Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་སྲིད་སྤྱི་རིམ།

Posted on 2013-04-072013-04-07 By ཁ་བརྡ་ 14 Comments on བསྟན་སྲིད་སྤྱི་རིམ།

གནས་ཚུལ་མཁོ་གཏོང་བ། སྐྱོ་བྲག་དགའ་དབང་།

བོད་སྤྱི་པའི་བསྟན་སྲིད་ཀྱི་ཆེད་དུ་སོ་སོའི་གཅེས་པའི་ལུས་སྲོག་ཀྱང་ཕངས་མེད་གཏོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གཞུང་སྒེར་ཀུན་གྱིས་སྔ་རྗེས་སུ་དགེ་རྩ་གསོག་སྒྲུབ་བྱས་དང་བྱེད་བཞིན་ཡོད་པ་ལས། འབྲས་ལྗོངས་ར་ལང་དཔལ་ཆེན་ཆོས་གླིང་དུ་མཚུར་ཕུ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་དབུ་བཞུགས་ཀྱིས་སེར་སྐྱ་མི་མང་རྣམས་ནས་ཟབ་བདུན་ཕུར་སྒྲུབ་ཆེན་མོའི་སྐབས་དང་བསྟུན་ཏེ་མ་ཎྀ་དུང་སྒྲུབ་གྲངས་གསོག་གནང་གིན་ཡོད་པའི་གསལ་བསྒྲགས་དབྱིན་བོད་ཡིག་ཐོག་ཏུ་སྤེལ་འདུག །

གསལ་བསྒྲགས།

Post navigation

Previous Post: གྲོགས་མཆོག་མགོན་པོ་ཕྱག་གཉིས་པའི་འདས་མཆོད་དུ་ཕུལ་བ།
Next Post: སྨྱུག་གྲོགས་རྗེས་དྲན།

Comments (14) on “བསྟན་སྲིད་སྤྱི་རིམ།”

  1. ཆབ་བྲག་ཕོ་ཉ། says:
    2013-04-07 at 12:36 pm

    ཨ་མྱེས་དམ་པ་གང་གིས། མ་ཎི་དུང་ཕྱུར་གྲུབ་ནས། དུང་སོ་སྨིན་པ་དྲན་བྱུང།
    དད་ལྡན་ཁྲི་སྟོང་དུ་མས། མ་ཎི་དུང་ཕྱུར་བསྒྲུབས་ན། བྱིན་རླབས་མེད་པ་ཅི་སྲིད།

  2. ཨ་ཕྱི་ཆོས་སྒྲོན says:
    2013-04-08 at 2:22 am

    ཁ་ནས་མ་ཎི་འདོན་རུང་། །ཁོག་ནས་ཞྭ་འཁོན་མ་རལ། །ཁ་ཁོག་མི་མཚུངས་དུང་སྒྲུབ། །ཁ་བའི་ཆེད་དུ་ཡིན་ནམ།

  3. དྲང་བདེན says:
    2013-04-08 at 2:45 am

    བཀྲ་ཤིས་བདེ་ལེགས

  4. དྲང་བདེན says:
    2013-04-08 at 2:51 am

    ཁ་བརྡ་དྲ་བའི་རྩོམ་བྲིས་ཚོགས་མི་ཡོངས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ད་རྩོམ་པ་པོ་མགོན་པོ་ཚེ་རིང་ལགས་ཀྱི་ལོ་རྒྱུས་དང་འདྲ་པར་བཅས་ཁ་བརྡ་དྲ་རྒྱའི་ནང་སྤེལ་རོགས་གནང་ཞེས་འབོད་སྐུལ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ་གནང་།

  5. དྲི་མེད་ལྷག་བསམ། says:
    2013-04-08 at 3:23 am

    སྐྱོ་བྲག་དགའ་དབང་ལགས། དུང་སྒྲུབ་ལ་བཀྲ་ཤིས་བདེ་ལེགས་ཞུ། རྒྱལ་དབང་༧ཀརྨ་བཅུ་བདུན་པའི་་པདྨ་བསྟན་སྲུང་གི་བསྟོད་བསྐུལ་ལས།།མ་རུང་གདུགས་པའི་སེམས་དང་འདྲེས་པའི་སྙིང་། །ཙ་རེ་དག་ལ་མཆིས་ཀྱང་བཏོན་ལ་ཤོག །ཚ་གྲང་འཐབ་འདྲའི་བཀའ་བརྒྱུད་བསྟན་པ་འདིས། །ཛ་ལང་འཕྲོག་པའི་ལས་རྣམས་མ་བསྒྲུབ་ན། །ཝ་མོ་སྐྱག་སྐམ་འཚོལ་དང་ཁྱད་པར་ཅི། ། ཟེར་བ་རྒྱ་ནག་ལ་ཟེར་བ་ཡིན་ནམ། བསྟན་པའི་དགྲ་བོ་སྤྱི་ལ་ཟེར། པདྨ་བསྟན་སྲུང་ཞུ་བ་དེ་མཚུར་ཕུའི་མཁར་ནག་རྡོར་རྒྱལ་ལ་ཟེར་རམ། དཔལ་སྤུང་དཀོར་བདག་ཀརྨ་བསྟན་སྐྱོང་ལ་ཟེར། ཡང་ན་གཞན་ཞིག་ཡོད་བཀའ་འདྲི་ཞུ། །

  6. མེ་ཏོག་དཀར་པོ says:
    2013-04-08 at 3:39 am

    སངས་རྒྱས་བསྟན་ལ་ལེགས་ཞུགས་ཤིང་།།
    དམ་པའི་བཀའ་ཉན་ཡིད་ལུས་ཅན།།
    དགེ་བསྙེན་པདྨ་བསྟན་སྲུང་ནི།།
    འཁོར་བཅས་གནས་འདིར་འབོད་དོ་གཤེགས།།
    འདི་དཔལ་སྤུངས་ཀྱི་བསྟན་སྲུང་ཡིན།

  7. ཨ་ཕྱི་ཆོས་སྒྲོན says:
    2013-04-08 at 5:24 am

    ཙ་རིའི་བསྟན་སྲུང་རང་དགོན་སྨད་པ་ལས། །
    ཚ་རབས་ཆོས་རྒྱུད་འབྲེལ་བའི་ཞྭ་དམར་ལ། །
    ཛ་ལང་ལྐོག་གསང་གཡོ་སྒྱུ་ལེགས་སྤངས་ནས། །
    ཝ་མོ་སྟག་གི་མཚན་བྱང་དོར་རན་འདུག །

  8. མེ་ཏོག་དཀར་པོ says:
    2013-04-08 at 5:27 am

    ☝☝☝
    ཨ་ཕྱི་བཀའ་འདི་བཀའ་འདྲ་འདུག

  9. ཀརྨ་སྐལ་བཟང says:
    2013-04-08 at 1:23 pm

    ཐ་ན་རང་གིས་ཀམ་ཚང་བསྟན་པ་དེ་ཡག་པོ་སྐྱོང་མི་ཐུབ་པ་བོད་ཀྱིས་
    རྒྱལ་གཅེས་དཔལ་བོ་རྣམས་ཆེད་དུ་ཟེར་བ་དེ་ངོ་ཚ་མེད་པའི་ཧམ་གཤད་རེད།།
    རང་དོན་མི་གྲུབ་པ་ལ་གཞན་དོན་་དཔེ་ན་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ
    ཟེར་བའི་གནའ་མིའི་ཁ་དཔེ་འདིར་ཁྱེད་རྣམས་ཀྱིས་་ངོས་འཛིན་ཟབ་གསལ་ཞིག་ལེན་དགོས།
    རྒྱལ་གཅེས་དཔལ་བོ་དཔལ་མོ་རྣམས་ལ་སྔོ་སྨོན་དགོས་འདོག་མ་རེད་
    ཁོང་རྣམས་པ་བོད་སྤྱིར་བའི་དོན་དུ་སྐུ་ལུས་མཆོད་མེ་ལ་ཕུལ་བ་རེད་
    སྤྱན་རས་གཟིགས་ལ་མ་ནི་ལུང་གནང་དགོས་མ་རེད་། རང་གིས་བསྟན་པ་རང་གིས་སྲུང་
    གཞན་ལ་ཕྲག་དོག་དང་གནོད་ཚེ་དཔང་ན་དེ་བསྟན་སྲིད་སྤྱི་རིམ་རེད་།།།།

  10. མངའ་རིས་ཕྲིན་ལས། says:
    2013-04-08 at 11:16 pm

    སྐལ་བཟང་མིང་པས།༼ཐ་ན་རང་གིས་ཀམ་ཚང་བསྟན་པ་དེ་ཡག་པོ་སྐྱོང་མི་ཐུབ་པ་བོད་ཀྱིས་རྒྱལ་གཅེས་དཔལ་བོ་རྣམས་ཆེད་དུ་ཟེར་བ་དེ་ངོ་ཚ་མེད་པའི་ཧམ་གཤད་རེད༽ཅེས་ཟེར་བ་ནི་སྐུ་ཉིད་ཀྱི་དགོངས་པ་ག་བར་བཞེས་ཡོད། དེ་ལྟ་ཡིན་ན་ཀཾ་ཚང་གཅིག་པོ་ག་ལ་ཡིན་བཙན་བྱོལ་དུ་གནས་པའི་རང་རིགས་སྤྱི་སྒེར་ཡོངས་ཀྱིས་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ཆོས་སྲིད་ཀྱི་བྱ་བ་གང་དང་གང་བྱས་པ་ཐམས་ཅད་ཧམ་བཤད་དང་ཧམ་ལས་རེད་ཟེར་ཕོད་དམ། གང་ལ་ཞེ་ན་བོད་རྒྱལ་ཁབ་སྐྱོང་མ་ཐུབ་ནས་ཡུལ་གྱར་ཆགས་པ་གཅིག་པའི་ཕྱིར། ༼རང་དོན་མི་གྲུབ་པ་ལ་གཞན་དོན་དཔེ་ན་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བའི་གནའ་མིའི་ཁ་དཔེ་འདིར་ཁྱེད་རྣམས་ཀྱིས་་ངོས་འཛིན་ཟབ་གསལ་ཞིག་ལེན་དགོས།༽ཟེར་བ་ནི་ཀརྨའི་མིང་གི་འོག་ནས་བཤད་སྟངས་དེ་སྐུ་ཉིད་རང་མདོགས་ཕྱིར་བསྟན་པ་ཟུར་ལྟས་ལེབ་མཐོང་རེད། ནང་ལ་བཀྲ་མ་ཤིས་པ་ཀཾ་ཚང་གཅིག་པོ་ཨེ་རེད། དང་པོ་ཁྱོད་ཀྱིས་དགེ་བསྐུལ་གསལ་བསྒྲགས་འདི་ལ་དེ་ལྟར་བཤེ་དགོས་པའི་སྒེར་གནད་དེ་ཁ་ནང་ལ་སྐོར་ནས་དཔྱད་པ་ཞིག་མཛོད་དང་བཀྲ་ཤིས་པ་དེ་མ་ཤིས་པ་བཟོ་མཁན་སུ་རེད་འདུག་མཁྱེན་ངེས་རེད། ༼རྒྱལ་གཅེས་དཔལ་བོ་དཔལ་མོ་རྣམས་ལ་སྔོ་སྨོན་དགོས་འདོག་མ་རེད་ཁོང་རྣམས་པ་བོད་སྤྱིར་བའི་དོན་དུ་སྐུ་ལུས་མཆོད་མེ་ལ་ཕུལ་བ་རེད་སྤྱན་རས་གཟིགས་ལ་མ་ནི་ལུང་གནང་དགོས་མ་རེད་། རང་གིས་བསྟན་པ་རང་གིས་སྲུང་གཞན་ལ་ཕྲག་དོག་དང་གནོད་ཚེ་དཔང་ན་དེ་བསྟན་སྲིད་སྤྱི་རིམ་རེད།༽རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱིས་བསྔོ་སྨོན་མཆོད་འབུལ་བྱེད་པ་ནི་སྐུ་ཉིད་དང་འདྲ་བ་རེ་ཟུང་ལས། བཙན་བྱོལ་གཞུང་སྒེར་ཆོས་ལུགས་ཆོས་བརྒྱུད་ཡོངས་ནས་གནང་དང་གནང་བཞིན་པ་ལ། ཁོང་རྣམ་པའི་གནང་བ་དེ་གཅིག་པོ་སྤྱན་རས་གཟིགས་ལ་མ་ཎི་ལུང་དང་མཚུངས་དགོས་པ་གང་ཡིན་ནམ། དེ་ནི་བདག་ཉིད་ཆེ་ལ་སྐྱེ་བོ་རྣམས། །སྐྱོལ་འཚོལ་འགྱུར་གྱི་དམན་ལ་མིན། །འཕན་ཟེལ་རིན་ཆེན་ལ་ལྟ་ཡི། །མགལ་དུམ་ལ་ནི་སུ་ཞིག་དཔྱོད། ཅེས་པ་དང་དོན་མཚུངས་པས་སྐྱོལ་འཚོལ་མཁན་གང་ཟག་གི་རང་མདོགས་ངན་པ་ཕྱིར་མངོན་པ་ལས་སྨད་པའི་ཡུལ་ལ་ཅི་ཡང་གནོད་པ་ཡོང་མི་སྲིད། ལར་ནི་གཞན་གྱི་བྱས་པ་ལ་དྲངས་པོའི་རྣམ་དཔྱོད་ཀྱིས་དགའ་སྒོམ་ཡི་རང་བསྔགས་པའི་མེ་ཏོག་ཕུལ་མ་ཐུབ་ཀྱང་། ངན་སྨྲས་དང་ཁ་གཏོང་བྱེད་པ་ནི་ངོ་མ་སྙིང་རྗེའི་ཡུལ་དུ་གྱུར་མིན་འདུག་གམ་གཟིགས་དང་དྲངས་བདེན་ལ་དགའ་བའི་དྲ་གྲོགས་ཚོ་དང་། མཁྱེད་སྤྱོད་ཡངས་པའི་གཟིགས་པ་པོ་རྣམ་པ་ཚོ།།

  11. ཀརྨ་སྐལ་བཟང says:
    2013-04-09 at 12:01 am

    མངའ་རིས་ལགས་ཁྱེད་དང་ཁྱེད་འདྲ་བོས་རྨོང་དད་ཅན་ཁ་ཤས་ཀྱིས་ངང་གིས་མིང་སྔར་ལ་མཐོང་བ་ཙམ་གྱིས་ཡིད་ཆེས་དང་བདེན་བཟུང་ལྐུགས་པ་རང་རེད་།། ཁྱེད་ལྟས་ན་ངས་ཧམ་བཤད་པ་རེད་དྲན་གི་འདུག་གམ དངོས་ཡོད་གནས་ཚུལ་དེ་མི་ཁྱེད་འདྲ་བོས་ཤེས་ཀྱི་མ་རེད་ལ་ཁ་རོག་འདུག་ན་དགའ།།

  12. དོན་གྲུབ་ཚེ་རིང་། says:
    2013-04-09 at 1:06 am

    ཀརྨ་སྐལ་བཟང་ཟེར་བའི་དྲ་འབུ་ཁྱི་རྒན་འདྲ་བོ་ཁྱོད་ལྐུགས་པ་ཨུ་ཚུགས་ཀྱིས་ཅི་ཕན། མངའ་རིས་ལ་འགྲན་ཡ་བྱེད་འདོད་ཚེ་དྲང་བདེན་གྱི་ལན་གཅིག་ཐོབ་དང་། དེ་མིན་ཧམ་བཤད་བྱས་པས་ཅི་ཕན་སྔར་གྱི་གནས་སྟངས་དང་མི་མཚུངས། སྔར་ཡིན་ན་ཁྱོད་དང་ཁྱོད་འདྲ་བ་མང་པོས་བོད་རིགས་ནང་ཁུལ་དུ་དཔའ་ཧམ་ཆེ་མདོག་གིས་འཕྲོགས་བཅོམ་དང་ཧམ་བཤད་བྱེད་པ་ནང་བཞིན་དེང་སང་འགྲོ་ས་མེད་པ་ཤེས་དགོས། ཁྱོད་དྲ་ཐོག་འདིར་ཡོད་པའི་ཤེས་ལྡན་གྱི་མི་སྣ་བསམ་ཡོད་ཅན་གཅིག་ཡིན་ཚེ་དངོས་ཡོད་ལ་ལན་རྒྱབ་དང་ཕོ་རྒོད་ཡིན། དེ་མིན་རྒྱུ་མཚན་གང་ཡང་བཤད་རྒྱུ་མེད་པར་རྫིག་རྫིག་བྱེད་པ་ནི་དྲ་ཐོག་གི་ཁྱི་རྒན་ལ་བརྩི་རྒྱུ་ལས་མ་འདས་ན་དེ་ལུགས་དུས་རབས་དང་མཐུན་པའི་རྣམ་དཔྱོད་ཀྱིས་ལན་ཐོབས་ཤིག་གུ

  13. མངའ་རིས་ཕྲིན་ལས། says:
    2013-04-09 at 3:16 am

    སྐལ་བཟང་ལགས་དྲངས་བདེན་དངོས་ཡོད་དང་མཐུན་པའི་ལན་ཞིག་མཆིས་ཚེ་ངའི་ཁྱེད་དགའ་བསུའི་ངང་དང་ལེན་ཞུ་རྒྱུ་ལས། རྨོངས་སེམས་ཀྱི་འཆར་སྣང་ཕྱོགས་རེ་བ་དེ་འདྲ་ནི་སུས་ཀྱང་དྲན་ཐུབ་ལ་བཤད་ཀྱང་ཤེས། གཞན་གྱི་སྐྱོན་ཁོ་ན་འཚོལ་ནས་བཤད་ཤེས་ཙམ་གྱིས་སུས་ཡིད་རྟོན་བྱེད། གཞན་སྐྱོན་དགག་ཅིང་རང་ལུགས་འཐད་ལྡན་དུ་འཇོག་ཐུབ་ཚེ་ད་གཟོད་ཁྱོད་ཀྱི་དཔྱད་གཏམ་དེའི་རིན་ཐང་རྟོགས་ནུས། དེ་མིན་ཧམ་བཤད་དང་རྫིག་གཏམ་འཕྲོག་བཅོམ་གྱི་དུས་རབས་དེ་ཡོལ་ཚར་བས་དེ་ལུགས་དུས་རབས་ཀྱི་འགྱུ་འགྲོས་ལ་གཞིག་ནས་སྐད་ཆ་ན་ལེགས།

  14. རྒྱ་མཚོ་ཆེན་པོ་ says:
    2013-04-09 at 3:17 am

    སྐལ་བཟང་ཟེར་བ་འདི་དང་པོ་དྲན་ཚད་བཤད་ ཁོ་ལ་དགོས་པའི་གསལ་བཤད་ལན་འདེབས་འདིས་ཁ་ངོ་སྐྱེངས་ ཐ་མ་དོན་མཐུན་བསྐྱར་ལན་མེད་པ་ཧམ་བཤད་དང་འཇིགས་བསྐུལ་བྱས་ཚུལ་བྱ་ངན་ལ་མཁས་དབང་ཀུན་ཞེ་མེར་ལངས་བའི་རྒྱུ་ལས་མ་འདས་ དེས་ན་དངས་བ་རེ་བྱོས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme