Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།

Posted on 2011-06-172011-06-17 By ཡེ་ཤེས་ 26 Comments on བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།

tenzin2
ཀླུ་སྨྱོན་ཧེ་རུ་ཀ

འདི་ལོར་བསྟན་འཛིན་ཀུན་གསལ་མོ་ལོ་ག་ཚོད་ཅིག་ལ་བསླེབས་ཡོད་དམ།

མོའི་མཛེས་སྡུག་གི་ལང་ཚོའི་མེ་ཏོག་དེ་ད་ལྟ་ས་ཕྱོགས་གང་ཞིག་ན་ལྡེམ་བཞིན་ཡོད་དམ།

མོའི་སྙན་འཇེབས་ཀྱི་གླུ་སྐད་དེ་ད་ལྟ་ཡུལ་ཕྱོགས་གང་ཞིག་ན་གྲག་བཞིན་ཡོད་དམ།

མོའི་སྐྲ་ལོ་ནག་པོ་དེ་ད་ལྟ་མཚོ་འགྲམ་གང་ཞིག་ན་སྐྱོད་བཞིན་ཡོད་དམ།

མོའི་རྐང་རྗེས་ཆུང་ཆུང་དེ་ད་ལྟ་སྲང་ལམ་གང་ཞིག་ཏུ་འཇོག་བཞིན་ཡོད་དམ།

དེ་རིང་ཞོགས་པར་ངས་དྲ་ངོས་ཤིག་ལས་མོའི་གཞས་རྙིང་པ་ཞིག་ལ་ཉན་པ་ཡིན།

གཞས་དེ་ནི་དྲན་གླུ་ཞིག་དང་ལྷག་པར་དུ་ཕ་མ་དྲན་གླུ་ཞིག་རེད།

དེའི་གཞས་ཚིག་རེ་རེ་ནི་འབར་བཞིན་པའི་མེ་ལྕེ་རེ་རེ་དང་འདྲ་བར།

ངའི་དོན་ལྔ་སྣོད་དྲུག་ཐལ་བ་ནས་རྡུལ་ཕྲན་བར་དུ་བསྲེགས་སོང་།

“བྱམས་སེམས་ཅན་གྱི་སྐྱེད་མ། རྨི་ལམ་ནང་དུ་མཇལ་སོང་།”

ཚིག་རྐང་གཉིས་ལས་མེད་པའི་གཞས་ཚིག་འདི་ཙམ་གྱིས།

རྒྱང་རིང་ན་བཞུགས་པའི་ངའི་ཨ་མ་རྒན་མོ་དེའི་སྣང་བརྙན་རབ་རིབ་ཅིག

ངའི་མིག་མདུན་དུ་གློག་བརྙན་བཞིན་བཤམས་ཡོང་།

ངའི་ཨ་མ་ལོ་ལོན་ཞིག་ཡིན།

ངའི་ཨ་མ་ནད་པ་ཞིག་ཡིན།

ངའི་ཨ་མ་སེམས་ཆུང་ཞིག་ཡིན།

ངས་རང་གི་ཨ་མའི་སྐོར་ལ་བསམ་བློ་གཏོང་ཐེངས་རེ་རེ་བཞིན།

ངའི་མིག་ཆུ་ཡོད་ཚད་ཐར་སེ་འཐོར་འགྲོ

ངའི་མིག་ལམ་དུ་ཨ་མའི་རྒས་གཟུགས་འཆར་ཐེངས་རེ་རེ་དང་།

ངའི་རྣ་ལམ་དུ་ཨ་མའི་གསུང་སྐད་གྲག་ཐེངས་རེ་རེར།

ངས་རང་དབང་མེད་པར་ཁ་པར་ལག་ཏུ་བླངས་ནས་ཨ་མར་ཁ་བརྡ་རེ་བྱེད་ན་འདོད་ཅིང་།

ངས་རང་ཉིད་འདི་འདྲའི་ས་མཐའ་སྡེ་མཐའ་ཞིག་ལ་ཅིའི་ཕྱིར་ཡོང་བ་ཡིན་ཞེས་རང་ཉིད་ལ་སྡིགས་དམོད་ཀྱང་ལན་མང་བྱེད་མྱོང་།

བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་བ་དེ་ལ་ཉན་རྗེས།

ངས་ཡང་སྐྱར་རང་གི་ཨ་མ་ལོ་ལོན་དེ་དྲན་ནས་མིག་མཐར་མཆི་མ་འཁོར་ཞིང་།

ཨ་མས་ནུ་བོ་བརྒྱུད་དེ་བསྐུར་པའི་སྐད་ཆ་དེ་ཡང་སྐྱར་དྲན་ཡོང་།

ངག་འཕྲིན་དེ་ནི་ཧ་ཅང་ཐུང་ཞིང་སྟབས་བདེ་ཞིག་ཡིན་པ་སྟེ།

“འདི་ལོར་ཅིག་མ་ཐུག་དེ་ནས་ཐུག་ཐབས་དཀའ་ཀི་འདོད་ཀི”

བསྟན་འཛིན་ཀུན་གསལ་གྱིས་ཕ་མ་དྲན་གླུ་འདི་གཏོང་ཞོར་མིག་ཆུ་གཏོང་གིན་འདུག་ཀྱང་།

ཐོས་ཚོད་ལ་མོའི་ཨ་མ་དེ་མོ་རང་ཉིད་དང་མཉམ་དུ་བསྡད་ཡོད་སྐད་འདུག

ཡིན་ན་ཡང་གཞས་མ་ཞིག་དང་གཞས་ཚིག་ཅིག་གི་སྒྱུ་རྩལ་ངོམ་དགོས་ན།

བསྟན་འཛིན་ཀུན་གསལ་གྱི་མིག་ཆུ་ཡང་དེ་ལྟར་བཞུར་ལོས་དགོས།

ཡིན་ན་ཡང་ངའི་ཨ་མ་དྲན་པའི་མིག་ཆུའི་རིན་ཐང་དེ་སྒྱུ་རྩལ་གྱི་རིན་ཐང་ཞིག་གིས་ཇི་ལྟར་གཞལ་ཐུབ་ཨང་།

སེམས་གཏིང་གི་གཞས་མ་བསྟན་འཛིན་ཀུན་གསལ་ལགས།

ཁྱེད་ཀྱིས་འདི་ལྟར་ས་མཐའི་འཁྱམ་པོ་ང་འདྲ་བ་དག་གི་སེམས་ཁམས་ལ་དྲན་ཤིང་སློང་དོན་ཅིའི་ཕྱིར་ཡིན་ནམ།

ཁྱེད་རང་འདི་ལྟར་ཨ་མ་དང་རྒྱང་ཐག་རིང་བའི་སྐྱེ་བོ་ཇི་སྙེད་ཅིག་གི་མིག་མཐའ་རུ་མཆི་མའི་ཟོལ་གྱིས་འཛུམ་དོན་ག་རེ་ཡིན་ནམ།

ངས་རྒྱལ་མཚམས་ཀྱི་འགག་སྒོ་ཡོད་ཚད་གཏོར་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།

ངས་འཇིག་རྟེན་གྱི་བརྩེ་བ་ཡོད་ཚད་ཁུར་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།

ངས་སེམས་ཁོང་གི་མིག་ཆུ་ཡོད་ཚད་བརྒལ་ནས་ཨ་མར་མཇལ་དུ་འགྲོ་ན་འདོད།
ང་རང་ཨ་མའི་སྐྲ་ལོ་དཀར་པོ་དེར་བྱིལ་བྱིལ་ཐེངས་ཤིག་བྱེད་དུ་འགྲོ་དགོས།

ང་རང་ཨ་མའི་ལག་ཏུ་ཇ་ཚ་བོ་ཕོར་བ་གང་འཇོག་ཏུ་འགྲོ་དགོས།

ང་རང་ཨ་མར་ཉལ་ས་དྲོན་པོ་ལན་གཅིག་བཅའ་རུ་འགྲོ་དགོས།

ང་རང་ཨ་མ་མ་གྲོངས་སྔོན་ལ་ཐེངས་གཅིག་འཕྲད་དུ་འགྲོ་དགོས།
བསྟན་འཛིན་ཀུན་གསལ་གྱི་གཞས་དེ་ངའི་རྣ་ལམ་དུ་ད་དུང་གྲག་བཞིན་འདུག

མོའི་རྒྱབ་ལྗོངས་ཀྱི་མཚོ་རླབས་རེ་རེ་བཞིན་ངའི་ཨ་མའི་བྱམས་བརྩེའི་བསྡུས་གཟུགས་རེ་རེར་གྱུར་ཅིང་།

མོའི་གནག་སྣུམ་གྱི་སྐྲ་རྐང་རེ་རེ་བཞིན་ངའི་ཨ་མའི་བཀའ་དྲིན་གྱི་ཉག་མ་རེ་རེར་གྱུར་སོང་།

མོའི་སྙན་འཇེབས་ཀྱི་གཞས་གདངས་རེ་རེ་བཞིན་ངའི་ཨ་མའི་བརྩེ་གདུང་གི་གསུང་སྐད་རེ་རེར་འཁྱུད་སོང་།

མོའི་མཛེས་སྡུག་གི་འཛུམ་མདངས་རེ་རེ་བཞིན་ངའི་ཨ་མའི་ལྷད་མེད་ཀྱི་སྤྱན་ཆབ་ཐིགས་པ་རེ་རེར་འདྲེས་སོང་།
དྲན་གདུང་གི་མིག་ཆུའི་ཐིགས་པ་རེ་རེ་ལས་གྲུབ་པའི་གཙང་འགྲམ་ཞིག་ནས།
ངས་འདི་ལྟར་བསྟན་འཛིན་ཀུན་གསལ་གྱི་གླུ་གཞས་ཤིག་ལ་ཉན་ཞོར།
རང་གི་དྲིན་ཆེན་ཨ་མ་དྲན་པའི་སྙན་ངག་རིང་མོ་ཞིག་བྲིས་ཚར་རྗེས།
སེམས་གཏིང་ནས་རང་ཉིད་ཀྱི་ཨ་མར་མཇལ་དུ་འགྲོ་ན་འདོད།
ཀྱེ། ས་མཐའི་གྲོགས་པོ་དག
ཁྱེད་ཅག་གིས་ཀྱང་ཁོ་བོ་བཞིན་བསྟན་འཛིན་ཀུན་གསལ་གྱི་དྲན་གླུ་དེར་ཉན་མྱོང་ཞིང་།
གཞས་དེ་ལ་ཉན་ཚར་བའི་རྗེས་སུ་འདི་ལྟ་བུའི་སྙན་ངག་རེ་བྲིས་མྱོང་ངམ།
འདི་ལྟ་བུའི་སྐྱོ་སྣང་རེ་སྐྱེས་མྱོང་ངམ།

གཞས་དེ་ལ་ཉན་ན་འདིར་སྣུན།

སྙན་ངག

Post navigation

Previous Post: ལྗོངས་རྒྱུའི་འཆར་སྣང།
Next Post: རྒྱ་ནག་གི་ལྕགས་ཐག་ཚེར་མ་ཅན་གྱིས་བསྐོར་བའི་རྒྱལ་གཅེས་སློབ་གསོའི་ར་བ།

Comments (26) on “བསྟན་འཛིན་ཀུན་གསལ་གྱི་གཞས་རྙིང་པ་ཞིག་ལ་ཉན་པའི་ཚོར་བ་དྲག་པོ།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2011-06-17 at 6:03 pm

    ཧ་ལས་པ་ཞིག་བྲིས་འདུག བཀའ་དྲིན་ཆེ་བརྙན་ཐག་དེ་ཡང་ཐངས་དང་པོ་རིག་དུས་ཨ་མའི་དྲིན་ལན་ཤེས་པའི་བུ་མོ་ཡ་རབས་ཤིག་དང་།ཀླུ་སྨྱོན་མཆོག་གི་བརྩེ་གདུང་སྙན་ངག་གབརྩམས་པའི་དགེ་བས་སྐུ་ཉིད་ཀྱི་མ་ལོ་དྲིན་ཆེན་ལ་ཡང་མྱུར་མཇལ་ཡོང་བའི་སྨོན་ལམ་ཡོད། མདོར་ན་ཨ་མའི་དྲིན་ལན་དང་དཀོན་མཆོག་གི་ཐུགས་རྗེ་ཤེས་པ་ཞིག་ལ་བདག་གིས་སྙིང་ནས་གུས་བསྐུར་ཡོད། ཤྲྰིས་སོ།

  2. yeshe says:
    2011-06-17 at 6:12 pm

    ཆོས་གྲོགས་ཀྱི་གདེང་འཇོག་ལ་ཐུགས་རྗེ་ཆེ་ཞུ། ཁོ་བོའི་སྙན་ངག་གི་མི་འདང་ས་དག་ལ་ཡང་ཕྱག་མཛུབ་བཙུགས་ཏེ་ལམ་སྟོན་གནང་བར་དགའ་བསུ་ཞུ་གིན་ཡོད།

  3. བྱ་རྒོད་རྒྱལ་པོ། says:
    2011-06-17 at 6:17 pm

    ཁྱེད་ཀྱི་སྙན་ངག་གི་མི་འདང་ས་ནི་མིའི་འཚོ་བ་དང་འབྲེལ་མེད་པ་དང་སུས་ཀྱང་གོ་དཀའ་བ་དེ་རེད།

  4. yeshe says:
    2011-06-17 at 6:26 pm

    ངའི་སྙན་ངག་ཡིན་ཁུལ་དེ་ཚོའི་ནང་དུ་སྔོན་རབས་པ་ལྗང་བུ་དང་དེང་རབས་པ་སྐྱབས་ཆེན་བདེ་གྲོལ་སོགས་ཀྱི་སྙན་ངག་བཞིན་གོ་དཀའ་བའི་རིགས་དེ་ཙམ་མེད་ཀྱང་ཉིད་ཀྱིས་གོ་བ་ལེན་མ་ཐུབ་པ་འདྲ་ཡོད་སྲིད། རང་གི་སེམས་ཁམས་ཀྱི་ཡངས་དོག་དང་བསྟུན་ནས་གོ་དཀའ་སླའི་སྙན་ངག་རེ་འབྲི་གིན་ཡོད་ས་རེད། དགོངས་ཚུལ་གསུངས་པ་འདི་ལ་ཐུགས་རྗེ་ཆེ་ཞུ། མིའི་འཚོ་བ་དང་འབྲེལ་བ་ཡེ་ནས་མེད་པ་དེ་རིགས་བྲིས་ཡོད་མེད་མི་དྲན་ཡང་ཡོད་སྲིད། བསམ་བློ་གཞན་ཞིག་བཏང་ན་སྣོད་བཅུད་ཐམས་ཅད་གཅིག་ལ་གཅིག་བརྟེན་ཡིན་པའི་དུས་འདིར་མིའི་འཚོ་བ་དང་རྦད་དེ་འབྲེལ་བ་མེད་པའི་བྱ་དངོས་ཤིག་ཨེ་ཡོད་དམ། དེང་སྐབས་རང་རེའི་སའི་གོ་ལ་དང་བར་ཐག་སྤྱི་ལེ་ས་ཡ་དུ་མ་ཡོད་པའི་རྒྱུ་སྐར་དག་ལ་ཡང་ཞིབ་འཇུག་བྱེད་བཞིན་པ་མ་ཡིན་ནམ།

  5. yeshe says:
    2011-06-17 at 6:33 pm

    ཉེ་སྔོན་ཨ་རིའི་ཞི་མོ་ཆུང་ཆུང་ལོ་བཅུ་གསུམ་ཡིན་ནམ་ཞིག་གིས་ལག་པས་ཚོན་གང་བྱུང་དུ་གཏོར་ནས་བསྐྲུན་པའི་རི་མོ་ང་ལྟ་བུ་ཞིག་གིས་མགོ་རྔ་གང་ཡིན་དང་མི་ཟོག་དང་རི་ཆུ་གང་ཡིན་མི་ཤེས་པ་ཏག་ཏག་ཅན་ཞིག་གིས་ནུབ་ཕྱོགས་སྤྱི་ཚོགས་ནང་སྐད་གྲགས་འདྲ་ཞིག་བཞག་སོང་ལ། པིས་ཁ་སོ་སོགས་ཀྱི་རི་མོ་དག་ལ་ཡང་རང་རེ་བོད་པ་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡིས་བལྟས་ན་དོན་སྙིང་ཅི་ཡང་མེད་པར་སྨྱོན་པའི་ལག་བྲིས་འབའ་ཞིག་ཏུ་མཐོང་ཡོང་ཡང་། ཁོང་གི་རི་མོ་དག་གིས་ད་དུང་ཡང་འཛམ་གླིང་འདི་སྙན་གྲགས་ཀྱིས་ཡོམ་ཡོམ་སྒུལ་བཞིན་ཡོད་པས། སྒྱུ་རྩལ་གྱི་ཐོན་དངོས་ཞེས་པ་འདི་ལ་གོ་བ་ལེན་ཤེས་དང་མི་ཤེས་ནི་མི་རིགས་རང་རང་གི་རིག་གཞུང་མི་འདྲ་བར་བར་ཁྱད་དང་མི་སྒེར་སོ་སོའི་མཛེས་དཔྱོད་ཀྱི་ལྟ་བ་མཐོ་དམན་དང་ཡོངས་སུ་འབྲེལ་བསྡད་ཡོད་པ་ཞིག་ཏུ་ཁོ་བོས་མཐོང་སོང་ལགས།

  6. ལ་སྟོད་བུ། says:
    2011-06-17 at 6:44 pm

    ེདེང་རབས་ཀྱི་སྙན་ངག་པ་རྩོམ་པ་པོ་ཤོད་པ་པོ་དག་གིས་རང་གི་ཕ་ཡུལ་སྐད་ཀྱི་སྒྲ་གདངས་སུ་བྲིས་དང་འབྲི་བཞིན་འདུག་པ་འདི་ལས་སྙིང་ན་བ་མི་འདུག
    སྐབས་རེར་ང་ལ་མཚོན་ན་ཏུན་ཧོང་གི་ཤོག་འཁྱལ་ལས་ཀྱང་གོ་དཀའ་བར་གྱུར་འདུག
    འདོད་ཀི།
    འགྲོ་ན་འདོད།
    བྱེད་ན་འདོད།
    མི་ཟིག་གི
    ཅི་ཟིག་གི
    ལྟ་བུ་རེད།

  7. yeshe says:
    2011-06-17 at 6:54 pm

    གྲོང་སྐད་སྙན་ངག་བྲིས་ན་མ་མཐའ་ཡང་ཆོལ་ཁ་རང་རང་གི་མི་ཁྲི་ཕྲག་ཁ་ཤས་ཀྱིས་གོ་བ་ལེན་ཐུབ་པ་དང་། ཡིག་སྐད་སྙན་ངག་བྲིས་ན་བོད་ཡིག་སྤྱི་དང་ཁྱད་པར་དུ་སྙན་ངག་གི་ཚིག་རྒྱན་ལ་ཆ་རྒྱུས་ཡོད་པའི་སློབ་གྲྭ་པ་དང་གྲྭ་པ་སྐོར་ཞིག་གིས་མ་གཏོགས་གོ་བ་ལེན་མི་ཐུབ་པས། ད་ནི་ང་ཚོ་ཁ་ཕྱོགས་གང་ཞིག་ཏུ་བསྐྱོད་ན་ལེགས། རྗེ་ཙོང་ཁ་པའི་རྟག་ངུའི་རྟོགས་བརྗོད་དང་ཚངས་དབྱངས་པའི་བརྩེ་མགུར་གཉིས་ཁུར་ནས་བོད་ཆོལ་ཁ་གསུམ་ལ་ཉུལ་བ་ཡིན་ན་སྙན་ངག་གང་ཞིག་ལ་ཀློག་མཁན་མང་བ་རག་ཐུབ།

  8. པདྨ་གེ་སར says:
    2011-06-17 at 7:51 pm

    འདི་སྙན་ངག་ཅིག་མ་རེད། དྲན་གཏམ་ཞིག་རེད། སྲོལ་རྒྱུན་སྙན་ངག་ནི་མ་རེད། རིང་མོའི་སྙན་ངག་ནི་མ་རེད། དེང་རབས་སྙན་ངག་དེ་བས་མ་རེད། ཕལ་ཆེར་ཁ་བརྡ་སྙན་ངག་ཟེར་བ་དེ་ཡིན་རྒྱུ་རེད། ཨ་མ་དང་གོ་མ་གཉིས་ཀ་དྲན་བཞག ཀླུ་སྨྱོན་ཁྱོད་ལ་ན་ཚ་ཞིག་རྒྱབ་འདུག་ལབ་བཞགས། ཨ་རྒྱ་དགོན་དུ་ཚེ་སྨན་གྱི་གཟུངས་རེ་ཞུས་ཡོད། གཙོ་བོ་གཟུགས་པོ་ལ་བདག་ཡག་པོར་རྒྱོབས། སངས་རྒྱས་དང་ཨ་མ་དྲན་པའི་ཁ་བརྡ་ཡིན་ན་མ་གཏོགས། འཆི་ཁ་གཏམ་མ་མང་། ཉལ་ཁ་ཇ་མ་མང་ཟེར་བ་ཡིད་ལ་ཞོགས། བུ་མོ་པདྨས་་

  9. གཞོན་ནུ་ཟླ་མེད། says:
    2011-06-17 at 9:38 pm

    ཨ་མའི་སྙན་ངག་པ་དང་།
    ཨ་མའི་གཞས་པ།
    ཨ་མར་བསྟོད་པ་ཕུལ་མཁན།
    ཨ་མར་དྲན་གླུ་ལེན་མཁན།
    མདོར་ན་ཨ་མ་ཨ་མ་ཟེར་ནས།
    མཚམས་མི་འཇོག་མཁན་ཚོས།
    ཨ་མ་འཁྲུས་ན་ཡོད་ན་བཙོན་དུ་བསྡུ།
    ཨ་མ་མདུན་ལ་སླེབས་ན་སྒོ་ལ་བདས།
    ཨ་མ་མ་ནི་འདོན་འདོན་བྱེད་མཁན་དག་ལ།
    ཨ་མ་ལ་བརྩེ་བ་རྩ་ནས་མེད།
    འདི་ནི་ངས་ཡུན་རིང་ཞིབ་འཇུག་བྱས་པའི་འབྲས་བུ་ཡིན།

  10. ཀླུ་སྨྱོན། says:
    2011-06-17 at 10:47 pm

    ཁྱོས་ཞིབ་འཇུག་བྱས་ནོ་མི་འདང་གི ད་རུང་ཧྲ་ལ་བྱོས། ཧྲ་ལ་པ་ལ་བྱོས།

  11. གཞོན་ནུ་ཟླ་མེད། says:
    2011-06-17 at 11:06 pm

    ཧཧཧ ཁྱོད་འདི་ད་ངས་བསག་རྒྱག་ག་ཚོད་བྱས་ན་ཡང་ང་ལ་འདི་འདྲ་ཞིག་བཤད་ནས་བཞག་ན། ངས་ཧྲ་ལ་བྱས་ནོ་ལ་དོན་དག་མེད་པ་བཟོ་བཞག་གི་འདུག ཁྱོས་ང་ལ་ཕྱིར་རྒྱག་རེས་རྒྱག་དགོས་ནི་རེད་ཡ ཀླུའུ་རྒན།

  12. ཀླུ་སྨྱོན། says:
    2011-06-17 at 11:17 pm

    ང་ཁྱོད་ལ་མ་བཤད་ཐལ། ང་ཆུང་ཆུང་ཡིན་དུས་སྡེ་ཞི་མོ་ཟིག་གིས་ང་ལ། ད་ཤོག་ཟེར་དུས་སྙིང་མེད། ད་རྒྱོབས་ཟེར་དུས་སྣེ་མེད།

  13. ཡར་ཁམས་ཁྲི་རྒྱལ། says:
    2011-06-18 at 12:20 am

    ཀླུ་སྨྱོན་ལགས། ལས་དབང་གིས་ས་མཐར་འཁྱམས་པའི་ཁྱོད་དང་ང་ལྟ་བུའི་སེམས་ཚོར་ནི་ཡི་གེའི་ལམ་ནས་ནམ་ཡང་མཚོན་མི་ཐུབ། བརྗོད་མི་ཐུབ། སྟོན་མི་ཐུབ།།
    གང་ལྟར་ཚེ་འདིར་ཁྱེད་མ་བུ་གཉིས་ལྷན་འཛོམས་བཀྲིས་པའི་ཉི་མ་ཞིག་གང་མྱུར་འཆར་བའི་སྨོན་འདུན་ཞུ།།

  14. དོལ་སྨྱོན། says:
    2011-06-18 at 3:46 am

    ཀླུ་སྨྱོན་ལགས།
    སྒྱུ་རྩལ་རང་བཞིན་གྱི་སྙན་ངག་སྙན་མོ་ཞིག་བྲིས་གནང་འདུག
    ངོ་མ་ཐུགས་རྗེ།

  15. དོལ་སྨྱོན། says:
    2011-06-18 at 4:00 am

    འདི་ལྟར་ས་མཐའི་ཚོ་བའི་ཁྲོད་ན།
    སྐྱིད་སྡུག་གི་འཁོར་བསྐྱོད་ནང་ནས།
    ངས་བདེ་སྡུག་གི་ཚོར་བ་ཡོད་ཚད་མཛུབ་རྩེས་གྲངས་ཞོར།
    སེམས་གཏིང་ནས་གོམས་ཞོར།
    བརྗེད་དཀའ་བའི་མ་ཡུམ་གྱི་ཞལ་རས་མཛེས་པོ་དེ་མིག་ཟུང་ནས་མཐོང་བཞིན་འདུག་ཨང་།

  16. གཡུ་བྲག་པ says:
    2011-06-18 at 4:15 am

    ཨ་རོ་ཀླུ་སྨྱོན་ཨ་མ་ཐུག་ན་མགྱོགས་པོ་བྱོས་མ་གཏོགས། ང་ཡང་ས་མཐར་མགྲིམས་ནས་བགྲང་བྱ་དགུའི་རིང་འདིར་བྱམས་སེམས་ཆེ་བའི་མ་ལོར་ཐེངས་གཅིག་ཨེ་ཐུག་རེ་བ་རྒྱབ་ནས་ཡོད་མོད། ཡིད་ཕངསབ་བ་ཞིག་ལ་ཉེ་སྔོན་བདག་གི་མ་རྒན་འཇིག་རྟེན་གཞན་ཞིག་དུ་བཞུད་ཟིན་པའི་གཏམ་ངན་དེ་གོ་དུས་བྱེད་ཐུབ་ཅི་ཡང་མི་འདུག དེ་དུས་མགྱོད་སེམས་དང་སྐྱོ་གདུང་གི་ཁུར་བོ་ལྕི་མོ་ཞིག་ཁུར་ནས་ས་མཐའི་གནས་མལ་འདི་ནས་ཅི་བོར་སོང་བ་དང་ཅི་ཞིག་མ་ཚང་བའི་སྐྱོ་གདུང་འདི་ལས་ཅི་ཡང་ལྷག་མི་འདུག

  17. དོལ་སྨྱོན། says:
    2011-06-18 at 5:30 am

    ངས་ད་ལྟ་རང་བསྟན་འཛིན་ཀུན་གསལ་གྱི་གཞས་དེ་ཡུ་ཊུབ་བརྒྱུད་ནས་བལྟས་པ་ཡིན།
    དངོས་ནས་ཡག་པོ་འདུག
    ད་དུང་གཞས་གཞན་དག་ཚོའང་བལྟ་རྒྱུ་ཡིན།

  18. ལྕགས་འགོར says:
    2011-06-18 at 5:33 am

    སྙན་ངག་གི་ངོ་སོ་ཡར་ལ་སྟོད། གཙོ་བོ་ཁྱེད་རང་ཨ་མ་ལ་མཇལ་ཐབས་བྱོས།

  19. རང་བཙན་ལྡེའུ་ says:
    2011-06-18 at 7:00 am

    ཨ་མ་དྲན་གླུ་ངོ་མ་དེ་ཐོག་མར་བཟོ་ཁན་དང་ལེན་ཁན་འཇམ་དབྱངས་སྐྱིད་ཡིན་ལེ་རེད་ ཕྱིས་སུ་བསྟན་འཛིན་སྐྭུན་གསལ་གྱིས་ལད་མོ་བྱས་ནས་གཞས་འདི་བཟོས་ལེ་རེད་ འཇམ་དབྱངས་སྐྱིད་ཀྱི་གླུ་འདིར་ཉན་ན་བསྟན་འཛིན་ཀུན་གསལ་ལས་འདབ་མང་པོས་སྙན་པ་དང་ གཟི་བརྗིད་ཆེ་བ་ཡོད་ལེ་རེད་ དེ་ཨེ་བདའ་མེད་བདའ་ ཡུའུ་ཀྲུབ་ནང་ནས་མཐོང་ལེ་རེད་།

  20. སྐྱབས་བཅོལ་བ། says:
    2011-06-18 at 8:55 am

    http://www.youtube.com/watch?v=i8kjMIhVr6E

  21. སྐྱབས་བཅོལ་བ། says:
    2011-06-18 at 12:52 pm

    http://www.youtube.com/watch?v=LvmbHCZN_EQ

  22. མིག་བརྒྱད་པ། says:
    2011-06-18 at 6:43 pm

    བསྟན་འཛིན་ཀུན་གསལ་གྱི་གཞས་སྙན་མོ་ཡིན་ནི་མ་རེད། ཁོ་མོའི་བཞིན་རས་དང་འཚར་གཟུགས་སྙན་མོ་ཡིན་སོང་བ་རེད། འདོད་ཡོན་ལྔ་ལ་མུ་མཐུད་དུ་རོལ་ཅིག་དང་ནམ་ཞིག་ཨ་མའི་ཞལ་རས་དྲོན་མོ་མཇལ་འོང་སྲིད།
    ཨ་ཁུ་ཀླུ་སྨྱོན་ཚང་གིས་དྲ་ཐོག་ཏུ་པར་རིས་སྙིང་རྗེ་བོ་འདྲ་མི་འདྲ་བསྣམས་ཡོང་གི རི་མོ་འདི་ཚོ་ལ་ལྟད་མོ་ཡོད་གི ད་ང་ཚོ་གཟུགས་ལ་ཆགས་ནས་སྨྱོན་པ་ཆགས་ན་དགའ་རྒྱུ་རེད། ཨ་རོ། རྩེད་མོ་ཡིན།

  23. སྐྱུ་རྩི་ནས། says:
    2011-06-20 at 3:42 am

    གཞས་དེ་དང་པོ་གཏོང་མཁན་འཇམ་གྲགས་སམ། འཇམ་དབྱངས་གྲགས་པ་རེད། འཇམ་གྲགས་དང་སྤེན་ནོར་གཉིས་ལྷ་སའི་སྒྱུ་རྩལ་པ་རྒན་གྲས་ཤིག་ཡིན།

  24. སྐྱུ་རྩི་ནས། says:
    2011-06-20 at 3:44 am

    གཞས་དེ་དང་པོ་གཏོང་མཁན་འཇམ་གྲགས་སམ། འཇམ་དབྱངས་གྲགས་པ་རེད། འཇམ་གྲགས་དང་སྤེན་ནོར་གཉིས་ལྷ་སའི་སྒྱུ་རྩལ་པ་རྒན་གྲས་ཤིག་ཡིན། ངས་གཞས་དེ་ཉན་ཐེང་རེར་དྲིན་ཆེན་མ་ལོ་དྲན་ནས་མིག་ཆུ་གཏོང་གི་ཡོད།

  25. སྐྱུ་རྩི་ནས། says:
    2011-06-20 at 3:54 am

    བུ་མོ་བསྟན་འཛིན་ཀུན་གསལ།
    ཞལ་རས་མཚར་རང་དྲགས་ནས།
    སྔགས་རྒན་ཀླུ་སྨྱོན་ཚང་གི།
    རིག་མར་འཇོག་འདོད་མི་ནམ།
    ནག་རིལ་བོང་བུའི་མཇེ་ཡི།
    བུ་མོའི་འདོད་པ་སྐོང་སོང་།
    སྔགས་རྒན་ལེ་ལོའི་མཇེ་ལ།
    བུ་མོས་ཞེན་པ་ལོག་སོང་།
    སྔགས་རྒན་རྩ་རང་རྒོད་ན།
    དབྱིན་མོའི་རྗེས་ལ་ཕེབས་དང་།
    མཁའ་འགྲོའི་སྒྱུ་རྩལ་རོལ་སྟབས།
    དབྱིན་མོས་དམར་ཁྲིད་གནང་ཡོང་།

  26. ཀླུ་སྨྱོན། says:
    2019-12-13 at 1:34 am

    མོ་ནི་གླུ་དབྱངས་ཤིག་གི་བརྡ་རྟགས་ཏེ།།
    ནམ་གུང་ཉིན་གུང་ཁྱད་མེད་མེ་བཞིན་འབར།།
    དེ་ནི་གྲོང་ཁྱེར་ཆེན་མོའི་གློག་སྐུད་བཞིན།།
    ཕྱོགས་བཞི་མཚམས་བརྒྱད་སྦྲེལ་བའི་ཚིག་འབྲུ་འགའ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme