Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་པ་ཡར་འཕེལ་གླེང་བ།

Posted on 2020-04-13 By ཁ་བརྡ 28 Comments on བསྟན་པ་ཡར་འཕེལ་གླེང་བ།

སྒྲོལ་མ་ཉེར་གཅིག

༡ སྤྱི་བཤད་དཀར་ལེབ་མ།

བསྟན་པ་ཡར་འཕེལ་གླེང་དགོས་ན་གང་ནས་འགོ་འཛུགས་དགོས་སམ། ཁོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཟུར་ཞུགས་སློབ་མ་ཡིན་སྐབས་མཐོང་བ་ཙམ་ལས་འབྲེལ་འདྲིས་གང་ཡང་མེད་ཟེར་ནའང་ཧ་ལམ་བདེན་པ་ཡིན། ཕར་བལྟས་ཚོད་ལ་སྤྱིར་བཏང་གི་གྲྭ་བ་ཞིག་ལས་གོ་སྐབས་གང་ཡོད་དམ་འཛིན་གྱིས་རང་གི་ཆེ་མཐོང་དང་ལངས་ཕྱོགས་སོགས་བརྒྱུད་སྒྲོག་གནང་མཁན་ཡིན་པ་དྲན་ཡུལ་ན་མི་འདུག དགེ་སློབ་ལས་བྱེད་སུ་ཞིག་གིས་ཀྱང་ཁོ་དང་འབྲེལ་བའི་སྐད་ཆ་ཡག་བཙོག་ཚིག་གཅིག་ཙམ་ཡང་བཤད་པ་གོ་མ་མྱོང་། སྐབས་དེའི་ཁོའི་རྒྱུན་ལྡན་གྱི་བྱ་སྤྱོད་ཐད་ནས་ཁྱིམ་པ་བའི་མིག་ལ་མི་མཛའ་ཞིང་གྲྭ་བ་ཞིག་གི་ས་མཚམས་ཆུ་མཚམས་བརྒལ་ནས་བུད་མེད་ཀྱི་རིགས་ལ་འབྲེལ་བ་འཛིན་རྒྱུ་ནི་གྲྭ་བའི་ཆེད་ལས་ཡིན་པ་ལྟ་བུའི་སྣང་ཚུལ་མི་ལེགས་པ་གང་ཡང་གོ་རིག་ཚོར་གསུམ་མ་བྱུང་། འདི་ནི་བསྟན་པ་ཡར་འཕེལ་གྱིས་སློབ་གཉེར་བ་ཞིག་གི་མངོན་ཚུལ་བཟུང་ནས་ཁུ་སིམ་མེར་བསྡད་ཡོད་པའི་སྐབས་ཤིག་ཡིན་པ་འདྲ།

༢ མི་ངན་བསྟན་པ་ཡར་འཕེལ།

དེང་སང་ཡོངས་གྲགས་སུ་མི་ངན་བསྟན་པ་ཡར་འཕེལ་ཞེས་འབོད་ཀྱིན་འདུག རྒྱུ་མཚན་གང་ཡང་མེད་ན་རབ་བྱུང་བ་ཞིག་ལ་མི་ངན་ཞེས་འབོད་ཕོད་ཀྱི་ཨེ་ཡོང་སྙམ། དམིགས་ཡུལ་གང་འཚམ་ཡོད་པའི་སྒོ་ནས་སློབ་ཡོན་སོགས་ཀྱི་མཐུན་རྐྱེན་སྦྱར་ནས་སྦྱོང་བརྡར་དང་གོ་སྐབས་བསྐྲུན། ཤེས་ཡོན་ནི་དམིགས་ཡུལ་སྒྲུབ་བྱེད་དུ་ངོས་བཟུང་། རྩ་བའི་དམིགས་ཡུལ་ཐོག་གོམ་པ་སྤོ་ཆེད་སྤྱི་འཐུས་སུ་བདམས་པ་དེ་ཐབས་ལམ་ལ་བརྩིས། གྲོས་ཚོགས་རྭ་བ་ནས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་རང་གི་གདུལ་བྱའི་ཁམས་དང་མོས་པ་ལྟར་སྤྲུལ་བ་སྣ་ཚོགས་བསྟན། བོད་རིགས་ནང་ཁུལ་གྱི་མཐུན་འབྲེལ་ལ་བར་ཆད་གཏོང་ཆེད་སྐྱུག་བྲོ་བའི་ཉོག་གཏམ་རྒྱུན་མ་ཆད་པར་བཤད། སྐབས་དེ་ཤེད་ཅིག་ནས། བསྟན་པ་ཡར་འཕེལ་ནི་རྒྱ་ནག་གཞུང་གི་ཉོས་མ་ཞིག་དང་ཁྱད་པར་སྤུ་ཙམ་མེད་པའི་མི་ཞིག་ཡིན་པ་ལྷ་འདྲེ་མི་གསུམ་ཐུན་མོང་གིས་ཤེས་སོང་བ་རེད།

༣ བསྟན་པ་ཡར་འཕེལ་ལ་ཁག་མེད།

བཀའ་རྒྱུད་བསྟན་པ་ཡར་འཕེལ་ནི་རྒྱལ་བ་རིན་པོ་ཆེ་ལ་སྡང་ཟུག་ཧ་ཅང་ཆེ་བའི་མི་མང་པོ་ཞིག་གི་ཚབ་མཚོན་གྱི་མི་སྣ་སྐད་གྲགས་ཅན་ཞིག་རེད། ཁོའི་ལས་འགན་ནི་གོང་ས་མཆོག་ལ་དགག་པ་རྒྱག་རྒྱུ་དེ་ཡིན་པ་འདྲ། སྟབས་བདེ་མིན་ཟེར་ན་འདྲ། ཁོར་ཡུག་གི་དབང་གིས་ཟེར་ན་འདྲ། ཁོ་རང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་ནས་མུ་མཐུད་རྒྱབ་སྐྱོར་དང་འོས་ཤོག་བླུག་བདེ་བོ་ཡོང་ཆེད། གོང་ས་མཆོག་ལ་ཐད་ཀར་དགག་པ་རྒྱག་གི་ཡོད་པ་མ་རེད།

སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པའི་གནས་ཚུལ་ག་གེ་མོ་ཞིག་བརྒྱུད་ནས་དགག་པ་རྒྱག་གི་རེད། དཔེར་ན། ༡༽ དབུ་མའི་ལམ་ནི་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡིན་པའི་ཆ་ནས་འདིས་འགྲིག་པ་དང་མ་འཐུས་རབས་མང་པོ་བཤད་ཡོང་གི་རེད། དབུ་མའི་ལམ་གྱི་སྐྱོན་ཡིན་ན་སྦྱོར་དངོས་མཇུག་གསུམ་ཚང་བའི་སྲིད་ཇུས་གཞན་ཞིག་གཏན་འབེབས་བྱེད་པའི་དབང་ཆ་གྲོས་ཚོགས་འཐུས་མིའི་ཕྱག་ཏུ་ཡོད་ཀྱང་། ཤེས་བཞིན་ཁྱད་གསོད་དང་བསམ་བཞིན་མཐོང་ཆུང་གི་སྐད་ཆ་སྦོམ་པོ་གང་འཚམ་རེ་བཤད་མ་ཐུབ་ན་རྗེས་མ་མི་མང་གི་འོས་ཤོག་རེག་རྒྱུ་མིན་པ་བརྒྱ་ཆ་བརྒྱ་རེད། བསྟན་པ་ཡར་འཕེལ་ལ་ཡང་ཐུགས་ཁག་ག་ལ་ཡོད།

༢༽ གཞུང་འབྲེལ་གྱི་སྲུང་མ་ཟེར་བ་དེ་ཆོས་བརྒྱུད་བྱེ་བྲག་པ་ཞིག་གི་སྲུང་མ་ལ་ངོས་འཛིན་བྱས་ན་རང་དགར་འཇོག་ཐབས་མེད་པའི་རྣམ་འགྱུར་བསྟན་མྱོང་ཡོད་པ་རེད། གནས་ཆུང་ཁ་གཡར་ས་ཙམ་རེད། དོན་གྱིས་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ངན་སྨད་ཟུར་ཟ་དང་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་རེད།

༣༽ སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་དང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གཉིས་ལ་མི་གསོད་ལག་དམར་བ་དང་སྤྱི་རྒྱུ་སྒེར་བདག་པ་ཡིན་པའི་ནག་ཉེས་བཙན་འགེལ་བྱས་ནས་གྲོས་ཚོགས་ནང་གཤེ་གཤེ་གཏོང་གི་ཡོད་པ་རེད། དོན་གྱིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཞིར་བཟུང་གིས་ཕྱག་ལས་གནང་མཁན་དམིགས་བསལ་བ་རེ་ཡིན་པའི་ཆ་ནས་མ་དགའ་བ་ཁོ་ན་རེད། ཞིབ་ཏུ་བསམ་ན། བསྟན་པ་ཡར་འཕེལ་ལ་ཁག་ཡོད་རྒྱུ་མ་རེད། ཁོ་ནི་རང་ཚུགས་དང་སྤྱི་སེམས་ཤེས་ཡོན་གང་འཚམ་ཡོད་པའི་མི་ནི་མ་རེད། ཡིན་ནའང་། ལོ་ནས་ལོ་མུ་མཐུད་དེ་བསྟན་པ་ཡར་འཕེལ་ལ་མི་མང་གི་རྒྱབ་སྐྱོར་དང་འོས་ཤོག་རེག་གི་ཡོད་པ་འདི་ཡ་མཚན་པ་ཞིག་མ་ཡིན་ནམ། ད་ག་རེ་བྱེད་དགོས་ཀྱི་ཡོད་པ་རེད་ཟེར་ན། གཞུང་འབྲེལ་གྱི་ངོ་བོའི་ཐོག་ནས་གྲོས་ཆོད་ཅིག་བཞག་ནས། མ་འོངས་པར་མུ་མཐུད་ནས་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྡིགས་དམོད་ཟུར་ཟ་སོགས་བྱེད་མཁན་གྱི་མི་ཞིག་གྲོས་ཚོགས་ནང་བསླེབས་ཡོང་གི་ཡོད་ན། མི་དེ་དོགས་གཞི་ཅན་གྱི་མི་སྣ་ཞིག་ཡིན་པའི་ངོས་འཛིན་འོག་ཞིབ་འཇུག་ས་མཚམས་གསལ་བོ་བཟོ་དགོས་པ་མ་ཟད། རྗེས་ཕྱོགས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་དགོས་རྒྱུ་ལ་སོགས་པའི་ཐག་གཅོད་ཅིག་གནང་དགོས་པ་གལ་ཆེན་པོ་རེད། འདི་ནི་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པས་འགན་ཁུར་ནས་གནང་དགོས་པའི་དོན་དག་གལ་ཆེ་ཤོས་དེ་ཡིན་པ་རེད།

བསམ་ཚུལ།

Post navigation

Previous Post: ཀོ་རོ་ནའི་སྙན་ངག
Next Post: རྒྱང་རིང་རྒྱང་རིང་ཞིག་ན་ཞེས་པའི་སྔ་གཞུག་ཏུ།

Comments (28) on “བསྟན་པ་ཡར་འཕེལ་གླེང་བ།”

  1. ཅོ་རི་ཉི་མ། says:
    2020-04-13 at 12:14 pm

    བཀའ་རྒྱུད་ཀྱི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་འོས་ཤོག་ཐོབ་ཀྱི་ཡོད་པ་འདི་ནི་ཡ་མཚན་དགོས་པའི་གནས་ཚུལ་མ་རེད། ཁོང་གི་གྲོས་ཚོགས་ནང་དུ་ཕྱག་ལས་གནང་བཞིན་པ་དག་ནི་མི་དམངས་ཀྱི་མངོན་འདོད་རེད། དེའི་རྒྱུ་མཚན་གྱིས་འོས་ཐོབ་པར་རེད།

    ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བའི་ཁ་གཏོང་བཅག་དགོས་ན་རྒྱལ་གཅེས་པ་བསྟན་པ་ཡར་འཕེལ་ཁོང་ཨང་དང་པོ་རེད། དེའི་རྒྱུ་མཚན་གྱིས་མི་དམངས་ཁོང་ལ་དགའ་བོ་ཡོད་རེད།

    རྒྱལ་བཙོང་བ་དང་གཅིག
    རུལ་སུངས་ཅན་དང་གཉིས།
    ཆོལ་ཁའི་ནད་ཡོད་མཁན་དང་གསུམ་་་་བསྟན་པ་ཡར་འཕེལ་ལ་དགའ་གི་མ་རེད། འདི་དངོས་ཡོད་རེད།

  2. ཉི་མ་རང་གྲོལ། says:
    2020-04-13 at 11:47 pm

    བསྟན་པ་ཡར་འཕེལ་སྤྱི་འཐུས་སུ་བསྐྱལ་མཁན་ཇུས་འགོད་པ་དེ་ཀརྨ་པའི་གཅེན་མོ་ཡིན་པ་ཡོངས་གྲགས་རེད། བསྐྱལ་བའི་རྗེས་ལ་སྦྱིན་བདག་ལ་ཞབས་ཏོག་མ་བསྒྲུབས་ན་ལྟོ་གོས་གཏམ་གསུམ་གང་ནས་ཡོང་།

  3. འབྲོང་གི་བུ་བརྒྱུང། says:
    2020-04-14 at 12:22 am

    དེ་སྔ་ངའི་གྲོགས་པོ་ཞིག་གིས། ཁོ་ལོ་མང་རྗེས་ནས་བོད་་ལ་སོང་སྐབས། ཁོ་རང་ངི་ཕ་ཡུལ་དུ་་རྒྱའི་ལས་བྱེད་ཚོས་ཁྱེད་རང་སྤྱི་འཐུས་ལང་ཐུབ་ཀྱི་མི་འདུག་གམ གལ་སྲིད་་ལང་གི་ཡིན་ན། ཁོང་ཚོའི་མཐུན་འགྱུར་བྱས་ཆོག་ཅེས་ལབ་འདུག ཁོས་ཁས་ལེན་མེད། ཡིན་ནའང་གྲོས་ཚོགས་ནང་ལ་དེ་འདྲ་ཁས་ལེན་ནས་ཡོང་མཁན་འགའ་ཤས་ཡོད་པ་འདོན་མི་ཟ།

  4. མྱི། says:
    2020-04-14 at 2:10 am

    ཨ་མདོའི་ཁ་བརྡ་ཚང་གིས། བོད་མི་རིགས་ལ་བསམ་ན་ཁམས་རིགས་ལ་སྡང་མཚམས་འཇོག་དགོས་འདུག སྔོན་མར་ཆེས་ཀློག་འདོད་པ་ནི། ཁ་བརྡ་དྲ་བ་ཡིན་ཡང་། ད་ལྟ་ཆེས་ཀློག་མི་འདོད་པ་ནི་ཁ་བརྡའི་ངོས་སུ་སྤེལ་བའི་ཡིག་འཁྱམ་རྣམས་ཡིན། དེ་ནི་དད་པ་ལོག་སྤྱོད་པ་དག་གིས་གཞི་མེད་རྫུན་གཏམ་གྱིས་བོད་དོན་ཐད་དུ་དཀའ་ལས་རྒྱག་མཁན་དག་ལ་མི་དགའ་སྡང་ཟུག་གིས་ཡིག་འཁྱམ་རྒྱུན་མ་སྤེལ་བ་དེའི་རྐྱེན་གྱིས་རེད། བོད་བཞུགས་ཨ་མདོ་བ་ལ་ཟེར་གྱི་མེད། ཕྱི་སྡོད་དད་པ་ལོག་སྤྱོད་པ་དག་གིས་བོད་མི་རིགས་ཁ་བྲལ་གཏོང་གིན་ཡོད་པ་འདི་ངེས་པར་དུ་མཚམས་འཇོག་དགོས། སྐུ་ངོ་ཆེན་མོ་བསྟན་པ་ཡར་འཕེལ་མཆོག་ནི་རྗེས་འབྲངས་ས་ཡ་གཉིས་ལ་ཡོད་པ་གྲགས་པའི་རྒྱལ་བ་བཀའ་བརྒྱུད་པའི་སྐུ་ཚབ་ཡིན། དེ་ཡང་ཁོ་རང་ཡར་སོང་བ་མ་ཡིན་པར་བཀའ་བརྒྱུད་པའི་ཆོས་སྡེ་གཏོགས་པ་འབངས་མི་དག་གིས་ཐེངས་གཉིས་ལ་སྤྱི་འཐུས་རྩེ་ཕུད་དུ་འོས་བླུག་ཡོད། དེ་ལ་སྡང་ཟུག་བྱས་པ་ནི་སུ་ལ་སྡང་ཟུག་བཟོ་བ་ཡིན་པར་བཤད་མ་དགོས་པ་བཤམ་བཞག་པ་ལྟར་རེད། བསྟན་པ་ཡར་འཕེལ་གྱིས་བོད་ཀྱི་རིག་གནས་ཐད་དུ་མཛད་རྗེས་བཞག་པ་འདྲ་བོ། དད་པ་ལོག་སྤྱོད་པ་དག་གིས་བྱས་རྗེས་ཅི་ཞིག་བཞག་ཡོད་སྟོན་དང་། སྐུ་ངོ་མཆོག་གིས་རྒྱ་བལ་འབྲུག་གསུམ་གྱི་བོད་དགོན་ཡོངས་ཀྱི་ལོ་རྒྱུས་རྩོམ་སྒྲིག་བྱས་པ་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་སྲིད་ན་རྙེད་པ་དཀའ་བའི་དེབ་ཉི་ཤུ་ལྷག་ཙམ་རྩོམ་སྒྲིག་དང་དཔར་སྐྲུན་འགྲེམ་སྤེལ་གནང་ཡོད། ལོ་རྒྱུས་ཡིག་ཆ་དེ་ཉིད་བོད་གཞུང་ལོ་རྒྱུས་མཁས་དབང་དག་གིས་སྐམ་པ་ཆུ་འདོད་ལྟར་ཡིག་ཆ་དེ་རག་ཐབས་བྱེད་ཀྱིན་ཡོད་པ་གོ་ཐོས་བྱུང་། དེར་མ་ཟད་བླ་མ་སྐྱེས་ཆེན་དུ་མའི་གསུང་འབུམ་རྩོམ་སྒྲིག་གནང་བ་དང་། དུས་དེབ་དུ་མའི་རྩོམ་སྒྲིག་པ་གནང་སྟེ་གསར་སྐྱེས་ཡིག་འབྲི་བ་དུ་མ་སྐྱེད་སྲིང་གནང་སྟེ། བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཁ་ཡོད་ལག་ཡོད་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད། དད་པ་ལོག་སྤྱོད་པ་དང་། དར་ནག་ཚོགས་པ་ཁྱེད་ཅག་གིས་བོད་སྐད་ཡིག་ཐད་དུ་བྱས་རྗེས་དེ་འདྲ་ཟུར་ཙམ་བཞག་ཡོད་དམ། སྐུ་ངོ་ཁོང་གིས་གྲོས་ཚོགས་སུ་ལྐོག་ཟ་རུལ་སུངས་བ་དང་། དད་པ་ལོག་སྤྱོད་པ་དག་ལ་སྐུ་སྲོག་ལ་མ་བལྟས་པ་རྒོལ་གཏམ་གནང་བ་དེས། སྤྱི་འཐུས་གྲོས་ཚོགས་དེ་ ཆོས་ལུགས་ཕྱོགས་རེ་བའི་སྒེར་དོན་སྒྲུབ་སའི་གར་སྟེགས་ཤིག་ཡིན་པ་དེ་ཉིད་བོད་དོན་སྒྲུབ་སའི་གར་སྟེགས་ཤིག་ལ་བསྒྱུར་བ་དེ་ཁོང་གིས་དྲིན་རེད། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ། ཟེར་བ་ཅིས་མ་བདེན། དད་པ་ལོག་སྤྱོད་པ་དག་གི་ཡར་དཀྲུག་མར་དཀྲུག་དུ་མ་བཟོས་ནས་རྙིང་མའི་དབུ་འཛིན་བདུན་པ་གཤེགས་རྐྱེན་ཧ་མི་དགོས་བ་ཞིག་བཟོས་ཏེ། དེ་ནས་རྙིང་མའི་དབུ་འཛིན་ཡང་བདམས་མི་ཐུབ་པ་ཆགས་ནས། ད་ལྟ་རྙིང་མ་བོད་གཞུང་གི་འོག་ཏུ་བཅུག་མི་ཐུབ་པ་གྱུར་ཚར་ཡོད། ད་དུང་ཡང་་དད་པ་ལོག་སྤྱོད་པ་དག་གིས་བཀའ་བརྒྱུད་པའི་མི་ཆེན་བླ་ཆེན་དག་ལ་སྡང་ཟུག་དེ་འདྲ་བྱས་པ་ནི་བཀའ་བརྒྱུད་པ་བོད་གཞུང་འོག་ནས་ཁ་བྲལ་གཏོང་ཐབས་ཉག་ཅིག་ཡིན། དར་ནག་ཚོགས་པས་གཟབ་གཟབ་གནང་རོགས།

  5. བློ་བཟང་། says:
    2020-04-14 at 7:04 am

    དགོད་སྤྲོ་ལ་་་་སྐྱུག་མེར་པ་ཞིག་ཀྱང་འདུག
    མྱི་་་མིང་བཏགས་པ་ལ་དུད་འགྲོའི་མགོ་ཅན་་་རྨོངས་པའི་དབང་གིས། བོད་ཀྱི་རིག་གནད་ལ་རྒྱུས་མངའ་དང་ཤེས་རྟོགས་སྤུ་ཙམ་མེད་པའི་་་བསྟན་ཡར་་ལ་སྐུ་ངོ་ཆེན་མོ་དང་། བླ་མའི་རྞམ་ཐར་དང་དུས་དེབ་རྩོམ་སྒྲིག་བྱས་པ་ཞེས་སྒྲོ་འདོགས་བྱེད་པ་ནི། བསྟན་ཡར་ལ་མཚོན་ན་་་ལག་མེད་ལ་པ་ཊྲ་བསྐོས་སུ་བཅུག་པ་དང་ཁྱད་པར་ཅི་ཡོད། ལར་ནས ལག་པས་སྨྱུ་གུ་འཛིན་མ་མྱོང་མཁན་ཞིག་དགོན་པ་དང་ཚོགས་པ་ག་གེ་མོའི་འོས་ཐོབ་་་་ཁུར་ནས་་ས་རྭ་མཐོ་སློབ་ཏུ་་སྔོན་རྗེས་ཀྱི་ཡི་གེའི་གྲངས་་་་་གཞི་་་་ནས་སྦྱང་མཁན་ཞིག་གིས། བླ་མའི་རྞམ་ཐར་བརྩམས་ཟེར་བ་་་་ནི་་་ཧཧཧཧཧཧཧ
    ད་དུང་བསྟན་ཡར་གྱིས་་་ལོ་ངོ་སུམ་ཅུར་གོ་མ་མྱོང་པའི་ཆོས་ལུགས་དང་གྲུབ་མཐའི་ཕྱོགས་རིས་་་མངོན་སུམ་བསླངས་པ་མ་ཟད། འཇུ་ཆེན་འདས་པོའི་ཁ་མཆམས་་ལྟར་་་བཙན་ བྱོལ་སྒྲིག་འཛུགས་རྨིང་ནས་་་་བཤིག་་ཕྱིར་་་ཆོལ་ཁའི་ནད་ཚ་་་ཡང་ནས་སྐྱར་ཏུ་བསླངས་ཏེ། སྐྱ་བོའི་གཟའ་ཐོར་དང་་་སེར་མོ་པའི་ཆབ་སྲིད་འཁྲབ་སྟེ། བོད་མིའི་མཐུན་ལམ་དར་གཙང་གསེར་གྱི་མདུད་པ་་་་བསྟན་ཡར་དང་འཇུ་ཆེན། ཨོ་རྒྱན་སྟོབས་རྒྱལ་གྲ་གཟུགས་གླང་མགོ་ཅན་་་སོགས་ཀྱི་་ཁྲག་ལག་་་གིས་བཅད་པ་རེད།
    ཡང་གཅིག་བཤད་ན་་་བསྟན་ཡར་གྱིས་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པ་་་མ་ཟད་ བསྟན་ལ་གནོད་ཙིང་་འགྲོ་ལ་འཚེ་པའི་་་་བྱ་ངན་སྥེལ་པ་དེས། ཡང་སྒོས་དཔལ་བཀའ་བརྒྱུད་པའི་བསྟན་དང་འགྲོ་བར་མཚན་ཤས་་་གང་ཆེ་བཟོ་པར། ཀརྨ་པ་མཆིོག་གིས་་་བསྟན་ཡར་ལ་ངན་སྤྱོད་ཚད་འཛིན་གྱི་་་་་ཉེན་བརྡ་་ནན་མོ་ཞིག་གཏོང་ངགོས་བྱུང་་པ་་ཅིའི་ཕྱིར་རེད།
    ཁ་ནག་མྱི་་་ཟེར་བ་ཁྱོད་་་དངོས་གནས་་་མྱི་ཡིན་ན་་་་་་་ཨ་མའི་འཇོན་ཐང་ལ་་་ཕྲག་དོགས་མ་བྱེད།

  6. མྱི། says:
    2020-04-14 at 10:11 am

    བློ་བཟང་མིང་ཅན་ཁྱོད། མི་ངན་ཁ་ནས་གཏམ་ངན་མ་བཤད། དང་པོ་སྐུ་ངོ་ཆེན་མོ་ཁོང་གིས་བོད་ཀྱི་ལོ་རྒྱུས་སྐོར་དང་གསུང་འབུམ་དེབ་ག་ཚད་རྩོམ་སྒྲིག་བཟོས་འདུག་ཞིབ་འཇུག་གྱིས་དང་། ཕྱི་རྒྱ་ཡིས་བོད་རིགས་ལ་རོགས་སྐྱོར་གནང་བ་ཁག་སྒེར་བདག་བྱེད་མཁན་དག་གིས་ལོ་ ༦༠ རིང་ལ་རྩོམ་སྒྲིག་བཟོ་མ་ཐུབ་པ་ཞིག་སྐུ་ངོ་བསྟན་པ་ཡར་འཕེལ་གྱིས་ལོ་རྒྱུས་རྩོམ་་སྒྲིག་བཟོས་ཡོད་རེད། ཁོང་གིས་ས་ར་ནས་ཡི་གེ་གཞི་ནས་སྦྱོང་ཟེར་བ་དེ་རྫུན་གཏམ་གནམ་ལ་མི་ཤོང་བ་རེད། ཁོང་ཆུང་ནས་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་གནང་མཁན་ཡིན་པར་མ་ཟད། བོད་ནས་རྩོམ་ཡིག་འདྲ་མིན་བྲིས་པ་ཧ་ཅང་མང་པོ་ཡོད་རེད། རང་མ་དགའ་ན་སྡུག་གྱོང་རེད། ཁོང་བཀའ་བརྒྱུད་པའི་སྐུ་ཚབ་ཏུ་བསྐོས་མཁན་དཔལ་འབྲུག་པ་བཀའ་བརྒྱུད་དུ་གཏོགས་ཡོངས་རེད། ཁོང་ལ་སྡང་ཟུག་བྱས་པ་ནི་དཔལ་འབྲུག་པའི་ཆོས་རྒྱུད་འཛིན་མཁན་ཡོངས་ལ་མི་དགའ་སྡང་ཟུག་བྱེད་མཁན་རེད། རང་འདྲ་བོ་མི་ངན་རྒྱ་བློ་རྒྱ་རྒན་ཁྱེད་ཅག་གིས་འབྲུག་པ་ལ་སྡང་ཟུག་བྱས་པའི་ཉེར་ལེན་གྱིས་བོད་པ་ཉེས་མེད་དུ་མ་ཞིག་ལ་རྐུབ་ལ་ལྕགས་སྲེག་གཏུགས་ཏེ། འབྲུག་ཡུལ་ནས་རྒྱང་འབུད་གཏོང་དགོས་ཐུག་པ་ཞིག་བཟོས་ཡོད་རེད། དེ་ཡང་མི་ངན་རང་འདྲ་དད་པ་ལོག་སྤྱོད་པ་དག་གིས་བྱས་རྗེས་རེད།

  7. སྐལ་བཟང says:
    2020-04-14 at 11:23 am

    བསྟན་ཡར་ལ་དད་པ་བྱེད་མཁན་ག་ཚད་ཡོད་ན་བྱ་དགའ་སྟེར་རྒྱུ་ཡིན། ༼་༡་༽མྱི
    ༼་༢་༽

  8. ཀརྡོ་རབ་འབྱམས་པ་ says:
    2020-04-14 at 1:08 pm

    བསྟན་པ་ཡར་འཕེལ་དང་། བསྟན་པ་མར་འཕེལ་སྐོར་ལ་བཤད་པ་ལས། རང་གི་ཉམས་མྱོང་འདྲ་བཤད་ན་ཕན་ཆེ་སྙམ།

  9. ཉི་མ་རང་གྲོལ། says:
    2020-04-14 at 11:59 pm

    མྱི་་་་་་་ལགས་ཀྱིས་གསུང་བཞིན་པའི་གང་ཟག་དེ་སྤྱི་འཐུས་བསྟན་པ་ཡར་འཕེལ་དེ་མིན་པ་འདྲ། སྤྱི་འཐུས་བསྟན་པ་ཡར་འཕེལ་ཅན་ས་ར་མཐོ་སློབ་ནས་འབྲི་ཀློག་གི་གཞི་རྐང་ཚུགས་པ་དང་དེང་སང་འབྲི་ཀློག་(བོད་ཡིག་ཁོ་ན་)ལ་རང་སྐྱ་འཕེར་ཙམ་རེད། ཀུན་སྤྱོད་ནི་སྤྱི་ཚོགས་ཁྲོད་ཡོངས་གྲགས་དང་གསར་བྱུང་གཅིག་ནི་ཟླ་ཤས་སྔོན་ལ་དཔལ་འབྱོར་ལས་བྱེད་གཅིག་ལ་གཅར་བརྡུང་དྲག་པོ་བཏང་བ་དང་། ཐུ་ལུད་བརྒྱབ་པ་སོགས་བྱས་ཏེ་སྨན་ཁང་དུ་བསྙལ་དགོས་བྱུང་བ་རེད། དེ་ལ་བློ་སངས་ཀྱི་བཀའ་ཤག་ཁ་གྲགས་རྒྱུ་མིན་པ་ངེས་གཏན་ཡིན་ཀྱང་། གཞུང་ཞབས་སྲི་ཞུ་བ་ལྔ་བརྒྱ་ལྷག་གིས་མ་གོ་ཁུལ་དང་མ་མཐོང་མདོག་གིས་ངག་བསྡམས་བསྡད་པ་ནི་ཇི་འདྲའི་ཡ་མཚན་ཞིག་མིན་ནམ།

  10. མྱི། says:
    2020-04-15 at 4:17 am

    ཉི་མ་མིང་ཅན་ཁྱོད་ཉོན། གཞི་མེད་སྒྲོ་འདོགས་བཟོ་རྒྱུ་མ་མང་། སྐུ་ངོ་ཁོང་ལ་སྔོན་ནས་བོད་ཡིག་གཞི་རྐང་ཚུགས་པ་ཞིག་མེད་ན། ས་ར་སློབ་གྲྭར་ལོ་ཁ་ཤས་ཤིག་ལས་མ་བསྡད་ན་བོད་ཡིག་གཞི་རྐང་ག་འདྲ་བྱས་ནས་ཚུགས་ཡོང་གི་རེད། ཡུལ་གྱལ་བོད་པའི་སློབ་གྲྭ་བརྒྱད་ཅུ་ལྷག་ཙམ་ཡོད་སྐད་འདུག་ཀྱང་། དེ་ཚོ་ནང་ལ་ལོ་ངོ་བཅུ་ཕྲག་ལྷག་ལ་སློབ་སྦྱོང་བྱས་ཀྱང་བོད་ཡིག་གཏོང་ཡིག་འབྲི་ཤེས་མཁན་ཞིག་བྱུང་མེད་ཚུལ། གོང་ས་མཆོག་གི་བཀའ་སློབ་གནང་ཟིན་པ་ལྟར་རེད། སློབ་གྲྭ་དེ་ཚོའི་ནང་ནས་ལོ་བཅུ་ཕྲག་ལྷག་ལ་བོད་ཡིག་སྦྱོང་ཡང་བོད་ཡིག་གཞི་རྐང་ཚུགས་ཀྱིན་མེད་ན།
    ས་རཱ་ལ་ལོ་ཤས་ལས་མ་བསྡད་ན་བོད་ཡིག་གཞི་རྐང་ག་འདྲ་བྱས་ནས་ཚུགས་ཡོང་གི་རེད། འོ་ན་སྐུ་ངོ་བསྟན་པ་ཡར་འཕེལ་གྱིས་ས་ར་ནས་རྫུན་འཕྲུལ་བསྟན་ཏེ་བོད་ཡིག་སྦྱོང་པ་རེད་ལབ་པ་ཡིན་ནམ། རྣ་བར་མི་འགྲོ་བའི་སྐད་ཆ་རང་རེད།
    སྐུ་ངོ་ཁོང་ནི་དགྲ་གཉེན་ངོ་ཤེས་མཁན་ཡིན་ཞིང་། དགོས་ས་ལ་སྟག་ལས་ངར་ཞིང་གཉེན་གྱི་ཐོག་ཏུ་མ་ལས་བྱམས་པའི་དགྲ་གཉེན་དབྱེ་བར་འབྱེད་མཁན་ཞིག་ཡིན་པས་གལ་སྲིད་མི་ཞིག་ལ་ལག་ཕྱར་ཡོད་ན། དར་ནག་ཚོགས་པས་དར་ནག་ཕྱར་ཏེ་མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་པའི་བརྙས་བཅོས་གནམ་ལ་མི་ཤོང་བ་བྱས་པ་དེ་ཚོ་ལ་ཡར་ལན་སློག་པ་ཙམ་ཡིན་སྲིད། དེ་ཁམས་པའི་བུ་རྒོད་ཡིན་པའི་རྟགས་ལས་སྤྱོད་ངན་ཞིག་ལ་བརྩིས་ནས་བསྡད་ན། དར་ནག་ཚོགས་པས་ལི་ཐང་ཨ་ཐར་གྱི་ཁང་པའི་ནང་དུ་གཅིན་སྐྱག་གཏོང་བ་ལྟར། སྐུ་ངོ་མཆོག་གི་ཁང་པའི་ནང་དུ་གཅིན་སྐྱག་གཏོང་བ་ཐེ་ཚོམ་ལར་ནས་མི་དགོས་པ་རེད། མ་གཞི་ཉི་མ་རང་གྲོལ་ཁྱོད་རང་ནོར་འདུག དེ་དཔལ་འབྱོར་ལས་ཁུངས་ནས་མ་རེད་སྤྱི་འཐུས་རེད། མིང་ལ་རྒྱལ་རིག་ཐར་ཟེར། རྡུང་མཁན་དེ་བསྟན་པ་ཡར་འཕེལ་མ་རེད། ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་རེད། གངས་ཅན་ཇ་ཁང་ཞིག་གི་ནང་ནས་ཆང་བཟི་གནང་རྗེས་རྒྱ་རིག་ཐར་ལ་ཁ་ཁྲག་སྣ་ཁྲག་ཤོར་བའི་འགྲམ་ལྕག་བཞུས་པ་ཡོངས་གྲགས་ཆགས་པ་དེ་རེད། རང་ཏན་ཏན་ནོར་འདུག

  11. ཅོ་རི་ཉི་མ། says:
    2020-04-15 at 8:50 am

    ཨ་རོགས་ཁམས་པ་དགྲ་ལ་བརྩི་མཁན་དེའི།
    རྩོམ་མིང་སྐབས་སུ་ཁང་གསར་རྡོ་རྗེ་རེད།
    བརྙན་མིང་སྐབས་སུ་མི་ལ་རང་བཙན་རེད།
    ཨ་མདོ་མ་རེད་དབུས་གཙང་བུ་ཞིག་རེད།

    ཁམས་དང་ཨ་མདོའི་བར་གྱི་དཀྲུགས་ཤིང་འདི།
    དབུས་གཙང་རྒྱལ་ཁ་འཐོབ་པའི་སྲིད་ཇུས་རེད།
    སྤྱང་དང་འཕར་བའི་བར་གྱི་དཀྲུགས་ཤིང་འདི།
    ར་མའི་སྲོག་འགོ་ཐོན་པའི་ཇུས་ཤིག་རེད།

    སྤེན་ཚེ་བློ་སེང་བར་ན་རྩོད་ཡོད་ཀྱང་།
    ཁམས་དང་ཨ་མདོའི་བར་ན་རྩོད་ཤིག་མེད།
    སྤེན་ཚེ་བློ་སེང་བར་ན་དགྲ་ཡོད་ཀྱང་།
    ཁམས་དང་མདོའི་བར་ན་དགྲ་ཞིག་མེད།

  12. བདེ་འཇགས་ཕོ་ཉ། says:
    2020-04-15 at 1:16 pm

    ཁྱི་འཐུས་བསྟན་པ་ཡར་འཕེལ་ཡིན་ནམ་མར་འཕེལ་ཡིན། ཁོ་སྙིང་མ་རྗེ། སྡིགས་མོ་བྱེད་ཀི་མ་འདུག ལན་ངོ་མ་དེ་ག་བར་ལན་ཡོད་རེད་ལབ་ན། ཁོ་ལ་འོས་འཕེན་མཁན་གྱི་མི་རྣམས་ལན་ཡོད་རེད། “ཇི་ལྟ་བུའི་མི་དམངས་ཤིག་ལ་ཇི་ལྟ་བུའི་སྲིད་གཞུང་ཞིག”ཅེས་པ་ལྟར་རེད། ཇི་ལྟ་བུའི་འོས་འཕེན་པ་ཞིག་གིས་ཇི་ལྟ་བུའི་ཁྱི་འཐུས་ཤིག་གདམ་གི་རེད།

  13. བདེ་འཇགས་ཕོ་ཉ། says:
    2020-04-15 at 1:18 pm

    ཁྱི་ལྟ་བུའི་མི་ཞིག་གིས་ཁྱི་ལྟ་བུའི་ཁྱི་འཐུས་ཤིག་བདམ། འདེམ། གདམ་གི་རེད།

  14. མྱི། says:
    2020-04-16 at 3:03 am

    བདེ་འཇགས་ཕོ་ཉ་རང་ནོར་སོང་། ཁྱི་འཐུས་དེའི་མིང་ལ། ཁུག་རྟ་ཟེར། རྒྱ་ཁྱི་ཁུག་རྟ་ཟེར་ནས་ཡོངས་གྲགས་ཆགས་ཚར་བ་རེད། མ་གཞི་རང་ཨ་སྐད་ཐོག་ནས་ཡི་གེ་འབྲི་སྟངས་ལ་བལྟས་ན། ཤར་ཕྱོགས་ཁུག་རྟ་ཡིན་ས་རེད། བཙན་བྱོལ་གཞུང་འགོ་ཚུགས་ནས་རྒྱ་ཡི་དར་དམར་ཁུར་མཁན་ཞིག་སྤྱི་འཐུས་ནང་ལ་སླེབ་པ་ཐེངས་དང་པོ་ཁུག་རྟ་རང་ཡིན་པས་ངེས་པར་དུ་དགོངས་པ་ཞུ་རོགས། མ་འོངས་པར་བོད་པའི་ན་གཞོན་དག་གི་མིག་ལྟོས་ལ་ཧ་ཅང་གནོད་ས་རེད།
    རང་སྤྱི་འཐུས་ལ་འདེམས་མཁན་དེ་ཚོ་ངོ་མ་རྒྱ་ཁྱི་ཏག་ཏག་ཡིན་ས་རེད་མ་གཏོགས་རང་ག་རེ་བྱས་ནས་ཁྱི་འཐུས་ལ་བསྐོས་དགོས་རེད།

    བསྟན་པ་ཡར་འཕེལ་སྤྱི་འཐུས་ལ་བསྐོས་མཁན་དགེ་འདུན་པ་ཤ་སྟག་ལས་མི་སྐྱ་ཕོ་མོས་ཆོས་འཐུས་ལ་འོས་བླུག་མི་ཆོག་པ་ཤེས་གསལ་ལྟར་ཡིན་པས་དེ་ཚོ་ལ་ཁྱི་མ་ལབ་མ་གཏོགས་རང་དམྱལ་བ་ལ་ཤི་མ་ཐག་ནས་སྐྱེ་ཁག་ཐེག་རེད། མ་གཞི་རང་དམར་པོ་ཏང་ལ་ཞུགས་ཚར་ཡོད་ན་ཆོས་ཁས་ལེན་གྱི་ཨེ་ཡོད་མི་ཤེས་མ་གཏོགས། ཆོས་དང་ལས་འབྲས་ལ་ཡིད་ཆེས་ཡོད་ན་རབ་བྱུང་ཕོ་མོ་ལ་ཁྱི་ལོབས་དང་། དམྱལ་བ་མ་གཏོགས་འགྲོ་ས་ཡོད་མ་རེད།

  15. ཉི་མ་རང་གྲོལ། says:
    2020-04-16 at 5:44 am

    ཀྱེ་མ་ཧུད། ད་གང་དྲག་ཨ། གོང་གི་དྲ་གྲོགས་འདི་ཚོ་ཐང་ཆད་ཡ་མི་འདུག མྱི་ཞེས་འབོད་པའི་དུད་འགྲོ་རྐང་གཉིས་ཅན་འདི་ལ་གོ་བརྡ་འཕྲོད་ཡ་མེད་བཞིན་དུ་ཨུ་ཚུགས་མ་བསྐྱོན་རོགས་གནང་། ཁོ་བའི་རྒྱུད་ལ་གདོན་ཞུགས་བསྡད་ཡོད་རེད། ཕལ་ཆེར་ཨ་རོགས་ཕྱོགས་ཀྱི་གྲ་བའམ་གྲ་ལོག་ཅིག་ནི་ཡིན་ཐག་ཆོད་རེད། དུད་འགྲོ་དེ་དུད་འགྲོ་ས་ལ་བཞག་ན་རྩོད་པ་ཡོད་མ་རེད།

  16. མྱི། says:
    2020-04-17 at 2:47 am

    ཉི་མ་རང་གྲོལ་ཟེར་བ་འདི། མི་ལ་རང་བཙན་གྱི་སྤུན་འཇགས་དང་། ཡང་ན་ལས་ངན་ཁོང་རང་ཡིན་ས་རེད། ཨ་རོགས་ཟེར་ནས་སྟོད་སྐད་ཛོག་པོ་དེ་རྒྱག་སྟངས་ལ་བལྟས་ན། འདྲེ་གདོན་ཞུགས་ཡ་ཡོད་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་་སངས་རྒྱས་་ཡོད་རེད་ཟེར་བ་དེ་འཁྲུལ་པ་ཆེན་པོ་རེད་ཟེར་ནས་བོད་རིགས་ཤིག་གི་ངག་ནས་་དེ་སྔོན་་བཤད་མ་མྱོང་བ་ཞིག་བཤད་མཁན། སྟོད་པ་ཀླད་སྟོང་་མི་ལ་རང་བཙན་ཕྱོགས་གཏོགས་་དེ་ཚོ་ལ་ཞུགས་མེད་ན། གཟུར་བོས་བློ་ཡིས་དཔྱད། བདེན་པའི་མིག་གིས་བལྟས་ཏེ་སྐད་ཆ་བཤད་མཁན་ལ་ཞུགས་དོན་ཅི་ལ་རེད།

    རྒྱ་གུང་ཁྲན་་དྲིན་ཅན་ཕ་མ་རེད། ཟེར་ནས་་གཞས་ངག་ལེན་བསྡད་མཁན་དེ་ཚོ་དུད་འགྲོ་རྐང་རྐང་བཞི་ལས་བླུན་པའི་མི་ངན་ཁྱོད་འདྲ་བོ་ཡིས། བོད་རྒྱ་ལག་ཏུ་བཞག་པ་རེད། སོ་སོའི་སྲོག་བདག་དྲིན་ཅན་ཕ་མ་ཡིན་མིན་་དུད་འགྲོ་དག་གི་ཤེས་ཀྱང་། དུད་འགྲོ་ལས་བླུན་པའི་སྟོད་པ་སྐྱག་གོག་དག་གིས་མ་ཤེས་པ་རེད། དུད་འགྲོ་རྐང་གཉིས་ཅན་ཟེར་ན་་དེ་འདྲ་ལ་ལབ་དགོས་པ་ལས། བདེན་གཏམ་བཤད་མཁན་ལ་་དུད་འགྲོ་ལབ་པ་ནི་་ཧ་ཅང་གི་བླུན་གཏམ་རེད།

  17. གཡུ་སྒང་དགེ་འདུན། says:
    2020-04-17 at 3:14 pm

    བསྟན་པའི་ཞབས་འདྲེན་བསྟན་པ་ཡར་འཕེལ་གཅིག།
    དབུ་ཁྲིད་ཞབས་འདྲེན་སྲིད་སྐྱོང་བློ་སངས་གཉིས།།
    ཁྲིམས་རྩོད་ཞབས་འདྲེན་བློ་བཟང་གྲགས་པ་གསུམ།།
    དཔང་མིའི་ཞབས་འདྲེན་ཤར་གླིང་ཟླ་སྒྲོན་བཞི།།
    ས་སྟེང་འདི་ན་ཞབས་འདྲེན་རྣམ་བཞིར་གྲགས།།

  18. མྱི། says:
    2020-04-17 at 9:02 pm

    བསྟན་པའི་ཞབས་འདྲེན་གཡུ་སྒང་དགེ་འདུན་དང་།།
    དབུ་ཁྲིད་ཞབས་འདྲེན་རྒྱ་བློ་མི་གསོད་གཉིས།།
    སྤྱི་ཟུར་ཞབས་འདྲེན་ལག་དམར་སྤེན་ཚེ་གསུམ།།
    སྤྱི་འཐུས་ཞབས་འདྲེན་རྒྱ་ཁྱི་ཁུག་རྟ་བཞི། །
    ས་སྟེང་འདི་རུ་ཞབས་འདྲེན་དེ་ཆེ་མེད།།

    གཡུ་སྒང་དགེ་འདུན་མཚན་མཐུན་ཆགས་སྤྱོད་བྱས།།
    རྒྱ་བློ་རྒས་པོས་གུང་ཐང་ཚུལ་ཁྲིམས་བསད།།
    སྤེན་ཚེ་ནག་པོས་ཀ་སྟག་སྤྲུལ་སྐུ་བཀྲོངས།།
    རྒྱ་ཁྱི་ཁུག་རྟས་རྒྱ་ཡི་རྒྱ་དར་འཕྱར།།
    ཞབས་འདྲེན་ཟེར་ན་དེ་དག་ཡིན་པ་ལས།།

    དྲང་གཏམ་ངར་སྐད་སྒྲོག་མཁན་བསྟན་ཡར་དང་།།
    བོད་གཞུང་ཕྱུག་པོ་བཟོ་མཁན་བློ་སེང་གཉིས།།
    བདེན་པའི་རྒྱབ་ལངས་བྱེད་མཁན་བློ་གྲགས་གསུམ།།
    ཆོལ་ཁའི་ཕྱོགས་འཐེན་མེད་པའི་ཟླ་སྒྲོན་བཞི།།
    གངས་ཅན་བོད་པའི་འཛངས་མི་རྣམ་བཞི་ཡིན།།

  19. གཡུ་སྒང་དགེ་འདུན། says:
    2020-04-18 at 1:05 am

    དངོས་མིང་འབྲི་བར་ཞེད་ནས་མིང་རྫུན་བྲིས།།
    མཚན་མཐུན་འཁྲིག་སྤྱོད་རང་བྱས་མི་ལ་ཡོགས།།
    མིང་རྫུན་བྲིས་ན་རང་ཉིད་མི་ཤེས་བསམ།།
    ད་དུང་རེ་ཞིག་ཁྱེད་རང་གསང་རོགས་བྱེད།།

    དྲ་མིང་མྱི་ལ་དོན་དངོས་འདྲེ་གཟུགས་ཅན།།
    དེ་རིང་ཤར་དང་སང་ཉིན་ནུབ་ན་རྒྱུ།།
    རྒྱ་དོན་འདྲེ་དོན་རྒྱབ་ན་ཀ་ལངས་ལངས།།
    དེ་ལས་ལྷག་གི་ཞབས་འདྲེན་སུ་ཞིག་ཡོད།།

    ༸རྒྱལ་བར་ཚིག་རྒྱག་བསྟན་དགྲ་བསྟན་ཡར་གཅིག །
    ཆོལ་གསུམ་རྩ་གཏོར་དབུ་ཁྲིད་བློ་སངས་གཉིས།།
    ཁྲིམས་མེད་ལུགས་མེད་ཁྲིམས་རྩོད་བློ་གྲགས་གསུམ།།
    སྔ་ཕྱི་མི་མཚུངས་དཔང་མི་ཟླ་སྒྲོན་བཞི།།
    དེ་ལས་ལྷག་པའི་ཞབས་འདྲེན་སུ་ཞིག་ཡོད།།

  20. མྱི། says:
    2020-04-18 at 1:57 am

    མཚན་མཐུན་གསང་བ་གོ་ཡང་གསང་རོགས་བྱེད།།
    དངོས་མིང་དྲ་མིང་ཅི་བྲིས་ཁྱད་པར་མེད།།
    བདེན་གཏམ་སྨྲ་བའི་སྤོབས་པ་ཞུམ་དགོས་མེད།།
    རང་ལུས་དཀར་པོར་དྲི་མ་གོས་དོན་མེད།།

    སྐུ་ངོ་ཆེན་མོ་བསྟན་པ་ཡར་འཕེལ་གྱིས།།
    བདེན་པའི་གཏམ་གྱིས་གྲོས་ཚོགས་ཡོ་བསྲང་གནང་།།
    མི་དབང་ཆེན་པོ་བློ་བཟང་སེང་གེ་ཡིས།།
    བཙན་བྱོལ་བོད་མི་འབྱོར་ཕྱུག་ལམ་དུ་བཀོད།།

    དཔང་མི་ཟླ་སྒྲོན་ཁྲིམས་རྩོད་བློ་གྲགས་ཀྱིས།།
    གོང་ས་མཆོག་གི་མཚན་གནས་སྲུང་ཕྱིར་དུ།།
    ཁེ་དང་རྒྱལ་ཁ་གཞན་ལ་སྤྲད་ན་ཡང་།།
    དྲིན་བྱས་དྲིན་དུ་མི་གོ་རྒྱ་མི་ཁྱོད།།

    ཆོལ་གསུམ་རྩ་གཏོར་གཏོང་མཁན་རྒྱ་ལོ་ཡིན།།
    ཆུ་བཞི་སྒང་དྲུག་གནད་ཡོད་མི་སྣ་བསད།།
    བོད་ཀྱི་བླ་ཆེན་ཕལ་ཆེར་ལྐོག་གསོད་བྱས།།
    རྗེ་བཙུན་པདྨས་རང་གི་ཁྱོ་ག་བསད།།

    དེ་ཚོ་ཞབས་འདྲེན་ཡིན་པ་མ་ཤེས་ན།།
    ཉམས་ཆུང་ཁམས་རིགས་ཞབས་འདྲེན་ཟེར་བ་ནི།།
    རང་སྐྱོན་རི་སྦས་གཞན་སྐྱོན་ཁབ་འཚོལ་ཁྱོད།།
    ཞབས་འདྲེན་གོ་ལྡོག་སོང་བ་མ་ཡིན་ནམ།།

  21. གཡུ་སྒང་དགེ་འདུན། says:
    2020-04-18 at 4:53 am

    བདེན་གཏམ་མེད་པའི་སྤོབས་པ་ཉམས་པ་དང་།།
    རང་ལུས་དཀར་པོ་མིན་པའི་ངོ་གནོང་གིས།།
    དངོས་མིང་གསང་སྟེ་དྲ་མིང་རྫུན་མ་སྤྱད།།
    རྐུན་མས་མ་བརྐུས་ཟེར་བ་ཆོས་ཉིད་ཙམ།།

    ལྐུག་པའི་ཨུ་ཚུགས་བསྟན་པ་ཡར་འཕེལ་གྱིས།།
    གྲོས་ཚོགས་ཁྲོད་དུ་༸གོང་སའི་མཛད་འཕྲིན་ལ།།
    ཟུར་ཟའི་སྐད་སྒྲ་མིག་གི་ལྟད་མོ་རུ།།
    འགྲེམས་པ་བསུབ་མེད་ཀུན་ཀྱི་སེམས་སུ་གནས།།

    བློ་སངས་བློ་གྲགས་ཤར་གླིང་ཟླ་སྒྲོན་གྱིས།།
    དང་པོའི་བཤད་སྟངས་དྲ་མྱི་གཅིག་མཚུངས་ཉིད།།
    ཡོད་ཚད་བདེན་དང་དཀར་པོ་དཀར་རྐྱང་ཟེར།།
    མཐའ་མར་གཏམ་ངན་དེབ་ཆེན་ཁྲོད་དུ་བཞག །

    མི་གཤིས་དྲང་མོ་སྨྱུག་མའི་མདའ་ལས་གྲུབ།།
    བློ་རིགས་ཐང་དཀར་རྒོད་ཀྱི་གཤོག་རྩལ་ལྡན།།
    ལྷག་བསམ་གངས་རི་དཀར་པོའི་གསེབ་ལས་ཐོན།།
    མདོ་སྟོད་དམངས་རྣམས་བརྩེ་ཆེན་གུས་པའི་ཡུལ།།

    འོན་ཀྱང་ལྟས་ངན་ཁྭ་ཏ་ལོག་རྟོག་གིས།།
    རང་སེམས་རྣམ་རྟོག་དགྲ་རུ་ལངས་པ་ཡིས།།
    རྫུན་གཏམ་སྐད་ངན་ཤིང་སྐམ་རྩེར་སྒྲོག་ཀྱང་།།
    ཡོད་ཚད་བདེན་དུ་རློམ་མཁན་ཉིན་མོའི་སྐར།།ཧཧཧ ད་དེ་ཙམ་བྱོས།

  22. མྱི། says:
    2020-04-18 at 5:49 am

    བློ་སེང་བློ་གྲགས་ཟླ་སྒྲོན་རྣམ་གསུམ་གྱིས།།
    གོང་ས་མཆོག་གི་མཚན་མཐོང་སྲུང་ཕྱིར་དུ།།
    གཏམ་དང་མི་ཁ་ཡོངས་རྫོགས་བློས་གཏོང་ཡང་།།
    རྒྱུ་འབྲས་བོར་བའི་མི་ཡིས་དེ་ལ་སྨོད།།

    དྲིན་བྱས་དྲིན་དུ་མི་འཚོལ་མི་ངན་ཁྱོད།།
    ད་དུང་རྒྱལ་བར་ཟུར་ཟ་བྱས་སོང་ལོ།།
    སྐུ་ངོ་བསྟན་པས་ཟུར་ཟ་གང་བྱས་སོང་ངམ།།
    རྣམ་རྟོག་དགྲ་ལངས་ཟེར་ན་དེ་ལ་ཟེར།།

    བདེན་ལུགས་སྲང་དུ་གཞལ་མཁས་བསྟན་ཡར་གྱིས།།
    དྲང་གཏམ་མ་གཏོགས་ཚིག་གཅིག་བཤད་མེད་ཀྱང་།།
    དར་ནག་ཚོགས་པས་དེ་ལ་སྡང་ཟུག་བྱེད།།
    མི་གཞི་དྲང་ཚུགས་རྒྱ་ཡིས་རྐུས་མེད་དམ།།

    ཁམས་རིགས་ཡོངས་ཀྱིས་དཔོན་དུ་བསྐོས་པའི་མིར།།
    དེ་ལ་སྨད་བཞིན་ཁམས་རིགས་སྟོད་ཁུལ་དེ།།
    ལྕེ་གཉིས་བརྐྱང་པའི་སྦྲུལ་མགོ་ཨ་མདོའི་གཤིས།།
    ཌ་རུ་འདྲ་བའི་མགོ་གཉིས་དོར་ན་ལེགས།།

  23. ཀརྡོ་རབ་འབྱམས་པ་ says:
    2020-04-19 at 6:58 am

    གངས་ཅན་བླ་རྫུན་ཁོ། ཀ་རོ་ན་ན་ནས་སྡུག་ཤི་ཐེབས་པ་རེད་ཟེར་བ་དེ་བདེན་ནམ། ལགས།

  24. སྒྲོོལ་མ་ཉེར་གཅིག says:
    2020-04-20 at 10:52 pm

    སོམས།

    (སྲིད་སྐྱོང་བློ་སེང་གི་མཛད་པ་དམར་ཧྲེང་མའི་སྔོན་འགྲོའི་སྤྱི་བཤད)

    སྒྲོལ་མ་ཉེར་གཅིག

    ཁམས་པ་ཁྲོས་ནས་མེ་རུ་འབར་སོང་རུང་།།
    དབུས་གཙང་མ་དགར་དད་པ་འགྱུར་སོང་རུང་།།
    ཨ་མདོ་འགའ་རེ་ཆོལ་ཁ་ལོག་སོང་རུང་།།
    སྤྱན་རས་གཟིགས་ལ་ཁྱད་པར་གང་ཡང་མེད།།

    བསྟན་པ་འགོ་ནས་བཤིགས་པའི་ལས་ངན་བསགས།།
    ལྷ་ཡི་བཀའ་ཆད་ཕོག་ནས་མནའ་ཆུ་བླུད།།
    ལྔ་བཅུའི་འཆར་སྣང་རྨི་ལྟས་རྫོར་པོ་དེས།།
    རྒྱལ་བའི་དགོངས་པ་བསམ་བཞིན་དཀྲུག་གིན་ཡོད།།

    རྒྱབ་མདུན་བར་ནས་སྐྱག་རྫུན་བཤད་དགོས་ན།།
    མི་མང་དཀྱུས་མ་མགོ་སྐོར་གཏོང་དགོས་ན།།
    ས་འོག་དར་ཐག་གཡོ་ཇུས་འཐེན་དགོས་ན།།
    བོད་པ་ཚང་ནས་ཁྱེད་རང་ཡག་ཤོས་ཡིན།།

    གཞུང་གི་མ་དངུལ་ཕངས་མེད་ནར་གཏོང་གིས།།
    གཞུང་གི་དཀོར་མཛོད་སྟོང་པར་འཇོག་ན་ཞོག །
    གཞུང་གི་སྲི་ཞུ་མི་རབས་རྒན་པ་རྣམས།།
    ཐུགས་ཕམ་འབྱུང་གིན་མ་འཇུག་དྲིན་ཆེན་པོ།།

    སྲིད་དབང་སྒེར་གཅོད་ལམ་ལུགས་རྙིང་པ་རེད།།
    དབང་ཆ་ལོག་སྤྱོད་ཁྲིམས་དང་འགལ་བ་རེད།།
    འཕྲལ་ཕུགས་རྒྱང་གསུམ་ཐུགས་ལ་མི་ཤོང་བའི།།
    བཀའ་ཤག་སེང་གེའི་འཇིགས་ལས་བསྐྱབ་ཏུ་གསོལ།།

    “ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན”ལ།།
    “དམ་ཚིག་དར་གྱི་མདུད་རྒྱ་བརྟན་པའི”ཆེད།།
    བཤགས་སྡོམ་སྤང་བླང་མནའ་ཆུ་བཏུང་བ་སོགས།།
    ལྷ་འདྲེ་མི་གསུམ་ཁྱོད་ལ་ཧང་སངས་འདུག །

    བླ་མའི་སྐུ་ཚེ་ཉུང་འཕྲི་ཕྱིན་པའི་ཚུལ།།
    ཐུགས་ཕམ་འོ་བརྒྱལ་ཤིན་ཏུ་ཆེ་བའི་ཚུལ།།
    ཆོས་སྲུང་བརྟན་མས་སྤྱན་གྱིས་གཟིགས་ཚུལ་སོགས།།
    བསམ་ཞིང་བསམ་ན་ཁྱོད་ནི་མྱི་མ་རེད།།

    ཐོབ་དང་གོ་ས་རྩོད་དུས་སྐད་གསེང་མཐོ།།
    ལོག་སྤྱོད་ཤོག་ཁག་སྒྲིག་དུས་འཐབ་ཇུས་མང་།།
    བླུན་པོ་ལུག་ཁྱུའི་རྫི་བོ་སྤྱང་ཀི་ཁྱོད།།
    བདེན་པ་ཡོད་མེད་བྲོས་ནས་ཐར་ས་མེད།།

    ཆིག་སྒྲིལ་དོན་གྱི་སྡོང་བོ་དགྲ་ལ་བཙོང་།།
    གསར་གཏོད་ཚིག་གི་མེ་ཏོག་གནམ་ནས་སྐྱེས།།
    རང་ཁ་རང་གསོ་རོགས་དངུལ་སློང་དུས་བརྗེད།།
    གཞུང་མང་དབར་གྱི་ཟམ་པ་གཏོར་མཁན་ཁྱོད།།

    མང་གཙོའི་གསོལ་རས་སྙིང་ལ་གཟན་བཞིན་པའི།།
    ཁྲིམས་ཀྱི་དབང་སྒྱུར་ཁྱུར་མིད་གཏོང་བཞིན་པའི།།
    བཙན་ཐབས་དབང་ཤེད་ཚད་མེད་སྤྱོད་བཞིན་པའི།།
    སེང་གེའི་བཀའ་ཤག་བཀས་བཀོད་རྒྱུད་འཛིན་ཚང་།།

    འོས་ཤོག་རྒྱལ་ཁ་འཐོབ་ཆེད་ཁས་ལེན་མང་།།
    ཁང་པའི་བུ་ལོན་འཇལ་དུས་སྒོར་མོ་མང་།།
    གར་སོང་ས་ན་ངོ་རྒོལ་སྐད་འབོད་མང་།།
    སེང་གེའི་བཀའ་ཤག་རྙོག་དྲའི་སྒམ་ཆུང་འདྲ།།

    སྐུ་དྲག་རྐང་པའི་འོག་ནས་མ་ཤི་བའི།།
    ཏཱ་ཡང་དངུལ་ལོའི་འོག་ལ་མ་ཚུད་པའི།།
    ཐེ་ཕོག་ཟོས་ནས་ཕྱུག་པོར་མ་ཆགས་པའི།།
    གཞུང་སེམས་དག་པའི་མི་ལ་ཁྱོད་མི་དགའ།།

    རྒྱལ་བའི་བཀའ་ལ་བརྩི་མཁན་ནང་གི་དགྲ །
    དབུ་ལམ་གཙིགས་སུ་འཛིན་མཁན་ནང་གི་དགྲ །
    མཚན་གནས་སྲུང་སྐྱོབ་གནང་མཁན་ནང་གི་དགྲ །
    སྲིད་སྐྱོང་སེང་གེའི་དགྲ་བོ་འདི་གསུམ་ཡིན།།

    ཟུར་བསྟེན་དགའ་རོགས་ཕལ་ཆེར་གསང་བ་ཡིན།།
    ས་ཡ་གཅིག་དང་ཕྱེད་ཀ་གསང་བ་ཡིན།།
    བོད་རྒྱ་འབྲེལ་མོལ་ཆད་དོན་གསང་བ་ཡིན།།
    གསང་བ་ལྷང་ལ་འབུད་ས་ཁྲིམས་ཁང་ཡིན།།

    ཀླད་སྟོང་ཆོལ་ཁར་མགོ་བདེ་དྲན་འཕྲུལ་མང་།།
    ཡིག་རྨོངས་ཆོལ་ཁ་ཆུ་སྣ་གར་ཁྲིད་ཡིན།།
    རང་འདོད་ཆོལ་ཁས་རང་ཉིད་བསྲུངས་ནས་འདུག །
    སྲིད་སྐྱོང་སེང་གེར་མཁོ་བ་འདི་གསུམ་ཡིན།།

    འབངས་ཀྱི་ཆེད་དུ་གནང་བའི་མང་གཙོ་འདིས།།
    སྲིད་དབང་རྩིས་སྤྲོད་གནང་སའི་མི་ཞིག་རྙེད།།
    ཡོད་ཚད་མགོ་རྟིང་སློག་ལ་རྩོམ་བཞིན་པའི།།
    སྲིད་སྐྱོང་སེང་གེའི་འཇིགས་ལས་བསྐྱབ་ཏུ་གསོལ།།

    ཚུལ་མིན་འཁྲིག་སྤྱོད་དུས་ལ་བབ་པ་ན།།
    རྒན་གཞོན་ཡག་བཙོག་མིག་གིས་མི་མཐོང་བའི།།
    སྲིད་སྐྱོང་སངས་རྒྱས་འབྲུག་པ་ཀུན་ལེགས་ཁོང་།།
    ཨ་རོགས་ཁམས་པའི་སྐྱབས་གནས་དཀོན་མཆོག་ཡིན།།

    བདེན་རྫུན་ཕུ་ཐག་ཆོད་དུས་ཡིབ་མ་འདུག །
    ཁྲིམས་ཀྱི་གཉའ་ཤིང་འོག་ནས་ཐར་མ་སོང་།།
    ཉེས་ལྟུང་འགྱོད་པས་བཤགས་ལ་ངོ་མ་ཚ།།
    བདེན་པའི་རྒྱལ་ཁ་སྤེན་ཚེར་ཐོབ་སོང་ལོ།།

    བླ་མའི་བཀའ་དང་འགལ་ན་ག་འདྲ་འདུག །
    དབང་ཚད་ཁྲིམས་ལས་བརྒལ་ན་ག་འདྲ་འདུག །
    ཉུང་ཤས་ཤིག་ལ་ནུས་པ་ག་འདྲ་འདུག །
    ལྷག་ཏུ་ཁྲིམས་ལ་གཏུགས་ན་ག་འདྲ་འདུག །

    དྲི་བ་དེ་ཚོ་རུམ་ནས་གཉིད་ལ་སྡོད།།
    རྨི་ལམ་ནང་ནས་རྒྱལ་ཕམ་རྩོད་ལ་སྡོད།།
    མི་རིང་མི་འགྱངས་ལོ་གསུམ་ལོ་འགའི་རྗེས།།
    ཨ་རིའི་ཁྲིམས་ཞིབ་ཁང་ལ་ཕེབས་ཤོག་ཨ།།

    (སྲིད་སྐྱོང་བློ་སེང་གི་མཛད་སྤྱོད་དང་ཅུང་ཟད་སྦྱར་ནས་གོ་བདེ་བ་གཙོར་བཟུང་གིས་བྲིས་པ་ཛ་ཡནྟུ།)

  25. སྒྲོོལ་མ་ཉེར་གཅིག says:
    2020-04-20 at 10:55 pm

    མྱི་ཟེར་བའི་དྲ་གྲོགས་མཆོག་ལ་ལེགས་སྐྱེས་སུ་་་་

  26. འབྲོག་རང་སྐྱོང་། says:
    2020-04-24 at 4:15 am

    སྒྲོལ་མའི་མིང་ཅན་དེའི་་མཆན་རིང་པོ་དེ་ལ་གོ་ཡ་ཆུ་ཕོར་པ་གང་མི་འདུག དེ་འདྲ་རྩོམ་ཡིག་ཐབས་རྡུགས་ཤིག་བྲིས་འདུག ཨ་ཁ་ཨ་ཁ་་་་་་་་་རྩོམ་བྲིས་ན་འདི་འདྲ་བྲིས།

    དཔལ་ལྡན་སྲིད་སྐྱོང་ཕེབས་བསུ་ཞུ་བའི་གཏམ་ཕུན་ཚོགས་སྡེ་བཞིའི་མཛེས་རྒྱན་ཞེས་བྱ་བ།།

    དུས་གསུམ་རྒྱལ་ཀུན་སྙིང་རྗེ་འདུས་པའི་སྐུ།།
    མཚན་དཔེ་བཀོད་པ་ཕྱག་སྟོང་སྤྱན་སྟོང་ཅན།།
    གངས་ཅན་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས།།
    འཕགས་མཆོག་ཕྱག་ན་པདྨོར་གུས་ཕྱག་འཚལ།།

    སངས་རྒྱས་གཞན་ལས་ལྷག་པའི་ཐུགས་བསྐྱེད་ཅན།།
    བྱང་སེམས་གཞན་ལས་འཕགས་པའི་སྙིང་སྟོབས་ཅན།།
    བོད་ཁམས་འདུལ་བར་ཞལ་གྱིས་བཞེས་པ་ཡི།།
    ༧གོང་ས་སྐྱབས་མགོན་ཆེན་པོ་ལ་ཕྱག་འཚལ།།

    འཇིག་རྟེན་ཡོངས་སུ་ཁྱབ་པའི་ཐུགས་བསྐྱེད་ཀྱིས།།
    འཚེ་མེད་ཞི་བདེའི་འཛམ་གླིང་ལམ་སྟོན་མཛད།།
    དུས་རབས་འགྱུར་འགྲོས་མཁྱེན་པའི་དགོངས་སྤྱོད་ཀྱིས།།
    དམངས་གཙོའི་གསོལ་རས་བོད་འབངས་ཡོངས་ལ་བསྩལ།།

    དམངས་ཀྱིས་བཀུར་བའི་སྲིད་ཀྱི་གར་སྟེགས་ནས།།
    དཔའ་མཛངས་བློ་གྲོས་འགྲན་ཟླ་མེད་པ་ཡིས།།
    ༧སྐྱབས་མགོན་རྒྱལ་བའི་བཀའ་དགོངས་སྒྲུབ་མཛད་པའི།།
    མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་རྒྱལ།།

    སྲིད་སྐྱོང་སྟག་བྲག་ཕྱག་ནས་བཞེས་པ་ཡི།།
    གངས་ཅན་བོད་ཀྱི་བརྟན་སྲིད་ལས་ཐམ་ཆེ།།
    མི་དབང་ཁྱེད་ཀྱི་ཕྱག་ཏུ་བཞག་བྱས་ཏེ།།
    རྒྱལ་བའི་དབང་པོས་དབུགས་དབྱུངས་གཟེངས་བསྟོད་མཛད།།

    དམངས་གཙོའི་གཞུང་གི་སྲིད་སྐྱོང་ཐོག་མ་ཡིན།།
    གཙུག་ལག་སློབ་གྲྭའི་མཁས་དབང་རྩེ་ཕུད་ཡིན།།
    གངས་ཅན་བོད་ཀྱི་རེ་བ་བཅོལ་ཡུལ་ཡིན།།
    དཔལ་ལྡན་སྲིད་སྐྱོང་གྲགས་པ་དོན་དང་ལྡན།།

    གངས་ཅན་མགོན་པོ་སྤྱི་བོའི་གཙུག་ཏུ་བཀུར།།
    གངས་ལྗོངས་མི་མང་སེམས་ཀྱི་དཀྱིལ་དུ་བཞག།།
    གངས་ལྟར་དཀར་བའི་ལྷག་བསམ་སེམས་པ་ཅན།།
    གངས་རིའི་ལྗོངས་ཀྱི་སྲིད་སྐྱོང་བསྔགས་པར་འོས།།

    བཙན་བྱོལ་དམངས་གཙོ་གཞུང་གི་ཀ་བ་ཡིན།།
    གཉིས་ཕན་དབུ་མའི་ལམ་གྱི་སྣེ་ཁྲིད་ཡིན།།
    ༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རེ་ཡིན།།
    གངས་ཅན་བོད་པ་ཚང་གི་གཟི་བརྗིད་ཡིན།།

    ཆིག་སྒྲིལ་བྱེད་ལ་ལྷག་བསམ་སེམས་ཤུགས་ལྡན།།
    གསར་གཏོད་བྱེད་ལ་མཁྱེན་པའི་སྤྱན་རས་ཡངས།།
    བོད་མི་གསོ་ལ་འཇོན་ཐང་ནུས་པ་ལྡན།།
    མང་པོས་བཀུར་བའི་སྲིད་སྐྱོང་ཡིན་གོ་ཆོད།།

    ཆབ་སྲིད་ཐོག་ནས་རྒྱལ་སྤྱིའི་འབྲེལ་ལམ་ཟབ།།
    དཔལ་འབྱོར་ཐོག་ནས་སྒྲིག་འཛུགས་དཀའ་ངལ་སེལ།།
    ཤེས་ཡོན་ཐོག་ནས་བོད་སློབ་ཡར་རྒྱས་གཏང་།།
    དཔལ་ལྡན་སྲིད་སྐྱོང་ཤེས་འཇོན་གཉིས་ལྡན་ཡིན།།

    རྒྱལ་བའི་བཞེད་དགོངས་བསྒྲུབ་པའི་དམ་བཅའ་བརྟན།།
    དམངས་ལ་ཁེ་ཕན་བསྩལ་བའི་ལྷག་བསམ་ལྡན།།
    ཕྱོགས་ཀུན་འབྲེལ་ལམ་བྱེད་པའི་འཇོན་ཐང་ཡོད།།
    དཔལ་ལྡན་སྲིད་སྐྱོང་མི་ཡི་དབང་པོ་ཡིན།།

    རོགས་རམ་མང་པོ་ཆར་པ་བཞིན་དུ་བསྙིལ།།
    ཁང་བརྩེགས་མང་པོ་རི་བོ་བཞིན་དུ་བརྩིགས།།
    ལས་རིམ་མང་པོའི་མ་འོང་འཆར་འགོད་བྱས།།
    དཔལ་ལྡན་སྲིད་སྐྱོང་བྱས་རྗེས་བདག་པོ་ཡིན།།

    རྒྱལ་སྤྱིའི་གསར་འགྱུར་ནང་དུ་ཁྱོད་རང་ཡོད།།
    གྲགས་ཅན་མི་སྣའི་ཁྲོད་དུ་ཁྱོད་རང་ཡོད།།
    ཛ་དྲག་དཀའ་ངལ་བྱུང་དུས་ཁྱོད་རང་ཡོད།།
    དཔལ་ལྡན་སྲིད་སྐྱོང་དུས་ཐོག་ཆར་པ་ཡིན།།

    ཆོལ་ཁ་གསུམ་ལ་ཁྱད་མེད་བསམ་བློ་ཡོད།།
    ཆོས་བརྒྱུད་ལྔ་ལ་དབྱེར་མེད་དད་འདུན་ཡོད།།
    གཞིས་བྱེས་གཉིས་ལ་ལྷད་མེད་ལྷག་བསམ་ཡོད།།
    དཔལ་ལྡན་སྲིད་སྐྱོང་སྤྱི་མི་ངོ་མ་ཡིན།།

    ལྔ་དང་ལྔ་བཅུའི་ལས་འཆར་བསྒྲིགས་བྱས་ཏེ།།
    གངས་ཅན་བོད་ཀྱི་རིག་གཞུང་གོམས་སྲོལ་དང་།།
    ཆབ་སྲིད་འཐབ་རྩོད་རྒྱུན་མར་གནས་པའི་ཕྱིར།།
    མི་རིགས་ཡར་ལངས་བྱེད་པའི་བློ་སྟོབས་བསྩལ།།

    གངས་ཅན་སྐྱིད་གཤོངས་བོད་ལུགས་རྣམ་པར་བསྒྱུར།།
    པོ་ཏཱ་ལ་ཡི་ལམ་ཆེན་རྡ་སར་བསྐྲུན།།
    རྒྱལ་སྤྱིའི་གནད་ཡོད་མི་སྣ་མགྲོན་དུ་བོས།།
    བོད་མི་སྒྲིག་འཛུགས་རྒྱུན་གནས་སྲ་བརྟན་མཛད།།

    གསར་འབྱོར་རྣམས་ལ་ཁང་ཁྱིམ་དྲོན་མོ་བསྩལ།།
    གཞིས་ཆགས་རྣམས་ལ་ཐོན་བསྐྱེད་ཡར་རྒྱས་བཏང་།།
    སློབ་གྲྭ་ཁག་གི་བདག་དབང་བོད་ཀྱིས་ཟིན།།
    བོད་མིའི་སྤྱི་ཚོགས་ཡར་རྒྱས་ཁྱེད་ཀྱིས་བཏང་།།

    རྒྱལ་བའི་བཞེད་དགོངས་ཟབ་མོ་ཁྱེད་ཀྱིས་བསྒྲུབས།།
    ཤེས་ཡོན་སྲིད་ཇུས་ལམ་ལྷོངས་ཁྱེད་ཀྱིས་སྤེལ།།
    བོད་མི་མངོན་འདོད་གང་ཡིན་ཁྱེད་ཀྱིས་བསྟན།།
    སྲིད་སྐྱོང་མི་རྗེ་སེང་གེ་ཁྱེད་ལ་བསྟོད།།

    དེ་ལྟར་མཛད་འཕྲིན་འོད་སྟོང་བདག་པོ་ཡི།།
    གཟི་བརྗིད་དཀྱིལ་འཁོར་མངོན་པ་བཀྲ་བཞིན་དུ།།
    ཞབས་ཟུང་ཕུན་ཚོགས་བདེ་བཞིའི་མཛེས་རྒྱན་དུ།།
    སྲིད་སྐྱོང་མི་ཡི་ཉི་མ་འབྱོན་པར་ལེགས།།
    ཨ་རི་མི་ནི་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིགའོག་མདོ་་སྟོད་རིག་གཞུང་ཚོགས་པ་ནས་གྱེར་འདོན་ཞུས།། །།

  27. སྒྲོན་ཉེར། says:
    2020-04-25 at 3:29 pm

    བྲག་དང་སྒོ་ང་།

    (ཨ་ཅེ་ཤར་སྒྲོན་ལ་ཕུལ་བ།)

    ཁྲིམས་དཔོན་དབུ་ལ་བཞུགས་པའི།།
    ཆེས་མཐོའི་ཁྲིམས་ཞིབ་ཁང་ནས།།
    ཤར་གླིང་ཟླ་བ་སྒྲོལ་མས།།
    མཆོག་གསུམ་དཔང་དུ་བཙུགས་ནས།།
    དབུ་མནའ་གཙང་བཞེས་གནང་སོང་།།

    ཚོགས་གཙོ་དབུ་ལ་བཞུགས་པའི།།
    གྲོས་ཚོགས་རྭ་བའི་ནང་ནས།།
    ཤར་གླིང་ཟླ་བ་སྒྲོལ་མས།།
    འཁྲུངས་ཚེས་ཐུགས་ལ་སྦས་ནས།།
    དམ་འབུལ་གཙང་བཞེས་གནང་སོང་།།

    སྲིད་སྐྱོང་དབུ་ལ་བཞུགས་པའི།།
    འཛིན་སྐྱོང་བཀའ་ཤག་ནང་ནས།།
    ཤར་གླིང་ཟླ་བ་སྒྲོལ་མས།།
    སྤེན་ཚེ་དགྲ་རུ་བཟུང་ནས།།
    སྒོ་ང་བྲག་ལ་བརྡབས་སོང་།།

    མང་གཙོ་དབུ་ལ་བཞུགས་པའི།།
    སྐྱབས་བཅོལ་སྒྲིག་འཛུགས་ནང་ནས།།
    ཤར་གླིང་ཟླ་བ་སྒྲོལ་མས།།
    ལྔ་དང་ལྔ་བཅུ་ཚང་གི །
    བྱ་སྤུ་རླུང་ལ་བསྐུར་སོང་།།

    (འབྲོག་རང་སྐྱོང་ལ་ལེགས་སྐྱེས་ཡིན)

  28. Abharu Jigwang says:
    2020-04-25 at 4:53 pm

    བསྟན་པ་ཡར་འཕེལ་མ་རེད། བསྟན་པ་མར་ཉམ་རེད་འདུག།
    ཨ་ཞང་དམར་པོའི་མི་དང། འབྲེལ་དྲིས་ཡོད་པ་འདྲ་འདུག།
    ལུས་ལ་གྲ་ཆས་གྱོན་ནས་། ཁ་ནས་ཚུལ་མིན་འཆལ་གཏམ།
    བཤད་པའི་དགོས་དོན་གང་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme