Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།

Posted on 2013-09-182013-09-18 By ཁ་བརྡ་ 6 Comments on བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།

རིག་འཛིན་ལྷུན་གྲུབ།

ང་ཚོ་ནི་བསླབ་བྱའི་ཕྱུག་ཅིང། སློབ་གསོའི་དབུལ་བའི་མི་རིགས་ཤིག་རེད། ང་ཚོས་བསམ་མི་ཕོད་པ་དང་། བཤད་མི་ཕོད་པ་དང་། སྒྲུབ་མི་ཕོད་པ་ནི་བསླབ་བྱའི་འཇུག་འབྲས་དང། གཞན་བརྟེན་གཤིས་ངན་དང་། རང་ཚུགས་མི་ཐུབ་པ་དང་། བསྟུན་གང་མཁས་བྱེད་པ་ནི་སློབ་གསོའི་ལན་པ་རེད། བསླབ་བྱ་རྒྱག་དགོས། བསླབ་བྱ་བྱོས། བསླབ་བྱ་ཉན་དགོས་ཞེས་ཀུན་གྱི་ངག་ལ་འཇགས་ཤིང། ཞེ་བསམ་པའི་གཏིང་ནས་ཀྱང་མི་ཚེའི་འགྲོ་ལུགས་སྐྱོང་སྐབས། བསླབ་བྱ་ནི་མེད་ཐབས་མེད་པ་ཞིག་ཏུ་འདོད། ང་ཚོ་ནི་བསླབ་བྱ་བརྒྱབ་རྒྱུར་དགའ་ཞིང་བསླབ་བྱ་ཉན་རྒྱུར་དེ་བས་མོས། སྤྱིར་ན། བསླབ་བྱ་ནི་རྟོག་པ་མ་སད་པའི་མི་རིགས་ཀྱིས་མི་བུའི་བསམ་བློ་བཅུན་སྟངས་ཀྱི་ཐབས་བྱུས་ཐབས་ཆག་ཅིག་སྟེ། དེས་བསམ་བློ་བག་འཁུམ་དུ་དེད་ཅིང་། ཞུམ་བསྡར་གཡང་རོང་དུ་རྫོང་གི་ཡོད།། དེས་མི་གཤིས་ཀྱི་ནུས་སྟོབས་བག་ཉལ་ཏུ་རུལ་བཅུག་ཅིང། ནམ་ཡང་ཤེས་སྟོབས་རྒྱས་པར་འགེག་བྱེད། དེས་ཁོག་གནག་ངོ་དཀར་གྱི་ཚུལ་བཅོས་གཡོག་ཅིང། རང་གཤིས་ངོ་མའི་གཞི་ལས་འདས་པར་བྱེད། དེས་གོ་འཕང་མཐོ་པར་དམད་ཅིང་ཉམ་ཆུང་གཡོ་འགུལ་མེད་པའི་དམའ་སར་བསྐྱེལ། དེས་གཞན་ཟེར་རྗེས་སུ་འབྲང་རྒྱུར་སྐུལ་ཞིང་། དཔྱོད་ཤེས་རྒྱང་ལྟའི་བློ་མིག་བསྒྲིབ་པར་བྱེད།
དེ་ན་བསླབ་བྱ་བརྒྱབས་ཏེ་བསམ་བློ་ནམ་ཡང་གྲོལ་མི་སྲིད། ཆུང་ཁྱིམ་ཚང་ཞིག་ནས་ཆེ་རྒྱལ་ཁབ་ཅིག་གི་འདས་མ་ད་གསུམ་གྱི་གནས་བབ་བཟང་ངན་ནི། ཐད་ཀར་སློབ་གསོ་དང་འབྲེལ་པ་ལས་བསླབ་བྱ་དང་འབྲེལ་མེད། མི་རིགས་རྗེས་ལུས་ནི་སློབ་གསོ་མ་འདང་པས་ཡིན་པ་ལས། བསླབ་བྱ་ཉུང་དྲག་པས་ག་ནས་ཡིན། ད་ལྟའི་ཡ་ང་བའི་གནས་བབ་ཐབས་སྡུག་འདིའང་བྱུང་རྩ་སློབ་གསོ་ཞན་པས་རེད། ང་ཚོའི་སྤྱི་ཚོགས་ནང་བསླབ་བྱ་རྒྱག་མཁན་ཁེངས་ནས་ཡོད་ཀྱང། སློབ་གསོ་སྤྲོད་མཁན་དང་སློབ་གསོ་བ་མེད་རེད་ཅེས་ལབ་ཀྱང་འུར་ག་ནས་ཡིན། བསླབ་བྱ་ཧ་ཅང་གཙིགས་ཆེན་རྩིས་སྲོལ་རྒྱུན་འབྱམས་འདིས། ཐམས་ཅད་བསླབ་བྱ་དང་སྦྲེལ་ཏེ་བླང་དོར་བྱེད་ཀྱི་ཡོད།

གཟུར་གནས་དཔྱོད་ལྡན་ཚོས་སོམས་དང། ཐམས་ཅད་བསླབ་བྱ་ལ་ཐུག་ཡོད་དམ། བྱིས་པ་བསམ་མེད་དྭང་གཙང་བློ་ལྡན་མེ་ཏོག་ལྟར་སྙིང་སྡུག་པ་དག རང་ཅག་གིས་བསླབ་བྱ་ཞེས་པའི་བཙོག་ཆུ་བླུགས་ཨེ་ཐུབ་ཀྱི་གསོ་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན། རང་ཆས་ཤེས་སྟོབས་ཚར་ལོངས་ཐུབ་ཀྱི་མེད། ཤོད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། བསམ་བློའི་གནས་ཚད་ལོངས་མི་འདུག་ཅེས་པ་དེ་རེད། ང་ཚོའི་སྤྱི་ཚོགས་ནང་ “བྱེད་དགོས་རེད།” དང་། “བྱེད་དགོས་འདུག་” ཅེས་ག་དུས་ཡིན་ནའང་བཤད་བཤད་པར་འདུག་དགོས་པའང་བསླབ་བྱ་ཉུང་དྲག་པས་རེད་དམ། ངས་བསམས་ན་དེ་ནི་སློབ་གསོའི་མ་འདང་པས་ལན་པ་རེད་སྙམ། ད་དུང་ཡང། ང་ཚོས་མི་རིགས་གསོ་སྐྱོང་བྱེད་ཐབས་ནང་བསླབ་བྱ་ཁོ་ན་རྩ་ཆེར་བཟུང་པ་དང་། བསླབ་བྱ་ལས་ལྷག་གྲོལ་ལམ་གཞན་མེད་པ་ལྟ་བུར་འདོད། ཕ་མ་དང་དགེ་རྒན། འགན་ཡོད་དང་མགོ་ཁྲིད། བླ་མ་དང་སྤྲུལ་སྐུ། མཁན་པོ་དང་སློབ་དཔོན། དགེ་བཤེས་དང་མཁས་པ་ཚང་མས་བསླབ་བྱ་བརྒྱབས་ནས་ཡིད་འཚིམ་ཐབས་རྐྱང་རྐྱང་གནང་དང་གནང་བཞིན་འདུག
བསླབ་བྱ་རྐྱང་པས་མི་རིགས་འདིས་བདེ་སྡུག་སེལ་ཐུབ་བམ། བསླབ་བྱ་རྐྱང་པས་མི་རིགས་འདི་རྟོག་པ་སད་དམ། བསླབ་བྱ་རྐྱང་པས་མཐོ་སྒང་གི་མ་འོངས་མདུན་ལམ་བསུ་ཐུབ་བམ། བསླབ་བྱ་རྐྱང་པས་འགྲོ་བ་མི་སྤྱི་ལ་དབང་བའི་ཐོབ་ཐང་རག་སྲིད་དམ། བསླབ་བྱ་རྐྱང་པས་མི་རིགས་ལས་དོན་སྒྲུབ་པ་རྩིས་རུང་ངམ། བསླབ་བྱ་རྐྱང་པས་བསྟན་སྲིད་ལ་སྟོབས་ཤུགས་བྱིན་ཐུབ་བམ། བསླབ་བྱ་རྐྱང་པས་རང་ངོ་རང་ཤེས་ཆགས་སམ། བསླབ་བྱ་རྐྱང་པས་རང་འགན་རང་འཁུར་བྱེད་དམ། བསླབ་བྱ་རྐྱང་པས་ཕ་མེས་ཤུལ་བཞག་འཛིན་ཐུབ་བམ། བསླབ་བྱ་རྐྱང་པས་རིག་གསར་ནང་འདྲེན་ཐུབ་བམ། བསླབ་བྱ་རྐྱང་པས་རང་ལ་ཆེ་མཐོང་དང་གཞན་ལ་གུས་བཀུར་གྱི་བློ་སྟོབས་བསྐྲུན་ཐུབ་བམ། བསླབ་བྱ་རྐྱང་པས་མི་རིགས་རང་དབང་ཆེད་བློས་གཏོང་ཚད་མེད་གནང་མཁན་དཔའ་བོ་དཔའ་མོའི་རེ་འདུན་བསྒྲུབ་བམ། བསླབ་བྱ་རྐྱང་པས་སྤུ་ཟླ་ཆིག་སྒྲིལ་ལ་གསོན་ཤུགས་རྒྱས་སམ། མདོར་ན་བསླབ་བྱ་རྐྱང་པས་མཐའ་འཁྱོལ་ལམ།། །།

(གསལ་བཤད། འདི་ནི་སློབ་གྲོགས་ཤིག་གིས་མི་རིགས་སློབ་གསོ་དང་བསླབ་བྱའི་སྐོར་དྲིས་བའི་ལན་དུ་རང་བློར་གང་ཤར་ཤར་ཞིག་ཡི་གེར་ཕབ་པ་ཞིག་ཡིན་པས། མི་རིགས་སློབ་གསོའི་ལས་དོན་ཐད་དོ་ཁུར་གནང་མཁན་ཚོར་བསམ་ཚུལ་གྱི་ཚུལ་དུ་ཕུལ།)

སྣ་ཚོགས།

Post navigation

Previous Post: མདོ་སྨད་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག
Next Post: ཞེ་མ་བདེ།

Comments (6) on “བསླབ་བྱ་མ་རྒྱག་སློབ་གསོ་སྤྲོད།”

  1. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-09-18 at 11:12 am

    རིག་འཛིན་ལྷུན་གྲུབ་ལགས།
    ཁྱེད་རང་གིས་བཤད་པ་འདི་བསླབ་བྱ་ཡིན་ནམ་ཡང་ན་སློབ་གསོ་ཡིན། ངེད་ནས་བསམ་ན་བསླབ་བྱ་རེད། ཁྱེད་གིས་སློབ་གསོ་མི་བཤད་པར་བསླབ་བྱ་བརྒྱག་དགོས་དོན་ཅི་ཡིན་ནམ། ལགས།
    ཀླུ་སྒྲུབ་ཀྱིས།
    གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ།། 
    གཞན་གྱི་སྐྱོན་རྣམས་བརྗོད་བྱེད་ན།། 
    རང་ཉིད་ལ་ཡང་དེ་ཡོད་ཕྱིར།། 
    དཔེར་ན་ཝ་དང་བུ་མོ་བཞིན།། 
    སྐྱེ་བོ་གསོ་ཐིགས་ལས་སོ།

  2. དགའ་སྐུ་ says:
    2013-09-18 at 12:54 pm

    བསླབ་བྱ་དང་སློབ་གསོ་གཉིས་ལ་ཁྱད་པར་ག་རེ་འདུག་ལགས?

  3. གཞོན་ནུ་ཟླ་མེད། says:
    2013-09-18 at 8:31 pm

    ཤིན་ཏུ་ནས་བདེན་པ་རེད། རྩོམ་ཡིག་འབྲི་བ་པོ་ཁོང་ནས་ཀྱང་ཁ་བརྡ་དྲ་རྒྱ་ནང་ལ་འཁོར་ན་བསླབ་བྱ་གནང་བཞིན་པ་འདི་རེད། བོད་མི་སུ་འདྲ་ཞིག་ཡིན་ན་ཡང་ཕ་རོལ་བོའི་གནས་ཚད་ལ་མ་བལྟས་པར་བསླབ་བྱ་རྒྱག ད་དུང་༧ གོང་ས་མཆོག་གི་གསུངས་སྟངས་བྱས་ནས་བསླབ་བྱ་རྒྱག རང་ཉིད་༧གོང་ས་མཆོག་གི་ས་ལ་བསྡད་ནས་བསླབ་བྱ་བྱེད། བསླབ་བྱ་གཏོང་ཡུལ་བྱིས་པ་ལྟར་བལྟས་ནས་བསླབ་བྱ་བྱེད། མགོ་རྟིང་བསློགས་ནས་བསླབ་བྱ་བྱེད། དཔེར་ན། དགེ་ཕྲུག་གིས་དགེ་རྒན་ལ་བསླབ་བྱ་རྒྱག བུ་མོས་ཨ་མ་ལ་བསླབ་བྱ་རྒྱག བུ་ཡིས་ཕ་ལ་བསླབ་བྱ་རྒྱག ད་དུང་ནུ་བོས་ཕུ་བོ་ལ་བསླབ་བྱ་རྒྱག་པ་སོགས་ནི་བཤད་མ་དགོས། འདི་དག་ནི་འོ་ཙིག་ཡིན།
    བསླབ་བྱའི་ངོ་བོའི་ཆ་ནས་ཀྱང་དགོད་བྲོ་བ་མང་པོ་ཡོད། འདིའི་སྐོར་ལ་མང་པོ་མང་པོ་འབྲི་རྒྱུ་ཡོད།

  4. BONPO says:
    2013-09-18 at 9:38 pm

    རྟག་པར་སྐད་ཆ་མཐོན་པོ་ཟིག་ནས་བཤད་མ་བསྡད་པར་ལྟད་མི་འདྲ་འདྲ་ལྟོས་དང་ངོ་མ་དགའ་མོ་འདུག། །
    http://www.youtube.com/watch?v=ZfpTHOhExGI

  5. སེང་གེའི་ང་རོ། says:
    2013-09-18 at 9:53 pm

    རིག་འཛིན་ལྷུན་གྲུབ་ལགས། བསླབ་བྱ་དང་སློབ་གསོའི་ཁྱད་པར་ཁ་གསལ་ཞིག་གསུང་རོགས་གནང་དང་།

  6. གནམ་ says:
    2013-09-19 at 9:15 am

    གང་ཤར་ཤར་ནི་གང་ཤར་ཤར་རང་རེད་འདུག། གཞན་གྱིས་གོ་ནི་ཟིག། རང་གིས་ཤེས་ནི་ཟིག་བཤད་ན་ཕན་པ་ཡོད་པ་རེད། དེ་མིན། དྲིས་བ་ཆ་ཚང་ལ་ལན་ཞིག་འདེབས་ཁུལ་བྱེད་པ་ནི། བསམ་བློ་ནར་མ་སོན་པའི་ཤན་ཆ་རེད།
    བསླབ་བྱ་ལེན་རྒྱུ་མེད་པའི་སློབ་གསོ་ཞིག་དང་། སློབ་གསོ་བསླབ་བྱ་མེད་པའི་རྩ་ཆེན་ཟིག་ཡོད་ན་འདི་འདི་རེད་ཟེར་ནས་ཅིག་བྲིས་དང་། ཉན་ནས་ཁ་གདངས་ནས་བསྡད་ཡོད།
    གོང་མ་སྔོན་མ་ཚོ་ནོར་ཡོད་ཚུལ་བཤད་ན་མ་འགྲིག་པ་ཞིག་ག་ལ་ཡིན། ཡིན་ན་ཡང་། འདྲ་ཆགས་པོ་འདྲ། གནད་ཐུགས་པོ་འདྲ་མེད་ན། ཁ་ཕྱིར་ལ་འཁོར་ནས་ཕྱག་རེ་འཚལ་ན་ཡག་ནི་རེད། ཨ་མྱེས་དྲིན་ཅན་ཚོ། རྡོ་ལྕགས་ལ་བསྒྱུར། ལྕགས་རྣོ་ལ་བསྒྱུར་ནས་དུས་འདི་ལ་བསྐྱལ་རེད། དེང་སང་གི་ལབ་རྒན་འདི་ཚོ་ལ་ཁ་ཕོད་ཆེ་ཚད་འདུག་གི་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme