Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།

Posted on 2017-05-10 By ཁ་བརྡ No Comments on བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།

ཨ་མདོའི་རྫས་ཚ༜རིག་འཛིན་བཀྲ་ཤིས་ཀྱིས།

 

ཀ་དར་བརྒྱུས་པའི་ཚིག་གི་སྐུལ་མས་དཔའ་བསྐྱེད་མ།།
ཁ་གཡང་སྨོན་ལམ་ཕྱག་གི་སྙིམ་པ་སོར་བཅུ་མ།།
ག་དུས་བླ་མས་བསྟན་པ་སྐྱོང་བའི་རྗེས་འཇུག་མ།།
ང་དང་ཕ་མ་གཞན་དག་སྨོན་ལམ་མགྲིན་གཅིག་མ།།

ཅ་ཅོའི་མོད་ལ་བསྟོད་པའི་རེ་བ་རྫོགས་ལྡན་མ།།
ཆ་ཙམ་རྣ་བ་ཟུར་ཙམ་གཡོ་དང་རིག་བཟང་མ།།
ཇ་ཐུན་ཙམ་མིན་མི་ཚེ་སློབ་གཉེར་སྐལ་ལྡན་མ།།
ཉ་མོ་ཆུ་བཞིན་དྲན་པ་བྲིས་པ་སོན་གྱུར་མ།།

ཏ་རེས་བླ་མ་དཀོན་མཆོག་གསུམ་གྱི་རྗེས་བཟུང་མ།།
ཐ་མལ་མི་ཡི་འཚེ་དང་གནོད་པ་སེལ་གྱུར་མ།།
ད་ལྟ་ཕ་མའི་དགེ་རྩ་སྨོན་ལམ་འགྲུབ་གྱུར་མ།།
ན་མཉམ་གྲས་ན་འདོད་འཇོ་རིག་པ་འབྱོན་གྱུར་མ།།

པ་ལོ་ལན་བུ་རྩེ་རྡུམ་ཉ་མའི་བྱད་གཟུགས་མ།།
ཕ་ལོའི་སེམས་ཀྱི་མེ་ལོང་ནང་གི་གཟུགས་བརྙན་མ།།
བ་གམ་གྲོང་ན་འཇིགས་བྲལ་སེམས་པ་ལྷུན་ཆགས་མ།།
མ་ལོའི་མན་ངག་རྒྱུ་ལ་མནབས་པའི་སྤྱོད་བཟང་མ།།

ཙ་རིའི་ཡུལ་འདིར་བརྩོན་པ་ཆུ་བོའི་རྒྱུན་བཟང་མ།།
ཚ་གྲང་ལ་སོགས་དཀའ་སྡུག་འཚོ་བར་འཇིགས་བྲལ་མ།།
ཛ་ཏའི་ཤིང་བཞིན་རྒྱུ་འབྱོར་རིག་གནས་མི་ལྟུང་མ།།
ཝ་སྐྱེས་ལ་ནི་ཤེས་རབ་སེང་གེ་སྟོབས་བསྐྱེད་མ།།

ཞྭ་གོས་ལྷམ་གསུམ་ལྟོ་རྒྱབ་འཚོ་བར་སྡུག་མེད་མ།།
ཟ་འཐུང་བག་ཡོད་གཞན་དང་འགྲོཊ་ལུགས་ཚུལ་མཐུན་མ།།
འ་ཅག་དེང་འདིར་ལྷན་དུ་འཛོམས་པ་བུ་ཕ་མ།།
ཡ་ཐོག་བསོད་ནམས་ལས་ཀྱིས་སྤྲས་པའི་ཕུན་ཚོགས་མ།།

ར་ལུག་ལ་སོགས་རྩྭ་ཐང་རིགས་པ་རབ་དབུལ་མ།།
ལ་ལུང་སྒང་ནས་གླུ་སྐད་བསྐྱོན་པ་རབ་ཟད་མ།།
ཤ་དང་ཡུ་མོ་དངོས་ཡོད་མཐོང་ཐོས་རབ་བྲལ་མ།།
ས་ཆོད་བསམ་ནས་གྲོང་ཁྱེར་ཡུལ་ནས་ཆེར་བསྐྱེད་མ།།

ཧ་ཅང་དགེ་འོ་དཀའ་ཐུབ་འཇུག་ངོགས་དཔལ་འབར་མ།།
ཨ་ཅང་རེ་བའི་འདུན་མ་རྒྱ་ཆེན་འབྱུང་གྱུར་མ།།
ཧ་མའི་སྐྱབས་འཇུག་སྨོན་ལམ་བཏབ་པའི་མཐུས་བྱིན་མ།།
ཨ་སྔོན་མཁའ་རྒྱུ་རྩ་གསུམ་ལྷ་ཚོགས་མཆོག་གསོལ་ལོ།།

དྲ་མིང་མེས་པོའི་ལྕེ་ཞེས་པ་ནས་ཁོ་བོའི་བུ་མོ་སྒྲོལ་མ་སྐྱིད་ཀྱི་མཐོ་རྒྱུགས་ལ་དད་པ་སྙིང་གི་རུས་པ་འཇུ་བའི་གསོལ་འདེབས།   2017ལོའི་ཟླ་4བའི་ཚེས་13ལ།

སྙན་ངག

Post navigation

Previous Post: རང་གིས་རང་ལ་སྨྲས་པ།།
Next Post: ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme