Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན་ཆོས་རྒྱལ་དང་ནམ་མཁའི་སྔུར་སྒྲ།

Posted on 2024-08-16 By ཁ་བརྡ་ No Comments on བསྟན་འཛིན་ཆོས་རྒྱལ་དང་ནམ་མཁའི་སྔུར་སྒྲ།

ཨོ་གླིང་ནས་ལུང་རྟོགས་ཀྱིས།

 

གླུ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་རྒྱ་གར་རང་བཙན་ཉིན་མོར་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཆེད་སྒྲིག་གླུ་གཞས་ནམ་མཁའི་སྔུར་སྒྲ་ཞེས་པ་ཡོངས་བསྒྲགས་བྱས་ཡོད། གླུ་གཞས་དེ་དག་ནི་ཁོང་གིས་སྒྱུ་རྩལ་བ་གཞན་ཁག་ཅིག་དང་མཉམ་ལས་བྱས་པ་དང་། ཁོང་གིས་ལོ་མང་རིང་འབད་རྩོལ་བྱས་པ་ལས་གྲུབ་པ་ཞིག་ཡིན་ཞིང་། བོད་ཀྱི་རྩམ་པར་ནུབ་ཕྱོགས་པའི་སྦྲང་རྩི་བརྒྱབ་པ་ལྟར་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག

 

མི་ལོ་ཉི་ཤུའི་སྔོན་དུ་ང་རང་ཨོ་སི་ཊོ་ལི་ཡར་གནས་སྤོར་མ་བྱས་པའི་ཉིན་གཅིག་རྡ་རམ་ས་ལའི་སྲང་མདོར་བསྟན་འཛིན་ཆོས་རྒྱལ་ལགས་ལ་ཐེངས་དང་པོ་ཐུག་པ་ཡིན། སྐབས་དེར་ང་རང་ཨོ་སི་ཊོ་ལི་ཡར་གནས་སྤོར་འཆར་ཡོད་པ་ལྟར་ངའི་ལས་གྲོགས་ཕྱི་རྒྱལ་བ་དེས་བསྟན་འཛིན་ཆོས་རྒྱལ་ཨོ་སི་ཊོ་ལི་ཡར་གནས་སྡོད་བྱེད་མཁན་རེད་ཅེས་ངོ་སྤྲོད་གནང་སོང་།

ང་རང་ཨོ་སི་ཊོ་ལི་ཡར་འབྱོར་ནས་ཅུང་མ་འགོར་བར་བསྟན་འཛིན་ཆོས་རྒྱལ་ལགས་ལྡིང་ཆའི་སྟེང་ནས་མཐོང་སོང་། སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཊོ་ལི་ཡའི་ཆིབས་བསྒྱུར་གནང་ཐེངས་རེར། འདུ་འཛོམས་ཆེན་མོ་ཁག་གི་སྔོན་འགྲོའི་མཛད་རིམ་ནང་ཁོང་གིས་གླུ་གཞས་གཏོང་གི་འདུག་ལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་གནང་སོང་། འདས་པའི་མི་ལོ་ཉི་ཤུ་རིང་བསྟན་འཛིན་ཆོས་རྒྱལ་དང་ཁོང་གི་སྒྱུ་རྩལ་སྐོར་ཨོ་སི་ཊོ་ལི་ཡའི་གསར་འགོད་བརྒྱུད་ལམ་ཆེ་ཁག་དང་ཚགས་པར་སྐད་གྲགས་ཆེ་ཤོས་མང་ཆེ་བའི་ནང་ཐོན་པ་དང་དུས་མཚུངས་བོད་དོན་ཁྱབ་བསྒྲགས་ཐད་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད།

དེང་སྐབས་ཁོང་ནི་འཛམ་གླིང་ཐོག་མིང་གྲགས་ཡོད་པའི་བོད་ཀྱི་གཞས་པའམ་སྒྱུ་རྩལ་བ་ཞིག་ཡིན་ན་ཡང་། ངའི་མིག་ནང་དུ་ཁོང་ནི་ད་དུང་སྔར་བཞིན་བོད་དོན་འཐབ་རྩོད་པ་ཞིག་དང་། ང་ཚོ་སྐྱབས་བཅོལ་པ་གཅིག་མཚུངས་ལྟར་ཕ་ཡུལ་དང་ཕ་མར་ཁ་བྲལ་ཞིང་། རྒྱལ་ཁབ་ནས་རྒྱལ་ཁབ་ལ་འཁྱམ་ནས་བོད་མིའི་བདེ་སྡུག་གི་ངུ་སྐད་འཛམ་གླིང་མི་མང་གི་སྙན་ལམ་དུ་འབུལ་མཁན་ཞིག་ཡིན། ཁོང་གིས་ཨོ་སི་ཊོ་ལི་ཡ་གཙོའི་རྒྱལ་སྤྱིའི་བོད་དོན་ཚོགས་པ་རྣམས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་གླུ་གཞས་གཏོང་བར་ག་དུས་གདན་འདྲེན་ཞུས་ན་ཕེབས་རྐྱང་གནང་གི་ཡོད་ལ། བོད་ཕྲུག་ཁྱིམ་སྡེའི་ཆེད་དཔལ་འབྱོར་འདུ་འགོད་ཤུགས་ཆེན་གནང་བ་སོགས་གཞན་ཕན་ལྷག་བསམ་དཀར་བའི་སྐྱེ་བོ་ཞིག་ཡིན།

བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བཏང་གནང་བའི་བར་དོ་ཞེས་པའི་གླུ་གཞས་འོད་སྡེར་དེ་ལ་གྷི་ར་མིས་(Grammy Awards) ཟེར་བའི་གཟེངས་རྟགས་འོས་མིའི་ཁོངས་སུ་ཚུད་ཡོད་ལ། དེ་ནི་ཨ་རིའི་སྒྲ་འཇུག་མཐུན་ཚོགས་ཀྱིས་རོལ་དབྱངས་ལས་རིགས་ནང་གི་གྲུབ་འབྲས་ཆེས་ལེགས་གྲས་ལ་ངོས་འཛིན་གྱིས་ཕུལ་བའི་གཟེངས་རྟགས་ཤིག་ཡིན། འདི་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་རོལ་དབྱངས་ལས་རིགས་ནང་གི་གཟི་བརྗིད་ཆེ་ཤོས་དང་གལ་ཆེ་ཤོས་ཀྱི་གཟེངས་རྟགས་ཤིག་ཏུ་མི་མང་པོས་ངོས་འཛིན་བྱེད་ཀྱི་ཡོད།

ངོ་སྤྲོད།

Post navigation

Previous Post: ཐོལ་རྩོམ་མུ་ཏིག་ཚོམས་བུ།
Next Post: ཨི་ཐི་ཁར་ཡོད་པའི་༧རྒྱལ་བ་རིན་པོ་ཆེའི་དཔེ་མཛོད་ཁང་མཇལ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme