བོད་སྐད་གལ་ཆེ་ཚུལ་ལབ་མཁན་གྱི་དགེ་རྒན་ཞིག་ཡིན་པས་ཆ་ནས་རང་གི་བུ་རྒྱུད་མི་རིགས་གཞན་ལ་བསྒྱུར་ག་ལ་ཉན་” ཞེས་དང་། ཡང་ “དེང་གི་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཡིན་ཟེར་མཁན་མང་བོ་ཞིག་གི་རང་གི་བུ་དང་བུ་མོས་བོད་སྐད་བོད་ཡིག་ཨེན་ཙམ་མི་ཤེས་ཀྱང་སློབ་མ་ཚོའི་མདུན་དང་ཇ་ཁང་ཆང་ཁང་ནས་མི་རིགས་ཀྱི་རིག་གནས་དང་ལ་རྒྱ་གླེང་ནས་ལབ་བརྒྱག་” ཟེར། དངོས་གནས་རང་ངོ་ཟིན་པའི་སེམས་གཏམ་རྣལ་མ་ཞིག་རེད་ཨང་། སེམས་གཏམ་དེས་ད་རེ་བོད་ཀྱི་མགོན་དུ་བཀུར་བའི་དགེ་རྒན་ཆེན་མོ་རང་གི་བུ་རྒྱུད་ལ་བོད་ཡིག་བོད་སྐད་བཤད་སྤྱད་ཀྱི་ཁ་ལྕེ་ཆད་འདུག་མཁན་རེ་འགར་བརྡ་ཞིག་སྤྲད་འདུག་བསམས།

དགེ་རྒན་ཆེན་མོ་དེ་དག་གི་ཁྲོད་ཀྱི་གཅིག་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་ཁྲིད་སྟེགས་སུ་འགྲེངས་ནས་བོད་ཀྱི་རིག་གནས་ལ་བདག་པོ་རྒྱག་དགོས་ཟེར་མཁན། དགེ་རྒན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་བློ་ལགས་རེད། ཁོང་མི་སྒེར་རང་སྟེང་ནས་བོད་ཀྱི་རིག་གནས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད་པ་དེར་ང་ཚོས་སྙིང་ནས་བཀའ་དྲིན་ཞུ་འོས་མོད། བདག་གིས་གོ་ཐོས་ལྟར་ན་ཁོང་གི་བུ་རྒྱུད་ཀྱི་བོད་སྐད་གྲ་དག་ཅིག་བཤད་དཀའ་འདུག་ཟེར། ངོ་མ་ངུ་སྣང་བྲོ་བའི་བྱ་བ་དེ་འདྲ་ལ་རྒྱུས་མངའ་ཅི་ཡང་མེད་མཁན་གྱི་མི་སེར་ཞིག་ཕར་བཞགརང་ཉིད་ལ་མཚོན་ན་གཏམ་དེས་ཧ་ལོས་སུ་བཅུག་སོང་། ཁོང་ཉིད་བོད་ཀྱི་སྐད་ཡིག་རིག་གནས་གལ་ཆེ་ཚུལ་ལབ་མཁན་གྱི་དགེ་རྒན་ཆེན་མོ་ཞིག་གི་ངོས་ནས་བཤད་ན། རང་གི་བུ་རྒྱུད་ལ་རང་སྐད་རང་ཡིག་གི་ཁ་ལྕེ་སྤྲོད་མ་ཐུབ་པ་ལ་འགྲེལ་བཤད་ཅི་ལྟར་བཤད།

དོན་དག་དེ་དེང་གི་སྐད་ཆ་ལྟར་དུ་བཤད་ན། དགེ་རྒན་ཆེན་མོ་ཁོང་གི་བཤད་བཤད་ཡོད་ཚད་ཁ་ལབ་ཙམ་དུ་སོང་མི་འདུག་གམ། མ་ཚད་ཁོང་གིས་སྐད་ཡིག་ཤེས་པ་དེ་མཁས་གྲགས་དང་འཚོ་གནས་ཙམ་གྱི་ཆེད་དུ་ཕུལ་བ་ལས་སྐད་ཡིག་སྲུང་སྐྱོབ་ཀྱི་འགན་འཁྲིའི་འདུ་ཤེས་མེད་པ་གསལ་བོར་མངོན་འདུག་པ་མ་རེད་དམ།
ད་དུང་ཉེ་སྔོན་བདག་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཀྲ་བྷོ་ལགས་ཀྱི་སྐོར་ནས། དེ་གའི་སློབ་མ་ཞིག་ལ་ཁ་བརྡ་ལབ་པ་ཡིན། སློབ་མ་དེས་བཤད་ན། དགེ་རྒན་ཆེན་མོ་བཀྲ་བྷོ་ལགས་ཀྱི་ཆུང་མ་རྒྱ་རིགས་ཡིན་པར་མ་ཟད། ཁོང་གི་བུ་རྒྱུད་ཀྱིས་བོད་ཡིག་མི་ཤེས་རབ་ཟེར། ང་ཁོང་ལ་དགའ་དད་ཧ་ཅང་ཆེ་བས་ཅུང་ཙམ་ཧད་དེ་འདུག་དགོས་སོང་། ཞིབ་ཏུ་དྲིས་ན་ཡང་སློབ་མ་དེས་ང་ཚོའི་མཚོ་སྔོན་དགེ་ཐོན་སློབ་ཆེན་ན་ཀུ་རེ་རྩེ་སྲོལ་འདི་འདྲ་ཞིག་ཡོད། དགེ་རྒན་ཆེན་མོ་བཀྲ་བྷོས་རྒྱ་རིགས་ལ་གཉེན་བསྒྲིགས་ཆོག་ན། ང་ཚོས་རྒྱ་མོ་ཚོར་དགའ་རོགས་བསྒྲིག་ལོས་ཆོག་ཟེར་ནས་ཀུ་རེ་རྩེས་ཟེར།

ཁོང་ནི་ངོ་མ་ཤེས་འཇོན་འཛོམས་པོ་ཡོད་སའི་དགེ་རྒན་ཆེན་མོ་ཞིག་ཡིན་ལ། བོད་ཀྱི་སྐད་ཡིག་རིག་གནས་ལ་དུང་བ་ཟབ་མོ་ཡོད་མཁན་ཞིག་ཀྱང་ཡིན། ཁོང་ནམ་ནམ་བོད་ཀྱི་རིག་གནས་ཟེར་ནས་ཤ་ཚ་ཚ་གནང་མཁན་ཞིག་གི་ངོས་ནས་རང་གི་བུ་རྒྱུད་ལ་རང་ས་ནས་མགོ་བརྩམས་ཏེ། རང་གི་སྐད་ཡིག་སྦྱང་དུ་མ་བཅུག་པ་ནི་དོན་དངོས་སུ་རང་གི་སྐད་ཡིག་ལ་འགན་མ་འཁུར་བའི་ལས་ཀ་ཞིག་ཅི་ལ་མིན། རྒྱ་ནག་གི་རྩོམ་པ་བོ་ཡེས་ཅེ་ཡིས་འདི་ལྟར་གསུངས་ཡོད། “དགེ་རྒན་ཆེན་མོའི་སློབ་ཕྲུག་ས་སྟེང་དུ་ཁྱབ་ཀྱང་། རང་གི་བུ་ཕྲུག་ཁོ་ན་འཆལ་སྤྱོད་གཞོན་ནུར་གྱུར། རང་གིས་སློབ་མ་ལེགས་པོ་སྐྱོང་ནུས་ནའང་རང་གི་བུ་ཕྲུག་ལེགས་པོར་སྐྱོང་མི་ནུས་པ་དེས། དགེ་རྒན་ཆེན་མོ་མགོ་འཐོམ་དུ་བཅུག་ཡོད་ལ། སློབ་གསོ་རང་སྟེང་གི་མགོ་འཐོམ་བྱེད་ཀྱང་རེད་ཅེས་གསུངས།”

ང་ཚོའི་བོད་ཀྱི་བཤད་སྲོལ་ཞིག་ལ། ཆུ་མགོ་ནས་རྙོག་ན་ཆུ་རྔ་དྭངས་ཐབས་མེད་ཟེར་བ་བཞིན། བོད་ཀྱི་རིག་གནས་རྒྱུན་འཛིན་བྱ་དགོས་ལུགས་དང་། གལ་ཆེ་ཚུལ་ལབ་མཁན་གྱིས་དགེ་རྒན་ཆེན་མོའམ་ཤེས་ཡོན་ཅན་གྱི་ཁྲོད་ནས། རང་གི་རིག་གནས་ལ་དེ་འདྲའི་ཁྱད་གསོད་དང་འབུར་འཇོམས་བྱས་པ་དེ། གསང་ཐབས་མེད་པ་ཞིག་རེད། བོད་ཁུལ་གྱི་ས་ཆ་སོ་སོ་ན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་བསླབ་སའི་སློབ་གྲྭ་ཡོད་ཀྱང་། དེང་དུས་བོད་མི་གཞུང་ཞབས་པ་གཙོས། བོད་རིགས་མང་དག་ཅིག་གིས་ཀླད་པ་དྭངས་ཁུལ་གྱིས་རང་གི་བུ་རྒྱུད་བོད་ཡིག་གི་དྲི་མི་བྲོ་སའི་རྒྱ་ནག་གི་ས་ཁུལ་གཞན་དག་ཏུ་བསྐྱལ་བ་ནི་མི་རིགས་ཀྱི་མིང་ཐོག་ནས་རང་ཁ་གསོ་ཞོར་ལ། དོན་གྱིས་མི་རིགས་ལ་ནག་པ་ལས་གཞན་གང་ཡང་མིན། བུ་རྒྱུད་ཆུང་དུས་ནས་རྒྱལ་ནང་དུ་བསྐྱལ་ནས་ཕྱིར་བོད་ཡུལ་ལ་ལོག་རྗེས་རྒྱ་ནག་གི་གཞུང་ཞབས་པ་ཞིག་ཉན་ཀྱང་། མི་རིགས་ཤིག་གི་ངོས་ནས་བཤད་ན། མི་དེའི་རིགས་ཀྱི་བུ་རྒྱུད་ཡོད་ཚད་ཀྱི་འདུ་ཤེས་དང་དད་མོས་མི་ཚེ་ལྟ་བ་སོགས་ནང་སེསམ་ཀྱི་འཇིག་རྟེན་རྩ་བརླགས་སུ་སོང་ཚར་བ་རེད།

དེའི་ཕྱིར། མི་དེ་དག་གིས་བོད་གོས་གྱོན་ཏེ་ཁ་ནས་ང་བོད་ཡིན་ཞེས་གླེང་ན་རིན་ཐང་ཅི་ཡང་མི་འདུག་པར་མཐོང་སོང་། དེང་སྐབས་མི་རིགས་གང་ལ་གཏོགས་མིན། ཐུན་མོང་གིས་སྤྱོད་པའི་སྐད་དང་ཡི་གེ་ཞིག་གི་སྟེང་ན་འཇོག་གིན་ཡོད་པ་ལས། ཤ་མདོག་དཀར་མིན་དང་མིང་ཡིག་ཙམ་ལ་བལྟས་ནས་ཁྱོད་བོད་རེད་ཟེར་མཁན་མེད་པ་ཀུན་གྱིས་ཤེས་གསལ་རེད། ངས་བསམས་ན་འཚོ་གནས་ཙམ་གྱི་ཆེད་དུ་བུ་རྒྱུད་ལ་རང་སྐད་རང་ཡིག་སྦྱང་རྒྱུའི་གོ་སྐབས་འཕྲོག་པའི་ཕ་མ་ནི། མི་རིགས་དང་བུ་ཕྲུག་གི་ཉེས་ཅན་གཙོ་བོ་དེ་རེད་བསམས། རྒྱུ་མཚན། ཁྱོད་ལྟོ་བ་ཙམ་གྱིས་སླད་དུ་གསོན་པ་ལས་རེ་བ་གཞན་མེད་པའི་མི་ཞིག་ཡིན་ན་མ་གཏོགས། དེང་གི་ཆར་ཤེས་ཡོན་དར་ལམ་དུ་ཕྱིན་པའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་། རང་གི་སྐད་ཡིག་ལ་བདག་པོ་བྱེད་མི་ཐུབ་པའི་མི་ནི། དོན་དངོས་སུ་ངོ་ཚ་མེད་པའི་མི་ཞིག་ལ་བརྩི་བཞིན་ཡོད།

དེ་ལྟར་བསམས་ན། ཕྲུ་གུས་བོད་ཡིག་མི་ཤེས་པའི་བོད་ཀྱི་ཕ་མ་དེ་དག་གིས་རིག་རིག་ལ་རང་གི་བུ་རྒྱུད་མི་རིགས་ལ་ངོ་ལོག་བྱེད་མཁན་གྱི་མི་ངོ་ཚ་མེད་ནི་ཞིག་ཏུ་བསྒྱུར་བ་རེད། དེ་ལས་ཀྱང་ཁོ་ཚོས་རྒྱ་ནག་གི་གཞུང་ཞབས་པ་ཉན་ནས་རང་ཁ་གསོ་ཤེས་དགོས་ཟེར་བ་དེས། རང་གི་བུ་ཕྲུག་ལ་ཁྱོད་གཞན་གྱིས་གཡོག་པོ་བྱོས་ཟེར་བ་དང་མཚུངས་པས། གལ་ཏེ། བདག་གི་ཤེས་རབ་ཀྱི་ཁ་མིག་དོག་སོང་བས་མིན་ན། དེའི་རིགས་ཀྱི་ཕ་མ་ལ་ནམ་ཞིག་གི་དུས་སུ་བུ་ཕྲུག་གིས་ལེ་བདའ་མི་བྱེད་པའི་ངེས་པ་ཡེ་ནས་མི་འདུག་གོ། །

༢༠༡༥ ། ༩ ། ༢༦ ཉིན་སྦྱར།

སྣ་ཚོགས།

Post navigation

Previous Post: ཚོར་སྣང་དབྱངས་སུ་འཐེན་པ།
Next Post: ཨ་ཆེན་ཁ་བ།     

Comments (8) on “བུ་རྒྱུད་ལ་བོད་ཡིག་གི་ཁ་ལྕེ་མེད་པའི་བོད་མི་ཡི་གེ་བ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-07 at 11:59 pm

    ལེགས་སོ་དང་བསྔགས་བརྗོད་ཡོད། དངོས་ཡོད་བྲིས་འདུག་་་་་དེ་ནང་བཞིན་ཡུལ་གྱར་བོད་མིའི་ཁྲོད་དུ་ཡང་མི་སྣ་གལ་ཆེན་མང་པོས་ནམ་རྒྱུན་བོད་ཀྱི་སྐད་ཡིག་གལ་ཆེན་ཡིན་འདྲ་བཤད་ནས་རང་གི་བུ་ཕྲུག་རྣམ་ནུབ་གླིང་ནང་འཚོ་རྟེན་ཡག་པོ་ཆེད་བསྐྱལ་ཡོད་པ་མཐོང་ཆོས་མ་རེད་དམ། ད་གཡུག་ཤོག་མ་གཏོགས་ཡང་ཞྭ་མོ་ནག་པོ་ཞིག་བཀོན་ཡོང་ཀི་རེད་གདའ།

  2. རིན་ཆེན says:
    2015-10-08 at 4:07 am

    ལེགས་སོའི་བསྔགས་བརྗོད་ཡོད་ལ།དགེ་རྒན་བཀྲ་བྷོ་གོ་མྱོང་ཡོད་མོད།འོན་ཀྱང་ཁོའི་ཆུང་མ་རྒྱ་མོ་ཡིན་པ་དང་།ཁོའི་བུ་ཕྲུག་གིས་བོད་སྐད་ཡང་མི་ཤེས་པ་དེ་རིང་བར་དུ་ཐོས་མ་མྱོང་།དོར་ཞི་མཁས་པ་རེད།ཡིན་ཡང་སྙིང་སྟོབས་མེད་པ་མ་ཟད།གཤིས་ཀ་ཡང་བརྟན་པོ་མེད་མཁན་ཞིག་ཡིན། གང་ལྟར་སྤྲུལ་སྐུ་ཡང་ཡིན་ལ་གུང་ཁྲན་ཏང་ཡོན་ཡང་ཡིན་པའི་གཞི་མཐུན་འཇོག་སྲོལ་ཡོད་པ་རེད།

  3. ཁ་བའི་རྒྱང་ཕྲུག says:
    2015-10-10 at 12:38 pm

    རང་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་དྲ་གྲོགས་རྣམ་ལ།
    ང་ཚོས་གནད་དོན་འདིའི་ཐོག་ལ་བསམ་གཞིགས་དགོས་ཀྱི། བཤད་དགོས་ཀྱི། འབྲི་དགོས་ཀྱི། ཁ་རོག་བསྡད་ན་མི་འགྲིག་གི། མང་པོ་ཞིག་གིས་བོད་ཡིག་དང་བོད་ཀྱི་རིག་གནས་ལ་མདུན་ལམ་མི་འདུག་ཟེར་གྱིན། བོད་མི་རིགས་གསོན་གནས་ཐུབ་པའི་ཆེད་དུ་བོད་སྐད་ཡིག་ངེས་པར་སློབ་དགོས་རེད། འོན་ཀྱང་། བོད་མི་ཚང་མའི་བསམ་བློ་གཅིག་མིན་ལ། མི་རིགས་ཀྱི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་ཡང་ཐ་དད་རེད། མི་རིགས་ཤིག་གི་མདུན་ལམ་གལ་ཆེན་ཡིན་པ་བཞིན་མི་སྒེར་ཞིག་གི་འཚོ་བའི་མདུན་ལམ་དེ་ཡང་གལ་ཆེན་པོ་ཞིག་རེད། བོད་སྐད་ཡིག་སྦྱོང་ན་འཚོ་བའི་མདུན་ལམ་གང་དག་ཡོད་ཀྱི། འདིའི་ཐོག་ང་ཚོས་བསམ་མནོ་གཏོང་དགོས། བོད་མི་སྒྲིག་འཛུགས་ཀྱི་ཕྱག་ལས་ངོ་བོའོ་ཐོག་ནས་བོད་ཡིག་དབྱིན་ཡིག་ལས་གལ་ཆུང་བ་མ་བརྩི་ནའང་། གལ་ཆེ་བ་བརྩི་གི་མི་འདུག བོད་ནང་ལྟར། ཡུལ་གྱར་བོད་མིའི་སྤྱི་ཚོགས་ནང་བོད་སྐད་ཡིག་ཐོག་ནས་ཆེད་ལས་པ་དང་། ཁེ་ལས་པ་ག་ཚོད་ཐོན་ཐུབ་ཀྱི་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-10-10 at 12:44 pm

    ང་།
    ང་ མདང་ ཕྱིན་པ་ ཡིན།
    ང་ དེ་རིང་ འགྲོ་བགྱིད་ ཡོད།
    ང་ སང་ཉིན་ འགྲོ་བགྱིད་ ཡིན།
    ཁྱོད་རང་།
    ཁྱོད་རང་ མདང་ ཕྱིན་པ་ རེད།
    ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
    ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
    ཁོ།
    ཁོ་ མདང་ ཕྱིན་པ་ རེད།
    ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
    ཁོ་ སང་ཉིད་ འགྲོ་བགྱི་ རེད།
    ་
    ང་ལ་ ཡོད།
    ཁྱོད་ལ་ འདུག
    ཁོ་ལ་ འདུག
    འདི་ལ་ འདུག
    དེ་ལ་ འདུག
    ་
    ང་ཡིན།
    ཁྱོད་རེད།
    ཁོ་རེད།
    འདི་རེད།
    དེ་རེད།
    ་
    འདི་ངའི་རེད།
    འདི་ཁྱོད་རང་གི་རེད།
    འདི་ཁོའི་རེད།
    འདི་འདིའི་རེད།
    འདི་དེའི་རེད།

  5. ཁ་བའི་རྒྱང་ཕྲུག says:
    2015-10-10 at 2:00 pm

    ཀརྡོ་གཉེར་ཕྱག་པ་ལགས། གོ་རྒྱུ་མེད་པའི་ཚིག་ཉོག་མ་འབྲི་རོགས། འདི་ལྟའི་ཉོག་གཏམ་རིགས་ཀྱིས་བོད་ཡིག་གི་དྲ་ཚིགས་ལ་དོ་སྣང་མེད་པ་བཟོ་གིན་འདུག ཐུགས་རྗེ་ཆེ།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-10 at 2:29 pm

    ཀརྡོ་གཉེར་ཕྱག་པས་སུམ་རྟགས་འཁྲིད་ཀྱི་འདུག་གདའ། ཧཧཧཧ་་་་་དུས་ཚོད་ཡོད་ན་མང་ཙམ་བྲིས་ཨ། དེ་དང་ཞོར་དུ་དག་ཡིག་ཁྲིད་ཐུབ་ན་རྒྱན་རེད་དོ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-10-11 at 2:59 am

    ཚིག་ཉོག་མ་རེད། ཚིག་རྙོག་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-10-11 at 7:15 am

    https://www.youtube.com/watch?v=0HGjIT8DkQ4

    ཧྰེ། དོས་ཏི། ཧྰམ་ ན་ཧིན་ ཆོ་རེང་གེ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme