Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུད་དའི་དྲི་བསང་།

Posted on 2014-01-192014-01-19 By ཁ་བརྡ་ 5 Comments on བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུད་དའི་དྲི་བསང་།

ཨོ་རྒྱན་ཉི་མ།

༄༅།།སྙིགས་དུས་ཀྱི་འགྲོ་བའི་འདྲེན་པ་ཆེན་པོ་འདི་ཕྱིའི་སྐྱབས་གནས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སྟོན་འཁོར་འདུས་པ་དང་བཅས་པར་བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུད་དའི་དྲི་བསང་ཞེས་བྱ་བ་བཞུགས་སོ།།

ཨོཾ་སྭཱ་སྟི།
ཀ་དག་གདོད་མའི་རྒྱལ་ཐབས་ཆེན་པོར་སྤྲོས་མཐའ་བྲལ་བའི་ཆོས་ཀྱི་སྐུ་མཆོག་གཞོམ་གཞིག་བྲལ་བའི་གཞི་ཀློང་ནས།།
ཁ་སྦྱོར་ཡན་ལག་བདུན་ཀྱི་དཔུང་ཚོགས་ཟག་མེད་བདེ་ཆེན་བྱམས་བརྩེའི་བདག་ཉིད་ངེས་པ་ལྔ་ལྡན་ཞིང་སྣང་གཟིགས།།
ག་ལེར་ཡེ་བབ་སྒྱུ་མའི་འཕྲུལ་སྣང་གང་འདུལ་གདུལ་བྱའི་སྣང་ངོར་མཐུན་པའི་མ་བཅོས་སྤྲུལ་བའི་སྣང་བརྙན་བཀྲ།།
ང་ཡི་སྐྱབས་གཅིག་མཚུངས་མེད་སྟོན་པ་འཇིགས་མེད་ཕུན་ཚོགས་བྱང་ཆུབ་འཐོབ་ཀྱང་སྙིང་དབུས་དད་པའི་རྩེ་མོར་མཆོད།།

ཅ་ཅོ་རྟོག་གེའི་གཏན་ཚིག་ལས་འདས་སྨྲ་བསམ་བརྗོད་བྲལ་གཉུག་མའི་རང་གཤིས་ཀུན་བཟང་ཐུགས་ཀྱི་མན་ངག་འཛིན།།
ཆ་ལུགས་རྒྱལ་པོ་གྲུབ་ཐོབ་སྤྱོད་པས་གཙང་དམེར་འཛིན་པའི་བླང་དོར་མེད་པར་འཁོར་འདས་གཉིས་ཀྱི་བར་ལག་སྒྱེལ།།
ཇ་ཆང་དགའ་སྟོན་ཚོགས་སུ་རོལ་བའི་དག་མཉམ་ལྟ་བའི་གདེངས་ཆེན་ཐོབ་པའི་སྔགས་འཆང་རིག་པ་འཛིན་པའི་སྡེ།།
ཉ་གང་སྟོན་གའི་དུང་ཟླ་ཇི་བཞིན་སྣང་གྲགས་རྟོག་གསུམ་ལྷ་སྔགས་རིག་པའི་རྣལ་འབྱོར་ཕོ་མོའི་ཚོགས་ལ་འདུད།།

ཏ་ཐ་ག་དའི་བསྟན་པ་རྣམ་དག་བཤད་སྒྲུབ་ལུང་རྟོགས་ཆོས་ཀྱི་རྒྱལ་རྔས་ས་གསུམ་འཇིག་རྟེན་འདི་ཡང་གཡོས།།
ཐ་མལ་འཚེ་བའི་སྤྱོད་པས་མ་གོས་མཚན་ལྡན་དགེ་བའི་བཤེས་ཀྱིས་ཟིན་པའི་བློ་གསར་བློ་གྲོས་མཆོག་རབ་རྣམས།།
ད་ཆོག་ལ་བསྟེན་བསླབ་གསུམ་རིམ་མནོས་ཉེས་མེད་ཕུན་ཚོགས་སྡོམ་པའི་རྒྱུད་ཕྱུག་མཐོང་ན་མི་མཐུན་མེད་པའི་སྐུ།།
ན་གཞོན་དུས་ནས་ཆོས་ལ་དད་ཅིང་གཞན་ཕན་སྤྱོད་པའི་རྒྱལ་སྲས་ལམ་བཟུང་ཕྱི་གཙང་ནང་གཙང་ཁྱེད་རྣམས་རྒྱལ།།

པ་ཏྲ་ལྟ་བུའི་ཀུན་རྟོག་ཀློང་དུ་དུག་ལྔའི་མཆེ་བ་ཆེ་ཆེར་རྒྱས་ཤིང་ཤར་ནུབ་སྲང་མདོར་ཁྱི་བཞིན་འཁྱམས།།
ཕ་བཟང་བུ་རྣམས་རང་མལ་ཟིན་ཡང་ལས་ངན་བུ་ཆུང་ས་མཐར་འདི་ནས་ཆོས་མིན་སྲིད་མིན་གར་གྱིས་བྲེལ།།
བ་རྒན་ཞིག་གི་ཡོན་ཏན་མེད་ཀྱང་ཕྲག་དོག་གདུག་པའི་རལ་གྲི་འདི་ཡིས་གཞན་སེམས་དཀྲུག་ཅིང་རང་ཚུགས་ཤོར།།
མ་རིག་ལིང་ཏོག་ཤིན་ཏུ་མཐུག་བཞིན་རིགས་པ་སྨྲ་བའི་གྲལ་མཐར་བསྙེག་པའི་ཁྲེལ་མེད་ཁོ་བོ་གཟིགས་ལགས་སམ།།

ཙ་རི་ལ་སོགས་དབེན་རིར་བཞུགས་ཤིང་ཞི་བའི་ཏིང་འཛིན་ཡིད་ན་མཛེས་པའི་བསླུ་མེད་རྡོ་རྗེའི་སྤུན་གྲོགས་རྣམས།།
ཚ་གྲང་དཀའ་སྤྱད་ཇི་ལྟར་ཆེ་ན་དམ་པ་གོང་མའི་རྣམ་ཐར་བསྐྱངས་ཏེ་མི་འཇིགས་དམ་བཅའ་སྙིང་ལ་བཅུགས།།
ཛ་དྲག་ཆེ་བའི་རྣམ་སྨིན་ལྕི་ཡང་ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་ཕྱིར་སྙིང་པོ་སྒྲུབ་ལ་ཤིན་ཏུ་སྤྲོ།།
ཝ་སྐྱེས་འདྲ་བའི་ཕུང་གསུམ་མ་ཡིན་བསྟན་འགྲོ་དོན་ཆེན་སྲོག་ལས་གཅེས་པའི་དགེ་བའི་བཤེས་དག་རྒྱལ་གྱུར་ཅིག།

ཞ་བོ་ལོང་བར་བརྙས་བཅོས་མེད་ལ་སྙན་གྲགས་ཅན་ལ་དང་ག་ཆུང་བའི་བླ་མ་ཁྱེད་ཀྱི་སློབ་མཆོག་རྣམས། །
ཟ་འདོད་འཆའ་འདོད་ཡིད་ན་མེད་ཀྱང་ལུགས་གཉིས་སྨན་པའི་ལམ་སྟོན་ཆེད་དུ་ཕྱོགས་མེད་འགྲོ་བའི་དོན་ལ་ཕེབས།།
འ་ཅག་སྟོན་འཁོར་ལྷན་དུ་འཛོམས་ཏེ་དམ་ཆོས་སྦྲང་རྩི་ལོངས་སུ་སྤྱོད་ཅིང་མུ་མེད་འཁོར་བའི་རྒྱ་མཚོ་རུ།།
ཡ་ཡོ་མེད་པའི་བྱམས་བརྩེ་ཞིག་གིས་ཕ་མར་གྱུར་པའི་ཉམ་ཐག་འགྲོ་ལ་སྙིང་རྗེའི་ཆོས་སྦྱིན་བྱེད་པར་ཤོག།།

ར་བ་གངས་རིའི་མཁས་གྲུབ་དབུས་སུ་ཉི་ཟླ་བཞིན་དུ་གཟི་འོད་འཕྲོ་ཞིང་མཛད་འཕྲིན་གངས་རིའི་སྤོ་ལ་རེག།
ལ་ལུང་ཁྲི་ཕྲག་གྲངས་མེད་འདས་ཀྱང་ཉིད་ཀྱི་སྙན་གྲགས་སྒྲ་དབྱངས་འདི་ཡིས་དཔྱོད་ལྡན་སྐྱེ་བོ་གཉིད་ལས་བསླངས།།
ཤ་རུས་གཅིག་པའི་གངས་ཅན་པ་ལ་ཟབ་རྒྱས་ཟུང་འཇུག་སྙིང་གཏམ་གནང་བས་ལུགས་གཉིས་དཔྱོད་པའི་ཤེས་རབ་བརྟས།།
ས་སྟེང་འདི་ན་མཚུངས་ཟླ་བྲལ་ཁྱེད་སླར་ཡང་སྙིགས་མའི་གདུལ་བྱའི་ཆེད་དུ་བསྐལ་བའི་མཐར་ཡང་འབྱོན་གྱུར་ཅིག།།

ཧ་ཅང་བླ་མའི་བཀའ་དྲིན་དྲན་བཞིན་སྐྱོ་གདུང་ཞིག་གི་ཚོར་བས་ཉེན་ཏེ་སྨྲ་བའི་ལྕེ་ཡང་དྲག་ཏུ་གཡོ།།
ཨ་ཕ་ཨ་མ་ཡུན་རིང་མ་མཇལ་ཆོས་མཐུན་གྲོགས་ཀྱང་རྒྱང་རིང་ལུས་པའི་མདོ་ཁམས་ཡུལ་གྱི་མུ་ཏོ་བ།།
ཧ་ལོའི་ཡུལ་ན་ཧོལ་རྒྱུགས་བྱེད་བཞིན་བུ་དང་བུ་མོ་ཆུང་མའི་གམ་ནས་སོར་མོ་གར་གྱིས་བྲེལ་བ་འདིས།།
ཨ་ཏི་ཡོ་གའི་གསང་ལམ་རྟོགས་ཆེད་ཨ་ཕ་པད་འབྱུང་མྱུར་དུ་བྱོན་ཏེ་ཨ་མའི་རང་ཞལ་སྟོན་པར་ཤོག།།

ཅེས་པ་འདི་ནི་འདྲེན་མཆོག་མཚུངས་མེད་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དགོངས་པ་གཞི་དབྱིངས་སུ་བསྡུས་ཏེ། བགྲང་བྱ་བཅུ་ཟིན་པ། རབ་བྱུང་བཅུ་བདུན་པའི་ཆུ་མོ་སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་འདས་མཆོད་དང་འབྲེལ་བའི་རྗེས་དྲན་ཞིག་ཚེས་བཅོ་བརྒྱད་ཀྱི་ཐོ་རེངས། ཕྱི་ལོ་༢༠༡༤་ཟླ་བ་༡་ཚེས་༡༩་ལ། དམ་པ་གང་གི་སློབ་བུའི་གྲལ་མཐར་གཏོགས་པ་མདོ་ཁམས་ཡུལ་གྱི་འཁྱམས་པོ་ཨོ་རྒྱན་ཆོས་ཀྱི་ཉི་མ་འབོད་པས། དབྱིན་ཇིའི་བྱང་ཕྱོགས་བོད་ནང་པའི་ནུབ་བརྒྱུད་དགོན་སྡེའི་ཐོག་མ་བསམ་ཡས་གླིང་ནས་སྨོན་པའོ།།

རྩོམ་རིག

Post navigation

Previous Post: སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ།
Next Post: འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།

Comments (5) on “བསྟོད་པ་དད་གསུམ་ཁོང་ནས་ཕྱུར་བའི་ཀུ་མུད་དའི་དྲི་བསང་།”

  1. ཨ་ཕྱི་ཆོས་སྒྲོན says:
    2014-01-19 at 10:16 am

    མཁས་དབང་སྤྲུལ་སྐུ་ཨོ་རྒྱན་ཆོས་ཀྱི་ཉི་མའི་གསུངས་པ་ལ་མངོན་པར་བསྟོད་དོ། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུངས་དང་འདྲ་བོ་འདུག

  2. ཉི་ནུབ says:
    2014-01-19 at 10:51 am

    ཨོ་རྒྱན་ཉི་མ་དང་ཨ་ཁུ་ཀླུ་སྨྱོན་གཉིས་ནི་ཁ་བརྡ་དྲ་ཐོག་གི་དྲ་འབུ་ཚོའི་དམག་དཔོན་དཔེ་མེད་གཉིས་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-01-19 at 11:58 am

    ཨོ་ཉིས།
    ཝ་སྐྱེས་འདྲ་བའི་ཕུང་གསུམ་མ་ཡིན་བསྟན་འགྲོ་དོན་ཆེན་སྲོག་ལས་གཅེས་པའི་དགེ་བའི་བཤེས་དག་རྒྱལ་གྱུར་ཅིག།
    ཀརྡོས།
    ཝ་སྐྱེས་གཟིལ་གནོན་བསླབ་གསུམ་དང་ལྡན་བསྟན་འགྲོ་དོན་ཆེན་སྲོག་ལས་གཅེས་པའི་དགེ་བའི་བཤེས་དག་རྒྱལ་གྱུར་ཅིག །

  4. ཅོག་མྱི། says:
    2014-01-19 at 12:26 pm

    དགེ་ཆོས་ཀྱི་མགོ་བཅད་ནས་འཇིགས་ཕུན་གྱི་སྐུར་བསྟོད་པའི་ཟོལ་འདི་ངན་གི

  5. BONPO says:
    2014-01-20 at 7:39 am

    ཨ་ཏི་ཡོ་གའི་གསང་ལམ་རྟོགས་ཆེད་ཨ་ཕ་པད་འབྱུང་མྱུར་དུ་བྱོན་ཏེ་ཨ་མའི་རང་ཞལ་སྟོན་པར་ཤོག།། ཧཧཧ་ ད་འདི་ཡིན་ན་རྨ་རྙིང་པ་སྔགས་མཁན་སྔགས་རྒན་ཚང་གི་སྙན་ངག་ཡིན་ཐག་ཆོད་རེད། མ་གཞི་པད་འབྱུང་ལ་ཕྲུག་གུ་མེད་པ་ལ་ཁོང་ཨ་ཕ་ཇི་ལྟར་ཆགས་སམ། དེ་འདྲ་ཡིན་དུས་རང་ཉིད་ཨ་ཕར་གྱུར་མ་མྱོང་དུས་ཨ་མའི་རང་ཞལ་སྟོན་རྒྱུ་གང་ནས་རྙེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme