Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་མཛེས་མ་ཞིག་ལ།

Posted on 2013-07-19 By ཁ་བརྡ་ 8 Comments on བུ་མོ་མཛེས་མ་ཞིག་ལ།

རེབ་ཐོག་མདའ།

སྲང་ལམ་དོག་མོ་གོམ་པས་བཅད་དེ་ནང་ལ་ལོག་པའི་བར་སྐབས་དེར།།
ང་ཡི་མདུན་ཕྱོགས་ཚོང་ཁང་སྒོ་ནས་ན་ཆུང་མ་ཞིག་མིག་ལ་ལྷུང་།
ཀོ་བའི་སྟོད་ལྭ་དམར་སྨུག་འོག་ན་ལང་ཚོའི་མེ་ཏོག་རྒྱས་ཡོད་པའི།།
སྐེད་པ་ཕྲ་ཞིང་སྒེག་ཉམས་དོད་པའི་ཁྱོད་ཀྱི་མགོ་ནས་རྐང་པའི་བར།།
ཕོ་ལུས་ཐོབ་པའི་མྱི་ཡི་ཚོགས་ཀྱི་མིག་དེ་མི་གཡོ་སུ་ཞིག་མཆིས།།

སྐྲ་ལོ་རིང་པོའི་ཁ་དོག་བསྒྱུར་བ་ས་སྲོད་ཀློང་གི་མཚམས་སྤྲིན་བཞིན།།
ལྷན་སྐྱེས་མཛེས་པའི་ཞལ་རས་དྭངས་མོ་དཀར་དམར་ཚོན་ཀྱིས་མ་བྱུག་པར།།
སྐབས་རེར་གད་མོ་ལྷུག་ལྷུག་དགོད་ཅིང་མཚམས་རེར་མིག་གིས་རྒྱང་ལ་བལྟ།།
ལན་རེར་བདག་གི་ཕྱོགས་ལ་བལྟ་བཞིན་ངོ་ཚའི་གདོང་པ་འགྱུར་འགྲོ་བའི།།
མཛེས་པའི་ཆ་ཤས་ཡོངས་སུ་རྫོགས་པའི་ན་ཆུང་མ་ཁྱོད་སེམས་ལ་ཐོག།

བདག་གིས་ཟུར་མིག་ལན་གཅིག་འཕངས་པ་ཁོ་མོའི་ཚོར་བས་ཟིན་སོང་སྙམ།།
ཁོ་མོའི་གདོང་གི་འཛུམ་ཆུང་མེ་ཏོག་བདག་གི་སེམས་ལ་འཛུལ་ཡོད་སྙམ།།
བདག་གི་དམིགས་སའི་གསང་བའི་མཐའ་དེ་ཁོ་མོས་ཅུང་ཙམ་རྟོགས་ཡོད་སྙམ།།
གློ་བུར་ཆར་ཤུགས་དྲག་ཏུ་བབས་པས་ངེད་གཉིས་གོ་སྐབས་སྤྲད་སོང་སྙམ།།
སྟེས་དབང་བར་ནས་ཁྱོད་རང་མཐོང་བ་ཞོགས་པ་འདི་ཡི་སྐྱིད་ཡིན་སྙམ།།

ཨེ་ཤ་ཡ་ཡི་བུ་མོའི་གྲས་ནས་ཁྱོད་ཀྱི་སྐྱེས་གཟུགས་འགྲིག་ནས་གདའ།།
རྡ་སའི་རི་གྲོང་ཆུང་ཆུང་འདི་ན་ཁྱོད་ཀྱི་ཞལ་རས་ཟླ་བའི་ཚུལ།།
ཕ་ཡུལ་གང་ཡིན་སོམ་ཉི་བྲལ་ཡང་བོད་པའི་གཤིས་ཀ་ཁྱོད་ལ་འདུག།
ཁ་བརྡ་བྱེད་པའི་ལས་ཀྱིས་སྟོང་ཡང་ལྐོག་ནས་བལྟ་བའི་མིག་ཟུང་དེས།།
བདག་གི་སེམས་པའི་ཟབ་ས་ཞིག་ལ་རྨ་མེད་ན་ཟུག་བསླང་བཏང་ཐལ།།

སྐབས་རེར་བདག་ནི་ཁྱོད་སེམས་སྨིན་པའི་སྙིང་གི་མཛའ་བོ་ཡིན་ན་བསམ།།
མཚམས་རེར་ང་ནི་གདོང་ལ་བབས་པའི་ཆུ་ཡིས་ཐིགས་པར་གྱུར་ན་སྙམ།།
འོན་ཏེ་ཁྱོད་ནི་སུ་དང་གང་གིས་རྒྱུས་མེད་འཇིག་རྟེན་འགྲིམས་མེད་ན།།
ངོ་འབག་མཐུག་པོ་གདོང་ལ་གྱོན་ནས་མིང་དང་ལོ་རྒྱུས་ཉུང་ངུ་ཞིག།
མ་ཤེས་བདག་ནི་ཁྱོད་དང་བྲལ་ཏེ་གནས་ཡུལ་གཞན་ལ་རྒྱུ་མི་འདོད།།

ལོ་དང་ན་ཚོད་ཆུང་རྒྱུ་མི་འདུག་ཉི་ཤུའི་ནང་ཞིག་ཨེ་ཡིན་འདོད།།
ཁ་བརྡ་བྱེད་པའི་ཉམས་དེ་མཐོང་ན་གཤིས་ཀ་འཇམ་པོ་ཨེ་ལྡན་འདོད།།
ཡག་དང་མོ་སྒོ་མཛེས་པའི་སྦུག་གི་བསམ་བློའི་གཏིང་དེ་ཨེ་ཟབ་འདོད།།
ཕྱི་རོལ་ཞིག་ནས་རྡ་སར་སླེབས་པའི་མགྲོན་པོའི་གྲས་ལ་ཨེ་ཚུད་འདོད།།
ཁྱོད་ལ་ཆ་རྒྱུས་ཟབ་མོ་མེད་ཀྱང་བདག་གི་སེམས་འདི་སྤྲད་ན་འདོད།།

རྡ་སའི་ཆར་ཞོར་ནམ་ཟླ་འཁྱག་ཀྱང་ཁྱོད་རང་མཐོང་བའི་སེམས་འདི་དྲོ།།
ཕྱི་ནང་བུ་མོ་འདི་ན་མང་ཡང་ཁྱོད་རང་འདྲ་བ་ཉིན་མོའི་སྐར།།
ཚེ་གཅིག་སྐྱ་ཡའི་རྨི་ལམ་རིང་ཡང་དགོང་གཅིག་མཆིན་པ་གླན་ན་འདོད།།
སྙན་མོ་ཚིག་གིས་བསླུ་དགོས་བྱུང་ཡང་ཁ་བརྡའི་སྣེ་ལ་འདོགས་ཀི་ཡིན།།
སྒོར་མོའི་བམ་ཁ་མཐུག་དགོས་བྱུང་ཡང་ཁྱོད་ལ་འགྲོ་སོང་གཏོང་གི་ཡིན།།

ད་ནངས་འཕྲད་པའི་བུ་མོ་ཕྱོགས་ལ་ལུས་སེམས་གཉི་ཀ་མ་ཁོག་ཐལ།།
ད་ནས་བཟུང་སྟེ་ཁྱོད་ཀྱི་ཕྱོགས་ལ་ར་མདའ་བཞིན་དུ་འདེད་ཀི་ཡིན།།
ད་ལོ་སང་ལོའི་ལོ་ཟླའི་ཁུགས་ནས་ཁྱོད་ལ་ཉིན་མཚན་སྒུག་གི་ཡིན།།
ད་ལྟ་ཁྱོད་ནི་བདག་གི་སེམས་ན་དལ་གྱིས་བཞད་པའི་མེ་ཏོག་ཡིན།།
ད་ནི་བདག་གི་ལུས་ངག་ཡིད་གསུམ་བུ་མོ་ཁྱོད་ལ་བཅོལ་གི་ཡིན།།
ཕྱི་ལོ  ༢༠༡༣ ལོའི  ༧ཚེས ༡༧་ཉིན་དཔེ་མཛོད་ནས་བྲིས།

སྙན་ངག

Post navigation

Previous Post: དངུལ་ཁུག་འཛག་པ།
Next Post: ལང་ཚོའི་རྦབ་ཆུ།

Comments (8) on “བུ་མོ་མཛེས་མ་ཞིག་ལ།”

  1. གནམ says:
    2013-07-19 at 9:16 am

    སྐབས་རེར་གད་མོ་ལྷུག་ལྷུག་དགོད་(དགོད་རོགས་མེད་པར་རྒོད་ཀི་འདུག་ནི་ཞིག་ཡིན་ན་ཀླད་པ་ཐང་ཐང་ཞེ་དྲག་མེད་པའི་རྟགས་རེད་ཐལ། ཧ་ཧ)ཅིང་མཚམས་རེར་མིག་གིས་རྒྱང་ལ་བལྟ།།
    ལན་རེར་བདག་གི་ཕྱོགས་ལ་བལྟ་བཞིན་ངོ་ཚའི་གདོང་པ་འགྱུར་འགྲོ་བའི།།

  2. གླིང་ཕྲུག་། says:
    2013-07-19 at 9:32 am

    སྙན་ངག་ཡག་པོ་ཞིག་བྲིས་འདུག་།ཡིན་ན་ཕལ་ཆེ་གྲྭ་བ་ཞིག་ཡིན་ས་རེད་།

  3. གླིང་ཕྲུག་། says:
    2013-07-19 at 9:32 am

    སྙན་ངག་ཡག་པོ་ཞིག་བྲིས་འདུག་།ཡིན་ན་ཕལ་ཆེ་གྲྭ་བ་ཞིག་ཡིན་ས་རེད་།

  4. བན་དེ་བ། says:
    2013-07-19 at 9:44 am

    ད་ང་ཡི་དྲ་གྲོགས་ཕལ་ཆེ་བ་ཀླད་པ་ཐང་ཐང་མེད་པ་འདྲ། གཞན་ལ་མ་འདོད་པའི་དགག་བཞག་བྱེད་དུས་གཅིག་པོར་་་་ཧཧ་ཟེར་ནས་དགོད་ཡོང་གི་འདུག

  5. གནམ says:
    2013-07-19 at 10:09 am

    བན་དེ་བ་ལགས། དེང་སང་སྐུ་རྩེད་དང་ཐུགས་ཡང་དག་ཙམ་མ་བྱས་ན། མཆན་བུ་སུ་ཡིན་ལ་བཏབ་ན་བཀའ་བཀྱོན་དྲག་མ་རག་གི་འདུག་ཐལ།

  6. བན་དེ་བ། says:
    2013-07-19 at 10:14 am

    གནམ་ལགས་་་འོ་ཙི་དེ་འདྲ་རང་ད་ཨེ་ཡིན་ན། མ་གཞི་ནས་དྲ་གྲོགས་གནམ་ཁྱེད་ལྟ་བུ་ལ་བཀའ་བཀྱོན་དྲ་མ་འདྲ་བཏང་ཀྱང་སྐྱོན་ཡོད་རྒྱུ་མ་རེད། གནམ་ལ་གནམ་གྱི་དངོས་པོ་མེད། ཟེར་བ་བཞིན་ཐུགས་ནམ་མཁའ་ལྟ་བུ་ལ་གང་གིས་ཀྱང་གཡོ་བར་མི་ནུས། ང་ལྟ་བུ་ལ་དེ་འདྲ་བཀའ་བཀྱོན་བཏང་ན་དཀའ་སེ་ཡིན་རྒྱུ་རེད།

  7. རེ་སྟོང་ནས། says:
    2013-07-22 at 6:15 am

    དྲྭ་གྲོགས་ཚོ་བཀྲ་ཤིས་བདེ་ལེགས།

  8. ཇ་མ་ says:
    2013-07-22 at 4:04 pm

    རེབ་ཐོག་མདའི་སྙན་ངག་ཡར་རྒྱས་ཕྱིན་འདུག ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme