Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)

Posted on 2016-12-262016-12-26 By ཁ་བརྡ་ 7 Comments on བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)

ཨ དོན་ཉིས་བསྒྱུར།

 
བུ་མོ་ཧེ་སྒྲིན་(Heidi) མོའི་སྤོ་བོ་ལགས་དང་མཉམ་དུ་སིད་སི་(Swiss) རྒྱལ་ཁབ་ཀྱི་(Alps)ཨེལ་ཕོ་ཞེས་པའི་རི་རྩེ་ན་བསྡད་ཡོད།ཁོ་གཉིས་ཀྱི་ཤིང་ཁང་སྐྱ་བོ་དེ་རི་ཚོགས་མང་བོར་རྒྱང་ལྟ་བྱེད་ཐུབ་པའི་སྒང་ཐོག་ཅིག་ན་ཡོད་ལ། ཤིང་ཁང་གི་ལྟག་རྒྱབ་ན་ཧ་ཅང་རྙིང་སོང་ཡིན་པའི་གསོམ་སྡོང་རིང་བོ་གསུམ་ཡོད། བུ་མོ་ཧེ་སྒྲིན་ནི་རླུང་གཡུགས་པའི་སྒྲ་དབྱངས་ལ་ཉན་རྒྱུར་དགའ་ཞིང་གསོམ་སྡོང་གི་ཡལ་གའི་སྒྲ་ལའང་གསན་རྒྱུར་དགའ།

རི་སྒང་དེ་ན་བུ་མོ་ཧེ་སྒྲིན་གྱི་འཚོ་བ་ཧ་ཅང་སྐྱིད་པོ་ཡོད། དབྱར་དུས་ཀྱི་ཉི་མ་རེ་རེར་ཁོ་མོ་ཕེ་ཐིལ་(Peter) དང་མཉམ་དུ་རི་མགོར་ར་མ་འཚོ་རུ་སོང་བ་དང་། མོས་རི་སྐྱེས་མེ་ཏོག་ཡོངས་ཀྱི་མིང་རེ་རེ་བཞིན་གསལ་བོར་ཤེས་ཀྱི་ཡོད་ལ། ཁོ་མོ་ཕེ་ཐིལ་གྱི་སྒོ་ཕྱུགས་ར་མ་ཀུན་ཀྱི་གྲོགས་པོ་བཟང་བོ་ཡང་ཡིན།

unnamed-2དགུན་ཁའི་དུས་སུ་རི་སྒང་དེར་གྲང་ངར་ཤིན་ཏུ་ཆེ་བས་བུ་མོ་ཧེ་སྒྲིན་མོ་རང་གི་སྤོ་བོ་ལགས་དང་ལྷན་དུ་ཁྱིམ་ནས་བསྡད་དེ། སྤོ་བོ་ལགས་ཀྱིས་ཤིང་གི་ཁྱེམ་བུ་བཟོ་སྟངས་དང་སྒྲོག་ཙེ་དང་རྐུབ་བཀྱག་བཟོ་བར་བལྟས་ནས་དགུན་རིང་མོ་རེ་རེ་ཕར་བསྐྱལ་བ་རེད།
མཚམས་ལན་རེར་ཕེ་ཐིལ་གངས་ལམ་བརྒལ་ནས་རི་མགོར་བུ་མོ་ཧེ་སྒྲིན་བསུ་རུ་ཡོང་ཞིང་། ཁོས་བུ་མོ་ཧེ་སྒྲིན་རི་གཤམ་དུ་བསྡད་ཡོད་པའི་རང་གི་ཨ་མ་དང་མིག་ལྡོང་བའི་རྨོ་མོ་གཉིས་ལ་ལྟ་རུ་འཁྲིད་པ་རེད།

ཉིན་ཞིག་ཧེ་སྒྲིན་གྱི་ཨ་ནེ་ཡོང་ནས་ཁོ་མོ་སློབ་གྲྭར་ཁྲིད་སོང་། རྒྱང་ཐག་རིང་བའི་མཁར་གྲོང་ཧྥི་རན་ཁུ་ཕོར་ཐི་(Frankfurt) ལ་སློབ་སྦྱོང་བྱེད་དུ་ཁྲིད་སོང་། བུ་མོ་ཧེ་སྒྲིན་གྱིས་གྲོང་ཁྱེར་ཧྥི་རན་ཁུ་ཕོར་ཐི་ནས་གྲོགས་པོ་མང་བོ་རྙེད་སྟབས། གནས་སྐབས་རིང་ཁེར་རྐྱང་གི་སུན་སྣང་མྱོང་མ་དགོས། ལྷག་པར་དུ་ཧེ་སྒྲིན་གྱི་སྤུན་མཆེད་བུ་མོ་ཁེ་ལི་རའི་(Clara) སྨན་པ་བགྲེས་པོ་ཁོང་སྨན་དཔྱད་དུ་ཡོང་ཐེངས་རེར། ཁོང་གིས་བུ་མོ་ཧེ་སྒྲིན་ལ་ངག་འཇམ་པོས་འཚམས་འདྲི་ཞིག་མ་བྱས་ན་གཏན་ནས་མི་འགྲོ་བ་ཡིན།

ཁེ་ལི་རའི་རྨོ་མོ་ལགས་ནི་བུ་མོ་ཧེ་སྒྲིན་ལ་ཀློག་སློབ་མཁན་གྱི་དགེ་རྒན་ཐོག་མ་དེ་ཡིན། བུ་མོ་ཁེ་ལི་ར་ནི་སྙིང་རྗེ་ཞིང་སྤྱོད་པ་ཡག་པོ་ཅན་ཞིག་ཡིན་ནའང་། ཁོ་མོའི་བཞིན་རས་ལ་སྐྱ་མདངས་དོད་ཅིང་གཟུགས་པོ་ཧ་ཅང་ཞན་པས་ཡར་ལངས་ནས་འགྲོ་མི་ཐུབ་པར་མ་ཟད། གཟུགས་མགོར་ལངས་ནས་འདུག་ཀྱང་མི་ཐུབ།

དེ་ནས་བུ་མོ་ཧེ་སྒྲིན་གྱིས་བུ་མོ་ཁེ་ལི་ར་ལ་རི་རྩེ་ན་བསྡད་ཡོད་པའི་ཁོ་མོའི་སྤོ་བོ་དང་ཕེ་ཐིལ་དང་། དགའ་སྤྲོས་ཕྱུག་པའི་ར་ཁྱུ་དང་། རྩྭ་རྩི་ཤིང་སོགས་ཀྱི་སྐོར་ཁྱད་མཚར་བའི་སྒྲུང་གི་ཚུལ་དུ་ཡང་ཡང་བཤད། མོས་མཚར་ཉམས་དང་སྐྱོ་ཉམས་འདྲེས་མས་གལ་ཏེ་ཁྱོད་རང་ཡུལ་དེར་འགྲོ་ཐུབ་ན་ཡུལ་དེ་ནས་ཁྱོད་འཚར་ལོངས་ཡག་པོ་འབྱུང་བར་མ་ཟད། གོམ་པ་ཇི་ལྟར་སྤོ་དགོས་པ་ཡང་ལས་སླ་བོར་སྦྱོང་ཐུབ་ཅེས་བཤད། ཧེ་སྒྲིན་གྱིས་གློ་བུར་དུ། ཨོ་་་་མ་རེད་མ་རེད། རི་མགོ་དེར་འུ་གཉིས་ཀ་སོང་ན་རྩེད་མོ་མང་བོ་རྩེད་ཐུབ་ཅེས་ཧེ་སྒྲིན་མོ་རང་ཡང་ཕྱིར་རི་མགོར་འགྲོ་འདོད་པའི་རྣམ་འགྱུར་བསྟན།

བུ་མོ་ཧེ་སྒྲིན་སྙིང་མ་རྗེ། མོས་ཕ་ཡུལ་གྱི་གངས་རི་དང་ལྗང་མདོག་གི་ལུང་པ་དག་དྲན་བཞིན་འདུག ཁོ་མོ་ཧྥི་རན་ཁུ་ཕོར་ཐི་ན་ཡོད་པའི་ཆོས་ཁང་ཡང་སྟེང་གི་རྩེད་ཁང་གསེར་འོད་འཁྱུག་པ་དེར་ཉིན་རེར་རྩེ་རུ་སོང་ན་ཡང་། ཁང་ཐོག་དེ་ནས་མོས་རྣོ་ཞིང་མྱུར་བའི་མིག་ལམ་དུ་མངོན་ཡོང་བ་ནི་བྲག་རྡོ་སྐྱ་བོས་ཁེབས་པའི་མཁར་གྲོང་དེའི་ཁང་ཁྱིམ་དང་སྲང་ལམ་དག་ཡིན་པ་ལས་ཡངས་ཤིང་མཛེས་སྡུག་ལྡན་པའི་གངས་རི་དང་ལུང་པ། སྐྱེ་དངོས་དེ་དག་མ་ཡིན་ནོ།། དེ་ལྟར་ཉིན་ཞག་མང་བོ་ཕར་འདས་བཞིན་ཡོད་ལ། བུ་མོ་ཧེ་སྒྲིན་གྱིས་ཕ་ཡུལ་དྲན་ནས་མོའི་ཡིད་འོང་གི་བཞིན་རས་ཀྱང་ཉིན་རེ་བཞིན་སྐྱ་བོར་འགྱུར་བཞིན་ཡོད།

ཉིན་ཞིག་བྱམས་བརྩེ་ཅན་གྱི་བུ་མོ་ཁེ་ལི་རའི་སྨན་པ་བགྲེས་པོ་དེས་གཉེར་མ་ཐོད་ལ་བསྡུས་ཏེ་གཟབ་ནན་ངང་། ཁེ་ལི་རའི་ཨ་ཕ་སཱ་སི་མེན་(Sesmann) ལ། བུ་མོ་ཧེ་སྒྲིན་གྱིས་ཕ་ཡུལ་དྲན་ནས་གཟུགས་པོ་ཉིན་རེ་བཞིན་ཇེ་ཞན་ཡིན་པ་དང་། མོའི་བཞིན་རས་ཀྱང་སྐྱ་བོར་འགྱུར་བཞིན་འདུག ཁྱོད་ཀྱིས་ཁོ་མོ་མྱུར་དུ་ཕ་ཡུལ་ལ་ཐེངས་གཅིག་མ་མངགས་ན་ཁོ་མོར་ན་རྒྱུ་རེད་ཅེས་བཤད།

དེའི་ཕྱི་ཉིན་ཏག་ཏག་ལ་བུ་མོ་ཧེ་སྒྲིན་གྱིས་རང་གི་རྒྱབ་ཁུག་ནང་ལ་བསྡུ་གསོགས་བྱས་ཏེ་རང་ཉིད་བརྩེ་ཞིང་དུང་བའི་རི་ཚོགས་ཀྱི་ཡུལ་དུ་ལོག་པའི་གྲ་སྒྲིག་ཆ་ཚང་བྱས། ཁེ་ལི་ར་དང་ཧེ་སྒྲིན་གཉིས་བྲལ་ཁར་ཕན་ཚུན་གཅིག་གིས་གཅིག་ལ་འཐམ་ནས་མིག་ཆུ་ཤམ་ཤམ་དུ་བཞུར་བཞིན་པའི་སྐབས་དེར། གློ་བུར་དུ་བུ་མོ་ཧེ་སྒྲིན་གྱིས་འཛུམ་མདངས་གང་ཡོད་ཕྱུང་སྟེ། ཁེ་ལི་ར་ཁྱེད་ཀྱང་མགྱོག་པོར་ང་ཚོ་ཡོད་སར་ལྟ་སྐོར་དུ་ཡོང་ནས་གནས་དེའི་མཛེས་སྡུག་གི་བཀོད་པ་ཡོངས་རྫོགས་དངོས་སུ་མཐོང་འོང་། ཁྱོད་གནས་དེར་བདེ་ཞིང་སྐྱིད་པ་དང་། རི་བོའི་ཚོགས་ཀྱིས་ཁྱེད་ལ་སྟོབས་ཤུགས་ཀྱང་སྩོལ་ངེས་ཡིན་ཅེས་རེ་སྤོབས་འདྲེས་མས་བཤད།

དེ་ནས་དུས་ཚོད་རིང་བོ་མ་སོང་བར་བུ་མོ་ཧེ་སྒྲིན་གྱིས་དབུགས་ཧལ་ཧལ་དུ་རང་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་རྐང་ལམ་དེད་ནས་ཁེར་རྐྱང་གི་སྤོ་བོའི་ཤིང་ཁང་ཡོད་སའི་རི་ཚོགས་སྙེགས་ནས་བུད་སོང་། སྤོ་བོ་ལགས་ཀྱིས་ཚ་མོ་ཧེ་སྒྲིན་རང་ཁྱིམ་དུ་སླེབས་པར་མ་མཐོང་གོང་ལ། བུ་མོ་ཧེ་སྒྲིན་གྱིས་གློ་བུར་དུ་རང་གི་ལག་པ་ཆུང་ཆུང་སྤོ་བོའི་སྐེ་ལ་སྐོར་ནས་སྤོ་བོ། སྤོ་བོ། ངས་ཁྱེད་རང་དྲན་བྱུང་ཞེས་ཁེར་རྐྱང་ཡིན་པའི་བྱམས་བརྩེ་ཅན་གྱི་སྤོ་བོར་འཐམ་ནས་ངུས། བུ་མོ་ཧེ་སྒྲིན་གྱིས་མུ་མཐུད་དུ་བཀའ་དྲིན་ཆེ་བའི་སྤོ་བོ་ལགས། ད་ནས་བཟུང་ང་གཏན་ནས་ཁྱེད་དང་ཁ་འབྲལ་རྒྱུ་མིན་ཞེས་འཛུམ་ཆུང་དང་མིག་ཆུ་བསྡོངས་ནས་སྨྲས།

ཕྱི་ཉིན་སྐྱ་རེངས་ཤར་ཙམ་ནས་བུ་མོ་ཧེ་སྒྲིན་རི་ངོས་སུ་ཡན་པའི་ར་ཁྱུ་ལ་ལྟ་རུ་འགྲོ་བར་བྲེལ་བ་ལངས་ཤིང་། གསོམ་སྡོང་གི་ཁྲོད་ན་གར་དུ་རྩེན་པའི་བསིལ་འཇམ་གྱི་རླུང་སྒྲར་མཉན་པར་བརྩེ་བས་དེད་དེ། ཕེ་ཐིལ་གྱི་རྨོ་མོ་བསྡད་ཡོད་པའི་གངས་འདབས་དེར་རྐང་ལམ་བརྒལ་ནས་སྙེགས་སོང་། རྨོ་མོ་ལགས་ཀྱིས་ཀྱང་དགའ་སྤྲོའི་མིག་ཆུ་འཁྲིགས་བཞིན་བུ་མོ་ཧེ་སྒྲིན་གྱིས་མོ་ལ་དཔེ་ཆ་ཀློག་པའི་རེ་སྒུག་བྱས་ཡོད། བུ་མོ་ཧེ་སྒྲིན་འཛུམ་དམུལ་དམུལ་ངང་རྨོ་མོའི་མདུན་ནས་ཙོག་སྟེ་དཔེ་ཆ་བཀླགས།

བུ་མོ་ཧེ་སྒྲིན་གྱིས་རང་གི་སྤོ་བོ་ལགས་ལ་ཉིན་རྟག་པར་བུ་མོ་ཁེ་ལི་ར་རི་སྒང་ལ་འཁྲིད་ཡོང་དགོས་པའི་རེ་སྐུལ་ཐེངས་མང་བྱས་པ་དང་། གལ་ཏེ་བུ་མོ་ཁེ་ལི་ར་རི་སྒང་འདིར་འཁྲིད་ཡོང་བ་ཡིན་ན། མོའི་གཟུགས་པོ་ཐང་ཞིང་གོམ་པ་སྤོ་ཐུབ་པའི་སྟོབས་ཤུགས་ཀྱང་རྒྱས་ཐུབ་ཅེས་སྤོ་བོ་ལགས་ལ་རེ་སྐུལ་བསྟུད་མར་བྱས།

ཉིན་ཞིག་བུ་མོ་ཧེ་སྒྲིན་གྱི་འདོད་ཐོག་ལ་རྟ་རྒྱུགས་ཏེ། བུ་མོ་ཁེ་ལི་ར་མལ་གོས་དྲོན་མོའི་ཁུད་ལ་གཅུད་ནས་འགྱོག་ཁྲིར་བཞག་སྟེ། མི་རྣམས་ཀྱིས་ཀྱག་ཀྱོག་གི་རི་ལམ་གཤགས་ནས་རི་སྒང་ལ་ཁྲིད་ཡོང་། ཁེ་ལི་རའི་ཨ་ཕའི་ལག་ཏུ་གྱོན་གོས་དྲོན་པོ་འགའ་བཟུང་ནས་བུ་མོ་ཁེ་ལི་ར་དང་འགྱོག་ཁྲི་འཁུར་བའི་མི་ཚོགས་ཀྱི་རྗེས་སུ་བསྙེགས། བུ་མོ་ཧེ་སྒྲིན་གྱིས་དེ་ལྟར་བུ་མོ་ཁེ་ལི་ར་རི་ཚོགས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་པར་གདན་དྲངས་པ་རེད།

དེ་ནས་བུ་མོ་ཁེ་ལི་ར་དགའ་ཐག་ཆོད་དེ་ང་རང་ཁྱེད་དང་མཉམ་དུ་འདི་ནས་འདུག་ན་འདོད་ཅེས་ཆུང་ལ་འཁྱུག་པའི་མིག་ཟུང་སྔོན་པོ་གཉིས་ནས་འོད་འཇམ་པོར་འཕྲོས་ཤིང་། ང་རང་ཁྱེད་དང་། ཁྱེད་ཀྱི་སྤོ་བོ་ལགས་དང་། གྲོགས་པོ་ཕེ་ཐིལ། ད་དུང་ར་མ་རྣམས་དང་མཉམ་དུ་བདུན་ཕྲག་ཧྲིལ་པོ་བཞི་ལ་རི་སྒང་འདི་ནས་འདུག་ན་འདོད། དེ་ནས་ངའི་ཨ་ཕ་ང་བསུ་རུ་འོང་ཆོག་ཅེས་བུ་མོ་ཁེ་ལི་རས་དགའ་བྲོད་ཆེན་པོས་ཡང་ནས་ཡང་དུ་བཤད། སྐབས་དེར་བུ་མོ་ཧེ་སྒྲིན་གྱིས་མོ་ལ་རོགས་ཆེན་པོ་ཞིག་བྱེད་མི་ནུས་ནའང་། རི་སྒང་འདི་ནས་ཁེ་ལི་ར་དགའ་ཞིང་སྐྱིད་པའི་རེ་བ་ཁོ་ན་བཅངས་ནས་ཁོ་མོས་རི་སྒང་གི་མེ་ཏོག་དང་སྔོ་རྩྭའི་ཁྲོད་ནས་ཁེ་ལི་ར་ལ་ཞབས་བྲོ་འཁྲབ་ཅིང་རྩེད་མོ་བརྩེས་ནས་ཡར་རྒྱུགས་མར་རྒྱུགས་བྱས། དྭངས་ཤིང་བསིལ་བའི་མཁའ་དབུགས་མཉམ་དུ་བརྔུབས།

བུ་མོ་ཁེ་ལི་ར་རི་སྒང་ལ་བསུས་པ་ནས་བཟུང་། ཧེ་སྒྲིན་གྱི་སྤོ་བོ་ལགས་ཀྱིས་ཉིན་རྟག་པར་ཧེ་སྒྲིན་རྗེས་སུ་ཁྲིད་ཅིང་ཁེ་ལི་ར་རྒྱབ་ཏུ་ཁུར་ནས་ཕེ་ཐིལ་གྱི་ར་མ་ཡོད་སའི་རི་ལྡེབས་དེར་སོང་བ་དང་། ཁོང་གིས་བུ་མོ་ཁེ་ལི་ར་དྲི་བསུང་འཐུལ་བའི་སྔོ་རྩྭའི་གདན་ཐོག་ལ་བཞག་རྗེས་བུ་མོ་ཧེ་སྒྲིན་གྱིས་མེ་ཏོག་མང་བོ་བཏུས་ནས་མོ་ལ་བྱིན། མཚམས་ལན་རེར་ཧེ་སྒྲིན་ཁེ་ལི་རའི་རྩིབ་ནས་བསྡད་དེ་ར་མ་དེ་དག་ལ་ཁྱད་པར་ག་རེ་ག་རེ་ཡོད་པ་ཞིབ་ཚགས་པོས་འགྲེལ་བཤད་བྱས།

གཟུགས་གཞི་ཞན་པའི་བུ་མོ་ཁེ་ལི་རས་ཉིན་རྟག་པར་རོ་བཅུད་མངར་བའི་ར་མའི་འོ་མ་དཀར་ཡོལ་གང་རེ་གང་རེ་འཐུང་བ་ན། “ཇི་འདྲའི་ཞིམ་པ་ལ་ཨང་ཞེས་དགའ་སྤྲོའི་འཛུམ་དམུལ་ཡང་ཡང་ཕྱུང་། རི་མགོ་འདི་ནས་ངས་ཟ་མ་མང་བོ་ཟ་ན་འདོད། རང་ཁྱིམ་ནས་ང་ལ་ནམ་ཡང་ཟ་མ་མང་བོ་ཟ་བའི་ཡི་ག་ཡོད་མྱོང་མེད། འདི་ནི་ཅི་འདྲའི་གཟུགས་པོའི་བདེ་ཐང་ལ་ཕན་པའི་རི་སྒང་གི་མཁའ་དབུགས་ཤིག་རེད་ཨང་ཞེས་སྨྲས་པ་ན།” སྤོ་བོ་ལགས་ཀྱིས་མོ་ལ་འཛུམ་མདངས་སྟོན་བཞིན་དེ་རེད་དེ་རེད་ཅེས་ལན་བཏབ།

ཟློག་ཐབས་མེད་པའི་དུས་ཚོད་ནི་དེ་ལྟར་བྲེལ་མྱུར་གྱིས་བཞུད་སོང་ལ་བུ་མོ་ཁེ་ལི་རའི་གཟུགས་པོ་ཡང་ཇེ་བཟང་ཇེ་ལེགས་སུ་གྱུར། ཉིན་ཚུགས་ཤིག་ལ་བུ་མོ་ཁེ་ལི་རའི་ཨ་ཕ་སཱ་སི་མེན་རང་གི་བུ་མོ་བསུ་བར་རི་སྒང་དུ་སླེབས་བྱུང་། དེ་སྔོན་ནད་གཅོང་གིས་བཟུང་བའི་སྙིང་གི་བུ་མོ་ཁེ་ལི་རའི་སྐྱ་སོབ་སོབ་ཀྱི་བཞིན་རས་གར་སོང་ཆ་མེད་དུ་གྱུར་ཏེ། དེའི་ཤུལ་དུ་རྒྱ་སེ་མེ་ཏོག་ལྟར་དམར་བའི་བུ་མོའི་མཁུར་ཚོས་གཉིས་འཛུམ་མདངས་ཀྱིས་ཁེངས་བཞིན་བུ་མོ་ཧེ་སྒྲིན་གྱི་ལག་མགོར་འཇུས་ནས་འོང་བཞིན་པ་དེ་རང་གི་བུ་མོ་ཁེ་ལི་ར་ཡིན་པ་མཐོང་འཕྲལ། ཨ་ཕ་སཱ་སི་མེན་དགའ་དྲགས་ནས་ངོ་གདོང་འཛུམ་གྱིས་ཁེངས་ཤིང་མིག་ཆུས་མགྲིན་པ་བརྣངས་ཞོར་རྒྱུགས་ཡོང་ནས་བུ་མོའི་སྐེ་ལ་འཐམ། བུ་མོ་རང་གི་བྲང་ལ་སྦྱོར་བཞིན་འདི་བདེན་པ་ཡིན་ནམ། འདི་བདེན་པ་ཡིན་ནམ་ཞེས་རང་དབང་མེད་པར་ངུས་སོང་། ཨ་ཕ་སཱ་སི་མེན་དང་བུ་མོ་ཁེ་ལི་ར་གཉིས་ཕན་ཚུན་ལ་འཐམ་ནས་རེ་ཞིག་དེ་གར་ལུས། བུ་མོ་ཧེ་སྒྲིན་ལགས་ཀྱིས་ཁོ་གཉིས་ཀྱི་མཐའ་འཁོར་ནས་དགའ་སྐྱིད་ཀྱི་ཞབས་བྲོ་འཁྲབ་ཅིང་སྤྲོ་སྐྱིད་ཀྱི་གླུ་དབྱངས་གྱེར་བཞིན་ན་རེ། རང་བྱུང་ཁམས་ཀྱི་རི་ཚོགས་ཀྱིས་ཁྱེད་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ངས་སྔར་ནས་ཤེས་ཡོད་ཅེས་འཛུམ་མདངས་ཤིག་ཤིག་གིས་སྨྲས་སོ། །

(Swiss Alps) སིད་སི་རྒྱལ་ཁབ་ཀྱི་སྐད་གྲགས་ཆེ་བའི་རི་ཚོགས་ངོ་མཚར་ཅན་ཞིག་ཡིན།

འགྱུར་རྩོམ།

Post navigation

Previous Post: བླ་བྲང་ཨ་ཁུ་འཇིགས་མེད་སྨན་ཁང་ནང་ལྷུང་ཡོད་པ།
Next Post: བོན་གྱི་སྔ་རབས་གཏོ་གཞུང་དང་དེའི་མཚོན་པའི་རིག་གཞུང་ལྟ་བ་ལ་དཔྱད་པ།

Comments (7) on “བུ་མོ་ཧེ་སྒྲིན། Heidi (བྱིས་སྒྲུང་།)”

  1. ཀླུ་སྨྱོན། says:
    2016-12-27 at 6:34 pm

    སྙན་མོ་བྱུང་། བྱིས་པ་ཚོར་སྒྲུང་འདི་འདྲ་བོད་སྐད་ཀྱིས་འཆད་ཐུབ་ན་ལེགས།

  2. ཟུར་གནས་ says:
    2016-12-28 at 3:32 pm

    དང་པོ་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུ། སྒྲུང་སྙན་པོ་འདུག མིང་དེ་ཚོ་ཀློག་དཀའ་མོ་འདུག ང་ཚོ་གྱོང་ཙམ་དང་བསམ་བློ་གུ་ཡངས་ཙམ་བྱས། ད་དུང་ཧམ་པ་ཆེ་ཙམ་བྱས་ནས། མི་མིང་དང་ས་མིང་དེ་ཚོ་ང་ཚོའི་ཁ་ནས་འདོན་བདེ་བ། ང་ཚོའི་རྣ་བར་གོ་བདེ་བ། ང་ཚོའི་ཡིད་ལ་འཇགས་བདེ་བ་ཞིག་མ་བྱས་ནས། སྒྱུར་རྩོམ་ཚང་མ་རིན་ཐང་ཆུང་ངུར་འགྲོ་ཉེན་འདུག སྒྲུང་དེ་ཚོ་གཞན་ལ་ཀློག་དགོས་སྟབས། མིང་དེ་ཚོ་ཕྲུ་གུ་ཚོའི་རྣ་བར་གོ་བདེ་བ་དགོས། རྒྱ་ནག་ལ་ལྟོས་དང་། ཉི་ཧོང་ལ་ལྟོས་དང་། ཨ་རིར་ལྟོས་དང་། དབྱིན་ཇིར་ལྟོས་དང་། ཕྱི་རྒྱལ་གྱི་མིང་དང་སྒྲ་དེ་ཚོ་བརྗོད་བདེ་ཡོང་བར་འབད་པ་ཆེན་པོ་བྱེད། ང་ཚོའི་གླེན་རྟགས་དང་ལྐུགས་རྟགས་ཀྱིས་སྒྲ་ཚང་མ་རང་གི་འཐོན་མི་ཤེས་གཞན་གྱིས་གོ་ཐུབ་པ་ཤ་སྟག་བཟོས་ནས་ཅི་བྱེད།

    Heidi ཧེ་སྒྲིན་ཟེར་བ་འདི་ལ་ན་འདི་ཧེ་གཏེ་ལྟ་བུ་བྲིས་ན་འགྲིགས་འདུག སུད་སི་ཞེས་ང་ཚོ་ཚང་མར་འདོན་བཞིན་དུ་སིད་སི་ལྟ་བུ་མེད་ན་ལེགས། Peterལ་ཕི་ཐིལ་ལྟ་བུ་གང་ནས་བྱུང་བ་རེད་དམ། དཔེ་སྒྲ། ལྟ་བུ་བྲིས་ན་སྐྱོན་ཅི་ཡོད།

    རབ་བྱུང་ན། རྩོམ་པ་པོས། མིང་དེ་ཚོ་ཀློག་བདེ་བ་དང་། འཇགས་བདེ་བར་རྩོམ་སྒྲིག་བྱེད་ཐུབ་ན་དཔའ་བོ་རེད། དེ་མིན་ཕན་ནུས་ཅི་ཡོད་ཤོད་དཀའ། ཕྲུ་གུའི་སྒྲུང་རེད། ལྟ་བ་མཁྲེགས་པོ་མ་བྱེད་པར་ག་ཚོད་ཀྱིས་ཕྲུ་གུར་ཕན་ཐུབ་པའི་ཀུན་སློང་ཡོད་ན་བཟང་།

    བློ་ཁོག་ཆེ་ཙམ་བྱས་ནས་མིང་དེ་ཚོ་ང་ཚོས་ཀློག་བདེ་བ་བྱས་ན་སྐྱོན་གང་ཡོད། ང་ཡིན་ན།

    Peter དཔེ་ཀྲར།
    Heidi ཧེད་རྡི།
    Clara ཀ་ལར་ར།
    Sesmann གསེར་སེརམིག ལྟ་བུ་འགྱུར་བར་བྱེད།་

  3. བློ་བཟང་། says:
    2016-12-30 at 12:41 am

    Peter་་་་ཕེ་ཐར།
    Heidi ་་་་ཧ་ཡེ་སྡེ།
    Clara ་་་་་ཁི་ལ་ར།
    Sesmann་་་ སེ་སི་མན།
    འཇར་ཡིག་གི་སྒྲ་གདངས་ངོ་མ་འབྲི་ན་འདི་ལྟར་རེད།

  4. བློ་བཟང་། says:
    2016-12-30 at 12:48 am

    གང་ལྟར་འདི་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བ་ཡིན་ས་རེད་སྒྲ་གདངས་ཚང་མ་རྒྱ་ནག་གི་གདངས་འདྲ་བསྒྱུར་འདུག

  5. ཀརྡོ་རབ་འབྱམས་པ་ says:
    2016-12-30 at 2:38 am

    བྱིས་སྒྲུང་ཤོད་དུས། ཁ་སྐད་བཀོལ་ན་ལེགས།

  6. ཀརྡོ་རབ་འབྱམས་པ་ says:
    2016-12-30 at 2:48 am

    བུ་མོ་ཧེ་སྒྲིན་སྙིང་མ་རྗེ།
    འདི།
    བུ་མོ་ཧེ་སྒྲིན་སྙིང་མ་གཅེས།
    མིན་འགྲོ་སྙམ།

  7. ཀརྡོ་རབ་འབྱམས་པ་ says:
    2016-12-30 at 2:54 am

    སྤོ་ཕོ། རྨོ་མོ།
    ཨ་ཕ། ཨ་མ།
    ཨ་ཞང་། ཨ་སྲུ།
    ཨ་ཁུ། ཨ་ནེ།
    བུ། བུ་མོ།
    ཚ་བོ། ཚ་མོ།
    ཞེས་སོགས་སུ་བྲིས་ན་སྐྱོན་གང་ཡོད་མ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme