Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན།

Posted on 2020-01-01 By ཁ་བརྡ 1 Comment on བསྟན་འཛིན།

དགེ་བསྟན།

བསྟན་འཛིན་ནི་སློབ་ཕྲུག་བྱས་མྱོང་ལ། གྲྭ་པ་བྱས་མྱོང་བར་མ་ཟད། གྲོང་ཆོག་པ་དང་བྱ་བྲལ་བའང་བྱས་མྱོང་། ད་ལྟ་ཁོ་སློབ་ཕྲུག་དང་གྲྭ་པ། གྲོང་ཆོག་པ། བྱ་བྲལ་བ་གང་ཡང་མིན། འོན་ཀྱང་། ཁོ་ད་དུང་བྱ་བྲལ་བའི་ཁང་པ་ཆུང་ཆུང་དེའི་ནང་བསྡད་ཡོད།

ཉི་མ་རི་རྩེ་ནས་འཕགས་ཏེ་བར་སྣང་གི་དཀྱིལ་དུ་སླེབས་ལ་ཉེ་བའི་ཚེ། ཁྱིམ་མཚེས་རྣམས་རང་རང་སོ་སོའི་ཁང་མིག་དོག་པོ་ལས་ཕྱིར་དོན་ནས་ཉི་མར་ལྡེ་བཞིན་མཆིས། ཁོ་ཚོར་མཚོན་ན་དགུན་དུས་ཀྱི་ཉི་མ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན། “དེ་རིང་བསྟན་འཛིན་ལ་གང་བྱས་པ་རེད།” སྨད་གཡོགས་དམར་པོ་དང་སྟོད་ཐུང་དམར་པོ་གྱོན་པའི་བུད་མེད་སྐྲ་མེད་མ་དེས་དེ་སྐད་ཟེར་བཞིན་བསྟན་འཛིན་གྱི་སྒོ་བརྡུངས།

“གྷུ་ཌི་མོར་ནིན། (good morning) ཚང་མ་ལ་གྷུ་ཌི་མོར་ནིན།” བསྟན་འཛིན་གྱིས་ལག་པ་གཡས་པས་མིག་འཕུར་འཕུར་གཏོང་གིན་གཏོང་གིན་དེ་ལྟར་རྗོད་ཀྱིན་ཁོ་རང་གི་ཁང་མིག་ལས་ཕྱི་ལ་དོན། ཁོ་ཚོར་མིག་གིས་མ་བལྟས་པར་ཁོ་ཚོའི་སྡོད་གནས་ཆགས་སའི་ཐང་ཆུང་ཆུང་དེའི་སྣེ་ལ་གདོང་གཏད་ནས་ཕྱིན། ཕྱོགས་ཀུན་ནགས་ཚལ་གྱིས་བསྐོར་བའི་གནས་དེ་ནས་མར་བལྟས་ཚེ། ཡམ་བུ་གྲོང་ཁྱེར་ནི་ལག་མཐིལ་ལ་བླངས་ཡོད་པ་དང་མཚུངས། ཁོས་ཕོ་མཚན་ནག་པོ་སྦོམ་ལ་རིང་བ་དེ་དོར་མའི་ནང་ནས་ཕྱི་ལ་བཏོན་ཏེ། ཡམ་བུ་གྲོང་ཁྱེར་གྱི་ཕྱོགས་སུ་ཁ་གཏད་ནས་གཅིན་པ་བཏང་། ཁོའི་གཅིན་ལྒང་སྦོས་ནས་འགས་ལ་ཁད་ཡོད་པས་གཅིན་པ་ཕོ་མཚན་ནས་ཕྱི་ལ་འབབ་པ་དེས་ཁོའི་ལུས་ལ་བདེ་བ་བརྗོད་དཀའ་བ་ཞིག་སྟེར་བཞིན་ཡོད། གཅིན་པ་རྩྭ་གསེང་ལ་བབས་པའི་སྒྲ་དེ་ཡང་པི་ཝང་གི་སྒྲ་དང་མཚུངས་པར་ཧ་ཅང་སྙན་པོ་ཞིག་རེད། ཁོས་མཚང་ར་ཕར་ཡོ་ཚུར་ཡོ་བྱས་པ་ན་གཅིན་པ་བབས་པའི་སྒྲ་ཡང་མི་འདྲ་བ་རེ་གྲག་ཡོང་བས་དེ་བས་ཀྱང་བདེ་ཞིང་སྐྱིད་པའི་སྣང་བ་སྐྱེས།

“ཕར་བལྟས་དགོན་པ་ཁྲ་ཁྲ།།
བལྟས་ན་སྐྱིད་མདོག་ཁ་བོ།།
ནང་ལ་སྡོད་པའི་ཨེན་ཆུང་།།
སེམས་ལ་བདེ་བ་མི་འདུག” གཅིན་པ་བཏང་ཚར་ནས་ཕྱིར་ལོག་ཡོང་སྐབས། གཡོན་ཕྱོགས་ཀྱི་རི་ཟུར་ན་ཆགས་པའི་དགོན་པ་དཀར་པོ་དེ་ཁོའི་མིག་ལམ་དུ་མངོན་པའི་མོད་ལ། སེམས་ལ་དགོན་པའི་ནང་གི་གྲྭ་བའི་འཚོ་བ་དྲན་ནས་གཞས་འདི་ལྟར་བཏང་།

“གང་བྱས་སོང་། ཁྱེད་རང་ལ་་་་་ དེ་རིང་་་་” ད་གིན་གྱི་ཇོ་གཟུགས་མ་དེས་བསྟན་འཛིན་ལ་མིག་གི་ཟུར་ནས་ལྟ་བཞིན་དེ་ལྟར་དྲིས། “མདང་ཡག་པོ་ཉལ་ཐུབ་མ་སོང་།” བསྟན་འཛིན་གྱིས་མོ་ལ་ལན་འདེབས་བཞིན་མོའི་ཕྱོགས་སུ་འཁོར་བ་ན། མིག་གཉིས་པོ་རང་ལ་མི་དབང་བ་ནང་བཞིན་མོའི་གདོང་ལ་མ་འཁོར་བར། བྲང་གི་ནུ་འབུར་གཉིས་པོ་ལ་འཁོར། ཉི་མ་ཧ་ཅང་དྲོ་བས་མོའི་སྟོད་ཐུང་དམར་པོ་དེ་ཕུད་ཚར་འདུག་ལ། རྔུལ་ལེན་སེར་པོ་དེ་ནི་མོའི་ནུ་མ་གཉིས་པོ་བཀབ་ནས་ཐང་ཆད་དེ། ད་ནི་ག་རེ་བྱུང་ན་བྱུང་། གཡུགས་ཤོག་སྙམ་བཞིན་པ་ལྟར། ནུ་འབུར་གྱི་ཕྱེད་བསྒྲིབས་ལ་ཕྱེད་མ་བསྒྲིབས་པར་རྗེན་པར་མངོན་འདུག “ཡང་འཆར་གཞི་བསྒྲིགས་ནས་གཉིད་མ་ཁུག་པ་ཡིན་འགྲོ།” སྐམ་ལ་རིད་པའི་གྲྭ་བ་དེས་སྣང་ཚུལ་དེ་བློ་ལ་མ་བབས་པའམ། དོ་སྣང་མ་བྱུང་བ་གང་ལྟར་ཡང་སྣང་མེད་ངང་ནས་དེ་སྐད་དྲིས། ཁོ་ཚོ་ལ་དུས་ཚོད་མ་ཟད་པའི་དཀའ་ངལ་ཡོད་པ་ལས། དུས་ཚོད་ཀྱིས་མ་འདང་བའི་དཀའ་ངལ་ཡེ་ནས་མེད་པས། བསྟན་འཛིན་གྱིས་གང་ཞིག་ལབ་རྒྱུ་ཡིན་པ་ཁོ་ཚོས་ཤེས་ཀྱི་ཡོད་རུང་། མ་ཤེས་ཁུལ་གྱིས་དྲིས།

“འཆར་གཞི་ཨེ།” བསྟན་འཛིན་གྱིས་ལུས་པོ་ཡོངས་རྫོགས་འགུལ་སྐྱོད་བྱས་ནས་སྐྱིལ་ཀྲུང་དུ་སྡོད་སྐྱོར་ཞིག་བྱས་པ་དང་། མུ་མཐུད་ནས་་་”ང་ལ་འཆར་གཞི་མང་པོ་ཡོད་རེད། ལོ་གཅིག་ལ་དབྱིན་ཇི་སྦྱང་། ལོ་གཅིག་ལ་སངསྐྲིཏ་སྦྱང་། ལོ་གཅིག་ལ་པ་ལི་སྦྱང་་་་་་་་་་”
“དེ་འདྲ་མང་པོ་སྦྱངས་ནས་གང་བྱེད་ཀ” གྲྭ་ཆས་གྱོན་ཞིང་མགོ་སྐྲ་རིང་པོ་རྒྱབ་ཏུ་བསྡམས་པའི་མི་རྒྱགས་པ་དེས་དེ་ལྟར་དྲིས།
“ངས་ཡག་པོའོའོའོའོའོའོ་ཅིག་སྦྱངས་ནས། སྐད་སྒྱུར་བྱེད་ཀྱི་ཡིན།”
“སུའི་སྐད་སྒྱུར་་་་་་་་་” ཁོ་ཚོས་འཛུམ་བཅས་ཕན་ཚུན་ལ་ལྐོག་ནས་མིག་བརྡ་བྱེད་ཀྱིན་བསྟན་འཛིན་ལ་དྲིས།
“རྒྱལ་བ་ཡིད་བཞིན་ནོར་བུའི་སྐད་སྒྱུར་བྱེད་ཀྱི་ཡིན།” བསྟན་འཛིན་གྱིས་ལྷག་བསམ་རྣམ་དག་གི་སྒོ་ནས་ལབ།
“ཕེ། གཡུགས་ཞོག །ཁོང་ལ་གསུང་སྒྱུར་ཙག་ཏོ་ཡོད་རེད།” ཇོ་གཟུགས་མ་དེས་དབུས་སྐད་གཙང་མ་ཞིག་རྒྱག་ཁུལ་བྱས།
“རེད་རེད། ་་་་་་་ མ་རེད་མ་རེད། ཁོ་ཚོས་དབྱིན་ཇི་ཤེས་ན་བོད་ཡིག་ཡག་པོ་ཤེས་ཀྱི་མ་རེད། བོད་ཡིག་ཤེས་ན་དབྱིན་ཇི་ཡག་པོ་ཤེས་ཀྱི་མ་རེད། ཨུ་ཧུམ་་་་་” ཁོས་མགྲིན་པ་བསངས་ནས་སླར་ཡང་། “ སངསྐྲིཏ་དང་པ་ལི་ཅིག་ལྟ་ག་བ་ག་བ་་་་ ལོབ་དང་། སྐད་སྒྱུར་སུས་ང་ནང་བཞིན་ཚངངངངངངང་མ་ཤེས་ཀྱི་རེད།” ཁོས་བཤད་སྟངས་ལ་གཞིགས་ན། ཁོས་སྐད་ཡིག་དེ་དག་ཐམས་ཅད་སྦྱངས་ནས་ལེགས་པར་ཤེས་ཡོད་པ་དང་མཚུངས་ལ། ཁོ་རང་རྨི་ལམ་གྱི་ཀློང་ན་ཡོད་པ་དང་ཡང་མཚུངས།
“ད། བསྟན་འཛིན་གྱིས་སྐྱེ་བ་རྗེས་མའི་སྐད་ཆ་བཤད་ཀྱི་ཡོད་རེད།” སྣ་རྩེ་ཁ་པར་གྱི་འཆར་ཤེལ་ལ་ཐུག་གྲབས་ཡོད་པའི་ཕུང་གསུམ་པ་གཞན་དེས། མིག་གཉིས་པོ་ཁ་པར་ལས་ཅུང་ཟད་ཀྱང་མ་གཡོས་པར་འཕྱ་དམོད་ཀྱི་གདངས་འདྲེས་པའི་སྐད་ཀྱིས་དེ་སྐད་སྨྲས།
“ང་ལོ་ཆེན་པོ་རང་མ་རེད་ད། ལོ་ལྔ་བཅུ་ཡིན།” ཁོས་ལག་པ་གཡས་པའི་མཛུབ་མོ་ལྔ་པོ་ཤ་བའི་རྭ་ཅོ་བཞིན་དུ་བགྲད་ནས་ལྔའི་ཕྱག་རྒྱ་བྱེད་ཀྱིན། “ལྔ་བཅུ་ཆེན་པོ་མ་རེད་ད། ལོ་གཉིས་གསུམ་གྱི་རྗེས་ལ་སྐད་སྒྱུར་བྱེད་ཐུབ་ཀྱི་རེད།” ཅེས་བརྗོད།

ཕྱི་དྲོ་ལོན་པ་ན། ཁོ་ནམ་རྒྱུན་བཞིན་རི་སྐེད་ཀྱི་རྟ་མང་གི་གྲོང་གསེབ་དེ་ལ་བསྐྱོད། ནགས་གསེབ་ཀྱི་ལམ་དེད་ནས་འགྲོ་སྐབས། ལམ་འགྲམ་གྱི་ལྗོན་ཤིང་རེ་རེ་རྒྱབ་ལ་བསྐྱུར་བ་དང་གྲོང་གསེབ་ལ་ཇེ་ཉེ་ཇེ་ཉེ་ཡིན་པའི་སྣང་བ་སྐྱེས། དེ་དང་ལྷན་ཅིག་ཡིད་ལ་དགའ་སྣང་སྔར་ལས་ལྷག་པ་ཞིག་སྐྱེས་པས་གཞས་འདི་ལྟར་བཏང་།
“བསོ་ཡ་ལ་བསོ།
ལྷ་ས་ནོར་བུའི་གླིང་ལ།།
ནོར་བུ་མི་འདུག་མ་གསུངས།།
ཇོ་ཤཱཀ་ཡིད་བཞིན་ནོར་བུ།།
ནོར་བུ་མིན་ན་གང་ཡིན།།

བསོ་ཡ་ལ་བསོ།
རྟ་མང་གྲོང་གསེབ་ནང་ལ།།
མཛེས་མ་མི་འདུག་མ་གསུངས།།
བུ་མོ་མཱ་ཡཱ་རྟ་མང་།།
མཛེས་མ་མིན་ན་གང་ཡིན།།
བསོ་ཡ་ལ་བསོ།” ཁོས་རང་གིས་གོ་ལ་གཞན་གྱིས་མི་གོ་བའི་སྐད་གདངས་ཀྱིས་གཞས་གཏོང་གིན་གཏོང་གིན་ཕྱིན་པས། རྨི་ལམ་སྐྱིད་པོ་ཞིག་སླར་ཡང་རྨིས།

སྐད་རིགས་སྣ་ཚོགས་པའི་དཔེ་དེབ་ཀྱིས་ཡོངས་སུ་གཏམས་པའི་ཁང་ཆེན་ཉམས་དགའ་བ་ཞིག་གི་ནང་ན། མཱ་ཡཱས་ཐབ་ལས་བྱེད་ཀྱིན་ཡོད་ཅིང་། ཁོས་ནུབ་ལུགས་ཀྱི་གྱོན་ཆས་སྤུས་ལེགས་ཆ་འགྲིག་ཅིག་གྱོན་ཅིང་། ལག་ལ་ཀོ་བ་ནག་པོའི་དཔེ་ཁུག་གསར་བ་ཞིག་འཁྱེར་ནས་ཕྱི་ལ་འགྲོ་བཞིན་ཡོད། ཁོས་སྒོ་འབྱེད་ལ་ཉེ་བའི་ཚེ། མཱ་ཡཱ་ཐབ་ཚང་ནས་དོན་འོངས་ནས་ཁོའི་སྐེ་ལ་འཁྱུད་ནས་འོ་ཞིག་བྱས་པ་དང་། ཁོའི་སྐེ་ཆིངས་ལ་ལག་པ་རེག་ཙམ་བྱས་ནས། “ཨའེ་ལོབ་ཡུ། (I love you)” ཞེས་བརྗོད། ཁོས་མོའི་དཔྲལ་བའི་སྒང་ལ་འོ་ཞིག་བྱས་ཏེ་”ཨའེ་ལོབ་ཡུ། (I love you)” ཞེས་བརྗོད། “ཐན་ཁིའུ། (thank you)” ཁོའི་རྣ་ལམ་དུ་ཆ་མེད་རྒྱུས་མེད་ཀྱི་སྐད་ཅིག་གྲགས་འོངས་ནས་ཁོའི་གཉིད་མ་ཁུག་པའི་རྨི་ལམ་སྐྱིད་པོ་དེ་སྐད་ཅིག་ཉིད་ལ་དཀྲོགས། བློ་བསྒྲིམས་ནས་བལྟས་ཙ་ན། འཁར་རྒྱུགས་ལ་བརྟེན་པའི་རྒན་མོ་མགོ་སེར་མ་ཞིག་ཁོའི་མདུན་དུ་ལངས་ནས་བསྡད་འདུག ཁོ་ངོ་ཚ་ཞིང་འཚབ་ནས་ཅི་བྱེད་འདི་བྱེད་མ་ཤེས་པར་ལམ་འོག་ལ་མཆོངས་ནས་རྒྱུགས།

ས་རུབ་ལ་ཉེ་བའི་ཚེ། བསྟན་འཛིན་རྟ་མང་གྲོང་གསེབ་ནས་རང་གནས་སུ་ལོག་ཡོང་གིན་ཡོད། ཁོའི་གོམ་འགྲོས་འཁྱོར་ཞིང་ངུ་མ་དགོད་ཀྱི་ངང་ནས་གཞས་མ་གཏམ་ཞིག་གཏོང་གིན་འདུག
“ཆོས་བདེན་པ་གཉིས་དང་བདེན་པ་བཞི།།
བདེན་གཉིས་ཆོས་ཀྱི་རྩ་བ་རེད།།
བདེན་བཞི་ཆོས་ཀྱི་ཉམས་ལེན་རེད།།
ངས་ཉམས་ལེན་་་་་་་་་ ངས་ཉམས་ལེན་བྱས་་་་་་་ནས་་་་་་་་་་” ཁོ་ནགས་ཁྲོད་ཀྱི་ལམ་ཕྲན་བརྒྱུད་ནས་གྱེན་དུ་འཛེགས་ཀྱི་འདུག “ངསསསསས་ཉམས་ལེན་མ་བྱས་ནས་་་་་་་་་་ བདེན་པ་བཞི་་་་་་་ བདེན་པ་གཉིས་་་་་་་་ དངོས་གནས་རེད། བདེན་པ་གཉིས་རང་ཡོད། ཨུ་ཧུ་་་་་་་་” མཱ་ཡཱ་མནའ་མར་ཕྱིན་པའི་གཏམ་དེ་ནི་རལ་གྲི་རྣོན་པོ་ཞིག་དང་འདྲ་བར་ཁོའི་སྙིང་དུམ་བུ་དུམ་བུར་གཏུབས་ཏེ། ཚལ་པ་སྟོང་དུ་གས་པ་ལྟར་ན་ཟུག་བཟོད་གླགས་མེད། “ཨུ་ཧུ་ཧུ་་་་་་་་བདེན་པ་གཉིས་ཡོད་མ་རེད། གཅིག་རང་གཅིག་ཡོད། ང་གཅིག་པོ་བདེན་པ་ཡིན། ཨུ་ཧུ་ཧུ་ཧུཧུཧུཧུ་་་་་་་ ཁྱེད་རང་རྫུན་མ་རེད། མཱ་ཡཱ། ཁྱེད་རང་རྫུན་མ་རེད། ཁྱེད་རང་ག་བ་ཕྱིན་པ་་་་་་་་་ཨ་་་་ ཨུ་ཧུ་ཧུ་་་་་་” ཁོས་ལག་པ་གཉིས་པོ་རེས་མོས་བྱས་ནས་བྲང་ལ་བརྡུངས། སྟབས་མ་ལེགས་པར་ཁོའི་རྐང་པ་ཤིང་གི་རྩ་བ་ཞིག་ལ་ཐོགས་ནས་ཁོ་རང་རྦབ་རྡོ་ནང་བཞིན་ཐུར་དུ་འགྲིལ།

མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་ཤར་བའི་སྤང་ལྗོངས་མཐའ་མི་མངོན་པ་ཞིག་ཏུ། ཁོས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བཞིན་མེ་ཏོག་འཐུ་བཞིན་མཆིས། མཱ་ཡཱ་གང་ནས་འོངས་པ་མ་ཤེས་པར་ཁོའི་རྩར་སླེབས་འདུག །མོས་ཁོའི་བྲང་ལ་ག་ལེར་འབུད་རྒྱག་བྱས་ནས་ཁོ་རྩྭ་གསེང་དུ་བསྙལ། ཁོས་མོ་རང་ཁོའི་བྲང་ལ་ཉལ་བར་བསྒུགས། འོན་ཀྱང་། མོ་ཁོའི་རྩ་ལ་མ་བཏུད་པར་ཐག་རིང་ནས་ལག་པ་རིང་པོ་ཞིག་བརྐྱངས་ནས་ཁོའི་འགྲམ་པ་ལ་རེག་ཙམ་བྱས་ཏེ། “འདི་བསྟན་འཛིན་རེད་འདུག” ཅེས་སྨྲས། ཁོའི་མིག་ལམ་དུ་ཡོད་པ་མཱ་ཡཱ་ཡིན་རུང་རྣ་ལམ་དུ་གོ་བ་ནི་མཱ་ཡཱའི་སྐད་མིན་པ་ལ་དོ་སྣང་བྱུང་བས། ཁོས་རིག་པ་བསྒྲིམས་ནས་ལྟ་ཉན་བྱེད་སྐབས། མཱ་ཡཱའི་ཨ་མ་སོགས་བུད་མེད་འགའ་ཤས་ཀྱིས་ཁོ་རང་བསྐོར་ནས་བསྡད་ཡོད་པ་དང་། ཁོའི་ཐོད་པ་ནས་ཁྲག་ཅུང་ཟད་འཛག་གིན་ཡོད་ལ། ལུས་པོ་ཡོངས་རྫོགས་རློན་པ་རློན་རྐྱང་ཆགས་འདུག

བུད་མེད་དེ་དག་མེ་ཤིང་འཐུ་རུ་ཕྱིན་ནས་ལོག་ཡོང་སྐབས། མི་ཞིག་གྲོག་རོང་དུ་འགྱེལ་ཡོད་པ་མཐོང་བ་དང་། ཉེ་སར་ཕྱིན་ནས་བལྟས་པའི་ཚེ་བསྟན་འཛིན་ཡིན་པ་ཧ་གོ་སྟེ། གྲོག་རོང་ནས་བཏོན་པ་རེད། ཁོས་བུད་མེད་དེ་དག་ལ་ཐུགས་རྗེ་ཆེ་ཟེར་དགོས་པ་ཡིན་མོད། ཐོག་མར་ཁོའི་ཁ་ནས་ཤོར་བའི་ཚིག་ནི། “མཱ་ཡཱ། ང་གཡུགས་ནས་ག་བ་ཕྱིན་པ།” ཞེས་པ་དེ་རེད། བུད་མེད་དེ་དག་ཧ་ལས་ཤིང་ཧོན་འཐོར་བ་དང་། མཱ་ཡཱའི་ཨ་མ་ཁོང་ཁྲོ་དྲག་པོ་ལངས་ནས། “ང་ཚོས་ཁྱོད་རང་སྤྲང་པོ་བདག་མེད་ཅིག་རེད་བསམས་ནས་སྙིང་རྗེ་ནས་ནང་ལ་བསུས། ཟ་མ་སྤྲད། ཆང་སྤྲད། ཁྱོད་རང་གི་མདོག་ལ་ཅིག་ལྟོས་དང་། ངའི་བུ་མོའི་པ་ཕ་ཡང་རང་ལས་གཞོན་བཟོ་དོད་པ་ཡོད། ཧུམ་་་་་་” མོས་མེ་ཤིང་གི་ཁུར་པོ་རྒྱབ་ལ་བླངས་ཏེ། “དེ་རིང་ནས་བཟུང་ཁྱོད་རང་ང་ཚོས་མིག་གིས་མཐོང་ས་ལ་མ་ཡོང་ཞིག” ཅེས་ཐ་ཚིག་བསྒྲགས་ནས་ལོག་ཕྱིན། ཁོ་ག་ལེར་ཡར་ལངས། ཁོ་བཟི་དྭངས་འདུག །ཁོས་ཁོ་རང་ག་བར་ཡོད་པ་ཡང་ཤེས་ཡོད། ག་བར་འགྲོ་དགོས་པ་ཡང་ཤེས་པས། གྱེན་དུ་འགྲོ་བར་བརྩམས། འོན་ཀྱང་། ཁོའི་རྐང་པ་ལ་ཁོ་རང་གྱེན་དུ་འདེགས་པའི་ནུས་ཤུགས་མི་འདུག །དེ་བས་ཁོས་ལག་པ་གཉིས་པོའང་རྐང་པའི་ར་མདར་སྦྲན་ནས་གྱེན་དུ་འཛེགས་པར་འབད། ཤུགས་ཀྱིས་འབད།

བརྩམས་སྒྲུང་།

Post navigation

Previous Post: ངའི་སྒྱུ་རྩལ་གྱི་བླ་འཁྱམས་འདུག 

Next Post: ཨ་རིག་མཁན་ཆེན་པདྨ་ཚེ་དབང་གིས་རྫ་དཔལ་སྤྲུལ་གླེང་བ།

Comment (1) on “བསྟན་འཛིན།”

  1. དགེ་ཆོས་སྐྱག་རྫུན་ says:
    2020-01-15 at 1:35 am

    ཡག་པོ་བྲིས་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme