Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་དང་ཁྱི་ཤ།

Posted on 2009-12-172009-12-17 By ཡེ་ཤེས་ 6 Comments on བུ་མོ་དང་ཁྱི་ཤ།

ནགས་ཤོད་རིག་རལ།

ང་དང་ལས་རོགས་ཞོ་ཀྲང་དང་། དཔའ་ཐུར། ཝེན་ཀང་མཉམ་དུ་ཐེངས་དང་པོ་ཁོ་རེ་ཡའི་ཟ་ཁང་ཞིག་ཏུ་དགུང་ཟས་ཟ་བར་ཕྱིན།

དབྱར་དུས་ཀྱི་ཁྲི་མདོ་གྲོང་ཁྱེར་ནི་ཚ་སུབ་ཐེབས་པའི་ཐབ་ཚང་ཞིག་ལྟར་དྲོད་རླངས་ཀྱི་སྨུག་སྤྲིན་དེ་དག་ཁང་ཆེན་ཚོགས་ཀྱི་རྩེ་མོར་ན་བུན་འཁྱིལ་བ་ལྟར་འཁྲིགས་འདུག གྲང་སིལ་སིལ་གྱི་ཟ་ཁང་ནང་དུ་འཛུལ་མ་ཐག་གཞི་ནས་ལུས་ཀྱི་བ་སྤུ་ཐམས་ཅད་རང་སར་གནས་ཐུབ་པའི་ཚོར་སྣང་ཞིག་དང་ལྷན་དུ་ཞབས་ཞུ་མའི་བཀོད་སྒྲིག་ལྟར་སྒྲོག་ཙེ་སྒོར་མོ་དེ་མཐའ་སྐོར་ནས་བསྡད།

ཞོ་ཀྲང་གིས་དཔུང་པ་བརྫེས་བཞིན་དུ། “དེ་རིང་ང་ཚོས་ཁྱི་ཤ་ཞིམ་པོ་ཟ་དགོས། ཟ་ཁང་འདིའི་ནང་གི་ཁྱི་ཤ་བྲོ་བ་ཆེན་པོ་ཡོ་རེད་”ཟེར།

མན་ཇུ་རིགས་བྱས་པའི་ཝེན་ཀང་གིས་དེ་མར། “མོས་མཐུན་ཡོད། ཁྱི་ཤ་མ་བཟས་ཡུན་རིང་འགོར། དེ་རིང་ཚ་བ་ཆེ་ཡང་ཟ་གི་ཡིན་”ཟེར།

ངས་སོག་པོ་དཔའ་ཐུར་གྱི་གདོང་ལ་བལྟས་པས་ཁོའི་ཁ་ཟུར་ནས་ཀྱང་འཛུམ་ཆུང་ཞིག་ མངོན་པ་དང་ཁ་མཆུ་ཞིག་མིད་བཞིན་དུ། “ཡོང་ང་། ང་ཚོས་ཁྱི་ཤ་ཟ་”ཟེར།

ངས་ དེ་མར། “ང་བོད་ཁ་བ་ཅན་གྱི་རྒྱུད་པ་ཡིན། ཁྱི་ཤ་ཟ་བའི་སྲོལ་འདི་ང་ཚོ་ལ་ མེད། ཝེན་ཀང་དང་དཔའ་ཐུར་ཁྱེད་གཉིས་ལ་ཡང་ཡོད་ཀྱི་མ་རེད། ད་ངན་པ་དང་འགྲོགས་ ཡུན་རིང་བས་ཞོ་ཀྲང་གི་བག་ཆགས་ངན་པ་འདི་ཡང་ཁྱེད་གཉིས་ལ་འགོས་འདུག་”ཅེས་རྩེད་ མོའི་ཚུལ་གྱིས་བཤད།

ཝེན་ཀང་གིས་དགོད་བཞིན་དུ། “ཁྱི་ཤ་དངོས་གནས་ཞིམ་པོ་ཡོ་རེད་”ཟེར།

ངས་དེ་མར། “ཞིམ་པོ་བཤད་ན་མི་ཤ་བཟས་ཀྱང་ཞིམ་པོ་ཡོད་ས་རེད། འོན་ཀྱང་ང་ཚོ་མི་ རིགས་སོ་སོར་གོམས་སྲོལ་མི་འདྲ་བ་ཡང་ཡོད་པ་རེད། ངའི་མེས་པོ་རྣམས་ཁྱི་ཤ་ཟ་དགོས་པའི་གནས་སུ་ལྷུང་མྱོང་མེད་པའམ། ཁྱི་ནི་སྒོ་ཕྱུགས་སྲུང་མཁན་གྱི་གྲོགས་པོ་ལྟ་བུར་འཛིན་པའི་གོམས་སྲོལ་འདི་ལ་ ང་རང་སྤོབས་པ་སྐྱེ་ཡི་ཡོད། ཁྱོད་ཚོས་ངའི་མི་རིགས་གོམས་གཤིས་ལ་མཐོང་བཏང་ན་དེ་རིང་སྒྲོག་རྩེའི་སྟེང་ལ་ ཁྱི་ཤ་མི་སྒྲིག དེ་མིན་ན་ང་ཡང་སྒྲོག་ཙེ་ལོགས་སུ་ང་རང་གི་དགུང་ཟས་བཟའ་གི་ཡིན་”བཤད།

དཔའ་ཐུར་གྱིས་དེ་མར། “རེད། རེད། དེ་རིང་ཁྱི་ཤ་མི་ཟ་”ཟེར།

ཞོ་ཀྲང་གིས་ཐ་མག་རྐང་གཅིག་ལ་མེ་སྒྲོན་པ་དང་། སྐྱ་ཐལ་ཐལ་གྱི་དཔྲལ་བར་གཉེར་ མའི་བརྩེགས་པ་ཞིག་རྩིག་བཞིན་དུ། “དོན་གྲུབ། ཁྱེད་རང་ཀླད་པ་མཁྲེགས་པོ་བྱས་ ཀྱང་ཆོ་ཡོ་མ་རེད། ཁྱེད་རང་གིས་མ་བཟས་ཀྱང་ཁྱེད་རང་གིས་བུ་མོས་ནམ་ཞིག་ཟ་ངེས་ རེད་”ཟེར།

ངའི་བུ་མོས་ཁྱི་ཤ་ཟ་བ་རེད་ཟེར་བ་གོ་རྗེས་ང་ཡང་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་འཕྱུར་བཞིན་དུ། “ངའི་བུ་མོས་ཁྱི་ཤ་ཟ་དང་མི་ཟ་ང་ལ་རག་ལུས་པ་རེད། ངས་ཟ་དང་མི་ཟ་ངའི་ཁོག་ནང་ གི་སྙིང་འདི་ལ་རག་ལུས་པ་རེད་”བཤོད་བཞིན་སྒྲོག་ཙེ་གཞན་ཞིག་ཏུ་སྤོས།

དཔའ་ཐུར་ཡང་ངའི་འཁྲིས་སུ་ཡོང་བ་དང་། མཐར་ང་ཚོ་མི་གཉིས་གཉིས་བྱས་ནས་སྒྲོག་ཙེ་མི་གཅིག་པར་དགུང་ཟས་བཟས། དཔའ་ཐུར་ང་དང་མཉམ་དུ་བསྡད་པར་ཆོས་ལུགས་གཅིག་པའི་མཛའ་བརྩེ་ཞིག་ཚོར་བྱུང་ལ། ཁོང་གིས་ངས་མངགས་པའི་པད་ཚལ་དང་གླང་ཤ་འདྲེས་མའི་ཚལ་ཟ་བཞིན་ཡང་ཡང་ཞོ་ཀྲང་གི་ སྒྲོག་ཙེའི་ཐོག་ཏུ་བལྟ་བ་མཐོང་དུས་དབུགས་རིང་ཞིག་ཀྱང་ཤོར་བྱུང་། ནམ་རྒྱུན་བྲོ་བ་ཆེ་བའི་ཚལ་དེ་ཡང་དེ་རིང་ཚྭ་མེད་རོ་མེད་ལྟར་ཁ་ནང་དུ་བྲོ་བ་ ཅི་ཡང་ཚོར་རྒྱུ་མི་འདུག་ལ་རྣ་ལམ་དུ་གྲགས་པ་ནི་ཞོ་ཀྲང་གི་སྐད་ཆ་དེ་དག་རེད།

“ནམ་ཞིག་ཁྱོད་རང་གི་བུ་མོས་ཁྱི་ཤ་ཟ་ངེས་རེད།

ནམ་ཞིག་ཁྱོད་རང་གི་བུ་མོས་ཁྱི་ཤ་ཟ་ངེས་རེད།

ནམ་ཞིག་ཁྱོད་རང་གི་བུ་མོས་ཁྱི་ཤ་ཟ་ངེས་རེད།”

དགོང་དྲོ་ལས་ཀ་གྲོལ་ནས་ཁྱིམ་དུ་འབྱོར་སྐབས་ཆུང་མས་ཉལ་ཁྲིའི་འཁྲིས་སུ་ལོ་ གཅིག་ཡང་མ་འཁོར་བའི་བུ་མོ་ལ་འཇམ་གླུ་ལེན་བཞིན་འདུག ངས་བུ་མོའི་དཔྲལ་བར་ འོ་ཞིག་བྱས་པ་དང་། གྲུང་ཤ་དོད་པའི་འདྲེན་བྱེད་ཟུང་ལ་བལྟ་བཞིན། “བུ་མོ་ནར་ ལོན་རྗེས་ཁྱི་ཤ་ཟ་མི་རུང་ཨ་”ཅེས་བཤད་པས། འཁྲིས་སུ་ཡོད་པས་ཆུང་མས་གད་མོ་ དགོད་བཞིན་དུ། “དོན་གྲུབ། ཁྱེད་རང་ར་བཟི་བ་མ་རེད་དམ་”ཟེར།

ཆུང་མའི་ཁ་མཚར་རྩེད་མོ་རྣ་རུ་ལྷུང་ཀྱང་ང་ཡི་སེམས་པ་ནི་བུ་མོའི་ཁྲ་སྒོར་ སྒོར་གྱི་མིག་གི་རྒྱལ་མོའི་ནང་དུ་འཐིམས་པ་དང་དབུགས་རིང་ཞིག་དང་ལྷན་དུ་བུ་ མོའི་མ་འོངས་འཚོ་བར་སྙེགས་པར་ཕྱིན་སོང་།

གསར་འགྱུར། Tags:qqq

Post navigation

Previous Post: འདྲ་པར་འདིའི་ཉེན་བརྡ་ལས་ཁ་བརྡ་རེ་བྱེད་ཡ ་་་
Next Post: མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་གསར་པ་ཞིག

Comments (6) on “བུ་མོ་དང་ཁྱི་ཤ།”

  1. རང་བཙན་ལྡེའུ་ says:
    2009-12-17 at 5:36 am

    དང་པོ་༼ སྒྲོག་ཙེ་ འམ་ 桌 子 སྒྲོའུ་ཛི་ ༽ཟེར་བའི་རྒྱ་སྐད་དེར་ བོད་སྐད་ཀྱི་མིང་ཚིག་༼ ཅོག་ཙེ་ ༽ཟེར་བ་ཞིག་ཡོད་ནི་རེད་
    དཉིས་པ་ རྒྱ་མི་རིག་དང་ཀོ་རི་ཡྰ་ཚོས་ཁྱི་ཤ་བཟའ་བའི་གོམས་གཤིས་ལ་ཧ་ལས་དགོས་ནི་དང་ བློ་ཕམ་ སེམས་སྡུག་དགོས་ནི་མ་རེད་ རྒྱ་གར་ཨ་སམ་དང་ ནྰ་ག་ལནྡེ་ མ་ནི་པུརི་ཚོས་ཀྱང་ཁྱི་ཤ་བཟའ་ནི་རེད་ སུད་སི་ལ་ནི་རྟ་ཤ་བཟའ་ནི་རེད་ དེ་བཞིན་འགའ་རེའི་ནི་ ཙི་ཙི་དང་ ཞི་མི་ སྤྲེའུ་ རི་བོང་ སྦྲུལ་ སྦལ་པ་ སྨུག་པའི་འབུ་སོགས་ རེ་འགས་བཟའ་མི་རུང་བར་རྩི་བ་དེ་དག་འགའ་རེས་ཐོབ་དཀའ་བའི་ཞིམ་བཟས་ལྟར་བཟའ་ནི་རེད་ ཁ་ཆེ་བ་ཚོས་ནི་ཕག་ཤ་མི་གཙང་བ་དཀྱུགས་བྲོར་རྩི་བ་དེ་བཞིན་ ཧིན་དུ་བ་ཚོས་ གླང་ཤ་བཟའ་མི་ཉན་པ་རྣམ་ཏོག་རྩི་བ་རེད་ རྒྱ་རིག་ཚོར་ནི་ས་སྟེང་འདིར་བཟའ་མི་ཉན་ལེ་ཕལ་ཆེར་ཨེ་ཡོད་སྙམ་ ཁོ་ཚོས་ཕག་པའི་རྣ་དང་སྣ་ རྔ་མ་ རྐང་ལག་ སྒོང་རིལ་ བྱ་དེའི་རྐང་པ་སོགས་ཚང་མ་བཟའ་ནི་མེ་ཚད་ ཚལ་གཞིང་ནང་ ལ་ཕུག་དང་པད་ཚལ་རྡོག་རེའི་སྟེང་དུ་མིའི་བཙོག་པ་སྐྱོག་རེ་བསླུགས་སྲོལ་ཡོད་ནི་དེ་འདྲ་རེད་ གཞན་གྱི་ཅི་ཟེར་དང་ཅི་བཟའ་ལ་དགོས་མེད་བློ་ཆུང་རི་བོང་གནམ་སྡིབས་པའི་སེམས་འཕྲལ་་དགོས་ནི་མ་རེད་

  2. གཞོན་ནུ་ཟླ་མེད says:
    2009-12-17 at 9:56 am

    ནགས་ཤོད་རིགས་རལ་གྱི་སྒྲུང་རྩོམ་ཀློག་ཟིན། མིག་ཆུ་ཤོར་གྲབས་བྱས་སོང་། འོན་ཀྱང་ང་ལ་བུ་མོ་མེད་ཀྱང་། ཚ་བོ་ཚ་མོ་མང་པོ་ཡོད་པས་བསླབ་བྱ་རྒྱགས་ངེས།

  3. གཡག་ལྡོམ། says:
    2009-12-17 at 12:21 pm

    རང་ཚུགས་མེད་པའི་རང་བཙན་མིང་ཅན་། ཁྱེད་ཀྱིས་སྐུ་ཞབས་ནགས་ཤོད་རིགས་རལ་གྱི་སྙམ་རྩོམ་དེས་བྲོ་བ་ཕར་བཞག་དྲི་མ་ཙམ་ཡང་རགས་མི་འདུག་པ། ཁོང་གི་ང་ཚོའི་མེས་པོ་དམ་པས་། སྤྱང་གི་ལྟོག་ཡང་རོགས་པའི་ཤ་མི་ཟ། སངྒེ་སྐོམ་ཡང་རྙོགས་པའི་ཆུ་མཐུང་། ཞེས་དཔའ་དམ་དེ་གསལ་བུར་བསྟན་ཡོད་ལ་། དེ་ནི་ང་ཚོ་གང་ཅན་པའི་གཟི་བརྗིད་རེད་མ་གཏོགས་། འཛམའ་གླིང་འདིར་ཁྱི་ཤ་ཟ་མཁན་ག་ཚོད་ཡོད་མེད་། དང་ཕག་ཤ་མི་ཟ་མཁན་ག་ཚད་ཡོད་མེད་གསུང་་གི་མེད་པས་། གླུད་འདྲེ་ཤར་ཕྱོགས་ལ་བཞག་ནས་། གཏོར་མ་ནུབ་ཕྱོགས་ལ་མ་གཡུག།
    གཞོན་ནུ་ཟླ་མེད་ལགས་ཁྱེད་ཀྱི་གསུང་པ་དེ་ག་རང་རེད་། བདག་གི་ཀྱང་ལོ་ལྔ་བདུན་ཅན་གྱི་བུ་ཕྲུག་གཉིས་ཀྱི་གདོང་ལ་གཅར་ཞིང་བྲང་ལ་སྦྱར་ནས་། སེམས་ཁྲལ་གྱི་དབུག་རང་ཞིག་ངང་གི་ཤོར་།

  4. གཡག་ལྡོམ། says:
    2009-12-17 at 12:24 pm

    ནོར་བཅོས་། *སྤྱང་ཀི་ *སྙོག་པའི་ཆུ*

  5. ཚེ་རིང་སྐྱིད says:
    2009-12-17 at 12:33 pm

    རང་བཙན་ལྡེའུ་ཞེས་པའི་དྲ་གྲོགས་ལགས།
    བུ་མོ་དང་ཁྱི་ཤ་ཟེར་བའི་རྩོམ་ཡིག་འདིའི་རྩོམ་པ་པོས་བརྗོད་འདོད་བྱེད་བཞིན་པ་མི་རིགས་གཞན་པས་ཁྱི་ཤ་ཟ་བར་ཧང་སངས་མདོག་བྱས་མི་འདུག ཁྱེད་ཉིད་ཀྱི་སྐད་ཆ་བཤད་སྟངས་འདི་ངས་ཅུང་ཐལ་དྲག་པའི་ཚོར་བ་བྱུང༌། རྩོམ་ཡིག་ཅིག་ཀློག་ཚར་རྗེས་ངེས་པར་དུ་དེ་ལ་དཔྱད་བརྗོད་སྤེལ་དགོས་དོན་མེད་ལ། གལ་ཏེ་སྤེལ་བར་འདོད་དེ་འདུག་མི་ཐུབ་ན། དཔྱོད་ཤེས་ཀྱི་ནུས་པ་དང་ཐད་བརྗོད་དང་ཤུགས་བརྗོད་ཀྱི་ཐད་ལ་བསམ་བློ་ཞིབ་མོས་གཏོང་རོགས།
    ང་ཚོའི་མི་རབས་རྗེས་མ་དེ་ཚོ་བོད་མི་གང་འདྲ་ཞིག་ཏུ་འགྱུར་བར་དྲིས་ལན་རབ་རིབ་ཅིག་ལས་རག་གིན་མེད་པའི་སེམས་ཁྲལ་ཞིག་རེད།
    ང་ཚོར་བུ་དང་བུ་མོ་མེད་ཀྱང་ཆོག་མོད། མི་རབས་རྗེས་མའི་ཁ་དོག་གང་འདྲ་ཞིག་ཏུ་འགྱུར་མིན་དེར་ཐུན་མོང་གིས་སེམས་ཁྲལ་བྱ་ཆོག་པར་བའདོད།

  6. གཅན་བཟོད་རྒྱམ། says:
    2009-12-17 at 12:38 pm

    རང་བཙན་ལྡེའུ་ང་ལས་ཀྱང་ལོ་ན་ཆུང་བས་ད་དུང་ཅང་མ་ཤེས་པ་རེད། ཁོ་ཆེན་པོ་ཆགས་ན་ག་ལེར་ཤེས་ཡོང་གི་རེད། ད་ལ་ཡང་དེང་སྐབས་ད་དུང་སེམས་ཁྲལ་ཆེན་པོ་རང་མི་འདུག ད་དུང་འདིའི་ཚད་ལ་ད་སླེབས་ཨེ་ཡོད་ན་བསམ་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme