Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་དེའི་ཚབ་དུ།

Posted on 2012-09-112012-09-11 By ཁ་བརྡ་ 2 Comments on བུ་མོ་དེའི་ཚབ་དུ།

མྱི་ལྟིག

_རང་ཡུལ་གྱི་བུ་མོ་ཆུང་ཆུང***མགྲོན་ཁང་ཞིག་ཏུ་གཅེར་བུར་ཕུད་ཡོད་པའི་འདྲ་པར་མཐོང་རྗེས།
འདོམ་གྱི་བུ་ཆུང་འཇིབ་ཀྱང་རྣམ་རྟོག་ལ་མི་འཇིག།།
བྷ་གའི་ཁྱིམ་མཚེས་འདོད་ཀྱང་ན་ཟུག་ལ་མི་འཛེམ།།
སྟེང་འོག་གཡས་གཡོན་གང་དུ་ཅི་འདོད་དུ་བསྐོར་ཆོག།།
མ་བཅོལ་འདྲ་པར་ཞིག་གིས་བརླག་དོན་ནི་འདུག་གམ།།

ཁྲ་ཁྲ་ཆིལ་ཆིལ་མང་བའི་རེབ་གོང་དུ་འཕྲད་ནས།།
དགའ་དགའ་དུངས་དུངས་ཡིན་པས་ཁྱོད་བློ་དང་བསྟུན་ཏེ།།
ནན་ནན་ཏན་ཏན་ཡིན་པའི་ཡིད་ཆེས་ཤིག་འབུས་མོད།།
ཟང་ཟིང་ལང་ལོང་ཡིན་པས་ངའི་བློ་དང་འགལ་འདུག །

བསླུ་བྲིད་དཀར་པོ་བཏིངས་ཏེ་སྣ་ལུང་དུ་བྱས་པས།
མཇུག་འབྲས་ནག་པོ་ཐེབས་པའི་བློ་དོགས་ཤིག་མ་ཡོད།།
1གློག་བརྙན་དམར་པོ་ཞིག་ཏུ་མ་བཏོན་པ་ཙམ་ལས།།
ཉམ་ཆུང་བུ་མོ་ཁྱེད་རང་ཧྲུལ་ཧྲུལ་དུ་བཏང་འདུག།

དེང་གི་ན་གཞོན་དེང་རབས་འཕྲུལ་ཆས་ཀྱིས་བརྒྱན་ན།།
རང་གི་ཤ་མཆིན་གླན་སའི་རོགས་ལོ་སུ་ཡིན་རུང་།།
ལྷད་མེད་དྭངས་གཙང་ཟེར་བའི་མནའ་ཚིག་དེར་འགལ་ཏེ།།
མི་འདོད་ཀུན་ལ་བརྡལ་བའི་བྱ་སྤྱོད་འདི་སྐྱོ་ཨང་།

དགའ་བའི་སེམས་པ་དམར་པོ་ལག་ནང་བཞག་སྟེ།།
རྣམ་དག་བརྩེ་བ་ཞིག་ལ་ལུས་སེམས་གཉིས་གཏད་རུང་།།
ཁྲེལ་གཞུང་ཕྱི་ཐག་ཕྲ་བའི་སྟག་ཤར་དེས་བྱིན་གྱིས།།
ན་ཆུང་བུ་མོ་གཅེར་བུར་རྒྱལ་ཁམས་ལ་བསྟན་སོང་།།

ང་རང་ཁྱོད་རང་མིན་པས་ཁྲོས་དོན་ཞིག་མེད་ཀྱང་།།
ཁྱོད་དང་ཁྱོད་འདྲའི་ལང་ཚོ་མི་ཚོགས་སུ་གཏོར་དུས།།
ངའང་ཁོག་འདར་ཞིག་གིས་རྩ་ལམ་ཀུན་སྦྲིད་དེ།།
གློ་བུར་ངག་ནས་སྐད་ཆ་བརྒྱུས་མ་འདི་འཐོར་རོ།།
2012 9 9དགོང་མོ།

སྙན་ངག

Post navigation

Previous Post: " དྲིན་ཆེན་ལག་རྡོ་ཡིས་རྡུངས་"ཟེར་བ་དེ་མ་བྱེད་རོགས།
Next Post: ཁ་སང་གི་གཏམ་རྒྱུད།

Comments (2) on “བུ་མོ་དེའི་ཚབ་དུ།”

  1. ཁ་བ་འཚོ says:
    2012-09-11 at 1:34 pm

    གལ་སྲིད་འདི་བདེན་པ་ཡིན་ན།པར་རྒྱག་མཁན་གྱི་མིང་གསལ་བོ་བྱས་ཏེ་བྲིས་ནས་དྲ་ཐོག་ཡོངས་བསྐུར་ན་ལེགས།
    མི་འདི་འདྲའི་རིགས་ཀྱིས་བུ་མོ་ལོ་ཆུང་མང་པོ་འཕྲོ་བརླགས་གཏོང་གི་ཡོད་པས་འདིའི་རིགས་དམར་རྗེན་བྱས་ཏེ་མིང་བཏོན་དགོས་བར་སྙམ།

  2. མྱི་དཀར་ says:
    2012-09-12 at 11:38 am

    བདེན་པ་རེད་དེ་འདྲ་ད་མང་པོ་ཡོད་པ་རེད་དེ་ལ་དམིགས་བསལ་གསལ་པོ་ཞིག་བྱེད་དགོས་དོན་མཐོང་མ་སོང་གལ་སྲིད་གསལ་པོ་བྱེད་ཀྱང་དེ་སུ་ཡིའི་འགོག་དུས་ནམ་ཡང་འགོག་ཐུབ་ཀྱིན་མ་རེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme