Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟོད་དབྱངས་དུང་གི་ཟླ་བའི་རླབས་ཕྲེང་།

Posted on 2012-06-30 By ཁ་བརྡ་ 10 Comments on བསྟོད་དབྱངས་དུང་གི་ཟླ་བའི་རླབས་ཕྲེང་།

ཆབ་མདོ་ངག་དབང་ཕུན་ཚོགས།

ཕྱག་ན་པདྨོའི་སྤྱན་རས་གཟིགས་དབང་གིས།།
བྱམས་བརྩེའི་ཐུགས་རྗེ་བཀའ་དྲིན་བླ་མེད་ཀྱིས།།
འགྲོ་བ་ཀུན་ལ་ཞིི་བདེེེའིིིིིི་འོོོད་སྣང་སྦྱིིན།།
༸བསྟན་འཛིིན་རྒྱ་མཚོོ་སྐུ་ཚེེ་བརྟན་པར་ཤོོག།

༸གངས་ཅན་ཡོངས་ལ་བཀའ་དྲིན་རླབས་ཆེ་བའི།།
འཁྲུངས་ཏེ་དགུང་ལོ་དོན་དྲུག་ཕེབས་པའི་རིང་།།
བཀའ་དྲིན་རྗེས་དྲན་མཚོན་པའི་ཆུ་ཐིགས་ཙམ།།
བདག་གི་སྙིང་ནས་དྲན་ཞིང་དད་པའི་སྤུ་ལོངས་གཡོས།།

རྒྱལ་བསྟན་ནུབ་ཉེར་དུས་ལ་གནད་ཡོད་མི་སྣས་ང་མིན་ཁོ་མིན་ཟེར།།
ལྷ་ལུང་ཁ་གཡར་མཛད་ནས་ན་གཞོན་ཞིག་གི་ལག་ཏུ་བཙན་གྱིས་སྤྲད།།
སྐུ་ན་ཕྲ་ཡང་ཡོད་ཚད་མི་རིགས་དོན་དུ་བློས་བཏང་མཛད་པ་བསྐྱངས།།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁྱེད་ལ་བདག་གི་སྙིང་ནས་བསྟོད་ཚིག་ཕུལ།།

ཆབ་སྲིད་ཐུགས་འགན་བཞེས་མ་ཐག་ནས་བཅོས་བསྒྱུར་ལས་ཁུངས་གསར་འཛུགས་མཛད།།
བུན་འཇལ་བྲལ་བའི་ཉམས་ཆུང་རྣམས་ལ་ཅུང་ཟད་རིང་ལ་བདེ་སྐྱིད་ཉི་འོད་སྦྱིན།།
བཙོན་པ་དུ་མ་ལྷོད་དཀྲོལ་བཏང་སྟེ་མཁའ་དབུགས་གསར་པའི་ཞི་བདེ་སྐྲུན།།
ཉམས་ཐག་ཡོངས་ལ་བདེ་སྐྱིད་གསར་པའི་འོད་སྣང་ཤར་རི་རྩེ་ནས་འཆར།།

རྒྱུས་མེད་མི་ཡུལ་བཞུགས་དགོས་བྱུང་ན་ཡང་།།
ཡོད་ཚད་མི་རིགས་དོན་དུ་སྐུ་ལས་བསྐྱོན།།
བོད་ཀྱི་རིག་གཞུང་འཛམ་གླིང་ཡོངས་སུ་ཁྱབ།།
བཀའ་དྲིན་ཆེ་འོ་༸བསྟན་འཛིན་རྒྱ་མཚོ་མཆོག།།

འཛམ་གླིང་ཡོངས་ལ་ཞི་བདེའི་འོད་སྣང་སྦྱིན།།
མ་རིགས་རྨོངས་པ་གཉིད་ལས་གྲོལ་མཛད་པོ།།
ས་གསུམ་ཀུན་ལ་རྣམ་པར་མཛེས་པའི་རྒྱན།།
བདག་གི་བླ་མ་༸བསྟན་འཛིན་རྒྱ་མཚོར་བསྟོད།

འཛམ་གླིང་ཡོངས་ལ་སྙན་གྲགས་རླབས་ཆེ་བའི།།
ནོར་ཝེལ་གཟེངས་རྟགས་ལ་སོགས་ཆེ་བསྟོད་སོགས།།
སྙན་གྲགས་ཆེ་བའི་གཟེངས་རྟགས་འབུལ་ལམ་མཛད།།
མཚན་དང་སྙན་གྲགས་ཡར་ངོ་ཟླ་ལྟར་རྒྱས།།

བྱམས་དང་བརྩེ་བའི་འགྲོ་ཀུན་བདེ་བར་བཀོད།།
ངལ་བ་ལྷོད་མེད་གཞན་དོན་མཛད་པར་བསྐྱངས།།
རིས་མེད་ཆོས་བརྒྱུད་འོ་ཆུ་གཅིག་འདྲིས་མཛད།།
ཞི་བདེའི་ཕན་པའི་མཛད་པ་བསམ་མི་ཁྱབ།།

བོད་མིའི་ཆོས་རིག་མ་བརླག་གོང་འཕེལ་ཆེད།།
བོད་མིའི་སློབ་གྲྭ་ཁེ་གཙང་ཟུར་འཛུགས་མཛད།།
བོད་མིའི་ཁྱད་ཆོས་གོམས་གཤིས་མ་བརླག་ཆེད།།
བོད་མིའི་གཞིས་སྒར་ཁེ་གཙང་བསྐྲུན་གནང་མཛད།།

འཛམ་གླིང་ཡོངས་ལ་ཞི་བདེའི་མཆོད་མེའི་སྒྲོན།།
འཛམ་གླིང་ཡོངས་ལ་བྱམས་བརྩེའི་ཐབས་ལམ་བསྟན།།
འཛམ་གླིང་ཡོངས་ཀྱི་ནད་མུག་འཁྲུགས་བརྩོད་ཞི།།
འཛམ་གླིང་ཡོངས་ལ་བདེ་སྐྱིད་འོད་སྣང་ཤར།།

མཇུག་བསྡུ།
པད་མ་འདྲ་བའི་གདན་སྟེང་ལ།།
འགྱུར་མེད་རྡོ་རྗེའི་མཆོད་རྟེན་བཞེངས།།
ངོ་མཚར་རྨད་བྱུང་བྱང་ཆུབ་ཤིང་།།
མི་རྣམས་ཕྱག་འཚལ་དགེ་སྦྱོང་གནང་།།

སྙན་ངག

Post navigation

Previous Post: དེ་རིང་གི་མ་ཇུ་ཊེ་ལ།
Next Post: ཉེ་ཁོར་ནས་འཐུས་པའི་སྙན་ངག

Comments (10) on “བསྟོད་དབྱངས་དུང་གི་ཟླ་བའི་རླབས་ཕྲེང་།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-06-30 at 10:26 am

    རྩོམ་པ་པོས་ཟོལ་མེད་ཀྱིས་རང་བཞིན་བརྗོད་པའི་སྙན་དངགས་ཀྱི་རྒྱན་དུ་གྱུར་པ་ཞིག་བྲིས་འདུག བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

  2. ཀརྡོ་གཉེར་ཕྱག་པ་ says:
    2012-06-30 at 5:26 pm

    ༸བསྟན་འཛིིན་རྒྱ་མཚོ་སྐུ་ཚེ་ཡུན་བརྟན་ཤོག །

  3. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-30 at 7:17 pm

    ཧྲག་གི་གོ།

  4. འདྲེ་རྐང་ཐོ། says:
    2012-06-30 at 7:55 pm

    ཁ་བའི་ཆོས་སྲིད་ཟུང་གི་གསེར་ཁྲི་ལ། །
    ཞབས་ཟུང་མངོན་པར་བཀོད་དེ་ད་ལྟའི་བར། །
    མཛད་རྗེས་རྒྱ་མཚོ་ཆེ་ལས་ཐིགས་པ་ཙམ། །
    དད་པའི་སོར་རྩེར་བླངས་བར་བསྔགས་པ་འོས། །

  5. བདག་མེད་ནས། says:
    2012-07-01 at 3:20 am

    མཐའ་ཡས་འགྲོ་བའི་བླ་མ་ཁྱེད་ལ་མོཽཽཽ།།
    བྱམས་བརྩེའི་རླབས་སེམས་ཁྱེད་ལ་ཡིད་སྟོཽས།།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-07-01 at 5:18 am

    ཏཱ་ལའི་བླ་མ་སྤྱན་རས་གཟིགས། །
    ཐ་མལ་མི་ལ་ཐ་མལ་ཚུལ། །
    ད་ནི་འཛམ་གླིང་སྤྱི་མི་ཁྱེད། །
    ན་ཚོད་རྒས་ཀྱང་ཁྱེད་ལ་རེ། །

  7. སྣྲོན་ངག་ཁྲི། says:
    2012-07-01 at 6:26 am

    པ་སངས་མདངས་ལྡན་མཁའ་ལ་རབ་འཕགས་པ།།
    ཕ་ལམ་འདྲ་བས་མ་ལགས་ཡ་མཚན་ཕ།།
    བ་བཟང་མར་དང་འདྲ་བ་དྭངས་མ་བ།།
    མ་ཆད་ཆ་ཚང་གནས་པས་ཨ་ཙ་མ།།

  8. སྣྲོན་ངག་ཁྲི། says:
    2012-07-01 at 6:36 am

    ཀ་ར་སྦྲང་ཆར་འདྲ་བ་བདག་ཅག་ལ།
    ཁ་བ་གངས་ཅན་སྐྱབས་གནས་༸རྒྱལ་དབང་གང་།།
    ག་ལ་བ་ན་གྲགས་དཀར་རབ་ཁྱབ་པས།།
    ང་རྒྱལ་རྒྱགས་པས་སྦགས་རྣམས་ངལ་བས་མནར།།

  9. Sangchu says:
    2012-07-01 at 11:43 am

    མཁས་དབང་འཇམ་དབྱངས་ནོར་བུ་འདི་གར་རྡ་སར་སླེབས་པའི་གོ་སྐབས་དང་བསྟུན་ཕྲན་ནས་ཁོང་ལ་བོད་ཀྱི་གནད་དོན་གང་རུང་ཐད་བཅར་འདྲི་བྱས་པའི་བརྙན་འཕྲིན་ཚན་པ་འདིར་གྲོགས་པོ་ཚོས་དགྱེས་གཟིགས་ཡོད་པར་ཞུ། http://www.youtube.com/watch?v=V5RTKF1a3Vw&feature=plcp

  10. སྤྲུལ་སྐུ་དབང་ཆེན says:
    2012-07-02 at 10:08 pm

    དེ་འདྲའི་ཆོ་མེད་ཅིག་བྲིས་འདུག་ངོ་ཡང་ཚ་མི་ཤེས་པའི་མི་བུ་དེ་ཤ་ཚ། འདི་ལ་རྩོམ་ལབ་ན་ད་རྩོམ་ལབ་ཡ་དེ་ཕལ་ཆེར་ཁ་ནས་གང་ཐོན་ཐོན་རེ་བྲིས་ན་འགྲིག་ཚོད་གདའ། དེང་སང་མཁས་རློམ་སྐྱེ་བོ་སྤྱི་རྡོལ་ཅན་རང་རེད་ཤ། ཨ་ཁ་ཁ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme