Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།

Posted on 2024-03-14 By ཁ་བརྡ་ No Comments on བུ་མོ་ལོ་གསུམ་ཅན་ཞིག་དང་འཕྲད།

–རྔ་བ་ཀུན་བཟང་།

ངའི་མིང་ལ་བསྟན་འཛིན་པད་མ་ཟེར་ཞིང་། ད་ལྟ་ལོ་གསུམ་ཡིན། ངའི་ཕ་མ་གཉིས་ཀ་ཡུལ་འཁྱམ་པ་ཡིན་ལ། ང་ཡང་ཕ་ཡུལ་མེད་པའི་བྱིས་པ་ཞིག་ཡིན། ཁ་སང་དགུང་མོ་ནས་བཟུང་ཕ་མ་གཉིས་ཀའི་བོད་ཀྱི་རྒྱལ་དར་དང་རྒྱལ་གླུ་སོགས་གྲ་སྒྲིག་བྱས་ནས་ང་ལ་ཞོགས་པ་སྔ་མོ་ནས་ཡར་ལངས་དགོས་པ་བཤད་སོང་།། འོན་ཀྱང་རྒྱུ་མཚན་ཅི་ཡིན་མིན་དང་གང་ལ་འགྲོ་དགོས་བ་བཤད་མ་སོང་། གང་ལྟར་དེ་རིང་ང་མི་མང་བརྒྱ་ཕྲག་འགའ་འཛོམས་ས་ཞིག་ལ་སླེབས་འདུག། མི་དེ་དག་གི་ནང་དུ་སློབ་མ་དང་། གྲྭ་བ། ན་གཞོན་ཕོ་མོ། རྒན་རབས་པ། ད་དུང་བོད་པ་མ་ཡིན་པའི་མགོ་སེར་དང་རྒྱ་གར་བ་ཡང་རེ་འགའ་ཞིག་མཐོང་སོང་།། ལྷག་པར་ཏུ་བོད་རིགས་རེ་རེའི་ལག་ལ་བོད་རྒྱལ་དར་རེ་བཟུང་འདུག་ལ། “གདོང་ལ་བོད་རང་དབང་བཙན།” “བོད་རྒྱལ་ལོ། “ “རྒྱ་མི་བོད་ནས་ལོག་དགོས། “ “བོད་ལ་རང་བཙན་དགོས། “ “བོད་ཀྱི་བདག་པོ་བོད་མི་ཡིན” ཞེས་པ་འབོད་ཚིག་བྲིས་འདུག་ཀྱང་། ང་ལོ་ཆུང་བས་དེ་རིང་གནས་ཚུལ་ག་རེ་བྱུང་ཡིན་མིན་ལ་བསམ་གཞིགས་གང་ཡང་བྱེད་མ་ཐུབ།། ད་དུང་ཞོགས་ཇ་ཚར་བ་དང་ངའི་པ་ལགས་ཀྱིས་སྒམ་ཆུང་ཆུང་ཞིག་འཁྱེར་ཡོང་ནས་ངའི་གདོང་ལ་བོད་ཀྱི་རྒྱལ་དར་ཆ་ཚང་ཞིག་བྲིས་བ་དང་མཉམ་དུ། ངའི་ལོ་གསར་སྐབས་སུ་གྱོན་བཞིན་ཡོད་པའི་གོས་ཆེན་ཟིང་སྐྱ་ཅན་དེ་ཡང་ང་ལ་གཡོགས་བྱུང་། ནམ་རྒྱུན་ཡིན་ན་ངའི་གདོང་ལ་ཨ་མས་ཤ་གསོས་བྱུག་པ་ལས་དེ་རིང་གི་རི་མོ་དེ་འདྲ་འབྲི་སྲོལ་ཡོད་མ་རེད། རེད་དེ། ངའི་ཨ་ཕའི་རེ་བ་ལྟར་གང་བྲིས་པ་གཟབ་གཟབ་བྱས་ནས་སྣོགས་སུ་མ་བཅུག་པར། ཕ་མ་གཉིས་ཀ་ཧ་ཅང་དགའ་བོ་བྱུང་འདུག་ལ། ལམ་ཁར་ནས་ཐུག་པའི་མི་མང་ཁྲོད་ནས་ཡང་ངའི་གདོང་གི་རི་མོ་ལ་བལྟས་ནས་” བུ་མོ་ཆུང་ཆུང་སྙིང་རྗེ་མོ་ཞིག་འདུག་” ཟེར་མཁན་ཧ་ཅང་མང་གི།། འོན་ཀྱང་། ཡ་མཚན་ཞིག་ལ་མི་མང་འདུ་འཛོམས་ས་ནས་ངའི་ཨ་མས་མིག་ཆུ་བཏང་བ་དང་ལག་ལ་རྒྱལ་དར་བཟུང་ནས་”བོད་ལ་རང་དབང་དགོས” ཟེར་ནས་སྐད་རྒྱབ་དུས། ཨ་ཕའི་ཟུར་ནས་ཚིག་གཅིག་ཀྱང་མ་བཤད་པར་ང་ལག་པས་བཟུང་ནས་”བུ་མོ་རྗེས་མ་ང་ཚོ་བོད་ལ་ལོག་དགོས་རེད་” ཟེར་ནས་ཁོང་གིས་ཡང་མིག་ཆུ་ཐར་ཐར་བཏང་བའི་རྣམ་པ་ལ་བལྟས་ན།དེ་རིང་ངའི་ཕ་མ་གཉིས་ཀ་སེམས་པ་སྐྱིད་པོ་མེད་པར་འདྲ།ད་དུང་གཡས་གཡོན་ན་ཡོད་པའི་མི་ཚང་མ་གདོང་ལ་སྐྱོ་གདུང་དང་ངར་ཤུགས་ལངས་པ་ཏག་ཏག་ལས་དགའ་དགའ་སྤྲོ་སྤྲོ་མཁན་མི་གཅིག་ར་མཐོང་ཡ་མི་འདུག།།སྐབས་དེ་ཏག་ཏག་ཨ་ཅེ་གཟུགས་རིང་ཞིག་ཡོང་ནས་ང་ཡོད་སའི་གཡོན་ཕྱོགས་ལ་བསྡད་སོང་།མགོ་ནས་རྐང་པའི་བར་ནག་རྐྱང་ཞིག་གྱོན་པས།ཨ་ཅེ་གཟུགས་རིང་དེ་ཡང་དེ་རིང་མྱ་ངན་བྱེད་བཞིན་ཡོད་པ་འདྲ།ཕྱི་ཚུལ་ནས་བལྟས་ན་བོད་པ་འདྲ་བོ་མི་འདུག།རེད་དེ།སྐར་མ་འགའི་རྗེས་ནས་ང་ལ་བོད་སྐད་ཐོག་ནས་མིང་དང་ལོ་ད་དུང་གདོང་གི་རི་མོ་པར་ཞིག་ལེན་ཆོག་གམ་ཞེས་ངའི་ཨ་ཕ་ལགས་ལ་གནང་བ་ཞུ་དུས།ད་གཟོད་ཨ་ཅེ་གཟུགས་རིང་དེ་བོད་པ་ཞིག་ཡིན་པ་ཤེས་སོང་ལ།ང་ལ་སིལ་ཁུ་ཞིག་ཡང་ཉོས་ནས་བྱིན་སོང་།།ཀློག་པ་པོ་ལགས།གོང་གི་ཨ་ཅེ་གཟུགས་རིང་དེ་ང་རང་ཉིད་ཡིན་ལ།རྩོམ་འདི་དེ་རིང་མི་ཚོགས་ཁྲོད་ནས་འཕྲད་པའི་བུ་མོ་ལོ་གསུམ་གྱི་རྣམ་པ་དེ་མཐོང་ནས་རྟོག་གཏམ་ཚུལ་ཏུ་བྲིས་ཡིན་ནོ།།

བསམ་ཚུལ།

Post navigation

Previous Post: སྤྱི་ཚོགས་དྲ་རྒྱ་དེ་ཕྱོགས་གཏོགས་ཆབ་སྲིད་ལ་དུས་ནམ་ཡང་ཁ་ཕྱོགས་མི་ཉན་ནོ།
Next Post: བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཇོ་ནང་བའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་ངེས་པར་དུ་བྱེད་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme